Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤར་ཕྱོགས་པའི་ནང་ལ་ཆེས་རྡུགས་ཤོས་དེ་ཉི་ཧོང་ངམ་འཇར་པན་གྱི་མི་རིགས་རེད།

Posted on 2017-02-052017-02-05 By ཁ་བརྡ་ 20 Comments on ཤར་ཕྱོགས་པའི་ནང་ལ་ཆེས་རྡུགས་ཤོས་དེ་ཉི་ཧོང་ངམ་འཇར་པན་གྱི་མི་རིགས་རེད།

འདབ་པ་ཚེ་དབང་མགོན་པོ།
 

འཇར་པན་གྱི་དམག་མིའི་སྐོར།

སྤྱིར་བཏང་མི་རིགས་སོ་སོར་རང་གི་ངོ་བོ་མཚོན་བྱེད་ཀྱི་རིག་གཞུང་དང་། དེ་བཞིན་སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་ཡོད་དགོས་པ་མ་ཟད། དེ་དག་གིས་མི་རིགས་བཟང་ངན་དང་། ཤེས་ཡོན་ཆེ་ཆུང་། སྙིང་སྟོབས་ཆེ་མིན། ལས་ཀ་འཇོན་མེད། གཤིས་རྒྱུད་འཇམ་མིན་སོགས་ཀྱི་རྣམ་གཞག་ཐམས་ཅད་འདི་ནས་འབྱེད་ལ། དེ་མཚུངས་གཞི་རྩའི་ལམ་བུ་འདིའི་བརྒྱུད་ནས། འོ་སྐོལ་ཤར་ཕྱོགས་པའི་མི་རིགས་བྱེ་བྲག་པ་ཞིག་ལ་མ་བརྟགས་མ་དཔྱད་པའི་སྒོ་ནས་གང་ཞིག་སྣང་བ་དག་ལ་གཏམ་ཞིག་མཆིད་ན། ཡ་གླིང་མངའ་ཁོངས་ཀྱི་གླིང་ཕྲན་ཆུང་ངུ་ཞིག་ཏུ་མི་ལོ་སྟོང་ཕྲག་མང་པོའི་རིང་ལ་འདུས་སྡོད་བྱས་པའི་ཤར་ཕྱོགས་པ་འཇར་པན་གྱི་མི་རིགས་འདི་ལ་མཚོན་ཚེ། བཟང་ས་དང་རྡུགས་ས་གཉིས་ཀའི་ལོ་རྒྱུས་ཡུན་རིང་ལྡན་པའི་ཤར་ཕྱོགས་ཀྱི་མི་རིགས་ཤིག་ཡིན་ན་ཡང་། སྐབས་ཐོབ་ཀྱི་བརྗོད་དོན་ངོ་མ་དེ་ལ། མི་རིགས་འདིའི་སྤྱོད་ངན་དང་། བྱ་ངན་རྣམས་གཙོ་བོར་བྱས་ནས་རྩོམ་རིག་གི་གླེང་སློང་བྱེད་རྒྱུ་ཡིན་པས། ཀློག་པ་པོ་རྣམས་ཀྱི་ཐུགས་ལ་མ་བབས་པའི་ཀོ་ལོང་དང་། ཡང་ན་རྣམ་རྟོག་ཕྲན་བུ་ཞིག་འཆར་ཚེ། དེར་བཟོད་གསོལ་ཙམ་ལས་ཐབས་ཤེས་རྩད་ནས་བརྙེད་མ་སོང་ངོ་།

དེ་ཡང་སྔ་དུས་ཤིག་ན་འཇར་པན་གྱི་མི་རིགས་དེ་རྣམས་ནི། གཞི་རྩ་དམག་དང་འཁྲུག་རྩོད་ལ་ཆེས་དགའ་ཞིང་དུང་བའི་མི་རིགས་ཤིག་ཡིན་པ་མ་ཟད། མཐོ་རིམ་ཀྱི་སྤྱི་ཚོགས་དང་། དམའ་རིམ་ཀྱི་མི་དམངས་གཉིས་ཀར་དམག་འཁྲུག་གི་སྐབས་སུ་སློབ་གསོ་ཞིག་ལ་རང་ཉིད་ཀྱི་ཚེ་སྲོག་དང་། གཞན་གྱི་ཚེ་སྲོག་གཉིས་ཁ་ལ་འཛེམས་མེད་དུ་དོར་ཏེ་འཁྲུག་རྩོད་ཀྱི་ལས་རིགས་ལ་ཞུགས་དགོས་ཤིང་། དེ་དག་འདོར་མི་ཐུབ་པ་རྣམས་སྡར་མའི་གྲལ་དུ་བརྩིས་ཏེ་རང་སྲོག་གཅོད་དགོས་པའི་སློབ་གསོ་ཞིག་ཡོད་ལ། དེའི་དབང་གིས་རང་ཉིད་ཀྱི་སྲོག་བསྡོས་པ་དང་། གཞན་གྱི་ལུས་སྲོག་ལོངས་སྤྱོད་ཐམས་ཅད་ལ་ཕངས་མེད་དུ་འདོར་ཐུབ་ཚེ། མི་བུ་དཔའ་བོ་ཞིག་ཏུ་བརྩི་བའི་ཀླ་ཀློག་གི་ལྟ་གྲུབ་མ་ནོར་མ་འཁྲུལ་པ་ཞིག་ཡོད་པ་རེད། དཔེར་ན་དམག་ཆེན་གཉིས་པའི་སྐབས་སུ་འཇར་པན་གྱི་གནམ་འོག་གོང་མས། ཡ་གླིང་གི་མངའ་ཁོངས་ལ་དབང་བསྒྱུར་བའི་ཀུན་སློང་གཤའ་མས་ཤར་ཕྱོགས་པའི་ཡུལ་གྲུ་མང་པོ་ཞིག་ན། དམག་འཁྲུག་གི་འཁོར་ལོ་བསྐོར་ནས་རི་བོར་ཐམས་ཅད་ལ་རུས་པའི་གོས་དཀར་བསྐོན་ཞིང་། གཤོང་གཤོང་ཐམས་ཅད་ཁྲག་གི་གཙང་པོ་བཞུར་བའི་དུས་སྐབས་ཤིག་བསྐྲུན་པ་མ་ཟད། དམག་མི་དེ་དག་གིས་མི་སེར་ཉམས་ཆུང་རྣམས་ལ་ཉེས་པ་མེད་ནའང་གསོད་རྐྱང་དང་། དེ་བཞིན་མི་གསོན་པོ་ས་དོང་དུ་བཅུགས་པ། ཕྲུ་གུ་སང་སྐྱེས་གནངས་སྐྱེའི་བུད་མེད་སྦྲུམ་མ་ཡིན་ཡང་དེ་ལ་བཙན་གཡེལ་བགྱིད་རྐྱང་བྱེད་པའི་མནར་གཅོད་ཀྱི་གནས་ཚུལ་དེ་དག་ཤར་ཕྱོགས་པའི་ཡུལ་ཁམས་ཀུན་ལ་རླུང་ལྟར་གྲགས་སོ།

དེ་བས་ཀྱང་སྡིག་ཉེས་ཚབ་ཆེན་ཞིག་ལ་དམག་སྒར་ནང་ལ་སྟོན་པའི་སྐུ་འདྲ་ཞིག་བཤམས་ནས་དེའི་མདུན་དུ་དམག་མི་རྣམས་ཀྱིས་རང་ཉིད་རྒྱལ་ཁ་ཐོབ་པ་དང་། གཞན་གྱི་ཚེ་སྲོག་ལོངས་སྤྱོད་དང་བཅས་པ་ཕམ་པར་ནུས་པའི་སྐྱབས་འཇུག་དང་དམ་བཅའ་ངེས་པར་དུ་ཞུ་དགོས་པ་དང་། གལ་ཏེ་དམག་མི་རྣམས་ཀྱིས་གཞན་ལ་རྒྱལ་ཁ་མ་ཐུབ་པར་བྱུང་ཚེ། རུ་ཁག་དེའི་འགོ་དཔོན་དང་། ཡང་ན་ནི་དམག་མི་མི་རེ་ངོ་རེའི་སྐྱོན་རྐྱེན་ཀྱིས་རྒྱལ་ཁ་མ་ཐུབ་པ་ཡིན་མིན་བཅས་ཀྱི་གནས་ཚུལ་རྩད་གཅོད་ལེགས་པར་བྱས་རྗེས། དེས་རང་སྲོག་མ་བཅད་པར་ཐར་ཐབས་ཡེ་ནས་མེད། འཇར་པན་གྱི་དམག་མི་མི་རེ་ངོ་རེར་རང་ཉིད་ཕྱི་མའི་ལྔ་ལམ་དུ་གཏོང་བྱེད་རལ་གྲི་རྣོ་ངར་ལྡན་པ་ཞིག་དང་། དེའི་མཉམ་དུ་རས་རྐྱང་དཀར་པོ་ལྷེབ་ལྷེབ་ཅིག་མཉམ་དུ་འཁྱེར་རྒྱུ་ཡོད་ལ། གལ་ཏེ་ཕམ་ཉེས་འབྱུང་ཚེ་རས་དཀར་ལྷེབ་ལྷེབ་དེ་གྲི་སྐེད་ལ་དཀྲིགས་ནས། གྲི་རྩེ་རྣོ་ལ་ངར་བ་དེ་ཉིད་སྙིང་ཁར་བཏད་ནས་འཆི་བའི་གྲོང་དུ་བགྲོད་པ་གྲངས་ཀྱིས་མི་ལོང་པ་ཞིག་ཡིན།

འོ་ན་མནར་གཅོད་ཀྱི་ལམ་ལུགས་འདི་དག་ཅི་ཡིན་ཞེ་ན། འཇར་པན་གནམ་འོག་གོང་མས་ཡ་གླིང་མངའ་ཁོངས་སུ་དབང་བསྒྱུར་འདོད་པའི་སྲིད་དོན་གྱི་སྒྲོམ་གཞིའི་ནང་ལ་མེད་དུ་མི་རུང་བའི་བྱ་ཐབས་ཤིག་རེད། དེའི་ཕྱིར་འཇར་པན་གྱི་མི་རིགས་དང་། དེའི་བདག་པོ་འཇར་པན་གནམ་འོག་གོང་མའི་སྲིད་དོན་གྱི་སྒྲོམ་གཞི་ལ་ཤར་ཕྱོགས་པའི་མི་རིགས་རྣམས་འཇིགས་སྐྲག་གི་བསྐལ་ཆེན་ཤར་བ་མ་ཟད། འཆི་བདག་གཤིན་རྗེ་ཡིན་ཡང་ཅུང་ཟད་ཅིག་བག་ཚ་དགོས་པའི་དུས་ཚོད་ངེས་ཅན་ཞིག་སླེབས་ཡོད་དོ། །

 

འཇར་པན་གྱི་གྲྭ་པའི་སྐོར།

རྩ་བའི་སངས་རྒྱས་པའི་ཆོས་ལུགས་དེ། ཤར་ཕྱོགས་པའི་ཆོས་ལུགས་ཆེན་པོ་ཞིག་ཡིན་པ་མ་ཟད། སྔར་རྒྱ་གར་གྱི་ཁྱིམ་མཚེས་ཡུལ་གྲུ་ཀུན་ལ་མ་དར་བ་མེད་པ་ལྟ་བུར་གྱུར་ནས། ཆོས་ལུགས་འདི་བར་སྐབས་ཤིག་ལ་ཤར་ཕྱོགས་ཤར་མའི་འཛིན་ངོས་སུ་དར་རྒྱས་ཆེ་བ་ཡིན་ལ། དེའི་དབང་གིས་འཇར་པན་གྱི་ཡུལ་ནའང་ཆོས་ལུགས་འདི་དར་ཏེ། ཆོས་པ་རྣམས་ཆོས་སུ་རྗེས་སུ་སོང་པའི་དུས་ཚོད་གང་འཚམ་ཞིག་བྱུང་ཡོད་ཀྱང་། ཕྱིས་སུ་འཇར་པན་གནམ་འོག་གོང་མོའི་བཀའ་ཁྱབ་བཞིན་འཇར་པན་གྱི་གྲྭ་པ་ཀ་བ་ཀ་ཅི་སོགས་ཀྱིས་སེ་འབྲས་དགའ་གསུམ་ལ་གསང་མྱུལ་གྱི་ལས་གཞི་སྤེལ་ནས་སྲིད་དོན་གྱི་བྱ་བ་བགྱིས་པ་མ་ཟད། སངས་རྒྱས་པའི་རབ་བྱུང་པ་རྣམས་ཀྱིས་གསང་མྱུལ་བྱས་པའི་ལོ་རྒྱུས་ཐོག་མ་དེ་ཡང་སྐབས་དེར་འཇར་པན་གྱི་གྲྭ་པ་རྣམས་ཀྱིས་བཟོས་པ་ཡིན། དེ་ནི་སངས་རྒྱས་པའི་རྗེས་འཇུག་རྣམས་ལ་ཁྱིམ་པ་ཕོ་མོ་དང་། གཞུང་སྒེར་སུ་ཡིན་ཡང་གཏན་ནས་ཡིད་ཆེས་བྱེད་མི་ཕོད་པའི་ཚུལ་འཆལ་གྱི་རྨང་གཞི་ཐོག་མ་དེ་འདི་ནས་བཏིང་པ་ཡིན་ནོ།

ཡང་དེ་བཞིན་ད་ལྟའི་ཆར་འཇར་པན་གྱི་གྲྭ་པ་རྣམས་ཀྱིས་ཚུལ་འཆལ་གྱི་གནས་འབའ་ཞིག་ལ་རོལ་ནས་ལུས་པ་སྡོམ་པ་མེད་ཅིང་། ནང་ལ་ཆུང་མ་དང་ཕྲུ་གུའི་པ་ཕ་ཤ་སྟག་བགྱིས་ནས་སྡོད་ཀྱིན་ཡོད་པ་མ་ཟད། འདི་ནི་ཆེད་མངགས་འཇར་པན་གཞུང་གིས་འཇར་པན་གྱི་ནང་ཆོས་དེ་ཆོས་ལུགས་ཙམ་པོ་བའི་རིག་གཞུང་ཞིག་ལ་ངོས་འཛིན་བྱས་ཏེ། དེ་དག་མི་ཉམས་པའི་ཆེད་དུ་གྲྭ་པ་རྣམས་ཀྱིས་ཆོས་ལུགས་སྦྱོང་བཞིན་སྐྱེས་དམན་ལེན་ཆོག་པ་དང་། མཚན་མོར་ཆུང་མའི་མཉམ་དུ་དགོན་པའི་ནང་ལ་བཟའ་བསྒྲིགས་བྱས་ནས་བསྡད་ཆོག་ཅིང་། ཉིན་གུང་ལས་ཁུངས་སུ་ལས་ཀ་བྱས་ཏེ་གཞུང་གི་འགོ་ཁྲིད་དང་ལས་བྱེད་སོགས་བྱས་ནས་སྡོད་ཆོག་པར་བཟོས་པ་ཞིག་ཡིན་ལ། དེའི་དབང་གིས་འཇར་པན་གྱི་གྲྭ་པ་ཞིག་ཡིན་ནས་བཟུང་སྟེ་སྐྱེས་དམན་ལེན་རྐྱང་དང་། ཕྲུ་གུའི་པ་ཕ་བྱེད་རྐྱང་བྱེད་མཁན་ཤ་སྟག་ཡིན། འདི་དག་ནི་དོན་ལ་འཇར་པན་གྱི་མི་རིགས་རྣམས་ཀྱིས་སངས་རྒྱས་པའི་བསྟན་པ་སྤྱི་དང་། ལྷག་པར་རབ་བྱུང་ངུར་སྨྲིག་པའི་སྡེ་རྣམས་ལ་ཆེད་དུ་སུན་འབྱིན་དང་དམའ་འབེབས་བྱས་པ་དང་གཉིས་སུ་མེད་པའི་བྱ་སྤྱོད་འབའ་ཞིག་ཡིན་ནོ། །

 

འཇར་པན་པ་རྣམས་ཀྱིས་བཟའ་བཏུང་རོལ་སྟངས།

མི་རིགས་སོ་སོར་བཟའ་བཏུང་གི་རིགས་མི་འདྲ་བ་རེ་རེ་ཡོད་ཀྱང་། འཇར་པན་གྱི་མི་རིགས་རྣམས་རྒྱ་མཚོའི་དབུས་སུ་འདུས་སྡོད་བྱེད་ཀྱིན་ཡོད་ཕྱིར། གཙོ་བོར་མཚོ་ཟས་ལ་བསྟེན་ནས་འཚོ་གནས་བྱེད་ཀྱིན་ཡོད་པ་མ་ཟད། རྒྱ་མཚོའི་དཀྱིལ་དུ་གནས་སྡོད་བྱེད་མཁན་མི་རིགས་གཞན་ལས་ཆེས་ལྷག་པའི་འབུ་སྲིན་དང་། ཉ་རིགས་ཟ་མཁན་སྲམ་དང་ཆུ་སྲིན་སོགས་ལས་ཆེས་རྡུགས་པའི་མི་རིགས་ཤིག་ཡིན། དེ་ཡང་འཇར་པན་གྱི་ཟའུ་ཤི་ཞེས་པའི་ཁ་ལག་དེའི་རྒྱུ་ཆ་གཙོ་བོ་ནི་ཉ་རིགས་ཡིན་པ་དང་། ཁ་ལག་འདི་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་མ་དར་བ་མེད་པར་ལྟ་བུར་གྱུར་ཏེ་བཟའ་བཏུང་གི་རིག་གཞུང་ཁྱབ་ཁུངས་ནང་ལ་དམར་ཟས་ཀྱི་རྒྱལ་པོ་ལྟ་བུར་གྱུར་ནས་གནས་ཡོད་ཅིང་། དེས་རྐྱེན་པས་འཛམ་གླིང་ཤར་ནུབ་ཀྱི་རྒྱ་མཚོ་རྣམས་དང་། དེ་བཞིན་མཚོ་དང་མཚེའུ། གཙང་པོ་དང་ཆུ་ཕྲན་རྣམས་སུ་གནས་པའི་ཉ་རིགས་ཁྲག་ཁྲིག་མང་པོའི་ཚེ་སྲོག་ཟས་རིགས་འདིས་ཕྲོགས་ཟིན་པ་དང་། སླད་མར་ཡང་ཉ་རིགས་རབ་བཀྲམ་མང་པོའི་ཚེ་སྲོག་འཕྲོག་བྱེད་ཀྱི་ཟས་རིགས་ཤིག་ཡིན།

དེ་བཞིན་ཡང་འཇར་པན་པ་རྣམས་ཀྱིས་འབུ་སྲིན་ཟ་སྟངས་དང་། འབུ་སྲིན་བཟོ་ལུགས་ཀྱི་ལམ་བུའི་ནང་ལ་འབུ་སྲིན་གྲངས་མེད་མང་པོའི་ཚེ་སྲོག་ཤོར་ཟིན་པ་དང་། འབྱུང་འགྱུར་ཡང་འབུ་སྲིན་གྲངས་མེད་མང་པོའི་ཚེ་སྲོག་འཆོར་རྒྱུ་ཡིན་པར་སྨོས་མི་དགོས།

ད་དུང་དེ་བས་ཀྱང་ཡ་མཚན་པ་ཞིག་ལ། བ་ཕྱུགས་ཀྱི་རིགས་ལ་ཆང་ཨ་རག་གི་རིགས་དང་། ཤིང་ཏོག་གི་འཁུ་བ། ཟས་རིགས་མངར་མོ་དང་སྐྱུར་མོ་སོགས་སྤྲོད་བཞིན་གླིང་བུ་དང་པི་ཝང་གི་སྒྲ། རོལ་ཆས་སྙན་མོ་སོགས་ལ་ཉན་བཅུགས་ནས། བ་ཕྱུགས་ཀྱི་ལུས་ཡོངས་ལ་འཕུར་མཉེད་བྱེད་བཞིན་ཕྱུགས་རིགས་གསོ་སྐྱོང་བྱས་པ་དང་། དེ་ནས་ཟླ་བ་དང་ལོ་ངོ་གང་འཚམ་ཞིག་གི་རྗེས་སུ་དེ་དག་བསད་ན་ཤ་དེ་ཧ་ཅང་གིས་ཞིམ་པོ་ཆགས་པར་བཤད་པ་མ་ཟད། ཤ་རིགས་དེ་དག་འཛམ་གླིང་གི་འགྲོན་ཁང་ཆེན་པོ་རྣམས་སུ་ས་ཁྱབ་རྡོ་ཁྱབ་ལྟར་བྱས་ནས་ཁྱབ་ཡོད་ལ། དེའི་ཕྱིར་འཇར་པན་གྱི་ཟས་རིགས་ཀྱི་ཁྱབ་ཁུངས་ནང་དུ་དམར་ཟས་ཀྱི་སྐོར་གནས་ཚུལ་དེ་དག་ལ། གལ་སྲིད་དུད་འགྲོ་རྣམས་ཀྱིས་རྒྱུས་ལོན་དང་བསམ་གཞིག་ཅིག་བྱེད་ཤེས་ཚེ་འཇར་པན་ཟེར་བའི་མིང་ཚིག་དེ་གོ་མ་ཐག་ཏུ་བླ་སྲོག་དབང་མེད་དུ་ཆོད་ཤོར་བའི་གནས་སྟངས་གཤའ་མ་ཞིག་ཏུ་གྱུར་ཡོད་དོ། །

 

འཇར་པན་མི་རིགས་ཀྱི་འདོད་སྲེད་སྐོར།

སྤྱིར་བཏང་མི་རིགས་ཅི་འདྲ་ཞིག་ཡིན་ནའང་། འདོད་སྲེད་མེད་པའི་མི་རིགས་ཤིག་ཡེ་ནས་མེད་ཀྱང་། འཇར་པན་གྱི་མི་རིགས་རྣམས་ལ། མི་རིགས་གཞན་གྱི་འདོད་སྲེད་ལས་རྦད་དེ་བརྒལ་བ་མ་ཟད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ། དམག་ལ་ཞུགས་མཁན་རྒྱལ་ཁབ་ཧ་ཅང་གི་མང་པོ་ཞིག་བྱུང་ཡོད་པའི་ནང་ནས་བུད་མེད་ལ་བཙན་གཡེམ་བྱེད་མཁན་དེ་འཇར་པན་མ་གཏོགས་ཧ་ལམ་བྱུང་མེད། འཇར་པན་གྱི་དམག་མི་རྣམས་ཀྱིས་ལོ་ན་རྒས་པའི་རྨོ་དང་བུད་མེད། ནར་མ་སོན་པའི་བུ་མོ་རྣམས་ལ་བཙན་གཡེམ་བགྱིས་ཕྱིར། བར་སྐབས་ཤིག་ཏུ་ཤར་ཕྱོགས་པའི་བུད་མེད་རྣམས་ཀྱི་རྣ་བར་འཇར་པན་གྱི་མི་རིགས་ཞེས་པ་དང་། འཇར་པན་གྱི་དམག་མི་ཟེར་འོང་དུས་རང་བཞིན་གྱིས་སྙིང་ཁ་ནང་ལ་དབང་མེད་དུ་འཚང་དགོས་པའི་བག་ཆགས་ངེས་ཅན་ཞིག་བཟོས་ཡོད་ལ། གནས་སྟངས་འདི་དག་ལ་གཞིགས་ཚེ་འཇར་པན་གྱི་མི་རིགས་རྣམས་ནི་འཛམ་གླིང་ནང་ལ་འདོད་སྲེད་ཆེ་ཤོས་ཀྱི་མི་རིགས་ཤིག་ཡིན་པར་སོམ་ཉི་མི་དགོས་པ་ཞིག་ཡིན།

དེ་བཞིན་ཤར་ཕྱོགས་པའི་ཡུལ་གྲུ་ཧྲིལ་པོར་འགྱིག་གི་ཕོ་མཚན་དང་། མོ་མཚན། འགྱིག་གི་ཕོ་དང་། འགྱིག་གི་མོ་སོགས་ཀྱིས་གཙོས་པའི་འདོད་པའི་དངོས་པོ་རྣམ་གྲངས་མང་པོ་ཞིག་གསར་སྐྲུན་བྱེད་མཁན་དེ་དག་ཐོག་མར་འཇར་པན་གྱི་མི་རིགས་ཡིན། མ་ཟད་གོ་ལ་ཧྲིལ་པོར་འདོད་སྲེད་ཀྱི་སློབ་གྲྭ་ཆེ་ཤོས་དང་། འདོད་སྲེད་ཀྱི་སྐོར་སློབ་སྦྱོང་བྱེད་མཁན་སློབ་ཕྲུག་མང་ཤོས་དེ་ཡང་འཇར་པན་མི་རིགས་རེད། དེས་ན་འཇར་པན་མི་རིགས་ནི་ཉོན་རྨོངས་དུག་ལྔའི་འབྱུང་ཁུངས་དང་། ཆགས་སྡང་གི་རྩ་བ་ལྟར་བུར་གྱུར་ནས་གོ་ལ་ཧྲིལ་པོར། དེ་དག་གི་ཡལ་འདབ་སྐྱེད་སྲིང་བྱས་ནས་གནས་བཞིན་པ་ཡིན་པར་ཤེས་དགོས་སོ། །

རྩོམ་ཡིག་འདི་ནི། འདབ་པ་ཚེ་དབང་མགོན་པོས། མི་རིགས་མང་པོ་ཞིག་ལ་བསམ་གཞིགས་དང་། དོ་སྣང་བྱེད་སྐབས་ཤར་ཕྱོགས་པའི་མི་རིགས་ནང་ལ་ཆེས་རྡུགས་ཤོས་ཀྱི་མི་རིགས་དེ། འཇར་པན་གྱི་མི་རིགས་ཡིན་པར་ཚོར་ནས་རྩོམ་ཡིག་འདི་ལམ་ཌོན་གྲོང་ཁྱེར་དུ་སྤེལ་བའོ། །

དམག་འཁྲུགས་དོ་རར་གཅེས་པའི་ལྷ་མ་ལྟར།།
སྲེད་པའི་བདེ་ལ་རྔམ་པའི་མཁའ་རྒྱུ་བཞིན།།
དམར་ཟས་འཚོ་བར་སྲེད་པའི་མི་རིགས་ཏེ།།
གནམ་འོག་ཉེས་ཅན་འཇར་པན་མི་རེད་ཤེས།

རྩོམ་རིག

Post navigation

Previous Post: སྨིན་གླིང་མཁན་ཆེན་ལ་བསྔགས་པའི་སྙན་ངག
Next Post: འགྲན་ཟླ་མེད་པའི་འཇར་པན་པ།

Comments (20) on “ཤར་ཕྱོགས་པའི་ནང་ལ་ཆེས་རྡུགས་ཤོས་དེ་ཉི་ཧོང་ངམ་འཇར་པན་གྱི་མི་རིགས་རེད།”

  1. ཀླུ་སྨྱོན། says:
    2017-02-05 at 8:55 pm

    ཡ་མཚན། མི་རིགས་འཇོན་ཤོས་ཤིག་སྡུག་ཤོས་སུ་བགྲངས་འདུག ད་མི་རིགས་མི་འཇོན་ཤོས་བོད་རིགས་ཡག་ཤོས་སུ་བགྲང་གི་ཡིན་ནམ།

  2. གདོད་མྱི། says:
    2017-02-05 at 10:04 pm

    མི་ཤེས་ཤེས་མདོག་བྱས་པ་ནི་རང་སྐྱོན་ཕྱིར་འདོན་བྱས་པ་ལོས་ཡིན།
    ཉི་ཧོང་མི་རིགས་ནི་ཨེ་ཤའི་ནང་ནས་ཆེས་སྔོན་ཐོན་གྱི་མི་རིགས་ཡིན་པར་ཆེད་ལས་ཞིབ་འཇུག་པ་དག་གིས་སྡོམ་ཚིག་བཀོད་ཡོད་རེད།
    འཛམ་གླིང་ཐོག་ཏུ་མི་གཞི་ཀུན་སྤྱོད་བཟང་ཤོས་ཨང་དང་པོར་བགྲངས་ཡོད་རེད།
    དམག་ཆེན་གཉིས་པའི་སྔར་རྗེས་སུ་ཉི་ཧོང་མི་རིགས་འདིས་དགྲ་ལ་ཕར་རྒོལ་བྱས་ཏེ་ཉི་ཧོང་བཙན་རྒྱལ་རིང་ལུགས་ཐོགས་པའི་དྲག་རྩུབ་བེད་སྤྱོད་བཏང་ཡོད། དེའི་དུས་དགྲ་ལ་རྒོལ་ལན་སྤྲད་མ་ནུས་ན་ཡ་ང་སྙིང་མེད་པར་འབུར་འཇོམས་དང་། དྲག་གནོན། རྩ་མེད་བཟོ་བཞིན་ཡོད་པས་དགྲ་ལ་ཁ་གཏད་མ་ནུས་ན་རང་སྡུག་རང་གིས་ཉོས་པ་ལོས་ཡིན། བོད་རྒྱ་མིས་བཙན་འཛུལ་སྐབས་སུ་མྱོང་བ་ལྟར་་དམྱལ་བ་མི་ཡུལ་ལ་ཕོས་པ་ལྟར་མྱོང་དགོས་ཁེལ་ཡང་ཉི་ཧོང་མི་རིགས་ཀྱི་དེ་མྱོང་མི་དགོས་པ་དེ་མི་རིགས་རང་གིས་འཇོན་ཐང་རེད། དེ་སྐྱོན་ཆ་ག་བ་ཡིན་དགོས་རེད། དགྲ་འདུག་གཉེན་སྐྱོང་གི་ལས་ཀ་ནི་འཇིག་རྟེན་པའི་ངོས་ནས་བཤད་ན་འཇོན་ཐང་ཡིན་པ་ལས་སྐྱོན་ཆ་མ་རེད། རང་གིས་ཉི་ཧོང་མི་རིགས་ལ་ཁ་བཏང་བ་དེས། རྒྱ་མིའི་ལག་ནས་དཔེ་ཤག་འདྲ་རག་གི་ཡོད་ན་གནས་ཚུལ་ལོག་ཀ་རེད་མ་གཏོགས་ཡིག་འཁྱམ་དེ་ལ་དོན་སྙིང་སྤུ་ཙམ་ཡང་མེད་པ་མ་ཟད་ཉི་ཧོང་དང་བོད་རིགས་ཀྱི་མཐུན་སྒྲིལ་གཏོར་ཤིག་གི་སྐད་ཆའི་ཁ་སྙིགས་ཤིག་རེད།

  3. གདོད་མྱི། says:
    2017-02-05 at 10:10 pm

    མི་ཤེས་ཤེས་མདོག་བྱས་པ་ནི་རང་སྐྱོན་ཕྱིར་འདོན་བྱས་པ་ལོས་ཡིན།
    ཉི་ཧོང་མི་རིགས་ནི་ཨེ་ཤའི་ནང་ནས་ཆེས་སྔོན་ཐོན་གྱི་མི་རིགས་ཡིན་པར་ཆེད་ལས་ཞིབ་འཇུག་པ་དག་གིས་སྡོམ་ཚིག་བཀོད་ཡོད་རེད།
    འཛམ་གླིང་ཐོག་ཏུ་མི་གཞི་ཀུན་སྤྱོད་བཟང་ཤོས་ཨང་དང་པོར་བགྲངས་ཡོད་རེད།
    དམག་ཆེན་གཉིས་པའི་སྔར་རྗེས་སུ་ཉི་ཧོང་མི་རིགས་འདིས་དགྲ་ལ་ཕར་རྒོལ་བྱས་ཏེ་ཉི་ཧོང་བཙན་རྒྱལ་རིང་ལུགས་ཐོགས་པའི་དྲག་རྩུབ་བེད་སྤྱོད་བཏང་ཡོད། དེའི་དུས་དགྲ་ལ་རྒོལ་ལན་སྤྲད་མ་ནུས་ན་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་ཉམ་ཆུང་གི་མི་རིགས་རྣམམས་འབུར་འཇོམས་དང་། དྲག་གནོན། རྩ་མེད་བཟོ་བཞིན་ཡོད་པས་དགྲ་ལ་ཁ་གཏད་མ་ནུས་ན་རང་སྡུག་རང་གིས་ཉོས་པ་ལོས་ཡིན། ཉམ་ཆུང་བོད་མི་རྒྱ་མིས་བཙན་འཛུལ་སྐབས་སུ་མྱོང་བ་ལྟར་་དམྱལ་བ་མི་ཡུལ་ལ་ཕོས་པ་ལྟར་མྱོང་དགོས་ཁེལ་ཡང་ཉི་ཧོང་མི་རིགས་ཀྱི་དེ་མྱོང་མི་དགོས་པ་དེ་མི་རིགས་རང་གིས་འཇོན་ཐང་རེད། དེ་སྐྱོན་ཆ་ག་བ་ཡིན་དགོས་རེད། དགྲ་འདུག་གཉེན་སྐྱོང་གི་ལས་ཀ་ནི་འཇིག་རྟེན་པའི་ངོས་ནས་བཤད་ན་འཇོན་ཐང་ཡིན་པ་ལས་སྐྱོན་ཆ་མ་རེད། རང་གིས་ཉི་ཧོང་མི་རིགས་ལ་ཁ་བཏང་བ་དེས། རྒྱ་མིའི་ལག་ནས་དཔེ་ཤག་འདྲ་རག་གི་ཡོད་ན་གནས་ཚུལ་ལོག་ཀ་རེད་མ་གཏོགས་ཡིག་འཁྱམ་དེ་ལ་དོན་སྙིང་སྤུ་ཙམ་ཡང་མེད་པ་མ་ཟད་ཉི་ཧོང་དང་བོད་རིགས་ཀྱི་མཐུན་སྒྲིལ་གཏོར་ཤིག་གི་སྐད་ཆའི་ཁ་སྙིགས་ཤིག་རེད།

  4. རིག་པའི་རྡོ་རྗེ། says:
    2017-02-05 at 10:33 pm

    འདབ་པ་ཚེ་དབང་མགོན་པོས་རྒྱ་ནག་གིས་འཁྲབ་པའི་ཉི་ཧོང་སྐོར་གྱི་གློག་བརྙན་འཁྱོག་བརྗོད་རྣམས་དང་།  སློབ་གྲྭ་ཁག་ཏུ་སྤེལ་བཞིན་པའི་ཉི་ཧོང་བའི་གནས་ཚུལ་རྫུན་མ་དེ་དག་ལས་དོན་ངོ་མར་ཉི་ཧོང་བའི་ཡ་རབས་སྤྱོད་བཟང་དང་།  ཤེས་འཇོན་སོགས་མ་ཤེས་པའི་སྐྱོན་རེད།  དཔེར་ན་རྒྱ་ནག་གི་སློབ་ཆུང་སློབ་མ་ཞིག་ལ་ཉི་ཧོང་བ་ཇི་འདྲ་རེད་ཅེས་དྲིས་ཚེ།  ཐེ་ཚོམ་མེད་པར་ལན་དེ་ལྟར་འདེབས་ངེས་རེད།  མཁས་བླུན་སུ་ཡིན་ཡང་།  དཔྱད་བརྗོད་འབྲི་སྐབས་གང་ལ་དཔྱད་པར་བྱ་བའི་ཡུལ་དེའི་དངོས་ཡོད་གནས་ཚུལ་ཤེས་དགོས་པ་གལ་ཆེན་ཆགས་ཡོད།  དེ་ཙམ་ཡིན།

  5. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-02-05 at 11:17 pm

    མི་རིགས་ཞིག་ལ་ཡག་རྡུག་གི་སྐད་ཆ་བཤོད་
    རྒྱུ་དེ་ཆོས་སྲིད་གང་གི་ཆ་ནས་ལས་སླ་པོ་ཞིག་ཡིན་པ་ནམ་ཡང་ངོས་འཛིན་ཞུ་མི་ཐུབ་ལ་འདིར་རྩོམ་པ་པོའི་མི་རིགས་རྡུག་ཤོས་ཟེར་བ་དེ་ཚད་གཞི་ག་འདྲ་ཞིག་ལ་ངོས་འཛིན་གནང་ནས་གསུང་པ་ཡིན་ཤེས་མ་སོང་ན་དྲ་སྟེང་དུ་མི་རིགས་མཐུན་འབྲེལ་ལ་འགན་འཁུར་ནས་ཕེབས་དགོས་པ་ནི་ང་ཚོ་དྲ་གྲོགས་ཚོའི་བཟང་སྤྱོད་ཀྱི་ལས་འགན་ཞིག་མ་རེད་དམ་།?

  6. ཁྲག says:
    2017-02-05 at 11:44 pm

    དྲ་གྲོགས་ལགས། མི་ཤེས་ན་འབྲི་དགོ་ལེ་མ་རེད། དང་པོར་ཡག་པོ་བལྟས། ཞིབ་འཇུག་བྱས། སྐད་ཆ་དྲང་མོར་བཤད་པར་འབད་བརྩོན་བྱོས། དམག་འཁྲུག་དང་ཆབ་སྲིད་མ་བཤད། དེ་ཁྱོད་ཀྱི་ཤེས་ལེ་མ་རེད། མི་ཤེས་ཤེས་མདོག་བྱས་ན་་་་་ད་ངོ་ཚ་འདི་ཉོས་པ་རེད། ཁོ་རེ་་་་་

  7. ཀླུ་སྨྱོན། says:
    2017-02-06 at 12:39 am

    གཅིག ཉི་ཧོང་གི་ས་ཡོམ་སྐབས་དང་སྤྱིར་བཏང་འཚོ་བའི་ཁྲོད་དུ་མི་བརྒྱ་ཆའི་དགུ་བཅུ་གོ་དགུ་ཡན་གྱིས་གཞན་གྱི་ཅ་དངོས་མི་བརྐུ་བ་འཛམ་གླིང་ཡོངས་གྲགས་ཡིན།
    གཉིས། ཉི་ཧོང་གི་མི་ནི་ཧ་ཅང་ཞིབ་ཚགས་པས་ཁོ་ཚོའི་ཅ་ལག་གི་སྤུས་ཀ་འཛམ་གླིང་སྟེང་ཨང་དང་པོའི་གྲས་སུ་བསླེབས་ཡོད།
    གསུམ། ཉི་ཧོང་གི་མི་ནི་ཚྭ་མེད་མངར་མེད་ཞག་མེད་སོགས་ཀྱི་ཟ་མ་བཟའ་རྒྱུར་དགའ་བས། ཉི་ཧོང་གི་མིའི་ཚེ་ཚད་ཆེས་རིང་གྲས་སུ་གནས་ཡོད།
    བཞི། ཉི་ཧོང་གི་མི་ནི་མགྲོན་པོར་ཧ་ཅང་གུས་བརྩི་ཆེ་བའི་མི་རིགས་ཤིག་ཡིན་པས། བོད་མོ་ཕྱི་འགྲིམ་སློབ་མ་ཞིག་གི་ལས་སློབ་རྫོགས་ནས་ཕྱིར་ལོག་པའི་དགོང་མོར་གནས་བདག་ཉི་ཧོང་ཚང་གིས་ཁང་པའི་ཚོན་རྩི་དང་ཅ་ལག་ཕལ་མོ་ཆེར་བོད་རིགས་བུ་མོ་དེ་ཆེས་དགའ་བའི་ཚོན་མདོག་གིས་སྤྲས་པ་ནི་དཔེར་མཚོན་ཙམ་ཞིག་ཡིན།
    ལྔ། ཉི་ཧོང་ནི་ཆེས་དཔའ་ངར་ལྡན་པའི་མི་རིགས་ཀྱིས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་པས། ལོ་རྒྱུས་སྟེང་གཞན་གྱིས་བཙན་འཛུལ་དང་དབང་སྒྱུར་བྱས་པའི་དེབ་ཐེར་ཧ་ལམ་མེད་པའི་ཚོད་དུ་འདུག
    དྲུག ཉི་ཧོང་ནི་ཁོར་ཡུག་སྲུང་སྐྱོབ་དང་འཛད་སྤྱོད་ཆེས་གྲོན་ཆུང་བྱེད་པའི་རྒྱལ་ཁབ་ཅིག་ཡིན་པས། དངོས་པོ་གང་ཞིག་ཡིན་ཡང་ལན་གཅིག་སྤྱད་རྗེས་གད་སྙིགས་ནང་མི་གཡུག་པས་ཡང་ནས་ཡང་དུ་བེད་སྤྱོད་བྱེད།
    བདུན། ཉི་ཧོང་བས་ཕྱིའི་རིག་གནས་ནང་འདྲེན་བྱེད་ཤུགས་ནི་འཛམ་གླིང་གི་ཨང་དང་པོའི་གྲས་སུ་བསླེབས་པ་སྟེ། ཕྱི་ཡིག་དབྱིན་ཡིག་ལྟ་བུའི་ནང་བསླེབས་པའི་ཚན་རིག་དང་སྒྲུང་དེབ་གྲགས་ཅན་ལྟ་བུ་ཞིག་རྒྱལ་སྤྱིའི་ཁྲོམ་རར་བསླེབས་མ་ཐག་བདུན་ཕྲག་རེ་ཟུང་ནང་ཁོ་ཚོའི་ཡིག་རིགས་སུ་བསྒྱུར་བའི་འབད་བརྩོན་བྱེད་པར་གྲགས།

  8. བདུད་འཇོམས། says:
    2017-02-06 at 12:47 am

    འདབ་པ་ཚེ་དབང་མགོན་པོར་འབོད་པ་ཁོང་རྒྱ་ནག་གིས་འཁྲབ་པའི་དམག་ཆེན་གཉིས་པའི་ཉི་ཧོང་སྐོར་གྱི་གློག་བརྙན་འཁྱོག་བརྗོད་རྣམས་དང་། སློབ་གྲྭ་ཁག་ཏུ་སྤེལ་བཞིན་པའི་ཉི་ཧོང་བའི་གནས་ཚུལ་རྫུན་མ་དེ་དག་ལས་མགོ་འཐོམས་པ་ཡིན་པ་འདྲ།

  9. ཞི་ལེའི་ཁུའུ། says:
    2017-02-06 at 1:34 am

    ང་ཚོའི་སློབ་རོགས་འགའ་ཉི་ཧོང་པ་རེད། ཁོང་ཚོ་གཞན་ལས་བརྩོན་འགྲུས་ཆེ་ལ་ཞིབ་ཚགས་པ། གང་ལྟར་བོད་ཕྲུག་ཞིག་ལས་ལྷག་པའི་བོད་སྐད་ཡིག་ལ་སློབ་སྦྱོང་བྱེད་ཀྱི་འདུག ད་ཁོང་ཚོ་སྡུག་ཤོས་ཇི་ལྟར་ཆགས་པ་རེད། ངས་བྱས་ན་འཛམ་གླིང་སྟེང་གི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་མི་གཟུགས་སུ་བྱོན་པ་ནི་རི་པིན་ནམ་ཇར་པན། ཉི་ཧོང་པ་རྣམ་པ་རེད།

  10. ཆུ་ཐིགས། says:
    2017-02-06 at 3:46 am

    ཨ་ལས། ཚེ་དབང་མགོན་པོ་ནམ་རྒྱུན་ནས་དེ་འདྲ་རིགས་འབྲི་རྒྱུར་དགའ་པོ་ཡོད་པ་ངས་ཤེས།

  11. དྲི་མེད་ལྷག་བསམ། says:
    2017-02-06 at 4:11 am

    འདབ་པ་ཚེ་དབང་མགོན་གྱི་ཀླད་པ་རྒྱ་ནག་གི་དམག་ཆེན་གཉིས་པའི་གློག་བརྙན་གྱིས་ཆ་ཚང་པ་བསྒྱུར་ཚར་འདུག
    ༡༽དཔའ་བོ་དང་དབང་བསྒྱུར་གྱི་ལམ་ལུགས་ལ་ལེགས་པར་བརྩི་བ་གནའ་བོའི་རྒྱལ་ཁབ་ཡོངས་ལ་གྲགས། རྒྱ་ནག་གི་ལོ་ལྔ་སྟོང་བར་གཡོ་རྒྱུ་དང་དམག་འཁྲུགས་ཤ་སྟག་གིས་རིམ་བཞིན་རྒྱལ་ཁབ་རྒྱ་བསྐྱེད་དུས་མི་གསོད་བཙན་གཡེམ་སོགས་ཅི་བྱུང་ལོ་རྒྱུས་ལས་གསལ།
    ༢༽ཉི་ཧོང་གི་ཁྱིམ་གྲྭ་ལ་སྐྱེས་མ་ཡོད་ལ་ཚོང་ལས་ཀྱང་གཉེར་བ་བོད་ཀྱི་ཆོས་རྒྱལ་མེས་དཔོན་ལྟ་བུ་རེད། རབ་བྱུང་སྡེས་བཅའ་ཁྲིམས་དམ་པ་བོད་ནང་བཞིན་ཡོད།
    ༣༽བཟའ་བཏུང་སྐོར་ནི་མཚོ་གླིང་གི་རྒྱལ་ཁབ་གཅིག་མཚུངས་རེད་འཇར་པར་ཀུན་ལས་སྡུག་པོ་ཡོད་པར་མ་མཐོང་།
    ༤༽འདོད་ཆགས་ཕྱི་ལོག་ལ་བསྟན་ཡོད་མེད་ཙམ་ལས་ཐམས་ཅད་མཚུངས། རྒྱ་ནག་ཏུའང་རྒྱལ་པོ་ལ་སུམ་སྟོང་། བློན་པོ་ལ་བརྒྱ་ཕྲག མི་མཐོ་རིགས་ལ་སྐྱེས་མ་གསུམ་ལས་གྲོགས་བཞི་ཟེར་བ་། གཞུང་གི་གཞང་ཚོང་ཁང་ཡང་ཡོད་པ་ནང་བཞིན་རྒྱལ་ཁབ་གཞན་དུའང་ཡོད། བཙན་གཡེམ་ནི་ཨ་རིའི་དམག་གིས་ཀྱང་གཅིག་མཚུངས་བྱས་ཡོད་དགོངས་དག་བྱས་མ་བྱས་ལ་ཁྱད་པར་ཡོད། །འཇར་པན་གྱི་སྐྱོན་རྣམས་ལ་སྣོན་མ་འབུམ་ཕྲག་བརྩེགས་ཏེ་རྒྱ་ནག་དང་ཀོ་རིའི་དྲིལ་སྒྲགས་བྱས་པ་དེས་སོ་སོར་ཆིག་སྒྲིལ་ཡོང་གི་ཡོད་ལ། ཆབ་སྲིད་ནག་པོ་ཞིག་ཀྱང་ཡིན། འཇར་པར་གྱིས་གང་བྱས་པ་བོད་མི་རིགས་ཀྱི་དབུ་ལ་ཡང་ཡོང་མྱོང་ཡང་དེའི་སྐོར་ཆ་ཙམ་བཤད་མི་ཕོད། བརྟུལ་ཕོད་མེད་པ། རང་ཚུགས་མེད་པ། ལ་རྒྱ་ཞན་པ། ནང་འཛིང་སྐྱེན་པ། ཕྲག་དོག་ཆེ་བ། ཆིག་སྒྲིལ་མེད་པ། དོན་ལ་རྨོངས་པ། འུར་འདྲོག་སླ་བ། རང་དོན་བཤད་མི་ཕོད་པར་གཞན་ལ་སྐྱོན་བརྗོད་ཀྱིས་དུས་ཚོད་འཔྲོ་བརླག་གཏོང་བའི་བོད་ཀྱི་དེང་དུས་རྩོམ་པ་པོའི་སྡེ་ཚན་ཞིག་ཀྱང་མཆེད་ཡོང་གི་འདུག་པར་གཟབ་དགོས།

  12. དགེ་འདུན་རྒྱ་མཚོ། says:
    2017-02-06 at 7:21 am

    འདིའི་རྗེས་ལ་འདབ་པ་ཚེ་དབང་མགོན་པོ་ཁོང་གིས་རྒྱ་ནག་མི་རིགས་ལ་བསྟོད་པ་ཞིག་བྲིས་ན་
    ཏག་ཏག་འཚམས་པོ་འདུག

  13. ཁ་ཞེ་གཉིས་མེད་ says:
    2017-02-06 at 9:38 am

    འདབ་པ་ཚེ་དབང་མགོན་པོའི་ཀླད་པ་རྒྱ་ནག་དམར་གཞུང་གུང་བྲན་ཏང་གིས་སློབ་གསོའི་དམར་པོ་ཆགས་ཚར་ཡོད་ས་རེད། དེ་ཡིན་ན་བཅོས་ཡ་མེད་པའི་ནད་རེད།

  14. རིན་ཆེན says:
    2017-02-06 at 2:38 pm

    ཧཧཧཚེ་དབང་མགོན་པོ་ཟེར་བ་འདིས་རྒྱ་ནག་གི་དྲིལ་བསྒྲགས་གློག་བརྙན་ལ་མང་པོ་བལྟས་ཡོང་ས་རེད།ཤར་ཕྱོགས་རྒྱལ་ཁབ་ཀྱི་མི་རིགས་སྔོན་ཐོན་དང་པོ་འཇར་པན་རེད།ངོ་མ་གུང་ཁྲན་ཏང་གི་རྗེས་འཇུག་པ་ཚོས་བཤད་པ་རང་རེད།ཧཧཇཇ

  15. འཇོན says:
    2017-02-06 at 8:53 pm

    ཡིག་གེ་འབྲི་སྟངས་ལ་བལྟས་ན་རྒྱ་མི་ཞིག་ལོས་ཡིན་འདོད་ཐལ།

  16. རྫ་ཚེ་རིང་བཀྲ་ཤིས། says:
    2017-02-07 at 2:22 am

    ད་ལྟའི་ཆབ་སྲིད་མཁའ་དབུགས་དང་བསྟུན་ན་མ་གཏོགས་འཇར་པན་འདི་མི་རིགས་ཡ་མ་ཟུང་ཞིག་ཡིན་པ་ཡོངས་གྲགས་རེད།
    གཅིག འཇར་པན་གྱིས་འཛམ་གླིང་འཁྲུགས་ཆེན་གཉིས་པ་བསླངས་པ་དང་། འགྲོ་བ་མིའི་ཀུན་སྤྱོད་ལས་འདས་པའི་ལས་ཀ་མང་པོ་བྱས་པ།
    གཉིས། རང་ཤིའི་དམག་དང་། རང་ཤིའི་བསྟན་བཅོས་སོགས་ཀྱིས་འཚོན་པའི་རྒྱུན་ལྡན་མིན་པའི་བྱེད་སྟངས་མང་པོ་ཡོད་པ།
    གསུམ། ནན་ཅིན་དམར་གསོད་ཆེན་མོ་སོགས་ལ་དགོངས་སེལ་མི་ཞུ་བར་མ་ཟད། གཞུང་གི་སློབ་ཚན་ཁག་ཏུ་གཡུལ་ཆེན་གཉིས་པའི་བྱས་ཉེས་མང་པོ་ཞིག་རྦད་དེ་འཁྱོགས་བརྗོད་བྱེད་པ་སོགས་མི་ཚུལ་རིག་གནས་ཀྱི་ཐད་ནས་ནོར་འཁྲུལ་ཆེན་པོ་ཡོད་པ།
    བཞི། ལོ་འགའི་སྔོན་གྱི་མཚོ་འཁྱོམས་སྐབས་ཀྱི་འགྱེད་འཕྲོའི་གནད་དོན་ཐད་གནས་ཚུལ་རྫུན་བཟོ་བྱས་པས་འཛམ་གླིང་ལ་ཉེན་ཁ་བཟོས་པ།
    ལྔ། ཉིན་མོ་གུས་ཞབས་དང་སྤྱོད་ལམ་གྱིས་བསྡམས་དྲགས་ནས་མཚན་མོ་ཆང་དང་བུད་མེད་སོགས་ལ་ཧ་ཅང་བག་མེད་ཡིན་པའི་མི་གཉིས་ངོ་ཉིས་མ་ཡིན་པ་ཡོངས་གྲགས་ཡིན་པ།
    དྲུག གུས་ཞབས་དང་སྤྱི་བའི་སྤྱོད་ལམ་ཡག་པོ་ཡོད་ཀྱང་། བརྩེ་དུང་དང་ཡིད་རྟོན་གྱི་འདུ་ཤེས་རྦད་དེ་བརླགས་སྟབས་གདོང་གི་རྣམ་འགྱུར་ལས་མངོན་པ་ནི་མི་ལ་ཡིད་ཆེས་དང་བློ་བདེ་བག་ཕེབས་ཀྱི་ཚོར་བ་སྐྲུན་པའི་རྣམ་འགྱུར་ཞིག་མིན་པར། འགྲོག་ན་མི་བདེ་བ་དང་། མིའི་རང་གཤིས་བརླགས་ཟིན་པ།
    དེ་ལ་སོགས་པ་མང་ངོ་།
    ཀུ་རེ་དང་དོན་དངོས་གཉིས་ཀ་ཡིན། གང་ལྟར་ང་ཡིན་ན་འཇར་པན་པར་གྲོགས་པ་ོབཟོ་རྒྱུར་དངོས་གནས་ཁག་པོ་འདུག བཟོ་མི་འདོད་པ་མ་རེད་དེ། ཁོང་ཚོ་འཕྲུལ་ཆས་ཀྱི་མི་ནང་བཞིན་འདུག

  17. ལོ་ཡག says:
    2017-02-07 at 6:07 am

    ༼མིའི་རིགས་སྤྱི་ལ་རྒོལ་བའི་ནག་ཉེས་བསགས་ཡོད༽

    རྒྱལ་ཁབ་གང་ལའང་ལོ་རྒྱུས་ཀྱི་འཕེལ་འགྲིབ་ཡོད། དེ་ནི་རྒྱ་མཚོའི་རླབས་ལྟར་གཡོ་འཁྱོམ་གྱི་རང་བཞིན་ཅན་ཞིག་ཡིན་པ་ལས་འགྱུར་མེད་གཏན་ཆགས་ཤིག་ག་ལ་ཡིན། དུས་རབས་སྔ་མའི་སྟོད་དུ། ཉི་ཧོང་གིས་ཡ་གླིང་ཤར་ཁུལ་དུ་ཁྲག་མཚོ་བསྐྱིལ་ཅིང་། རོ་རི་བརྩིགས་པ་ཡོངས་གྲགས་རེད། འོན་ཀྱང་། དེ་ནི་ལས་ཀྱི་སྣེ་མོ་བ་ཁ་ཅིག་གི་དབང་ཤེད་འོག་དམག་གི་ཁ་ཕྱོགས་དེ་འདྲ་ཞིག་ལ་ཡོ་སོང་ན། ལོ་རྒྱུས་སུ་ནོར་འཁྲུལ་ཚབས་ཆེན་ཤོར་མ་མྱོང་བའི་རྒྱལ་ཁབ་གང་ཡོད། ལོ་རྒྱུས་ཀྱི་ནག་ཉེས་དག་བགྲངས་ཏེ། མི་རིགས་ཤིག་ནམ་གཞར་ཡང་ནག་པོ་འབའ་ཞིག་ཏུ་རྩི་བ་ནི། འུ་ཅག་ཤེས་ཡོན་པའི་མཚང་དུ་མི་ཆེའམ།

    དམག་ཆེན་གཉིས་པ་མ་བྱུང་བའི་སྐབས་སུ། ཉི་ཧོང་གི་རྒྱལ་པོས་ཞབས་འོག་དམག་སྤྱི་དག་ལ་དམག་འཁྲུག་སློང་བ་ནི་ནོར་འཁྲུལ་ཡིན་པའི་དགོངས་ཚུལ་འདོན་གྱི་ཡོད། དེར་བརྟེན། ཨ་རིས་ཉི་ཧོང་ཕམ་ཉེས་བཏང་ཡང་རྒྱལ་པོ་ལ་ནག་ཉེས་མ་བཙུགས་པར་མུ་མཐུད་གུས་བརྩི་བྱས་པ་རེད།

    སོམས་དང་། བོད་ཀྱི་ལོ་རྒྱུས་སུ། ལ་དྭགས་རྒྱལ་པོས་གུ་གེ་རྒྱལ་སྲིད་གཏོར་སྐབས། གུ་གེའི་ཉེས་མེད་མི་མང་ལ་སྡུག་པོ་ཇི་ལྟར་བཏང་འདུག། བོད་སྡེ་གཞུང་གིས་ལུང་ཤར་གྱི་མིག་འབྲས་ཇི་ལྟར་བྲུས་འདུག། ཚ་རོང་གི་མགོ་བོ་ཇི་ལྟར་བཅད་འདུག། ར་སྒྲེང་གི་འབྲས་བུ་ཇི་ལྟར་བཀོག་འདུག། འབྲུག་པས་བོད་པ་སྐྱབས་བཅོལ་པར་མནར་གཅོད་ཇི་ལྟར་བཏང་འདུག སྤྱིར་བཏང་ལས་ཀ་བསྐུལ་ན་བསྐུལ་སྟངས་དང་། གསད་ན་གསོད་སྟངས། བརྡུང་ན་བརྡུང་སྟངས་ཡོད་མོད། རང་རེའི་དཔུང་སྡེ་དེ་དག་གིས། གསད་ན་སྡུག་གསོད། བསྐུལ་ན་བཙན་བསྐུལ། མནར་ན་སྡུག་མནར་དེ་འདྲ་བཏང་པ་ནི་ཐེག་ཆེན་གྱི་རྗེས་འཇུག་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་སྐྱུགས་མི་བྲོ་འམ།

    སྤྱིར་བཏང་སྐྱོན་ཆ་ལ་མཛུབ་མོ་བཙུགས་ཏེ་སྐྱོན་ཆ་གླེང་པ་ནི་བཅོས་བསྒྱུར་གྱི་རྨང་གཞི་རེད་མོད། འོན་ཀྱང་། ༼་་་་སྡུག་ཤོས་དེ་འཇར་པན་མི་རིགས་རེད་༽ ཅེས་པའི་ཁ་བྱང་ཅན་གྱི་རྩོམ་ཡིག་བྲིས་པ་ནི་བླུན་རྟགས་བསྟན་པ་སྟེ། མིའི་རིགས་སྤྱི་ལ་རྒོལ་བའི་ནག་ཉེས་བསགས་ཡོད། མི་གཅིག་ལ་མཚོན་ནས་བཤད་ན། གང་ཟག་ལ་རྒོལ་བ་ (human attack) ཟེར་བ་དེ་ཆགས་ཡོད་ལ། འདིས་བོད་དང་ཉི་ཧོང་མི་རིགས་གཉིས་བར་གྱི་མཐུན་བསྒྲིལ་ལའང་གནོད་སྲིད། །

  18. དྲི་མེད་ལྷག་བསམ། says:
    2017-02-07 at 7:42 am

    གནའ་བོའི་རྒྱལ་རབས་སུ་ཡིན་ཡང་ཚུལ་མིན་གྱི་མནར་གཅོད་གཏོང་ཚུལ་མི་སྤྱོད་ལས་འདས་པ་སྣ་ཚོགས་བྱུང་མྱོང་། རྒྱ་ནག་རྒྱལ་རབས་རིམ་བྱུང་ལ་དེ་འདྲའི་ལོ་རྒྱུས་ཡོད། བོད་ལའང་དེ་བཞིན་ནོ། །མཉྫུའི་སྐབས་ཀྱི་མནར་གཅོད་ཆེན་པོ་བཅུ་ལ་གཟིགས། །满清十大酷刑菜(CD1) (Part 1) – have8tv.com
    满清十大刑酷的影片▶
    have8tv.com/v/movie/3/35728/dailymotion.html

  19. རྟའུ་བློ་བཟང་དཔལ་ལྡན says:
    2017-02-07 at 7:44 am

    ༧ ཚེ་དབང་མགོན་པོ་དང་རྒྱ་ནག་གཉིས་མ་གཏོགས་གཞན་འཛམ་གླིང་ཁྱོན་ཡོངས་ཀྱིས་ཉི་ཧོང་གི་མི་རྣམས་སྙིང་སྟོབས་ཆེན་པོ་ དཔའ་ངར་ཆེན་པོ་ ཡ་རབས་ རྣམ་དཔྱོད་ཅན་ གསར་གཏོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་རེད་ མི་རིགས་དཀར་པོའི་ང་རྒྱལ་དང་ རློམ་སེམས་ལ་གདོང་ལེན་ཐོག་མར་ཚད་ལྡན་ངང་བྱེད་ཐུབ་མཁན་དེ་ཡང་ཉི་ཧོང་ཀྱི་མི་རེད་ དུས་དེང་སང་ཨེཤཡའི་མི་རྣམས་འཛམ་གླིང་འདིའི་སྟེང་མགོ་ཁྱག་ཁྱག་བྱས་ནས་འགྲོ་ཐུབ་ཡག་དེ་ཡང་རྐང་ཁོང་རྣམ་པའི་བྱས་རྗེས་རེད་ བཀའ་མོལ་འདིའི་རིགས་སུ་གཅིག་ལ་ཕན་ཐོགས་མེད་པ་མ་ཟད་ཉེན་ཁའང་ཆེན་པོ་རེད་

  20. དྲི་མེད་ལྷག་བསམ། says:
    2017-02-07 at 8:37 am

    ༄༅། ། ཉི་ཧོང་ནི་རླབས་ཆེན་གྱི་མི་རིགས་ཤིག་ཡིན། 
    བློ་གཟུ་བོ་མིན་པའི་སྐད་ཆ་ལ་ཀུན་གྱིས་སྨོད་པར་འོས། འཛམ་གླིང་འཁྲུགས་ཆེན་གཉིས་པ་མཇུག་མ་བསྡུས་བར་གཏུམ་སྤྱོད་ནི་རྒྱལ་ཁབ་ཀུན་ལ་ཡོངས་གྲགས་རེད། རྒྱལ་ཁབ་སུ་ཡིན་ཡང་གཏུམ་སྤྱོད་མ་བྱས་པའི་ལོ་རྒྱུས་གཙང་མ་ཞིག་ཁས་ལེན་མི་ཐུབ། ཉི་ཧོང་ནི་ལོ་ལྔ་སྟོང་ལྷག་ལ་རང་ས་མ་ཤོར། གཞན་གྱི་བཙན་འོག་ཏུ་མ་སོང་པའི་རླབས་ཆེན་གྱི་མི་རིགས་ཅིག་རེད། ཉི་ཧོང་གི་རྒྱལ་རྒྱུད་ནི་འཛམ་གླིང་ན་ལོ་རྒྱུས་རིང་ཞིང་རྒྱལ་རྒྱུད་བརྟན་བརླིང་དཔའ་མཛང་གི་ཚད་དུ་འོས་པ་ཞིག་རེད། ཉི་ཧོང་ལ་ཡིག་རྨོངས་པ་མེད་ཅིང་དམངས་མི་ཕལ་མོ་ཆེ་སློབ་ཆེན་མཐར་ཕྱིན་རེད། འཛམ་གླིང་ན་ལོ་བརྒྱ་བརྒལ་བའི་ཚོང་ཁང་ཆེས་མང་ཤོས་དེ་ཉི་ཧོང་ན་ཡོད། ལོ་སྟོང་བརྒལ་བའི་ཚོང་བརྒྱུད་བར་མ་ཆད་པ་ཉི་ཧོང་ལས་གཞན་དུ་མེད། ལོ་རྒྱུས་བཟང་ངན་གཉིས་ཀ་ཡིག་ཚང་དུ་ཉར་ཡོད་མཁན་ལོ་རྒྱུས་རིག་རྙིང་ཆེས་མང་པའང་ཡང་ཉི་ཧོང་རེད། ཡོན་ཏན་རེ་རེ་བཞིན་དུ་བརྗོད་ན་ཚར་རྒྱུ་ཞིག་མེད། 
    ༡༽ འཛམ་གླིང་འཁྲུགས་ཆེན་གཉིས་པ་བསླངས་པར་ཡང་རྒྱབ་ལྗོངས་གང་ལ་ཡང་མ་དཔྱད་ན་ཉི་ཧོང་རེད་བྱས་ཀྱང་དེ་ཀ་རང་། ཞིབ་ཏུ་དཔྱད་ན་སྐབས་དེར་རྒྱལ་ཁབ་ཚང་མས་རྒྱ་མཚོ་དང་མངའ་རིས་རྒྱ་བསྐྱེད་ལ་འགྲན་བསྡུར་བྱེད་པའི་སྐབས་རེད། ཀུན་ལ་སྐྱོན་ཆ་ཡོད། ཉེས་པ་ཀུན་གྱིས་བསག མི་སྤྱོད་ལས་འདས་པ་ཀུན་གྱིས་བྱས་ཡོད། བདེན་པའི་དམག་འཁྲུག་ནི་སྐབས་དེར་མེད་པ་འདྲ།
    ༢༽ རང་ཤིའི་དམག་ནི་ད་བར་འཛམ་གླིང་སྤྱི་ལ་ཡོད། རང་ཤིའི་བསྟན་བཅོས་特种部队
    དམིགས་བསལ་གྱི་དམག་སྡེ་ཀུན་ལ་ཡོད། ཕྱི་གསལ་ནང་གསལ་བྱས་པ་ཉི་ཧོང་ཙམ་རེད།
    ༣༽ ནན་ཅིན་དམར་གསོད་ཆེན་མོའི་རྩ་བ་དམག་དཔོན་གཉིས་དང་སྐབས་དེའི་དམག་མི་ཉེས་པ་བྱེད་མཁན་ཐམས་ཅད་འཁྲུགས་ཆེན་གཉིས་པའི་མཇུག་ཁྲིམས་ལ་སྦྱར་ཏེ་སྲོག་ཐོག་བཏང་བ་རེད། འདས་པའི་ལོ་རྒྱུས་ལ་རྒྱལ་ཁབ་ཕལ་མོ་ཆེའི་དགོངས་སེལ་མི་ཞུ་སྲོལ་མེད། གཞུང་གི་སློབ་ཚན་ཁག་ཏུ་གཡུལ་ཆེན་གཉིས་པའི་བྱས་ཉེས་མང་པོ་ཞིག་རྦད་དེ་འཁྱོགས་བརྗོད་བྱེད་པ་ལ་ནི་ངོ་རྒོལ་ཡོད་ཀྱང་དེ་ཡང་རྩོད་གཞི་ཅན་ལས་འཁྲུགས་ཆེན་གཉིས་པའི་སྐབས་གཏན་ཁེལ་གྱི་བྱས་པའི་ཉེས་མ་རེད།༼རང་གི་རིགས་ལ་་མི་སྤྱོད་ལས་འདས་པ་བྱེད་མཁན་ཚོས་་དགོངས་སེལ་ཞུས་ཡོད་དམ། དེ་ལ་སྐྱོན་བརྗོད་བྱེད་ཕོད་དམ། རང་གི་མི་རིགས་ཀྱི་དོན་བཤད་མི་ཕོད་པར་མ་འོས་པའི་ལས་མི་རིགས་གཞན་གྱི་ཚབས་བྱས་ཏེ་སྐྱོན་བརྗོད་བྱེད་པ་ནི་བྱབ་ཆུང་གི་ལས་ཀ་རེད།༽
    ༤༽ ལོ་འགའི་སྔོན་གྱི་མཚོ་འཁྱོམས་སྐབས་གནས་ཚུལ་བྱུང་བ་བདེན་ཡང་། རྒྱལ་ཁབ་གཞན་ལའང་དེ་འདྲའི་གནད་དོན་མང་ཡང་ཤེས་བཞིན་མི་བརྗོད་མི་ཕོད་པ་འདམ་ང་བྱེད་པ་དྲང་པོར་མི་གནས་པའི་འཁྱོག་བཤད་རེད།  
    ༥༽ཉིན་མཚན་གྱི་སྤྱོད་པ་མི་འདྲ་བ་བདེན་སྲིད། འདི་རྒྱ་ནག་གི་དཔོན་རིགས། བོད་དང་རྒྱ་གར་གྱི་ཆོས་པ་རྫུ་བག་ཅན་དང་། དཔོན་པོ་སྤམ་མདོག་ཅན་སྤྱིའི་སྤྱོད་པ་རེད༎
    ༦༽སྤྱིར་ཉི་ཧོང་གི་བཟང་སྤྱོད་ཉམས་ནས་འགྲོ་བ་བདེན་པ་རེད། རྒྱལ་ཁབ་གཞན་པའི་མི་དང་བསྟུན་ན་དེ་ཙམ་ཞན་རྒྱུ་མེད། དཔེར་ན་དཔྱ་ཁྲལ་དང་ཟས་རིགས་སོགས་ལ་རྒྱ་ནག་དང་ཀོ་རི་ཡས་ནན་གྱིས་སྐྱོན་བརྗོད་བྱས་ཀྱང་ཁྲིམས་རྩོད་བྱས་ཚེ་ཉི་ཧོང་ལ་བདེན་ཀ་ཐོབ་འགྲོ་བ་ལན་བཅུ་གྲངས་ཞིག་ལ་མཐོང་མྱོང་། ༧༽མི་ཐད་རེ་གཉིས་ནི་འཛམ་གླིང་ཀུན་ལ་ཡོད། སྤྱིའི་ཆ་ནས་བཤད་ན་ཉི་ཧོང་ནི་བརྩེ་དུང་ནི་ཆེ་ཟབ་ཤོས་རེད། ང་ལ་སློབ་གྲོགས་ཉི་ཧོང་པ་ལྔ་ཡོད། སློབ་ཕྲུག་བཅུ་གྲངས་ཞིག་ཡོད། ལོ་ཉི་ཤུ་ཙམ་ལ་ཉི་ཧོང་གི་མི་དང་འབྲེལ་འདྲིས་བྱུང་བར་བོད་མི་དང་སོག་རིགས་ལས་ཀྱང་བློ་བརྟན་འགྱུར་མེད། གུས་ཞབས་ཆེ་བ། གྲོགས་ཀྱི་ལ་རྒྱ་ཡོད་པ། བློ་གཏད་ན་གྲོགས་ཀྱི་དོན་དུ་ཤི་ཐུབ་མཁན་དེ་འདྲ་རེད། ཁོང་ཚོ་ཕལ་མོ་ཆེའི་སྐད་རིགས་བཞི་རེ་ཤེས། བོད་སྐད་བོད་ཡིག་འབྲི་ཀློག་ཡང་ཅུང་ཟད་ཤེས་མཁན། བོད་ཀྱི་སྤྱི་ཚོགས་དང་ཉམས་ཆུང་ལ་རང་གི་གླ་ཕོག་གི་བརྒྱ་ཆ་༥་རེ་ཕུལ་ཐུབ་མཁན་རེད། ང་འདས་པའི་ཉི་ཧོང་གི་གཏུམ་སྤྱོད་ལ་མི་དགའ་ཡང་། ད་ལྟའི་གྲོགས་པོ་རྣམས་ལ་ཡིད་ཆེས་ཡོད། དགའ་མོས་ཡོད། ད་ལྟའི་རྒྱ་ནག་གི་ཆབ་སྲིད་མཁའ་དབུགས་དང་འདས་པའི་ལོ་རྒྱུས་ཀྱི་འཁོན་འཛིན་དང་བསྟུན་ནས་རླབས་ཆེན་གྱི་མི་རིགས་ལ་སྐྱོན་བརྗོད་བྱེད་འདོད་མེད། དྲི་མེད་པས་མགྱོགས་བྲིས་བྱས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme