Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྷོ་ཀོ་རི་ཡ་དང་ཉི་ཧོང་ཡུལ་གྱི་འགྲུལ་བཞུད་ཟིན་ཐོ།

Posted on 2012-01-22 By ཁ་བརྡ་ 14 Comments on ལྷོ་ཀོ་རི་ཡ་དང་ཉི་ཧོང་ཡུལ་གྱི་འགྲུལ་བཞུད་ཟིན་ཐོ།


སྦྲ་རིགས་ཐོགས་མེད།

ཉེ་ཆར་བདག་རྒྱལ་སྤྱིའི་ན་གཞོན་ཤེས་ཡོན་དར་སྤེལ་ཐེབས་རྩ་ཁང་གིས་འདེམས་བསྒྲིགས་བྱས་པའི་ལས་རིམ་ཞིག་བརྒྱུད་ནས་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་ཁ་ཤས་སུ་ཟླ་ཤས་རིང་སློབ་སྦྱོང་དང་འགྲུལ་བཞུད་བྱེད་སྐལ་ལྡན་པས། འདིར་བདག་གིས་ཨེ་ཤ་ཡའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་འདི་གཉིས་ཀྱི་སྲིད་འབྱོར་རིག་གསུམ་གཙོ་བོར་བྱས་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཁ་ཤས་རང་གི་མཐོང་ཐོས་མྱོང་གསུམ་དང་སྦྲགས་ནས་ཅུང་ཟད་ཅིག་བཤད་འདོད་བྱུང་། རྩོམ་ཡིག་འདི་ཡང་དྲ་ལམ་གྱི་བོད་ཡིག་ཁྱབ་རྒྱ་ཆེ་རུ་གཏོང་བའི་ལེགས་སྐྱེས་ཀྱི་ཆུ་ཐིགས་ཙམ་ཞིག་དང་བོད་ཡིག་བརྒྱུད་ནས་འཛམ་གླིང་ལ་ལྟ་མཁན་གྱི་ཀློག་པ་བོ་དག་ལ་ཕུལ་བའི་འགྲུལ་བཞུད་པ་ཞིག་གི་ལེགས་སྐྱེས་ཡིན་ཞེས་ཀྱང་བརྗོད་ཆོག

ད་ལྟའི་ཨེ་ཤ་ཡའི་ས་ཁུལ་ཁྱོན་ཡོངས་དང་ཐ་ན་ནུབ་ཕྱོགས་སྤྱི་ཚོགས་སུ་ཡང་ཤུགས་རྐྱེན་ངེས་ཅན་ཐེབས་བཞིན་པའི་ཤར་མཐའི་རྒྱལ་ཁབ་ཆུང་ངུ་འདིའི་མིང་ལ་ལྷོ་ཀོ་ར་ཡ་(South Korea-PRK대한민국)ཟེར། སྤྱིའི་མི་འབོར་ས་ཡ་ལྔ་བཅུ་ལྷག་(༥༠,༠༠༠,༠༠༠)བརྒལ་ཅིང་མི་མང་ཁྱོན་ཡོངས་ཀྱིས་ཧན་གོ(Hangul-대한민국)སྐད་ཡིག་བེད་སྤྱོད་གཏོང་བཞིན་པའི་རྒྱལ་ཁབ་འདིའི་ཤར་ཕྱོགས་སུ་ཉི་ཧོང་དང་།ལྷོ་ཕྱོགས་སུ་རྒྱ་ནག་རྒྱ་མཚོ། ནུབ་ཕྱོགས་སུ་རྒྱ་ནག བྱང་ཕྱོགས་སུ་ནུབ་ཀོ་རི་ཡ་བཅས་ཀྱིས་བསྐོར་ཡོད། ད་ལྟ་ང་ཚོས་བེད་སྤྱོད་གཏོང་བཞིན་པའི་དབྱིན་སྐད་ཀྱི་ཀོ་རི་ཡ་(korea) ཞེས་པའི་མིང་འདི་གནའ་བོའི་ཀོ་རི་ཡའི་གྷོར་ཡས་(Goryeo Dynasty) རྒྱལ་རབས་ཀྱི་སྐབས་སུ་བྱུང་ཞིང་། སྐབས་དེར་གཞི་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ལུང་པ་འདི་ལ་དོ་སྣང་བྱེད་འགོ་ཚུགས།


འདས་པའི་བྱུང་རབས་རིང་མོའི་ཁྲོད་དུ་ཀོ་རི་ཡ་ལྷོ་བྱང་གཉིས་སྐད་ཡིག་དང་ལོ་རྒྱུས་གཅིག་ལས་མཆེད་པའི་རྒྱལ་ཁབ་གཅིག་ཡིན་ན་ཡང་། དམག་ཆེན་གཉིས་པའི(༡༩༣༩-༡༩༤༥)རྗེས་ཀྱི་འཛམ་གླིང་གྲང་དམག་ཁྲོད་དུ་ཨུ་རུ་སུ་དང་ཨ་མེ་རི་ཁ་ཕྱོགས་ཁག་གཉིས་ཀྱི་ཤུགས་རྐྱེན་འོག་ཕྱི་ལོ་༡༩༤༨ལོར་ཀོ་རི་ཡ་རྒྱལ་ཁབ་དེ་ལྷོ་བྱང་གཉིས་སུ་ཁ་གྱེས་ནས་རྒྱལ་ཁབ་གཉིས་སུ་གྱུར། ཀོ་རི་ཡར་ལོ་ངོ་སྟོང་ཕྲག་བཞི་ལྷག་གི་རྒྱལ་རབས་ལོ་རྒྱུས་ལྡན་པ་མ་ཟད་མཚམས་རེར་རྒྱལ་ཁབ་འདིའི་དབང་ཐང་ཡང་བོད་རྒྱལ་སྲོང་བཙན་དང་ཁྲི་སྲོང་སྐབས་ཀྱི་བོད་ཀྱི་དབང་ཤུགས་དར་བ་བཞིན་དར་བའི་རྩེ་མོར་སོན་ཏེ་རྒྱ་ནག་གི་ཤར་མཐའི་ས་ཁུལ་མང་བོ་ཡང་དབང་དུ་བསྡུས་པའི་ལོ་རྒྱུས་ཡོད་བྱུང་འདུག་ལ། དེ་བཞིན་ཡང་མཚམས་རེར་རྒྱལ་ཁབ་ནང་ཁུལ་གྱི་དབང་ཤུགས་འཐབ་རྩོད་དང་ཕྱིའི་བཙན་གནོན་སོགས་ལ་བརྟེན་ནས་སོག་པོ་དང་རྒྱ་ནག་གི་ཤུགས་རྐྱེན་འོག་བསྙེས་ནས་སྡོད་དགོས་པའང་བྱུང་འདུག།

ཀོ་རི་ཡའི་བྱང་ཕྱོགས་ས་ཁུལ་ཁག་རི་དང་ནགས་ཚལ་གྱིས་ཁེངས་ཞིང་ལྷོ་ཕྱོགས་ས་ཁུལ་དག་ནི་མཚོ་གླིང་ཆེ་ཆུང་བརྒྱ་ཕྲག་མང་བོ་གྲུབ་ཡོད་པ་ཞིག་རེད། དེ་བཞིན་ཤར་ཕྱོགས་སུ་རྒྱ་མཚོའི་རྦ་རླབས་དྲག་ཅིང་གཟེངས་མཐོ་བའི་གཅོང་རོང་དང་བྲག་རི་མང་བོ་འདུག་ལ་ནུབ་ཕྱོགས་སུ་རྦ་རླབས་འཇམ་ཞིང་མཚོ་གླིང་འདྲ་མིན་གྱིས་ཁེངས། ལྷོ་ཀོ་རི་ཡ་སྤྱིའི་ས་ཁྱོན་(99,392 Km sq)རང་རེ་བོད་ཀྱི་ས་ཁྱོན་ལས་རྡབ་ཉི་ཤུ་ལྷག་གིས་ཆུང་ལ་དབྱར་དུས་ཚ་བ་ཆེ་(28C ནས 39 C )ཞིང་དགུན་དུས་གནམ་གཤིས་(2 C ནས -12 C) གྲང་། ལུང་བ་འདིར་ཤིང་ཏོག་རིགས་འདྲ་མིན་དང་སྔོ་ཚལ་སྣ་ཚོགས་སྐྱེ་ཐུབ་ལ་ལྷག་པར་ཀུ་ཤུ་དང་ཚ་ལུ་མའི་སྐྱེས་སྟོབས་དག་ཧ་ལས་པ་ཞིག་འདུག ཞིང་པ་དག་གིས་གཙོ་བོ་འབྲས་དང་དེ་བཞིན་སྔོ་ཚལ་འདྲ་མིན་འབྲས་འདེབས་བཞིན་འདུག་ལ་ས་ཁུལ་ཁ་ཤས་སུ་གྲོ་འདེབས་མཁན་ཡང་འདུག འོན་ཀྱང་། ཁོ་ཚོའི་ཁ་ལག་གཙོ་བོ་འབྲས་ཡིན་ལ་ཟས་རིགས་ཚང་མ་ཕལ་ཆེར་འབྲས་དང་མཉམ་དུ་བསྡེབས་ནས་ཟ་སྲོལ་འདུག

བགྲང་བྱ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཀྱི་བྱུང་རབས་ཁྲོད་དུ་ཀོ་རི་ཡར་དར་རྒུད་ཀྱི་རིམ་པ་མང་བོ་ཞིག་བྱུང་ལ་དེ་བཞིན་རྒྱལ་ཁབ་འདིའི་རིག་གཞུང་དང་སྐད་ཡིག ཆོས་ལུགས། ལུགས་སྲོལ་གོམས་གཤིས། ཀུན་སྤྱོད་ལྟ་བ། སྤྱི་ཚོགས་འབྲེལ་བ་སོགས་ལ་དུས་རབས་རིམ་པར་འགྱུར་ལྡོག་འདྲ་མིན་ཞིག་བྱུང་མྱོང་འདུག ཕྱི་ལོའི་སྔོན་གྱི་བགྲང་བྱ་༢༣༣༣ཙམ་གྱི་སྔོན་དུ་གོ་རི་ཡའི་རྒྱལ་རབས་ཐོག་མ་གྷོ་ཇོ་སན་(Gojoseon)བྱུང་བ་ནས་བཟུང་ཡུལ་གྲུ་འདི་རྒྱལ་བོ་གཅིག་གི་དབང་བསྒྱུར་འོག་ཡོད་པའི་རྒྱལ་ཁབ་གཅིག་གི་ངོ་བོར་གྱུར། དེ་ནས་བཟུང་དུས་རབས་མང་བོར་རྒྱལ་རབས་འདྲ་མིན་གྱི་དབང་བསྒྱུར་བརྒྱུད་ནས་འཕེལ་འགྲིབ་སྣ་ཚོགས་ཞིག་བརྒྱུད་མྱོང་། འོན་ཀྱང་། ཀོ་ར་ཡ་མུ་མཐུད་རྒྱལ་ཁབ་གཅིག་གི་ངོ་བོའི་ཐོག་གནས་ཡོད་ལ་རྒྱལ་ཁབ་གཞན་ཞིག་གི་དབང་ཤུགས་འོག་ཡོངས་སུ་ཤོར་བའི་དུས་སྐབས་ཀྱང་བྱུང་མྱོང་མི་འདུག

འོན་ཀྱང་། ཀོ་རི་ཡའི་ལོ་རྒྱུས་ནང་གི་རྒྱལ་རབས་ཐ་མ་ཇོ་སན་(Joseon Dynasty)རྒྱལ་བརྒྱུད་ཀྱི་དབང་ཤུགས་ཉམས་པའི་སྐབས་དང་བསྟུན་ཉི་ཧོང་དབང་བསྒྱུར་འོག་ཤོར་ལོ་ངོ་(༡༩༡༠-༡༩༤༥) སུམ་ཅུ་སོ་ལྔ་འདུག་དགོས་བྱུང་འདུག ཀོ་རི་ཡའི་རང་བཙན་ཤོར་ནས་ལོ་གཉིས་ཀྱི་རྗེས་དེ་ཕྱི་ལོ་༡༩༡༢ལོར་༧གོང་ས་བཅུ་བཞི་པས་བོད་རང་དབང་རང་བཙན་ཡིན་པ་འཛམ་གླིང་ལ་བསྒྲགས། འོན་ཀྱང་། ལྷོ་ཀོ་རི་ཡར་བསྐྱར་དུ་རང་བཙན་ཐོབ་(༡༩༤༨)པའི་ལོ་གཅིག་གི་རྗེས་སུ་(༡༩༤༩)རྒྱ་ནག་གི་བཅིངས་འགྲོལ་དམག་མིས་བོད་ཀྱི་མཐའ་མཚམས་ས་ཁུལ་ཁག་ལ་བཙན་འཛུལ་བྱེད་འགོ་ཚུགས། ཐ་མར་ཉི་ཧོང་ལ་ཕམ་ཉེས་བྱུང་བ་དང་བསྟུན་ཁོ་ཚོའི་དབང་བསྒྱུར་ཕྱིར་འཐེན་བྱས་ནའང་དེའི་ཚབ་ཏུ་ཀོ་རི་ཡ་བྱང་ཕྱོགས་ཨུ་རུ་སའི་ཤུགས་རྐྱེན་འོག་ཤོར་ཞིང་ལྷོ་ཕྱོགས་ཁག་ཨ་རིའི་དབང་ཤུགས་འོག་ཏུ་སོང་། དེར་བརྟེན། ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་(༡༩༥༠-༡༩༥༣)ཅེས་པའི་འཛམ་གླིང་གྲང་དམག་འགོ་སྟོད་ཀྱི་ནང་འཁྲུགས་སྐད་གྲགས་ཅན་དེ་ལངས་ཞིང་། ཁྱོན་དམག་མི་དང་མི་སེར་ས་ཡ་གཉིས་དང་འབུམ་གཉིས་ལྷག་གི་ཚེ་སྲོག་ཤོར་སོང་ཟེར། སྐབས་འདིར་འཛམ་གླིང་གི་དོ་སྣང་དམག་འཁྲུག་ལ་འཁོར་ནས་ཡོད་པའི་སྐབས་དང་བསྟུན་རྒྱ་ནག་གི་བོད་ས་ཁྱོན་ཡོངས་སུ་བཙན་འཛུལ་བྱེད་འགོ་ཚུགས་པས། ང་ཚོས་ཕྱི་ཕྱོགས་སུ་རེ་སྐུལ་རེ་བྱས་ཀྱང་དོན་མཐུན་གྱི་ཡ་ལན་སྤྲོད་མཁན་ཞིག་མ་བྱུང་བ་དེ་རེད།

(འོ་ན། ད་ལྟའི་ལྷོ་ཀོ་རི་ཡ་དེ་ཇི་ལྟར་མགྱོགས་མྱུར་ངང་རང་རྒྱས་ཀྱི་ལམ་དུ་སྐྱོད་འགོ་ཚུགས་པ་ཡིན་ནམ། དེ་བཞིན་ཁོ་ཚོའི་སྤྱི་ཚོགས་འཚོ་བ་དང་ཀུན་སྤྱོད་རིན་ཐང་། སྤྱི་ཚོགས་འབྲེལ་བ། ཆོས་ལུགས་དད་མོས། སྐད་ཡིག་བཀོལ་སྤྱོད་སོགས་ཇི་འདྲ་ཞིག་ཡོད་སྙམ་ན་རྗེས་མའི་འགྲུལ་བཞིན་ཟིན་ཐོ་ཁག་ལ་གཟིགས་རོགས།)

མུ་འབྲེལ་ཟིན་ཐོ། (ཀྲོག་ཡོ་གཙུག་ལག་སློབ་ཆེན་དུ།)

རྩོམ་རིག

Post navigation

Previous Post: བཀྲ་བྷེ་མ་བརླག ཤོག་བུའི་སེང་གེ་ལགས།
Next Post: རྡོར་གདན་གྱི་རྙེད་པ།

Comments (14) on “ལྷོ་ཀོ་རི་ཡ་དང་ཉི་ཧོང་ཡུལ་གྱི་འགྲུལ་བཞུད་ཟིན་ཐོ།”

  1. BONPO says:
    2012-01-22 at 7:33 pm

    བཀའ་དྲིན་ཆེ་མུ་འཐུད་ནས་འགོད་གྲོགས་གནང། ལྷག་པར་དུ་ལྷོ་བྱང་གོ་རི་ཡ་གཉིས་དང་ཉི་ཧོང་རྒྱལ་ཁབ་ཀྱི་ཆོས་ལུགས་རྙིང་པའི་སྐོར་ལ་རྒྱུས་ལོན་ལེགས་པར་བྱས་ནས་འདིར་འགོད་པ་གནང་རོགས་ཞུ་རྒྱུ་ཡིན། དུ་དུང་མི་རིགས་དེ་ཚོ་བོད་དང་སོག་པོའི་མི་རིགས་ལ་འབྲེལ་བ་ཡོད་རབས་ཤིག་ཤོད་ཀྱི་འདུག་ཁྱེད་ཀྱིས་དེ་ནས་ཁུངས་འཕེར་གྱི་ལོ་རྒྱུས་རྙེད་ན་འདིར་འགོད་པ་གནང་གྲོགས་ཞུ་རྒྱུ་ཡིན།། སྐུ་ཚེ་རིང་། །

  2. རྔ་བ་གཉན་རྒོད says:
    2012-01-23 at 1:18 am

    ཡག་པོ་བྲིས་འདུག་མུ་མཐུད་དུ་ཡིན་ཏ་་་་་་་༼ཀོ་རི་ཡའི་རང་བཙན་ཤོར་ནས་ལོ་གཉིས་ཀྱི་རྗེས་དེ་་༡༩༡༢་ལོར་གོང་ས་བཅུ་བཞི་པས་བོད་རང་བཙན་ཡིན་པ་འཛམ་གླིང་ལ་བསྒྲགས་ཞེས་པ་དེ་ག་འདྲ་ཡིན་ནམ་་་༽

  3. རྫ་ཚེ་རིང་བཀྲ་ཤིས། says:
    2012-01-23 at 2:33 am

    ༡ ཀོ་རེ་ཡ་དེ་མ་མཐའ་ཡང་སྐབས་མང་པོ་ཞིག་ལ་རྒྱ་ནག་གི་ཁོངས་གཏོགས་རྒྱལ་ཕྲན་ལྟར་བསྡད་པ་འདྲ་ཞིག་འདུག དེ་ཇི་ལྟར་ལགས།
    ༢ ཁོང་ཚོའི་ད་ལྟའི་ཡི་གེ་དེར་ལོ་བརྒྱ་ལྷག་གི་ལོ་རྒྱུས་ལས་མེད་པར་དེ་སྔོན་ཡོངས་སུ་རྒྱ་ཡིག་སྤྱོད་ཀྱི་ཡོད་པ་འདྲ། ད་ལྟ་ཡང་ཆོས་གཞུང་སོགས་རྒྱ་ཡིག་གྱི་ཐོག་ཏུ་འདུག་སྙམ་པ་བྱུང་། དེའི་སྐོར་རེ་ཡང་གླེང་རོགས།
    ༣ གོང་གི་ཉིན་ཐོའི་གཞུང་དུ་ནུབ་ཀོ་རེ་ཡ་ཟེར་བ་ཞིག་གསུངས་འདུག་པ་དེ་ཇི་ལྟར་ལགས་རེ་ཡང་གསུང་རོགས།
    ༤ ཁོང་ཚོའི་སྐྱུར་ཚོད་ནི་མི་རིགས་ཀྱི་ཚབ་བྱེད་རང་བཞིན་གྱི་ཁ་ཟས་སུ་འདུག་པས་འདིའི་སྐོར་རེ་ཡང་གླེང་རོགས།
    ང་ལ་ཡང་ལྷོ་ཀོ་རེ་ཡའི་སློབ་གྲོགས་མང་པོ་ཡོད་པ་དག་གིས་ཁོང་ཚོའི་སྐོར་ལ་ཁ་ཟིན་སྣ་ཟིན་གྱི་སྐད་ཆ་རེ་བཤད་ཀྱིན་འདུག་སྟེ། ཞིབ་ཆ་ཅང་མེད།
    ཁྱེད་ཀྱིས་རིན་ཐང་ལྡན་པའི་ཉིན་ཐོ་འདི་མུ་མཐུད་ཅིག

  4. སྦྲ་རིགས་ཐོགས་མེད། says:
    2012-01-23 at 3:06 am

    གཉན་རྒོད་ལགས།

    གནད་དོན་དེ་དང་འབྲེལ་བའི་ལོ་རྒྱུས་ཡིག་ཆ་རེ་དགོས་ན་མཁོ་སྤྲོད་བྱེད་ཆོག

  5. སྦྲ་རིགས་ཐོགས་མེད། says:
    2012-01-23 at 3:37 am

    རྫ་ཚེ་རིང་བཀྲ་ཤིས་ལགས།

    ༡)་ལན། ཀོ་རི་ཡ་སྐབས་མང་བོར་རྒྱ་ནག་གི་ཤུགས་རྐྱེན་ངེས་ཅན་འོག་བསྡད་པ་དངོས་ཡོད་རེད། འོན་ཀྱང་། ཀོ་རི་ཡར་རྒྱ་ནག་གིས་དབང་བསྒྱུར་བའི་ལོ་རྒྱུས་ཞིག་ཕལ་ཆེར་མེད་པ་འདྲ། ཨ་རིའི་ཁ་ལེ་ཧྥོ་ནི་ཡའི་སློབ་ཆེན་གྱིས་ཀོ་ར་ཡའི་ལོ་རྒྱུས་ཞིབ་འཇུག་ཡིག་ཆ་ཞིག་བཏོན་འདུག་ལ། ཡིག་ཆ་དེ་ཞིབ་འཇུག་པ་དག་གིས་ཅུང་ཚད་ལྡན་དུ་བརྩི་བཞིན་འདུག་པས་དེ་ན་འདི་འདྲ་ཞིག་འདུག

    “In the 1620s and 1630s, Joseon suffered from invasions by the Manchu who eventually conquered all of China.”

    རྒྱ་ནག་གི་ཡིག་ཆ་ཁ་ཤས་སུ་ལོ་རྒྱུས་དེ་ཁ་བསྒྱུར་ནས་རྒྱ་ནག་གི་དབང་འོག་ཏུ་ཤོར་བར་བཤད་ཀྱིན་ཡོད་པ་འདྲ། ཁྱེད་ཀྱིས་དྲ་ཐོག་ཏུ་གཟིགས་དང་ཀོ་རི་ཡའི་ལོ་རྒྱུས་སྐོར་གྱི་རྩོམ་ཡིག་མང་བོ་འདུག

    དཔེར་ན།
    http://www.worldrover.com/history/south_korea_history.html

    2) ཀོ་རི་ཡའི་ཡི་གེ་དེ་རྒྱལ་བོ་སེ་ཅོང་(Sejong)གིས་ཕྱི་ལོ་༡༤༤༦ལོར་མཁས་པ་གང་མང་བསྡུས་ནས་གསར་དུ་བཟོས་པས་ད་བར་དུ་ལོ་ངོ་ལྔ་བརྒྱ་དང་བཅུ་དྲུག་(༥༡༦)ཙམ་ཕྱིན་འདུག རྒྱས་པ་བདག་གི་ཀོ་རི་ཡའི་སྐད་ཡིག་སྐོར་འབྲི་སྐབས་གླེང་བར་བྱའོ།

    ཡིག་ཆ།
    http://www.zkorean.com/hangul/history_of_hangul

    ༣) དགོངས་ཚུལ་གསུང་བར་ཐུགས་རྗེ་ཆེ། དེ་བྱང་ཀོ་རི་ཡར་བསྒྱུར་རོགས།

    ༤) ལོ་མ་འདྲ་མིན་བསྙལ་ནས་སྐྱུར་བཟོས་པའི་ཟས་རིགས་འདྲ་མིན་ཡོད། དེ་ལ་ཁོ་ཚོས་Kimche ཟེར། ཟས་རིགས་གང་ཞིག་ཡིན་ཡང་དེ་དང་ངེས་པར་དུ་དགོས་པར་བཤད།

    རྒྱས་པ་ཟས་རིགས་ཀྱི་སྐོར་འབྲི་སྐབས་གླེང་བར་བྱའོ།།

  6. སྦྲ་རིགས་ཐོགས་མེད། says:
    2012-01-23 at 3:41 am

    རྫ་ཚེ་རིང་བཀྲ་ཤིས་ལགས།

    ཁྱེད་ཀྱི་དྲི་བ་དག་ལ་ལན་ཞིག་བྲིས་ཟིན་མོད། གློ་བུར་དྲ་ཐོག་ནས་བརླགས་སོང་། ད་ལྟ་དུས་ཚོད་མི་འདུག་གང་ལྟར་སྐབས་རྗེས་མར་གནད་དོན་དེ་དག་རིམ་བཞིན་གསེད་དཀྲོལ་བྱེད་ངེས་ཡིན།

  7. རྔ་བ་གཉན་རྒོད says:
    2012-01-23 at 3:48 am

    ཨོ་དྲ་གྲོགས་ཐོགས་མེད་ལགས་་་ལོ་རྒྱུས་ལྟར་ན་༡༩༡༢་ལ་གོང་ས་བཅུ་བཞི་བ་མཆོག་འཇིག་རྟེན་འདིར་ཕེབས་མེད་པ་འདྲ་བའི་སྐད་ཆ་དེ་ག་འདྲ་ཡིན་མ་ཤེས་པ་ཡིན་ལགས་་་་དེ་འབྲེལ་རེ་ཡོད་ན་གསུངས་རོགས་ཞུ་་་་ལོ་རྒྱུས་ལྟར་ན་གོང་ས་མཆོག་ནས་གཞུང་འབྲེལ་གསར་བསྒྲགས་ཐོག་མ་དེ་སྤྱི་ལོ་༡༩༥༩.༣པའི་ནང་དང་༡༩༥༩.༤.༡༨ཉིན་རྒྱ་གར་ས་མཚམས་སུ་ཡང་གསར་བསྒྲགས་ཅིག་གནང་ཡོད་པ་འདྲ་་་་་་ངའི་ལོ་རྒྱུས་མི་ཤེས་པའི་བློ་ས་རེ་ཡོད་པར་ཞུ་་

  8. སྦྲ་རིགས་ཐོགས་མེད། says:
    2012-01-23 at 4:33 am

    གཉན་རྒོད་ལགས།

    ༧གོང་ས་སྐུ་ཕྲེང་བཅུ་བཞི་བར་བཅོས་རོགས།

  9. སྦྲ་རིགས་ཐོགས་མེད། says:
    2012-01-23 at 4:34 am

    ཡང་གཏག་ནོར་ཤོར་འདུག ༧གོང་ས་སྐུ་ཕྲེང་བཅུ་གསུམ་པར་བཅོས་རོགས་གནང་།

  10. སྦྲ་རིགས་ཐོགས་མེད། says:
    2012-01-23 at 4:36 am

    རྫ་ཚེ་རིང་བཀྲ་ཤིས་ལགས།

    གཏག་ནོར་ཤོར་འདུག

    ཀོ་རི་ཡའི་ཡིག་གཟུགས་བཟོས་ནས་ལོ་ངོ་༥༦༨འགོར་ཟིན་འདུག

  11. རོ་ལངས། says:
    2012-01-23 at 5:06 am

    དྲ་རྒྱར་འགོད་རྒྱུ་མ་རྔམས་ན་ཡག་གི་རེད། དང་པོ་ཞུ་དག་བྱོས། ལོ་རྒྱུས་ལ་ལོ་དུས་གལ་ཆེན་ཡིན་པས་གྲངས་གཏན་ནས་ནོར་མི་ཉན། ཡག་པོ་འདུག མུ་མཐུད་དུ་ཕྲིས།

  12. གངས་ཅན་དོན་གྲུབ་ says:
    2012-01-23 at 1:52 pm

    ཡུལ་གྲུ་གཞན་ལ་ཕྱིན་པའི་མཐོང་ཐོས་མྱོང་གསུམ་གྱི་ཟིན་ཐོ་འདི་ངོ་མ་ཡག་པོ་ཞིག་བྲིས་འདུག། མུ་མཐུད་བྲིས་རོགས་གནང།

  13. སྟག་རྒོད། says:
    2012-01-23 at 2:39 pm

    ལོ་ཤས་སྔོན་སྤྱི་རྒྱུ་སྒེར་བདག་བྱས་པའི་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་གིས་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་རྒྱ་གར་སིམ་ལ་མངའ་སྡེ་གཞུང་གི་ཁྲིམས་ཁང་དུ་བསྐྱལ་ནས་ལོ་རེ་བཞིན་བོད་གཞུང་གིས་ཁ་གཏད་འགྲོ་གྲོན་ཕོན་ཆེ་གཏོང་དགོས་བྱུང་བ་བཟོས་ཏེ་ད་བར་ལོ་མང་ཕྱིན་ཡོད་པ་དང་། སྔ་ལོའི་ཕྱི་ཟླ་ ༨ ཚེས ༦་ཉིན་བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བདེན་པའི་རྒྱལ་ཁ་ཐོབ་ནས་་ཟླ་བ་ཚེ་རིང་ཁ་མཆུ་ཕམ་འདུག འོན་ཀྱང་ད་བར་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པས་ཕྱིར་བསྒྲགས་མ་བྱས་པར་གསང་བ་ལྟར་ཉར་ཡོད་འདུག་།

  14. ཁྱུང་སེང་བུ། says:
    2012-01-23 at 3:12 pm

    བཀྲིན་ཆེ་དངོས་ནས་ཡག་པོ་བྲིས་འདུག་ད་ཏུང་མུ་འཐུད་ནས་ལྟ་འདོད་ཧ་ཅང་ཆེ། བཀྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme