Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤ་ཚའི་ལོང་བརྡ།

Posted on 2012-04-292012-04-29 By dhatsenpa 5 Comments on ཤ་ཚའི་ལོང་བརྡ།

རྩོམ་པ་པོ། གནས་ནང་འགྱུར་མེད་དབང་གྲགས།

༢༠༡༡ ཕྱི་ཟླ་༡༠ ཚེས་༧གྱི་ ཉི་མོ་ནས་བྱས  བོད་རྒྱལ་ཁབ་དེ་སྦྲུལ་གྱིས་ལྤགས་པ་རྗེད་པ་ལྟར་རྣམ་པ་གསར་པ་སྟོན་འགོ་ཚུགས་པ་རེད། རྣམ་པ་གསར་པ་འདིའི་ངོ་བོ་དང་ཆགས་སྟངས་འདི་འཛམ་གླིང་ཁྱོན་ཡོངས་ལ་ངོམས་སུ་ཆོག་པ་དང་དཔེ་འོས་པ་ཞིག་ཀྱང་རེད། དེ་ཡིན་པ་དེ་ མདོར་བསྡུས་ཏེ་རྒྱུ་མཚན་བཞིའི་སྒོ་ནས་བཤད་ཆོག་གི་རེད་བསམ་གྱི་འདུག
༡   བོད་མིའི་བླ་ན་མེད་པའི་དབུ་འཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་༸རྒྱལ་བ་པསྟན་འཛིན་རྒྱ་མཚོ་མཆོག་གིས་དབུ་འཁྲིད་པའི་གཞུང་དེ་ལ་བོད་མི་མང་བརྒྱ་ཆ་གོ་དགུ་ཙམ་གྱིས་ཕྲལ་ཕུགས་རྒྱང་གསུམ་གྱི་ངང་ནས་རྗེས་སུ་ཡིད་རང་ཞུ་བཞིན་པ་འདི་རེད།

༢   སྟོན་པ་བཀའ་དྲིན་ཅན་གྱི་ཡང་དག་པའི་བཀའ་ རང་གཞན་གཉིས་ཕན་ལ་དམིགས་ཏེ་ཐབས་ཤེས་ཟུང་ལྡན་གྱི་ཀུན་ནས་བླང་བའི་རྟེནའབྱུང་གི་རིག་གནས་ལ་རྟེན་ནས་འབྲས་བུ་རང་བཞིན་ཡ་རབས་སྤྱོད་བཟང་བཅོས་མ་མ་ཡིན་པའི་གཤིས་སྤྱོད་ཀྱི་ཕྱུགས་པ་དེ་རེད།
༣   འཛམ་གླིང་ཡུལ་གྲུ་དག་གིས་ དཔལ་འབྱོར་དང་དམག་དཔུང་གི་ནུས་ཤུགས་ མི་འབོར་དང་སྡུག་སྤྱོད་ཀྱི་བློ་ངར་ལ་འཇིགས་སྣང་བྱེད་བཞིན་པའི་རྒྱ་དམར་དབང་འཛིན་རིང་ལུགས་པའི་གཞུང་འཛིན་པར་ བོད་མི་རིགས་ཀྱིས་ཐེ་ཚོམ་ཞུམ་པ་མེད་པར་ བདེན་པའི་གོ་ལག་གིས་རྒྱན་ གཉིས་ཕན་འཚེ་མེད་ཞི་བའི་ཐབས་ལམ་ལ་རྟེན་ནས་མི་ལོ་བརྒྱ་ཕྲག་ཕྱེད་ལྷག་དངོས་ཤུགས་བརྒྱུད་གསུམ་ནས་ ངོ་རྒོལ་གདོང་ལེན་བྱེད་བཞིན་པ་འདི་རེད།
འདིར་གོང་ཞུས་ཀྱི་༼རྟེན་འབྱུང༽ཞེས་པའི་ཚིག་དོན་འདི་ ཐར་པ་དོན་གཉེར་གྱི་སླད་དུ་མ་ཡིན་པར་ སྤྱིར་དངོས་ཡོད་གནས་ཚུལ་ཐོག་ནས་ཕྱི་ནང་གཉིས་ཀྱི་གནས་སྟངས་དེ་ལེགས་པར་རྟོགས་ཐུབ་པའི་ཆ་རྐྱེན་མེད་དུ་མི་རུང་བ་ མཚན་རིག་དཔྱད་ཞིབ་ཀྱི་སྒོ་ནས་གོ་དོན་གསལ་པོ་ཤེས་ཐུབ་པའི་ཆེད་དུ་ཡིན་པར་མཁྱེན་ཆུབ་འཚལ།
༤   བླ་ན་མེད་པའི་དབུ་འཁྲིད་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་མི་ལོ་བཅུ་ཕྲག་དྲུག་ལྷག་བརྒྱུད་སྤྱི་སྙོམས་བདེ་སྐྱིད་ཀྱི་ཉི་མ་ལྟ་བུའི་མཛད་བྱུས་དེ་བོད་མི་རིགས་ཙམ་མ་ཡིན་པར་ རྒྱ་མི་རིགས་དང་འཛམ་གླིང་སྤྱིར་ཞི་བདེའི་འབྱུང་གནས་སྤེལ་དང་སྤེལ་བཞིན་པའི་ཐོག་ བོད་མི་རིགས་ཀྱི་མ་འོངས་པའི་བདེ་རྩར་ཆེད་གཟིགས་ཀྱིས་ཕན་བདེའི་གཞི་རྩ་ཤེས་ཡོན་གྱི་མཐུན་རྐྱེན་གཞིར་བཞག་ ཕ་མས་གཅེས་ཕྲུག་ལ་ལམ་སྟོན་བགྱིས་པ་བཞིན་ཐུགས་བརྩེ་བས་ཀུན་ནས་བླངས་ཏེ་བོད་བཙན་བྱོལ་གཞུང་ལ་ཁ་ཡོད་ལག་ཡོད་ཀྱི་མང་གཙོའི་སྲོལ་རྒྱུན་འཛུགས་གནང་མཛད་པ་དེ་བཅས་རེད།།
དེའང་ དང་ཐོག་ནས་སྐུ་ངལ་མེད་པའི་ངང་ནས་རང་བཞིན་ལྷུན་གྲུབ་ཏུ་བྱུང་བ་ཞིག་མ་ཡིན་པར་ རྒྱ་གར་ལ་བཙན་བྱོལ་ ཕེབས་མ་ཐག་ རྩ་ཁྲིམས་གསར་བཟོ་གནང་སྟེ་ དེའི་དགོངས་དོན་མང་ཚོགས་ལ་གསལ་བཤད་དང་འབྲེལ་ ཆོལ་གསུམ་ཆོལ་རྒྱུས་དང་བཅས་པའི་སྤྱི་མི་ མི་མང་གི་ཐད་ཀར་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཁང་ཟུར་འཛུགས་གནང་། ཕོ་མོའི་ཐོབ་ཐང་འདྲ་མཉམ་ཡོང་ཆེད་ ཆོལ་ཁ་རེ་ནས་བུད་མེད་གྲངས་འབོར་ཇི་དགོས་ས་དམིགས་གཏན་འབེབས་གནང་བ་དང་ དེ་ནས་རིམས་བཞིན་སྤྱི་འཐུས་ཀྱི་དབང་ཆ་དང་གྲངས་འབོར་མང་རུ་གཏོང་གནང་མཛད་པ་དང་མང་གཙོའི་ཀ་བ་གསུམ་པ་རང་དབང་ཅན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཕྲལ་འཛུགས་མཛད་གནང་བའི་ཁར་༼ཆབ་སྲིད་ཀྱི་དབུ་འཁྲིད་༽བཀའ་བློན་ཁྲི་པ་བོད་མི་ཡོངས་ནས་ཐད་ཀར་འོས་འདེམས་དགོས་གལ་སོགས་རིམ་པས་ད་ལྟའི་གནས་སྟངས་སུ་ཆགས་པ་རེད། འདི་ལྟར་ མི་མང་རྩ་ཆེར་བརྩིས་པའི་མང་གཙོའི་གཞུང་འདི་དངོས་སུ་འཛུགས་གནང་མཛད་པ་འདི་སྤྱིར་འཛམ་གླིང་ཡོངས་ལ་ངོམས་ཆོག་པ་ཅིས་མི་རུང་།
མཐར་ མི་མང་གིས་ཐད་བཀོས་བྱས་པའི་བཀའ་བློན་ཁྲི་པར་ཆབ་སྲིད་ཀྱི་འགན་འཁུར་རྐང་ལེན་གྱིས་ཁ་ཡོད་ལག་ཡོད་རྐང་པ་གསུམ་ལྡན་གྱི་མང་གཙོའི་གཞུང་འདི་བོད་མི་ཡོངས་ལ་རྩིས་སྤྲོད་གནང་སྟེ་ ༸རྒྱལ་བ་རིན་པོ་ཆེ་མཆོག་སྐུ་རྒས་ཡོལ་དུ་ཕེབས་པ་རེད། འདིའི་བྱུང་རིམ་འདི་བོད་མི་ཡོངས་ནས་གསལ་པོ་མཁྱེན་པ་གནང་རྒྱུ་དེ་གལ་གནད་ཆེན་པོ་ཞིག་མཐོང་གི་ འདུག
སྤྱིར་ད་ལྟ་ཆབ་སྲིད་པས་ཕོ་མོ་འདྲ་མཉམ་ འགྲོ་བ་མིའི་ཐོབ་ཐང་ མི་མང་མང་གཙོ་ཟེར་མ་ཎི་ལྟར་བསྐྱོར་བཞིན་པའི་སྙན་ཚིག་ཧ་གོ་ལ་མ་གོ་ལ་འདིའི་སྙིང་དོན་ནི་ ངེད་ཚོ་བོད་མིས་བྱས་ན་ལོ་བརྒྱ་ཕྲག་ཅུ་བཞི་ཙམ་གོང་ནས་བཅོམ་ལྡན་འདས་ཀྱི་བཀའ་རྒྱ་མཚོ་ལྟ་བུའི་ནང་ནས་༼ཚད་མེད་བཞི༽ཅེས་པའི་ཤོ་ལོ་ཀ་གཅིག་གི་ནང་འཐུས་བསྡད་འདུག་བསམ་གྱི་འདུག ལྷག་པར་ དེང་དུས་ཀྱི་༼མང་གཙོ་༽ ཟེར་ཡག་གི་དོན་དངོས་དེ་ཚད་མེད་བཞིའི་ནང་གི་ཡིག་ཕྲེང་བཞི་པ་དེ་ལ་དོ་སྣང་གནང་གནང་གལ་ཆེ། འདི་ནི་ ༼སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པ་གྱུར་ཅིག༽ཞེས་པ་འདི་ཡིན་མོད། བྱས་གཙང་། མང་གཙོའི་གཞི་རྩ་རླབས་ཆེན་དེ་ ངེད་ཚོ་བོད་མི་རིགས་ཀྱིས་རྣ་བར་ཐོས་ རྒྱུད་ལ་སྐྱེད་ནས་བསྡད་ཡོད་པ་རེད། དེ་གསར་དུ་རྙེད་པའམ་ཐོབ་པ་ཞིག་མ་རེད། དེ་ལྟ་བུའི་གཟི་བརྗིད་ལྡན་པའི་མང་གཙོའི་ས་བོན་འདི་རང་བརྒྱུད་ལ་ཡོད་པ་འདི་ལེགས་པར་ཐུགས་ལ་ངེས་པ་ཞུ། མང་གཙོ་འདི་འཛམ་གླིང་གཞན་དག་ལ་མགོ་ཨ་མི་རི་ཀ་ནས་བྱས་མི་མང་གིས་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་མང་གཙོའི་ཐོབ་ཐང་ལ་བརྩོད་ནས་ཐོབ་བསྡད་པ་ཞིག་རེད་མ་གཏོགས་ ང་ཚོ་བོད་མི་རིགས་ལ་བྱུང་བ་བཞིན་ཆེད་དུ་མངགས་ནས་མང་གཙོའི་མཐུན་རྐྱེན་འཛུགས་སྐྲུན་གནང་སྟེ་སྩལ་གནད་མཛད་པ་འདི་འདྲ་མིན་པ་དེ་ང་ཚོས་ངེས་པར་དུ་ཤེས་རྟོགས་ཐུབ་པ་དང་ཐུགས་ལ་བཅང་དགོས་པ་ཞིག་རེད།
ད་ནམ་ལངས་པ་རེད། ཉི་མ་གསར་དུ་ཚེས་པ་རེད། ད་གོམས་པ་དང་པོ་དེ་ད་བར་ངལ་བ་དུ་མར་གདོང་ལེན་གྱིས་འབྲས་བུ་དངོས་སུ་མཐོང་རྒྱུ་ཡོད་པའི་མཛད་རྗེས་་དེ་དག་ཉམས་རྒུད་མེད་པར་གནས་ཐུབ་པ་བྱ་རྒྱུ་དེ་ཧ་ཅང་གི་གལ་གནད་ཆེན་པོ་ཞིག་མཐོང་གི་འདུག འདི་ལས་ལྷག་པ་བྱུང་ན་བརྔགས་ཤིང་ཡིད་རང་བའི་གནས་རེད། ད་ཁ་དང་ལག་ལེན་གཉིས་མཐུན་པ་བྱ་རྒྱུ་དེ་མང་གཙོའི་ཡོན་ཏན་ཆེ་ཤོས་ཤིག་རེད། མང་གཙོ་ཟེར་བ་དེ་མདོར་བསྡུས་ན་ ཁ་ཡང་བདེ་པོ་ལག་ཡང་པདེ་པོ་དགོས་པའི་ལུགས་ཤིག་རེད་ཟེར་ཡང་ཆོག  དེ་མིན་ན་ བོད་པའི་བཤད་སྲོལ་ལྟར་ ༼ཁ་བདེ་པོ་མི་ཡི་དཔོན་པོ་ཡིན་ ལག་བདེ་པོ་མི་ཡི་གཡོགས་པོ་ཡིན།༽ ཟེར་ཡག་དེ་ཆགས་འགྲོ་གི་རེད།
ད་ང་ཚོ་ཚང་མ་ཡིད་ཟབ་བྱེད་དགོས་པའི་དུས་ལས་བབས་པ་རེད། ཟབ་ཟབ་བྱེད་ཡག་འདི་དབུ་འཁྲིད་མཁན་རྣམ་པ་ཚོ་ཙམ་མ་ཡིན་པ་ མི་མང་ཁྱོན་ཡོངས་ནས་གནང་དགོས་ཀྱི་རེད། གང་ལ་ཟེར་ན་ འདི་མང་གཙོའི་སྲོལ་འཛིན་པའི་གཞུང་རེད། སྔོན་གྱི་ཨ་རིའི་སྲིད་འཛིན་ཐེང་ཅུ་དྲུག་པ་ཨེབ་ར་ཧམ་ལིན་ཁན་གྱིས་མང་གཙོ་ཞེས་པ་ནི་ ༼མི་མང་གིས་མི་མང་གི་ཆེད་དུ་མི་མང་གི་གཞུང་༽ཅེས་མང་གཙོ་ཞེས་པ་འདི་གོ་བདེ་པོའི་སྒོ་ནས་བརྡ་སྤྲོད་གནང་ཡོག་རེད།
འཛམ་གླིང་ཁྱོནཡོངས་འདིར་ དང་ཐོག་གཞུང་འཛུགས་སྐྲུན་བྱས་པའི་སྐབས་ལྷག་བསམ་དངས་ལེན་བྱས་ཡོག་རེད། ཡིན་ན་ཡང་ག་ལེར་ག་ལེར་ཆུ་མཐུར་དུ་རྒྱུགས་པ་ལྟར་ཇེ་སྡུག་ཇེ་སྡུག་ཏུ་ཕྱིན་ཡོག་རེད། གནས་སྟངས་འགྲོ་སྟངས་འདི་ལྟ་བུ་ནི་མགོ་ཨ་རིའི་མང་གཙོ་ནས་མཐར་རྒྱ་ནག་གི་དམར་པོའི་གཞུང་དག་ལ་དཔྱད་ཞིབ་མཛད་ན་ལེགས་རྟོགས་ཐུབ་རྒྱུ་ཅིག་རེད། གང་ལྟར་ན་ཡང་ ད་ལྟ་ང་ཚོའི་མང་གཙོ་དངོས་འདི་འགོ་ཚུགས་ཙམ་རེད། དེ་ཡང་ མགོ་དབུ་འཁྲིད་ཀྱིས་བྱམས་བརྩེས་སྐྱོང་ བར་ཤེས་ལྡན་པས་བློ་རྩེ་བསྡུར་ མཐར་མི་མང་གིས་ལྷག་བསམ་བརྩེགས་ནས་གོམ་པ་སྤོས་ཚར་ཙམ་ཅིག་རེད། འདིའི་གོ་སྐབས་ཁྱད་པར་ཅན་འདི་བཟུང་ནས་རང་གི་མ་འོངས་པའི་མི་རབས་ཀྱི་ཆེད་དུ་དམིགས་ཏེ་ ༼ཤ་ཚའི་ལོང་བརྡ༽ཞེས་པ་འདི་ཞུ་གི་ཡིན་པས་བློ་ལྡན་རྣམ་པས་ལེགས་་པར་གསན་རོགས་གནང། གོང་ཞུས་ལྟར་ ཟབ་དགོས་པའི་དུས་ལ་བབས་ཡོག་རེད། དེ་ཡང་ཉེན་ཁ་ལྔ་ལ་ཟབ་དགོས་པ་རེད།
དེ ལྔ་པོ་ནི་
༡   མགོ་འཁྲིད དང་འབྱོརལྡན་ངན་པ་ལག་འབྲེལ་བྱེད་ཡག་གི་ཉེན་ཁ།
༢   ཕྱོགས་རིས་སམ་གྲོགས་ནང་ཁུལ་རྡོག་དྲིལ་ཏེ་གོ་སྐབས་རིང་ལུགས་ཀྱི་སྲོལ་ངན་འཛིན་རྒྱུའི་ཉེན་ཁ།
༣   མགོ་འཁྲིད་དང་ལས་བྱེད་དབར་ངོ་ལྐོག་གི་བྱ་ཞག་སྤེལ་ནས་ཐོབ་ཐང་ལ་བརྔམས་ཏེ་བྱ་ངན་སྤེལ་རྒྱུའི་ཉེན་ཁ།
༤   སྤྱི་དོན་ཁ་རྩེར་འཁྱེར་རང་དོན་ཁོག་བཅང་གི་གཡོ་ལས་བྱ་རྒྱུའི་ཉེན་ཁ།
༥   བླ་ཆེན་དང་དཔོན་ཆེན་ཁག་དང་གཉེན་ཉེ་འགྲིགས་ནས་རང་ཉིད་ཀྱི་ཁེ་དབང་སྒྲུབ་རྒྱུའི་ཉེན་ཁ་བཅས་ལྔ་ལགསོ།
གོང་གསལ་གྱི་ཉེན་ཁ་ལྔ་པོ་དེ་མེད་པ་བཟོ་རྒྱུ་དེ་ བོད་པའི་མནའ་གཏམ་ལྟར་ ༼ཆུ་མ་ཡོང་གོང་ནས་ཟམ་པ་ དར་མ་ཁྲིགས་གོང་ནས་རབས།༽ཟེར་བའི་དཔེ་ལྟར་ སྔོན་འགོག་བྱ་རྒྱུ་གལ་ཆེ་ལ་ དེའི་ལས་འགན་དེ་མགོ་དབུ་འཁྲིད་དང་སྤྱིར་མི་མང་ཟུང་ལ་འདྲ་འདྲ་ཡོད་པ་དེ་མ་བརྗེད་པ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ལོ་མང་སྔོན་ནས་དཀའ་ངལ་གྱི་ལ་ཀླུང་མང་པོ་བརྒལ་ནས་གནས་ཐུཔ་པའི་གཞུང་དེ་དང་ དམག་ཁས་བླངས་མདུང་རྐེད་པར་འདོགས་ནས་ཕེབས་པའི་དབུ་འཁྲིད་གསར་པ་མང་ཆེ་བ་དག་ཤེས་ཡོན་གཉིས་ལྡན་ ལྷག་བསམ་དང་བྱེད་ཆར་ཟུང་ལྡན་ བོད་མི་རིགས་ཀྱི་བཟང་སྤྱོད་དང་ལར་རྒྱ་ལྡན་པའི་བློ་རིག་བཅས་འདི་ད་ག་ལེར་ག་ལེར་དྲི་མ་ཡལ་བ་ལྟར་ཡལ་ཉེན་ཡོག་རེ། དེ་མ་ཡལ་བ་གནང་རྒྱུ་འདི་མགོ་ལས་བྱེད་དང་འོག་མི་མང་གཉིས་ནས་དུས་དང་རྣམ་པ་ཀུན་ཏུ་ཤེས་བཞིན་གྱི་དྲན་པ་ལ་བརྟེན་རྒྱུ་དེ་གལ་ཆེན་པོ་རེད། མདོར་བསྡུས་ན་གལ་ཆེ་གསུམ་ཡོད།
༡   དབུ་འཁྲིད་རྣམ་པ་ཚོས་ ལྷག་བསམ་དང་སྙིང་རྗེས་ཟིན་པའི་དཔེ་རྒྱལ་བ་རིན་པོ་ཆེ་ལ་གཟིགས་ནས་ཞལ་ནས་མཁས་པོ་དང་སྙན་པོ་གསུང་ནས་མགོ་བསྐོར་གྱི་གནས་སུ་མ་སོང་བར་སྤྱི་དོན་ལ་ཕན་པ་སྒྲུབ་པ་གནང་རྒྱུ་གལ་ཆེ།
༢   ༸རྒྱལ་བ་རིན་པོ་མཆོག་གིས་ཐུགས་རེ་གནང་བའི་མང་གཙོའི་ངོ་བོ་དང་གནད་འགག་གཉིས་མཁྱེན་ཐུབ་རྒྱུ་གལ་ཆེ།
༣   མི་མང་ཡོངས་ནས་མང་གཙོའི་འགན་འཁྱེར་ཏེ་དབུ་འཁྲིད་ཚོའི་གསུངས་བཤད་སྙན་པོ་དེར་དབུ་མ་འཁོར་བར་དངོས་སུ་སྤྱི་ལ་སྨན་པའི་ཕྱག་ལས་ཇི་འདྲ་གནང་མེད་ཡག་པོ་དཔྱད་ཞིབ་གནང་རྒྱུ་གལ་ཆེ་བཅས་གསུམ་མོ།
ཡང་བོད་མིའི་བཤད་སྲོལ་ལྟར་ ༼མཐའ་མ་ལྕགས་རིའི་འགྲམ་ན་སླེབས་པའི་དུས་ གཞོན་པའི་ཤེད་ལས་རྒས་པོའི་བྱུས་བྱ་བཟང་༽ཟེར་བ་ལྟར་ གལ་ཆེ་གསུམ་པོ་དེའི་སྒང་ལ་དོགས་ཟོན་ལྔ་ལ་བརྟེན་ཐུབ་ན་དེ་བས་ཀྱང་རླབས་ཆེ་རུ་འགྲོ་ཐུབ་ལགས།
དོགས་ཟོན་ལྔ་ནི་
༡   དང་པོའི་དམ་ཆ་ནས་དོར་ཉེན་ཡོད་པས་དོགས་ཟོན་མཛོད།
༢   ཟང་ཟིང་གི་དབང་དུ་འགྲོ་ཉེན་ཡོད་པས་དོགས་ཟོན་མཛོད།
༣   ཕུགས་དོར་ནས་ཕྲལ་གྱི་བྱ་སྒོ་ལ་དབུ་འཁོར་ཉེན་ཡོད་པས་དོགས་ཟོན་མཛོད།
༤   བསྟོད་བསྔགས་ཀྱི་དབང་དུ་སོང་ཉེན་ཡོད་པས་དོགས་ཟོན་མཛོད།
༥   དམའ་འབེབས་ཀྱི་དབང་གིས་ཞུམ་ཉེན་ཡོད་པས་དོགས་ཟོན་མཛོད་བཅས་ལགས་ན་ ལུག་རྫིས་ལུག་ཚོ་བ་བཞིན་ཉིན་ལྟར་རང་བརྒྱུད་ལ་ དཔྱད་པ་གནང་རྒྱུ་གལ་ཆེ།
ལྷག་དོན་དེང་དུས་ཀྱི་ཤེས་ཡོན་ཅན་ཤོག་རྩལ་གཉིས་ལྡན་རྣམས་ལ་མདོར་ཙམ་ཞུས་ན་ རང་ཚོ་ཚང་མས་མཁྱེན་གསལ་བཞིན་ ཤོག་པ་གཉིས་ལྡན་གྱི་འདབ་ཆགས་རྣམས་ནམ་མཁའ་ཡངས་པའི་ངོས་སུ་ཤོག་རྩལ་བསྡུར་སྐབས་ འདབས་ཤོག་གཉིས་གར་ཆ་སྙོམས་ཀྱི་ངང་ནས་བསྐྱོད་དགོས་པ་ལྟར་ རང་ཚོའི་རིག་རྩལ་ཡང་དེ་དང་མཚུངས་དགོས་པ་ནི་ཞུ་མ་དགོས། དེ་འདྲ་སོང་གཙང་ ཕྱིའི་མང་གཙོའི་རིང་ལུགས་སོགས་ཀྱི་ཁྱད་ཆོས་སམ་ངོ་བོ་རྣམས་ དཔེར་ན་ ཨ་རི་དང་དབྱིན་ཇི་ལ་སོགས་པའི་མང་གཙོའི་རྣམ་པ་བགྲངས་བསྡད་པས་ ཕན་ཡག་གང་ཡང་ཡོག་མ་རེད། ད་ལྟ་དངོས་སུ་ལག་ལེན་ལྟར་བཞིན་པའི་མང་གཙོའི་ལམ་སྲོལ་དེའང་ཡང་དག་པའི་མང་གཙོ་རེད་བསྡད་ཡོག་མ་རེད། འདིའི་སྐོར་ལ་ངས་འདིར་ཞུ་མ་དགོས་པར་མཁྱེན་ལྡན་རྣམས་པས་ལེགས་དཔྱད་མཛད་ན་གསལ་མཁྱེན་ཐུབ་པ་ཅིག་རེད།
ཡང་དེབ་གཟུགས་སམ་ཡིག་ཆ་ཁག་གི་ནང་བཀོད་བཞག་པ་དང་ དཔོན་པོས་བཤད་བཞག་པ་ལའང་ཧ་ལས་ཡག་དང་ཧོན་ཐོར་ཡག་གང་ཡོག་མ་རེད། ཡང་དག་པའི་མང་གཙོའི་དོན་ངོ་མ་དེ་བཅོམ་ལྡན་འདས་ཀྱིས་དངོས་སུ་ཐུགས་ཉམས་སུ་ཆུབ་ནས་ལམ་སྟོན་མཛད་བཞག་པའི་བཀའ་དེ་རེད། བཀའ་དེ་ནི་ཕྲལ་ཕུགས་རྒྱང་གསུམ་དུ་རང་གཞན་རོགས་གསུམ་ལ་བདེ་སྐྱིད་དངོས་སྤེལ་ཐུབ་ངེས་ཀྱི་སྲོལ་བཟང་ཡིད་བརྟན་ཆོག་པ་ཤིག་རེད། ཅིའི་ཕྱིར་ན་ ལུགས་བཟང་འདི་ རྟེན་འབྱུང་གི་ཞིང་བཟང་ལ་དག་པའི་ཀུན་སློང་གི་ས་བོན་བཙུགས་ནས་ལས་འབྲས་ཀྱི་མྱུ་གུ་རྒྱས་པ་མ་ཟད་ འབྲས་བུ་བདེ་སྐྱིད་ཀྱི་ཉི་མ་དེ་ འབྱོར་པ་ཆེ་ཆུང་ དབང་ཆེ་ཆུང་ གནས་སྟངས་ཆེ་ཆུང་ལ་མ་ལྟོས་པར་སྤྱི་བསྙོམས་ཀུན་ལ་གསལ་ཐུབ་པའི་ཕན་འབྲས་ཡོད་པ་དེ་ལེགས་པར་མཁྱེན་ཐུབ་པ་གནང་རྒྱུ་དེ་གལ་ཆེན་པོ་རེད། ད་ལྟ་གོང་ཞུས་ཀྱི་༼བཅོམ་ལྡན་འདས་ཀྱི་བཀའ་༽ ཞེས་པ་འདི་༸རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་གཞིར་བཟུང་སྟེ་ ནང་པ་སངས་རྒྱས་པའི་མཚན་རིག་གམ་ནང་པའི་ལྟ་བའི་(Buddhist science or Buddhist philosophy) ཆ་ནས་ཡིན་མ་གཏོགས་ ཐར་པ་དོན་གཉེར་གྱི་གོ་འཕང་ཐོབ་བྱའི་ཆེད་དུ་སྩལ་བའི་བཅོམ་ལྡན་འདས་ཀྱི་བཀའ་དེ་ཞུ་གི་མེད། དེ་ནི་མི་སྒེར་སོ་སོས་དད་གསུམ་ལ་འཇུག་བསླབ་གསུམ་ལ་རྟེན་ནས་སྦྱང་བརྩོན་བྱས་ཏེ་ལམ་ལ་འཇུག་ཡག་དེ་རེད། ཀུན་སློང་ཟེར་ཡག་འདི་རྩ་ཆེ་ཤོས་ཅིག་རེད། འདི་མེད་ན་གང་དུའང་བསྐྱོད་ཐུབ་ཐབས་ཡོག་མ་རེད། ད་བར་མི་ཚང་མས་བོད་པ་ཟེར་དུས་སྤྱོད་པ་བཟང་ལ་གཤིས་ཀ་འཇམ་པ་ ཞི་བདེ་ལ་མོས་ཤིང་གཞན་ལ་སྙིང་རྗེ་ལས་སླ་པོའི་ཐོག་ནས་སྐྱེ་ཐུབ་པའི་མི་རིག་ཤིག་ལ་བརྩིས་ཤིང་དགའ་མོས་བྱེད་ཡག་འདི་བཅོམ་ལྡན་འདས་ཀྱི་གསུངས་བཞག་པའི་༼ཀུན་སློང༽ཟེར་བ་འདིས་བཟོ་ལྟ་བཟོས་བཞག་པ་ཞིག་རེད་ལ་ ཀུན་སློང་བཟང་ངན་ཤེས་ན་ལམ་ངན་ལ་འགྲོ་དགོས་དོན་ཡོག་མ་རེད། ཀུན་སློང་བཟང་ངན་ལ་བལྟས་ནས་སེམས་པ་བཟང་ངན་ སེམས་པ་བཟང་ངན་ལ་བལྟས་ནས་ལས་བཟང་ངན་ ལས་བཟང་ངན་ལ་བལྟས་ནས་རྒྱུ་བཟང་ངན་ རྒྱུ་བཟང་ངན་ལ་བལྟས་ནས་འབྲས་བུ་བཟང་ངན་ འབྲས་བུ་བཟང་ངན་ལ་བལྟས་ནས་བདེ་སྡུག་གི་མྱོང་བ་དེ་ཡོང་གི་ཡོད་པ་རེད། འདི་ཆོས་ཀྱི་སྐད་ཆ་མ་རེད། དངོས་ཡོད་ཀྱི་གནས་ཚུལ་དེ་ཡིན་པ་འདི་ཡག་པོ་མཁྱེན་དགོས་ཀྱི་རེད། དེ་སོང་གཙང་ ལས་རྒྱུ་འབྲས་ཟེར་ཡག་འདི་ཆོས་གཅིག་པུ་མ་ཡིན་པར་དངོས་ཡོད་ཀྱི་གནས་སྟངས་སམ་བྱ་བཞག་རྣམས་ཡག་པོ་མཁྱེན་ཡག་དང་ སོ་སོས་འབད་བརྩོན་བྱས་ན་ཡར་རྒྱས་ལ་མཐའ་མེད་པའི་དོན་རྟོགས་ཡག་ལ་དགོས་པ་རྒྱུ་མཚན་ཆེན་པོ་ཡོད་བསྡད་པ་ཅིག་རེད།
ལས་འབྲས་ཟེར་ཡག་དེ་མདོར་བསྡུས་ན་མཚན་མ་རིག་པ་རེད་ཟེར་བཤད་ཆོག་གི་རེད། འདིའི་དོན་དག་ཡག་པོ་ཤེས་ཡག་དེ་ཤིན་ཏུ་ནས་གལ་ཆེ། གང་ལགས་ཟེར་ན་ཡག་པོ་མ་ཤེས་ན་ཕན་ཐོག་སྐྲུན་ཐུབ་ཀྱི་མ་རེད། མིའི་བྱེད་ལས་ལ་བརྟེན་ནས་སྐྲུན་བཞག་པ་ དཔེར་ན་ དཀའ་སྡུག་ཆེ་ཆུང་ ཤེས་བྱ་ཆེ་ཆུང་ རྒྱུ་ཆེ་ཆུང་ དབང་ཆེ་ཆུང་ སྟོབས་ཆེ་ཆུང་ གྲངས་མང་ཉུང་གི་གནས་སྟངས འདི་ ༼ལས་རྒྱུ་འབྲས་༽རེད་ཟེར་ དེའི་ངང་དུ་འཇོག་པའམ་དེའི་དབང་དུ་ཤོར་བའི་གནས་སྟངས་འདི་ལ ༼ལས་རྒྱུ་འབྲས་༽རེད་ཟེར་བསྡད་ན་དེ་ལོག་ལྟའི་ལས་རྒྱུ་འབྲས་ཆགས་འགྲོ་གི་ཡོག་རེད། ལས་རྒྱུ་འབྲས་ངོ་མ་དེ་རྟོགས་ཐུབ་ཡོག་མ་རེད། དེ་ལས་གང་ཡང་མ་ཤེས་ན་ཡག་གི་རེད། གང་ལ་ཟེར་ན་དེ་བཏང་སྙོམས་ཀྱི་ངང་ལ་གནས་བསྡད་ཡོག་རེད། ཤོག་བུ་དང་མ་སོང་ན་དཀར་པོར་གནས་བསྡད་ཡོག་རེད། ཨ་རིའི་སྲིད་འཛིན་ཨེབ་ར་ཧམ་གྱིས་མང་གཙོའི་གཞུང་ཟེར་ཡག་དེ་གོ་བདེའི་ངང་འབྲེལ་བཤད་བརྡ་སྤྲོད་གནང་བ་ལྟར་ ལས་རྒྱུ་འབྲས་དེ་བོད་པའི་བཤད་སྲོལ་ལ་ ༼སྔར་གང་བྱས་ད་ལྟའི་ལུས་ལ་ལྟོས་ ཕྱི་མ་གར་འགྲོ་ད་ལྟའི་ལས་ལ་ལྟོས་༽ ཟེར་བ་ལྟར་ ལེགས་ཆའི་གནས་སམ་འབྲས་བུ་སྐྲུན་ཆེད་རང་སོ་སོས་ཀུན་སློང་རྣམ་དག་གི་སྒོ་ནས་ཐབས་ཤེས་ཟུང་དུ་སྦྲེལ་ནས་བརྩོན་འགྲུས་རྩམ་ཡག་དེ་གལ་གནད་ཆེ་ཤོས་ཡིན་པ་དེ་ངོས་འཛིན་ཐུབ་ནས་ལག་ལེན་བྱ་རྒྱུ་དེ་གལ་ཆེན་པོ་རེད། དེ་མ་གཏོགས་ཁ་གནམ་ལ་ལྟས་ལུས་ངག་ཡིད་གསུམ་ལེ་ལོའི་དབང་དུ་བཏང་བསྡད་ནས་དཀའ་སྡུག་འཕྲད་ཡོང་བའི་སྐབས་ལ་ དེ་ ༼ལས་༽རེད་ཟེར་བསྡད་ན་རང་གཞན་རོགས་གསུམ་ལ་ཕན་ཐོགས་མེད་པའི་སྒང་ལ་ཚང་མ་ཕུང་ལ་སྦྱར་བའི་ལས་ལ་འགྲོ་གི་རེད།
སྤྱིར་འཛམ་གླིང་ནང་མང་གཙོའི་ལུགས་ལ་ཡི་རང་བྱ་མཁན་མང་དག་ཅིག་ཡོག་རེད། ཡིན་ན་ཡང་དངོས་སུ་ལག་ལེན་བསྟར་མཁན་ཧ་ཅང་ཉུང་ཉུང་རེད། ཉི་མོའི་སྐར་མ་ཙམ་རེད། ད་དབར་རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་དང་ བོད་མི་མང་གི་ཞུམ་པ་མེད་པའི་ལྷག་བསམ་ལ་བརྟེན་ནས་ང་ཚོས་འཛམ་གླིང་ཁྱོན་འདིར་དཔེ་ཧ་ཅང་བཟང་པོ་ཅིག་བཞག་ཐུབ་ཡོག་རེད། ད་མང་གཙོ་དོན་ལྡན་ཞིག་འཛུགས་སྐྲུན་བྱ་ཐུབ་རྒྱུའི་མཐུན་རྐྱེན་གསུམ་འཛོམས་བསྡད་ཡོག་རེད། དེ་དཔེ་མཚོན་ཙམ་ཞུས་ན་ ཟམ་པ་དང་མ་སོང་ན་ དང་པོ་ཟམ་པའི་ཚུ་རོལ་ནས་ཀུན་སློང་ཡང་དག་པའི་སྒོ་ནས་དཀའ་ངལ་དུ་མ་ཁྱད་དུ་བསད་ནས་རྩིག་པ་སྲ་བརྟན་ཞིག་བརྩེགས་བྱས་ནས་ཡོང་ཐུབ་པ་དང་། གཉིས་པ་ ཟམ་པའི་ཕ་རོལ་ན་འགྲོ་བ་མི་ཙམ་མ་ཡིན་པར་སེམས་ཅན་ཐམས་ཅད་ལ་བདེ་རྩ་སྐྲུན་རྒྱུར་ཐབས་ཤེས་གཉིས་ལྡན་གྱི་གོ་ཆས་རྒྱན་པ། གསུམ་པ་ དེ་ལྟ་བུའི་ཟམ་པའི་སྟེང་དེར་ཤེས་འབྱོན་ཟུང་ལྡན་གྱི་དཔུང་གིས་ཉི་མ་གསར་དུ་ཚེས་པའི་མང་གཙོའི་ལམ་སྲོལ་རྒྱུན་འཛིན་ཐུབ་པ་བཅས་རེད།  འདི་འདྲ་སོང་གཙང་ གོང་དུ་ཞུས་པ་ལྟར་ སྐལ་ལྡན་་གྱི་གོ་སྐབས་ཁྱད་པར་ཅན་འདིའི་ཐོག་ལ་ཡིད་ཟབ་གནང་ཐུབ ན་ བོད་ནང་གི་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོས་ ཤ་ཁྲག་གི་འགྲོ་གྲོན་བཏང་ བསམ་པ་ཡི་རེ་བཅོལ་བྱས་ རྣམ་ཤེས་ཚུན་ཆིག་སྒྲིལ་བྱ་བཞིན་པའི་རེ་སྐུལ་དེའང་སྒྲུབ་ཐུབ་ཀྱི་རེད་བསམ་བཞིན་དུ་བཅོས་མིན་གྱི་རེ་འདུན་དང་ཡིད་ཆེད་ཀྱི་ངང་ནས་ མཁས་དབང་རྣམས་ལ་བཞད་གད་ཀྱི་ཆེད་ བློ་ལྡན་རྣམས་ལ་དཔྱད་གླེང་གི་ཆེད་  གསན་མཁན་རྣམས་ལ་ཞིབ་རྟོགས་ཀྱིོ་ཆེད་ ལར་རང་ཉིད་ལ་ཡིད་འཚིམས་ཡོང་ཆེད་བཅས་ ཀ་ན་ཌའི་རྒྱལ་ས་ཨོ་ཊ་ཝ་ནས་གནས་ནང་འགྱུར་མེད་དབང་གྲགས་པས་ ༢༠༡༢ ཕྱི་ཟླ་༢ ཚེས་༡༤ ཉིན་
ཕུལ།།
རྩོམ་རིག

Post navigation

Previous Post: མི་བཞི་གར་སོང་ཆ་མེད་དུ་གྱུར།
Next Post: ངའི་རྨི་ལམ་དང་སློབ་དཔོན། ད་དུང་མཛེས་མ།

Comments (5) on “ཤ་ཚའི་ལོང་བརྡ།”

  1. དཔྱིད་འགོའི་མེ་ཏོག says:
    2012-04-29 at 8:38 pm

    རང་དབང་མ་ཐོབ་ན་དཀའ་རྒྱུ་རེད་

  2. མེ་ཏོག་དཀར་པོ། says:
    2012-04-29 at 10:38 pm

    ག་ལེར་ཀློག་ནས་བསམ་འཆར་བཤད་གི་ཡིན།

  3. ཡར་ཁམས་ཁྲི་རྒྱལ། says:
    2012-04-29 at 11:07 pm

    ཡ་ཡ་་ཆ་ཚང་བཀླགས་ཡིན།

  4. གཉན་གཡག་ཕྲུག says:
    2012-04-29 at 11:40 pm

    ༄༅།། ཡག པོ་ འདུག་ལ་ ཡིག་ནོར་ ཡང་མང་པོ་འདུག ། རྗེས་སུ་ཡིད་རངས་ཡོད།

  5. གཉན་གཡག་ཕྲུག says:
    2012-04-29 at 11:45 pm

    མང་གཙོ་ཞེས་པ་འདི་བཙན་བྱོལ་བོད་མིའི་ནང་དུ་ཐ་སྙད་གསར་པ་རང་བཟོ་བྱས་པའི་ཚིག་ཅིག་རེད་།
    བོད་རང་གི་སྔགས་གཞུང་དང་། བོད་མིའི་དམངས་ཁྲོད་དུ་བེད་སྤྱོད་བྱེད་པ་དེ་དམངས་གཙོ་ཟེར་བ་འདི་རེད་
    དེ་གཉིས་གང་ཐད་དཔྱད་ཞིབ་གནང་རྒྱུ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme