Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤི་གསོན་འབྲེལ་ཐག་ཨ་ལད་པད་ཀོ།

Posted on 2014-08-032014-08-03 By ཁ་བརྡ་ 6 Comments on ཤི་གསོན་འབྲེལ་ཐག་ཨ་ལད་པད་ཀོ།

བདེ་པོ་འཚོས་དབྱིན་ཡིག་ལས་བསྒྱུར།

དེང་སྐབས་འཛམ་གླིང་གང་སར་ཆེས་དར་ཁྱབ་ཆེ་ཞིང་གྲོགས་པོ་ཕན་ཚུན་བར་གང་ཅི་ཐད་ ནས་འབྲེལ་ལམ་འཛིན་བདེ་བའི་མྱུར་ཕྲིན་དྲྭ་རྒྱ་དུ་མ་ཡོད་ཀྱང་དེ་དག་ལས་ཤིན་ཏུ་མཁོ་སྤྱོད་ཆེ་བའི་གར་སྟེགས་གཅིག་ནི་གདོང་དེབ་བམ་ངོ་དེབ་ཅེས་པ་འདི་ཉིད་ཡིན་སྟབས། དེ་རིང་ཕྱི་དྲོའི་ཆར་ངས་ཀྱང་ང་རང་ཉིད་ཀྱི་གདོང་དེབ་དྲྭ་སྒོ་ལན་གཅིག་ཕྱེ་མ་ཐག་དྲ་ངོས་སུ་བྱིས་པ་ཆུང་ཆུང་ཞིག་གི་མིག་འབྲས་གཉིས་ཆེ་ཞིང་གསལ་ལ་རྣམ་པར་བཀྲ་བའི་འདྲེན་བྱེད་ཀྱི་གོང་བུ་གཉིས་ཀེམ་ཀེམ་དུ་གཡོ་ཞིང་མཆི་མའི་ཐིགས་ཕྲེང་འགོག་མེད་དུ་བཞུར་བཞིན་པའི་འདྲ་པར་ཞིག་ཡོད་པ་མཐོང་བ་ཙམ་གྱི་མོད། བྱིས་པ་ཆུང་ཆུང་དེའི་ཡིད་ལ་བཟོད་དཀའ་བའི་སྐྱོ་གདུང་དྲག་པོ་ཞིག་དང་ཆབས་ཅིག དེའི་རྒྱབ་ལྗོངས་ལ་སུས་ཀྱང་མི་ཤེས་པའི་ལྐོག་འགྱུར་གྱི་གསང་བ་ཞིག་ཡོད་པ་ནི་ཅི་ནས་ཀྱང་ཤེས་ཐུབ། དེར་མ་ཟད་པར་དེའི་གཤམ་དུ་དབྱིན་ཡིག་ནང་བྲིས་པའི་བརྗོད་བྱ་དེ་དག་སྣང་བརྙན་དེ་དང་འབྲེལ་བ་གཏིང་ཟབ་ཡོད་ཅིང་བལྟས་པ་ཙམ་གྱིས་གསལ་པོར་རྟོགས་ངེས་པ་ཞིག་རེད།

ཉི་མ་དེའི་ཕྱི་དྲོར་གཞུང་ཞབས་པ་དང་། བཟོ་གྲྭ་སོགས་ཀྱི་ལས་མི་རྣམ་པ། སློབ་གྲྭ་ཁག་གི་སློབ་ཕྲུག་དག་ཕྱོགས་སོ་སོ་ནས་སོ་སོས་ལས་དོན་གང་འཚམ་བསྒྲུབས་ནས་གྲོལ་སྐབས། ལམ་ཟུར་གྱི་ཚོང་ཁང་ཆུང་ཆུང་ཞིག་གི་སྒོ་འགྲམ་ནས་བྱིས་པ་ལོ་ན་དྲུག་ཅན་ཞིག་གིས་ཨ་ལད་པད་ཀོ(doll)སྙིང་རྗེ་མོ་ཞིག་ལག་ཏུ་བཟུང་སྟེ་ངུ་བཞིན་ཡོད། ལམ་དེར་བརྒྱུད་མཁན་གྱི་མི་ཚང་མ་རྒྱུགས་འགྲན་ལ་ཞུགས་པ་ལྟར་གཅིག་ལས་གཅིག་གིས་མགྱོགས། སུས་ཀྱང་བྱིས་པ་ཆིང་ཆུང་དེར་དོ་སྣང་མ་བྱས།
མཚམས་ཤིག་ལ་ཕར་འགྲོ་ཚུར་འོང་བྱེད་མཁན་ཡང་ཉུང་ནས་ཉུང་དུ་ཕྱིན། ད་དུང་བྱིས་པ་དེ་སྔར་བཞིན་དཀར་ལ་འཇམ་པའི་མཁུར་ཚོས་གཉིས་མིག་ཆུས་བརླན་ཏེ་ཨ་ལད་པད་ཀོའི་གདོང་ལ་ཅེར་ནས་ངུ་བཞིན་ཡོད། སྐབས་དེར་ཅ་དངོས་ཙག་ཙིག་ཉོ་རུ་ཡོང་མཁན་གྱི་ཚོང་པ་ཞིག་གིས་ཚུལ་དེ་མཐོང་བ་ན་ཁོ་བོས་སེམས་ཀྱིས་མ་བཟོད་པར་བྱིས་པ་ཆུང་ཆུང་ལ་ཁྱོད་ཅི་ཕྱིར་ངུ་བཞིན་ཡོད་ཅེས་དྲིས།

བྱིས་པ་ཆུང་ཆུང་དེས་མིག་གཉིས་ལག་པས་ཕྱི་ཙམ་ཕྱི་ཙམ་རེ་བྱས་ཏེ། དེ་རིང་ནི་ངའི་གཅེན་མོའི་སྐྱེས་སྐར་ཡིན། ཁོ་མོ་ཆེས་དགའ་སའི་རྩེད་ཆས་ནི་ཨ་ལད་པད་ཀོ་ཡིན། དེ་རིང་ནི་ངའི་བརྩེ་བའི་ཨ་མ་ལགས་ཀྱང་གཅེན་མོ་ཁོང་ལ་ཐུག་ཕྲད་ཆེད་དུ་འགྲོ་ངེས་པ་ཡིན་པས། ངས་དེ་རིང་གི་ཉི་མ་འདི་ལ་ཨ་ཅག་ལགས་ཀྱི་སྐྱེས་སྐར་ལ་ཆེད་དུ་ལེགས་སྐྱེས་སུ་རྩེད་ཆས་འདི་ཉོས་ཏེ་ཧ་ཅང་བསྐུར་འདོད་ཡོད་ཀྱང་ངའི་གློ་ཁུག་ནང་གི་ཤོག་དངུལ་གྱིས་ཉོ་ཐབས་བྲལ་བས་ང་ངུ་བཞིན་ཡོད་ཅེས་ལན་བཏབ།
ཁོས་སེམས་གཏིང་ནས་སྙིང་རྗེ་སྟེ་བྱིས་པ་ཆུང་ཆུང་དེའི་མི་མཐོང་སར་ག་ལེར་ཤོག་དངུལ་འགའ་ཁོ་བོའི་གློ་ཁུག་ནང་དུ་བླུགས་ཏེ། སེམས་གསོའི་ཚུལ་དུ། ཁྱོད་མ་ངུ་དང་། རྩེད་ཆས་དེ་ཉོ་ཐུབ་པ་མ་ཟད་ཁྱེད་ཀྱིས་ཁོ་མོ་དགའ་རུ་འཇུག་ཁོ་ཐག་ཡིན་ཞེས་བརྗོད། བྱིས་པ་དེས་ཀྱང་ཁོའི་སྐད་ཆ་བདེན་པར་སྣང་སྟེ་མགྱོགས་མྱུར་ངང་གློ་ཁུག་བཏོན་ཏེ་དངུལ་དག་ཕྱི་རུ་བླངས།

བྱིས་པ་ཆུང་ཆུང་དེས་རང་ཉིད་ཀྱི་ཕོན་ཆུང་བའི་དངུལ་ལོ་དེ་དག་སྔར་ལས་ཅུང་མང་དུ་ཕྱིན་པ་ཤེས་མ་ཐག་ཏུ། ཁ་ནས་རང་དབང་མེད་པར་མིག་ཟུང་བཙུམས་ནས་ཐལ་མོ་སྙིང་གར་ཟུམ་སྟེ་དཀོན་མཆོག་ གསུམ་ལ་བཀའ་དྲིན་ཆེ་ཞེས་ལན་གྲངས་གསུམ་བར་དུ་བརྗོད། རྒྱུ་མཚན་ནི་ཁ་སང་དགོང་མོར་བརྩེ་བའི་ཨ་མ་ལགས་ལམ་ལ་མ་ཆེས་པའི་སྔོན་དུ་རྩེད་ཆས་དེ་ཉོ་ཐུབ་པའི་སྨོན་ལམ་དང་དཀོན་མཆོག་རྣམ་གསུམ་ལ་གསོལ་འདེབས་གང་མང་བཏབ་ཡོད་པས་རེད་འདུག
བྱིས་པ་ཆུང་ཆུང་དེ་ཧ་ཅང་དགའ་ནས་ས་མཆོང་གནམ་མཆོང་ཐེངས་མང་བྱེད་བཞིན་ཚོང་པ་དག་གི་གམ་ལ་རྒྱུགས་ནས། ཨ་ལད་པད་ཀོ་འདི་ངས་ཉོ་དགོས་ཞེས་སྤྲོ་སྣང་དང་བཅས་དེ་དངུལ་རྣམས་ཚོང་བདག་ལ་རྩིས་སྤྲད་བྱས། ཚོང་བདག་དེས་འཛུམ་ཤིག་ཤིག་གི་བྱིས་པའི་ཞལ་ངོ་དེ་མཐོང་བ་ན་བྱིས་པ་དེ་རང་ཉིད་ལ་ཅི་ཞིག་ཐོབ་སོང་བ་ལྟར་ཡིད་མགུ་ནས་ཕྱིར་འགྲོ་གྲབས་བྱེད་སྐབས། སླར་ཡང་བྱིས་པ་དེ་ཁོའི་འགྲམ་དུ་སོང་ནས། ཨ་ཁུ་ཚོང་པ་ལགས། ཕ་གི་རྒྱ་སེའི་མེ་ཏོག་དཀར་པོ་དེ་ནི་ཅི་འདྲའི་ལྟ་ན་སྡུག་པ་ལ་ཨང་། དེ་ནི་ངའི་བརྩེ་བའི་ཨ་མ་ལགས་ཆེས་དགའ་སའི་མེ་ཏོག་ཡིན། འདི་ཉོ་ཐུབ་སོང་ན་ཅི་མ་རུང་ཞེས་སླར་ཡང་མིག་གཉིས་མིག་ཆུས་ཁེངས།

ཚོང་བདག་དེས་མགྱོགས་པོར་ཁོ་རང་ཉིད་ཀྱི་དངུལ་ཁུག་ལས་དངུལ་བཏོན་ནས་མེ་ཏོག་དེ་ཉོས་ནས་ཁོ་ལ་སྤྲད། ཉི་མ་དེའི་ཕྱི་ཉིན་ཞོགས་པར་ཉིན་རེའི་ཚགས་ཤོག་གི་མདུན་དངོས་སུ། ར་བཟི་ཞིག་གིས་རླངས་འཁོར་བཏང་སྟེ་རང་ཉིད་ཀྱི་བུ་མོ་རྐྱེན་ལམ་དུ་ཤོར་བ་མ་ཟད། བཟའ་ཟླ་ཡང་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་རྗེས་སུ་བཟའ་ཟླ་ཡང་འཇིག་རྟེན་འདི་ནས་ཁ་བྲལ་ཟིན་པ་དང་ཤུལ་དུ་བྱིས་པ་ལོ་དྲུག་ཅན་གཅིག་ལས་ལྷག་མེད་ལུགས་བརྗོད་ཡོད། ཚོང་བདག་དེས་གློ་བུར་དུ་ཁ་སང་གི་བྱིས་པ་ཆུང་ཆུང་དེ་ཡིད་ལ་དྲན་ནས། ཚགས་ཤོག་ཏུ་གསལ་བའི་ཁ་བྱང་དེ་ཡིད་ལ་བཟུང་སྟེ་གླ་འཁོར་ཆུང་ཆུང་ཞིག་གླས་ཏེ་ ཕྱིན། ཁྱིམ་ཚང་དེའི་སྒོ་འགྲམ་དུ་བསླེབས། དེར་ཡོད་ཀྱི་མི་ཚང་མའི་གདོང་ལ་སྐྱོ་སྡུག་གིས་ཁེངས་ཤིང་གོས་ལྭ་ནག་རྐྱང་རེ་གྱོན་ཏེ་ཕར་ཚུར་རྒྱུ་བཞིན་ཡོད།

སྒོ་ནང་མར་འཛུལ་སྐབས་འཕྲལ་དུ་མཐོང་བ་ནི། དྲི་ཞིམ་འཐུལ་བའི་མེ་ཏོག་དང་མིག་དབང་འཕྲོག་པའི་གོས་སྣས་གཡོགས་པའི་ཤིང་སྒམ་གྲུ་བཞི་མ་ཞིག་གི་ནང་ལ་བཞིན་མདངས་དཀར་ལ་སྨིན་མ་གནག་ཅིང་སྣུམ་པའི་བུད་མེད་ཅིག་གི་བེམ་རོ་མཐོང་ཐུབ། དེའི་ལག་ཏུ་ཁ་སང་གི་བྱིས་པ་ཆུང་ཆུང་དེའི་པར་དང་ཁོས་ཉོས་པའི་རྒྱ་སེའི་མེ་ཏོག་གི་ཆུན་པོ་དེ་ཡང་མཐོང་བྱུང་། ཁོ་མོ་ནི་ཁ་སང་གི་བྱིས་པ་ཆུང་ཆུང་དེའི་ཨ་མ་ཡིན་པ་དང་། ཁོ་བོའི་གཅེན་མོ་ནི་ཉིན་འགའི་སྔོན་ནས་གྲོངས་ཟིན་པ་དང་བརྩེ་བའི་ཨ་མ་ལགས་ནི་དེ་རིང་གི་ཆར་འཇིག་རྟེན་འདི་ནས་ཕྱི་མའི་ལྔ་ལམ་དུ་ཕྱིན་སོང་།
བྱིས་པ་ཆུང་ཆུང་ནི་བྱིས་པ་རང་ཡིན་པས། རང་གི་བརྩེ་བའི་ཨ་མ་ལགས་གཅེན་མོའི་སར་ཕྱིན་པ་ལས་ནམ་ཡང་ཕྱིར་འོང་མེད་པ་ག་ལ་ཤེས། དེར་བརྟེན་ཁོས་ཉོས་ཏེ་བསྐུར་བའི་ལེགས་སྐྱེས་ཨ་ལད་པད་ཀོ་དེ་བརྩེ་བའི་ཨ་མ་ལགས་ནས་ཨ་ཅག་ལགས་ལ་དངོས་སུ་སྤྲོད་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་གཏིང་ཚུགས་པ་ཞིག་བྱས་ཏེ་བསྡད་ཡོད་དོ།།

༢༠༡༤/༨/༣

འགྱུར་རྩོམ།

Post navigation

Previous Post: བོད་ཀྱི་རྒྱན་ཆ་རིག་གནས་ལ་བདག་གཅེས་བྱོས།
Next Post: “ངོས་”ཀྱི་འཇུག་ཡུལ་ལ་ཅུང་ཙམ་དཔྱད་པ།

Comments (6) on “ཤི་གསོན་འབྲེལ་ཐག་ཨ་ལད་པད་ཀོ།”

  1. ཀླུ་སྨྱོན། says:
    2014-08-03 at 11:32 am

    ཨ་ལད་པད་ཀོག་ཅེས་པ་འདི་གོ་རྒྱུ་ཅི་ཡང་མི་འདུག སྤྱིར་ན་ཐ་སྐད་འདི་བོད་སྐད་ཅིག་ཡིན་ནམ།

  2. ཀླུ་སྨྱོན། says:
    2014-08-03 at 11:32 am

    འདིར་
    ཐ་སྙད་

  3. ཀརྡོ་གཉེར་ཕྱག་པ་ says:
    2014-08-03 at 12:44 pm

    དིང་སང་ཡང་། བོད་ཀྱི་ལུང་ཁུག་ཏུ། ཕྲུ་གུས་རྩེད་མོ་རྩེས་པ་ལ། ཨ་ལག་རྩེད་ཟེར་སྲོལ་འདུག ཨིན་སྐད་ཌོལ་ doll ལ། ཨ་ལག་པད་ཀོག་དང་། ཨ་ལད་པད་ཀོག་ཞེས་ཚིག་མཛོད་དུ་གཉིས་ཀར་བྲིས་འདུག་ཀྱང་། སྔ་མ་ཨ་ལག་པད་ཀོག འདི་དག་ག་ཡོད་ཚོད་འདུག

  4. ལུང་རྟོགས། says:
    2014-08-03 at 11:36 pm

    ཨ་ལད་པད་ཀོག་ཅེས་པ་ནི་བོད་དབུས་གཙང་གི་ཡུལ་སྐད་རེད།

  5. གླིང་གཅེར་བུ། says:
    2014-08-04 at 6:47 am

    ཡག་པོ་འདུག འགྱུར་ཚིག་འགའ་ཤས་ལ་འགལ་བ་ཡོད་སྣང་ཞིག་འདུག

  6. ཀློང་ཆུང་ says:
    2014-08-04 at 7:35 am

    ཀླུ་སྨྱོན་ལེགས།

    ང་ཚོ་བོད་པར་འདོད་རྒྱལ་གྱི་མིང་ཆེས་ཉུང་བ་ལས་མང་བ་མེད། ཉི་མ་དང་ཟླ་བ། དེ་བཞིན་ཀླུ་ལྟ་བུ་ཡོང་ཆོག་སར་ཨ་ལད་པད་ཀོག་ཟེར་ན་ཅི་མིའགྲིགས། མིང་བསམ་བློ་གཏོང་དུས་རྗེས་གྲུབ་ཁོ་ནར་ཕྱོགས་པ་དེས་བོད་སྐད་ཀྱི་གཟུངས་ཤོར་བར་བྱེད། དེ་མིན་ཚང་མ་རྒྱ་དང་དབྱིན་སྐད་ནས་དོན་སྒྱུར་བྱས་ནས་ཡིད་ངག་གཉིས་ལ་སྡུག་སྦྱོང་སྤྲོད་པ་དེ་ད་ལྟའི་བོད་སྐད་ཡ་མ་ཟུང་གི་སྣང་ཚུལ་དེ་རེད།

    སྔོན་མའི་བོད་པ་ཚོའི་འདོད་རྒྱལ་གྱི་མིང་སྙན་མོ་དེ་དག་ལ་བསམ་བློ་གཏོང་དུས་ད་ཆའི་ཤེས་ཡོན་པ་ཚོ་ནི་ལད་མོ་ཅན་གྱི་སྤྲེའུ་ཅིག་ལས་གཞན་ཆ་མི་འཚལ།

    ཁྱོད་ལྟོས་དང་། འཛམ་གླིང་གི་སྐད་ཡིག་ཕྱུག་ཤོས་དབྱིན་ཡིག་ལ་རྗེས་གྲུབ་མང་བ་འདུག་འདོད་རྒྱལ་མང་བ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (82)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (19)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (10)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme