Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྷག་པ་ཚེ་རིང་གིས་སྤྱི་དངུལ་སྒེར་ཟས་བྱས་པའི་གསལ་བསྒྲགས།

Posted on 2015-08-062015-08-06 By ཁ་བརྡ 12 Comments on ལྷག་པ་ཚེ་རིང་གིས་སྤྱི་དངུལ་སྒེར་ཟས་བྱས་པའི་གསལ་བསྒྲགས།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ

Lhakpa-Tseringབོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྦེལ་ཀོབ་འཚོ་བྱེད་ཁང་གསར་སྨན་ཁང་གི་འགན་འཛིན་ཟུར་པ་ལྷག་པ་ཚེ་རིང་ལ་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་ཉེས་འཛུགས་ཁག་ཅིག་བྱུང་ཡོད་པར། བཀའ་ཤག་ནས་ཞིབ་འཇུག་ཚོགས་ཆུང་ཟུར་འཛུགས་བརྒྱུད་ཐག་གཅོད་བཅད་ཁྲ་བསྩལ་དོན། འགན་འཛིན་ཟུར་པ་ལྷག་པ་ཚེ་རིང་ནས་གློག་ཆས་ཉོ་སྒྲུབ་སོགས་ཀྱི་ཐོག་ནས་སྤྱི་གུན་བཏང་བ་བསྡོམས་ཧིན་སྒོར་ ༣༠༤༨༣༠ སུམ་འབུམ་ཁྲི་མེད་བཞི་སྟོང་བརྒྱད་བརྒྱ་སུམ་ཅུ་ཐམ་པ་བྱས་ཡོད་པ་དུས་བཀག་ནང་ཚུད་སྨན་ཁང་ལ་ཕྱིར་སློག་མ་བྱུང་ཚེ་སྤྱི་དངུལ་སྒེར་ཟས་དང་འབྲེལ་བའི་གསལ་བསྒྲགས་བྱ་རྒྱུ་དང༌། བོད་མིའི་སྒྲིག་འཛུགས་ནས་བོད་མི་སྤྱི་འགྲེ་ལྟར་ཕན་གྲོགས་ལྟ་སྐྱོང་བྱ་སྒོ་ཡོངས་རྫོགས་བཀག་བསྐྱིལ་བྱ་རྒྱུ་ཡིན་ཞེས་གསལ་པོར་བཀོད་ཡོད་ཀྱང༌། དུས་བཀག་ནང་ཚུད་ལྟ་ཅི་དུས་ཚོད་ཕྱིར་འགྱངས་བྱས་པའི་ནང་ཚུད་དུའང་ཕྱིར་སློག་མ་བྱུང་ཁར། འདི་ག་ནས་དྲན་བསྐུལ་བརྡ་འདེད་རིམ་པ་བྱས་ཀྱང་ད་བར་ཡ་ལན་གཏན་ནས་མེད་པར་བཞག་སོང་བར་བརྟེན། བཅད་ཁྲ་ལག་བསྟར་བྱ་རྒྱུར།

ལྷག་པ་ཚེ་རིང་རང་ཉིད་ཀྱི་གཞུང་འབབ་གསོག་དངུལ་ཇི་ཡོད་བཅད་ཁྲའི་དགོངས་དོན་ལྟར་གཞུང་བཞེས་གནང་ཟིན་པའི་ཁར། རང་འབབ་གསོག་དངུལ་དང༌། གཞུང་སྒེར་གསོག་དངུལ་གྱི་སྐྱེད་འབབ་བཅས་བསྡོམས་སྒོར་ ༧༣༡༢༧ བདུན་ཁྲི་སུམ་སྟོང་བརྒྱ་དང་ཉི་ཤུ་རྩ་བདུན་བྱེད་འདུག་པ་གཞུང་བཞེས་ཀྱིས་གོང་གསལ་སྤྱི་གུན་ཕྱིར་སློག་ལ་ཕན་པ་བྱ་རྒྱུ་དང༌། སྤྱི་གུན་ཕྱིར་གསབ་མ་བྱུང་བ་འཕྲོས་ཧིན་སྒོར་ ༢༣༡༧༠༣ཉིས་འབུམ་སུམ་ཁྲི་ཆིག་སྟོང་བདུན་བརྒྱ་བཅུ་མེད་གསུམ་བྱེད་པ་ལྷག་པ་ཚེ་རིང་ནས་དུས་བཀག་ནང་ཚུད་ཕྱིར་སློག་བྱ་ཐབས་གཏན་ནས་བྱས་མེད་པ་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང༌། བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་གཞི་ཁག་ལ་སྣང་ཆུང་བརྩི་མེད་བཏང་བ་ཡིན་པས། བཅད་ཁྲའི་ནང་ཉེན་བརྡ་སྤྲད་ཟིན་པ་ལྟར་སྤྱི་དངུལ་སྒེར་ཟས་བྱས་པར་ངོས་འཛིན་དང་འབྲེལ། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༥ ནས་བཟུང་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་འགན་འཛིན་ཟུར་པ་ལྷག་པ་ཚེ་རིང་ལ་བོད་མིའི་སྒྲིག་འཛུགས་ནས་བོད་མི་སྤྱི་འགྲེ་ལྟར་ཕན་གྲོགས་ལྟ་སྐྱོང་བྱ་སྒོ་ཡོངས་རྫོགས་བཀག་བསྐྱིལ་བྱས་པའི་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༥ ལ།། །།

གསར་འགྱུར།

Post navigation

Previous Post: འོས་བསྡུའི་དེབ་སྐྱེལ་ཇི་ལྟར་གནང་དགོས་སྐོར།
Next Post: ངས་འཇོན་ས་རེད་སྙམ་ན་འོས་བླུཊ། ང་ལ་ཞེན་ཁོག་བྱས་ཏེ་འོས་མ་ལྡུག

Comments (12) on “ལྷག་པ་ཚེ་རིང་གིས་སྤྱི་དངུལ་སྒེར་ཟས་བྱས་པའི་གསལ་བསྒྲགས།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-08-06 at 1:43 am

    ཡག་མོ་རེད། དེ་དང་དེ་བཞིན་རྡ་སའི་ཉེ་འཁོར་ལ་ལྐོག་ཟ་རུལ་སུང་རྙོག་གླེང་དེ་ཚོའང་གསལ་པོ་བཟོ་ནས་ཐག་བཅད་དགོས་རེད་མ་གཏོགས། ཆུང་ངུ་རྒྱབ་དཔུང་མེད་མཁན་རྣམས་ཚར་བཅད་ནས་ཇག་རྒན་ཟ་རྒན་རྣམས་གོ་མེད་ཚོར་མེད་བཞག་ན་དྲང་པོ་མ་རེད་དོ།།

  2. ལྷ།བྱ་འཕུར་མ། says:
    2015-08-06 at 4:19 am

    འདི་ནང་རུལ་གྱི་རྙོག་གླེང་ཞིག་ཡིན་སྟབས། ཡག་སྡུག་གང་ཡང་ཡིན་ཤེས་མ་སོང་། འདིར་གོང་གི་རྙོག་གླེང་གི་སྐོར་ལ་དྲ་ཐག་ཅིག་བཏང་ཡོད།དེར་གཟིགས་རོགས།
    http://www.tibettimes.net/news.php?showfooter=1&id=9890

  3. ཅོ་རི་ཉི་མ། says:
    2015-08-06 at 5:33 am

    དངོས་ཟ་རུལ་སུངས་སེང་གེ་འདྲ་པོ་དང་ལྐོག་ཟ་རུལ་སུངས་སྟག་འདྲ་པོ་ཚོ་བཞག་ནས་ལས་ངན་ལྐོག་ཟ་རུལ་སུངས་སྐྱག་འབུ་འདྲ་ཞིག་རྡུང་རྡེག་བཏངས་པ་འདི་ནི་ཕྱོགས་གཅིག་ནས་བསམས་ན་སྙིང་རྗེ་ཡ་འདྲ་ཞིག་འདུག་་་ག

  4. ཅོག་མྱི། says:
    2015-08-06 at 10:40 am

    རེད། བཙན་བྱོལ་བའི་སྟག་སྦྲང་རྡུང་བའི་འགོ་འབུས་བ་རེད། ཨ་ཞང་ཚང་ལ་མི་དོ་གི དེ་སྔོན་རྒྱ་རི་ཚང་ལ་དེ་འདྲ་ཞིག་བཤད་གི་འདུག་མོད་རྗེས་སུ་འཇགས་ཏེ་ཏེ་ཆགས་པ་རེད། བཙན་བྱོལ་གྱི་སྟག་རྡུང་ན་རྒྱ་ནག་གི་འབྲུག་འདྲོག་ལེ་རེད།

  5. བསེ་རུ་ཟང་ཐལ། says:
    2015-08-06 at 10:45 am

    སྙིང་རྗེ། ཡང་མཉོམ་ཆུང་གཅིག་ལ་རྡུང་རྡེག་བཏང་འདུག་གཱ། ད་བོད་པའི་དཔོན་པོ་ཚོས་ལས་རྒྱུ་འབྲས་ཟེར་རྒྱུ་བ་དང་ཁྲིམས་ཟེར་རྒྱུ་དེ་མཉོམ་ཆུང་ཞེ་གཅིག་སྒང་ལ་ཐུབ་ཚོད་གཏོང་ཡག་གི་གོ་ལག་ཆ་ཡག་ཤོས་ཅིག་རེད་འདུག་གཱ། ལྷག་པ་ཚེ་རིང་ཁྱེད་ཀྱིས་ནོངས་པ་བཤོགས། བློ་ཕམ་མི་དགོས། ཡར་ལོངས་ཤོག དངུས་འབོར་མང་པོ་མ་རེད། སྤྱི་འཐུས་ཕན་མེད་ནུས་མེད་ཅིག་གི་གནམ་གྲུའི་ཀྲི་སི་ཡང་མ་རེད་བཞག དེ་ག་ལེར་ག་ལེར་ཕྱིར་སློགས། ཁྱེད་ཀྱིས་༧རྒྱལ་བ་རིན་པོ་ཆེ་ཁ་ལ་འཁྱེར་ནས་ཚོང་ནི་བརྒྱབ་ཡོད་ཀྱི་མ་རེད། མ་གཞི་ད་ག་ལེར་ག་ལེར་གནས་ཚུལ་ཤིན་ཏུ་འཇིགས་སུ་རུང་བ་མང་པོ་ཧ་གོ་ཡོང་རྒྱུ་རེད། གསང་བའི་ལས་ཁུངས་ཀྱི་ལས་ཀ་དེ་རྒྱུ་མ་རིང་པོ་རེད། བདེན་པ་ཟེར་རྒྱུ་དེ་ལ་བླུ་བ་མེད་དགོས་ནི་རེད། ཧ་ཧ་ཧ་ཧི་ཧི་ཧི་ ༧རྒྱལ་བ་རིན་པོ་ཆེ་ཁ་ལ་འཁྱེར་ནས་ཚོང་བརྒྱབ་མཁན་དེ་ཚོ་ལའང་གནས་སྐབས་སྐྱབས་སུ་མཆིའོ།། །།

  6. བྱམས་པ། says:
    2015-08-06 at 11:55 am

    མི་ཚེ་ལས་གཏམ་ཚེ་རིང་ཟེར་བ་རེད། ད་མི་འདི་ཡིས་རང་ཉིད་པར་ཞོག བུ་དང་བུ་མོ་ཚོའི་ཁ་རྗེ་དབང་ཐང་ཡང་གཏམ་ངན་གཅིག་ལ་བརྗེས་སོང་། ཐབས་རྡུག ངོ་ཚ།

  7. བདེན་པའི་ཕོ་ཉ་ says:
    2015-08-06 at 12:21 pm

    སེ་རུ་ཟེར་བ་དེས་ཅི་བཤད་གི་ཡོད་སྤྱི་དངུལ་སྒེར་ཟ་བྱེད་མཁན་ཞིག་ལ་དེ་ལྟ་བུའོ་བརྗོད་པ་གང་ཡིན་ནམ་མི་ངན་དེ་ཚོ་ནི་ཇག་པ་དང་རྐུ་མ་ལས་རྒྱུ་འབྲས་མེད་པ་ཞིག་རེད་དངུལ་དེ་ལས་མང་བ་ཀོ་ལེ་གྷལ་སྨན་ཁང་གསར་རྒྱག་སྐབས་ཟ་ཡོདཔ་ཁུང་སྐྱེལ་ཡོད་པ་ཞིག་རེད་ མི་ངན་དེ་རིག་རྩ་མེདབཟོ་དགོས་རེད་

  8. བཀྲ་ཁོ་འབུམ། says:
    2015-08-06 at 12:56 pm

    འདི་བློ་བཟང་སེང་གེ་དང་འཕྲོད་བཀའ་གཉིས་ཀྱིས་གོ་སྐབས་ཐ་མ་དེ་ཟིན་པ་རེད་་་་ཧཧཧཧཧ

  9. བསེ་རུ་ཟང་ཐལ། says:
    2015-08-06 at 2:18 pm

    བདེན་པའི་ཕོ་ཉ་ཟེར་བ་ཁྱོད་ལ་ཁག་མི་འདུག མཐོང་རྒྱ་མི་འདུག ཉེས་སྡིག་གི་ཡོན་ཏན་གཅིག་པུ་དེ་བཤགས་ན་དག་རྒྱུ་བ་དེ་རེད། དེ་མིན་མང་པོ་ཤོད་ཀྱི་མིན། གཤམ་དུ་ད་ལྟའི་སྲིད་སྐྱོང་གི་མཁས་རྩོམ་ཡིན་ཁུལ་འདིའི་ནང་༧རྒྱལ་བ་རིན་པོ་ཆེ་ལ་The Lama (ཐེངས་བཅུ་གསུམ་ལས་མི་ཉུང་བ་) ཅེས་འབོད་པ་ལས་ H.H. The Dalai Lama ཞེས་བྲིས་ཤེས་མི་འདུག འདི་ནས་སྲིད་སྐྱོང་བློ་བཟང་སེང་གེའི་ཡ་རབས་བཟང་སྤྱོད་གང་འདྲ་འདུག་གསལ་པོར་མཐོང་ཐུབ་པ་འདུག།
    http://www.phayul.com/news/article.aspx?id=509&t=1

    ཡང་། སྲིད་སྐྱོང་གི་རུལ་སུངས་ཀྱི་ཆག་སྒོ་འདི་ན་ལྟོས།
    http://www.washingtontimes.com/news/2015/jul/10/maura-moynihan-tibet-china-same-washington-lobbyis/

  10. ཇུང་ཏོག་ says:
    2015-08-07 at 5:19 am

    དྲ་འབུ་ལས་མེད་ཚོ་ཉི་མ་རིང་དྲག་པ་མ་རེདདམ་་དེ་མིན་སྨྱོ་ལབ་མ་རྒྱག་ཁྲིམས་ཁང་ལ་བཏུག་དང་ཕོ་ཁྱོ་ག་རེད་། བཙན་བྱོལ་སྤྱི་ཚོགས་ནང་སྤྱི་རྒྱུ་སྒེར་གྱི་ཧམ་བཟོས་བྱ་མཁན་དེ་ཚོ་ལ་ལྐོག་ཟ་རུལ་སྲུང་ཟེར་བའི་མིང་དེ་ཏག་ཏག་རན་གྱི་ཨ་ཡོད་། ལྐོག་ཏུ་སྤྱི་རྒྱུ་ཟས་ནས་དེ་ལ་འགོ་འདྲེན་གྱིརྒྱབ་སྐྱོར་བྱས་ནས་བཀབ་ཡོད་ན་ལྐོག་ཟ་རུལ་སྲུང་ལས་དེ་མིན་སྤྱི་རྒྱུ་ཧམ་བཟོས་ལས་ལྐོག་ཟ་རུལ་སྲུང་ལ་ནམ་ཡང་ངོས་འཛིན་མི་ཐུབ་།

  11. ནད་མེད་ཚེ་རིང་། says:
    2015-08-07 at 7:42 am

    སྤྱི་ཚོགས་ནང་སྤྱི་རྒྱུ་སྒེར་ཟས་བྱས་པ་རྣམས་འཐེར་འདོན་བྱས་པར་བཀའ་ཤག་ལ་བསྔགས་བརྗོད་ཞུ་རྒྱུའང་། ད་ལྟའི་བཀའ་ཤག་ནས་སྦེང་ལོར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་སྲིད་སྐྱོང་བློ་སེང་ལགས་ནས་ཁོང་གི་རྒྱབ་ལྗོངས་མཁན་བཞིན་དུ་བསྐོ་བཞག་གནང་བ་ནི་ཧང་སང་དགོས་པ་ཞིག་ཡིན། ཁོང་ནི་དེ་སྔ་༧སྐུ་སྒེར་ཡིག་ཚང་གི་དངུལ་རྐུ་མཁན་ལས་བྱེད་ཕྱིར་འབུད་བྱས་པ་ཞིག་ཡིན་འ་རྡ་རམ་ས་ལ་བོད་མི་ཡོངས་ནས་ཤེས་ཀྱི་ཡོད། ཁོང་ནས་སྲིད་སྐྱོང་བློ་སེང་ལགས་སྲིད་སྐྱོང་འོས་ལངས་སྐབས་འོས་ཐོབ་ཆེད་ལྷོ་ཕྱོགས་བོད་མི་མང་ཚོགས་ནས་རྒྱབ་སྐྱོར་འཚོལ་མཁན་གཙོ་གྲས་ཤིག་ཡིན་པས་ལེགས་སྐྱེས་སུ་ཕུལ་བ་ཡིན་པར་འདོད། དེ་དང་དེ་འདྲ་མང་པོ་དངོས་སུ་མཐོང་རྒྱུ་འདུག་པས་སྲིད་སྐྱོང་གི་གནང་ཕྱོགས་ལ་བསམ་ཞིབ་ཀྱིས་འོས་སྤྲོད་མིན་བསམ་བློ་གཏོང་དགོས་སོ།

  12. ནད་མེད་ཚེ་རིང་། says:
    2015-08-07 at 8:00 am

    དོ་བདག་ནས་བརྡ་དེད་བྱས་ཀྱང་རྩིས་གཙང་མ་བཟོ་སྟབས་བཀའ་ཤག་ནས་གསལ་བསྒྲགས་འདི་ལྟར་གནང་བར་བསྔགས་བརྗོད་ཞུ་རྒྱུ། བཀའ་ཤག་ནས་སྤྱི་རྒྱུ་ཟ་མཁན་ཁོང་དང་ཁོང་འདྲ་བ་འགའ་རེ་ཡོད་པས་རྒྱུ་དབང་དང་འབྲེལ་བ་ཆེ་ཆུང་ལ་མ་ལྟོས་པར་སྤྱི་མཚུངས་གནང་བའི་རེ་བ་ཡོད།

    འོན་ཀྱང་སྲིད་སྐྱོང་མཆོག་ནས་སྦེལ་ལོར་ལྷོ་སྤྱི་ཆོས་འཕེལ་ལགས་ལྷོ་སྤྱི་བསྐོ་བཞག་གནང་འདུག་པ་ནི་བསམ་ཞིབ་བྱ་དགོས་མཐོང་། ཁོང་ནས་སྐུ་སྒེར་ཡིག་ཚང་གི་དངུལ་རྐུ་མཁན་ལས་བྱེད་ཅིག་ཡིན་པ་རྡ་རམ་ས་ལའི་མི་མང་ནས་མཁྱེན་གྱི་ཡོད། སྲིད་སྐྱོང་ནས་མི་འདི་ལྟ་བུ་ལ་ལྷོ་ཕྱོགས་བོད་མི་གཞིས་ཆགས་ཡོངས་ཀྱི་བདེ་སྡུག་བལྟ་མཁན་གྱི་ལས་འགན་གལ་ཆེན་པོ་འདྲི་སྤྲོད་ཕོད་དམ། ཚང་མས་མཁྱེན་དགོས་པ་ཞིག་ལ་ཆོས་འཕེལ་ལགས་ནས་སྲིད་སྐྱོང་འོས་བསྡུ་སྐབས་བློ་སེང་ལགས་ལ་ལྷོ་ཕྱོགས་ནང་རྒྱབ་བསྐྱོར་འཚོལ་མཁན་གཙོ་གྲས་ཤིག་ཡིན་པས་ཁོང་ལ་ལེགས་སྐྱེས་སུ་གོ་གནས་འདི་ཕུལ་བ་ཡིན། སྲིད་སྐྱོང་བློ་སེང་ལགས་སུ་རྒྱབ་སྐྱོར་འཚོལ་མཁན་གཙོ་བྲས་འགའ་རེ་ལ་སྲིད་སྐྱོང་རང་ངོས་ནས་ལེགས་སྐྱེས་འདི་འདྲ་ཕུལ་ཐུབ་པ་དང་འབུལ་འདོད་ཡོད་མཁན་འབུལ་མ་ཐུབ་པ་འགའ་རེ་བྱུང་ཡོད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme