Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྷག་པ་དཀར་པོ་བསུ་བའི་བླ་གཟའི་རྒྱལ་པོ།

Posted on 2015-06-17 By ཁ་བརྡ 3 Comments on ལྷག་པ་དཀར་པོ་བསུ་བའི་བླ་གཟའི་རྒྱལ་པོ།

ཨེ་མ་ཧོ།

 

ན་མོ་གུ་རུ་པདྨ་ཀ་ར་ཡེ།།

ལྷག་པའི་བསླབ་པ་ཚུལ་ཁྲིམས་གངས་ལྟར་དཀར།།

ལྷག་པའི་བསླབ་པ་ཏིང་འཛིན་ཟླ་ལྟར་དཀར།།

ལྷག་པའི་བསླབ་པ་ཤེས་རབ་འོད་སྣང་དཀར།།

ལྷག་དཀར་བཟང་པོ་གསུམ་འཛོམས་ཡོངས་སུ་བསུ།།

ལྷག་དཀར་སྲོལ་རྒྱུན་བཟངཔོའི་གོས་དཀར་གྱོན།།

ལྷག་དཀར་དཀར་ཟས་བཟང་པོའི་འཚོ་བ་རོལ།།

ལྷག་དཀར་སྐད་ཡིག་གཙང་མས་སྤྱི་དོན་གླེང་།།

ལྷག་དཀར་གཟའ་སྐར་བཟང་པོ་ཡོངས་སུ་བསུ།།

ལྷག་བསམ་བཟང་པོས་གཞན་དོན་འབྲས་བུ་དཀར།།

ལྷག་བསམ་དག་པས་འདི་ཕྱིའི་ཕན་བདེར་ལེགས།

ལྷག་པའི་ལྷ་མཆོག་རྒྱལ་བའི་ཐུགས་རྗེ་མཐུས།།

ལྷག་དཀར་བསྟན་འགྲོའི་དཔལ་དུ་དར་གྱུར་ཅིག།

 

 

ཅེས་པ་རབ་གནས་ཤིང་ལུག་སྣྲོན་ཟླའི་དཀར་ཕྱོགས་དགའ་བ་དང་པོ་དང་ལྷག་དཀར་གྱི་ཉི་མར་བོད་ཡུལ་དབུས་གཙང་གི་མཁའ་འགྲོ་ལྷག་པ་སྒྲོལ་མས་སྐུལ་ངོར་རྟེན་འབྲེལ་ལེགས་འགྲིགས་ཀྱིས་རྒྱལ་དབང་མཆོག་དང་ཀུན་མཁྱེན་བླ་མ་དང་བདུད་འཇོམས་སངསརྒྱས་པདྨ་དང་པན་ཆེན་ཡང་སྲིད་ཆོས་ཀྱི་རྒྱལ་པོ་སོགས་སྐྱེས་ཆེན་དུ་མའི་འཁྲུངས་གཟའ་རུ་གནས་པར་དུང་བསུ་བཅས་ཤྲྰི་ཨེ་མ་ཧོས་དབྱིན་ཡུལ་གཙུག་ལག་སློབ་གྲྭ་ཆེན་པོའི་རྒྱལ་སྤྱིའི་དགའ་སྟོན་རིས་མེད་ཚོགས་ཁང་དུ་བགྱིས་པར་དགེའོ།། །།

སྙན་ངག

Post navigation

Previous Post: རང་གྲོལ་གྱི་སྙན་ངག་ལྗང་བུས་བཀྲོལ་བ།
Next Post: འདས་པོ་ལ་རྗེས་དྲན་ལས་བཞུགས་པ་ལ་རྒྱབ་སྐྱོར་གཙོ།

Comments (3) on “ལྷག་པ་དཀར་པོ་བསུ་བའི་བླ་གཟའི་རྒྱལ་པོ།”

  1. ཇུས་ཏོག་ says:
    2015-06-17 at 8:41 am

    ལྷག་བསམ་གདུང་ལས་དཀར་བའི་སྙན་རྩོམ་ལ་།
    ལྷག་བསམ་རྨ་མེད་དཱངས་བས་དགའ་བསུ་ཞུ་།
    ལྷག་དཀར་ཉིན་མོར་ལྷ་སྲུང་མཆོད་པ་འདི་།
    ལྷ་ཀླུ་ཞི་བདག་གཉེས་ནས་གྲོགས་འཕྲིན་མཛོད་།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-06-17 at 12:00 pm

    ལྷག་པའི་བསླབ་པ་གསུམ་པོ་ལྷ་ཆོས་མཛད། །
    ལྷག་པའི་ཐུགས་བསྐྱེད་གསུམ་པོ་མི་ཆོས་མཛད། །
    ལྷག་དཀར་ལྷག་གཟར་འཁྲུངས་པའི་མི་མཆོག་མཆོག །
    ལྷག་བསམ་རྒྱལ་པོ་༸ཁྱོད་ལ་གུས་ཕྱག་འཚལ། །

  3. གཟི་མིག་དགུ་པ says:
    2019-09-18 at 4:07 am

    ༼རེ་དོག་མེད་པའི་གྲོགས་པོ།༽
    ཁ་ནས་གྲོགས་པོའི་ལ་རྒྱ་མ་བཤད་རུང་།།
    ལྷད་མེད་གྲོགས་པོའི་བརྩེ་བ་འོད་ལྟར་གསལ།།
    ཕྱི་ཡི་རྣམ་པ་རྫིགས་པོ་མེད་ཀྱང་རུང་།།
    ནང་གི་སེམས་པ་རི་རྒྱལ་ལྷུན་དང་མཚུངས།།
    གྲོགས་པོའི་སྤྱོད་པ་ཇི་ལྟར་སྡུག་ཀྱང་རུང་།།
    ངོ་དགའ་སྤྲེལ་ལད་རྒྱབ་མདུན་ཡོད་མི་སྲིད།།
    གནས་སྐབས་རྒྱུ་ནོར་ལོང་སྤྱོད་འཛོམས་ན་ཡང་།།
    ཨ་གསར་བྱས་ནས་ལས་འབྲས་སྙོགས་མི་སྲིད།།

    སྐྱིད་པའི་དུས་སུ་མཉམ་འཛོམས་མ་བྱུང་རུང་།།
    དཀའ་བའི་དུས་སུ་རྒྱང་ལྟ་བྱེད་མི་སྲིད།།
    ཟ་རྒྱུ་ཡོད་དུས་སྔོན་དུ་མ་སླེབས་རུང་།།
    ལས་རྒྱུ་ཡོད་དུས་མཇུག་ཏུ་ལུས་མི་སྲིད།།

    གྲོགས་པོའི་རྒྱུ་ནོར་དབང་པའི་རེ་བ་མེད།།
    གྲོགས་པོའི་འབྲེལ་ཐག་ཆད་པའི་དོག་པ་མེད།།
    རེ་དོག་མེད་པའི་ལྷད་མེད་གྲོགས་པོའི་འབྲེལ།།
    ཆུ་བོའི་རྒྱུན་བཞིན་གནས་པའི་ཡིད་ཆེས་ཡོད།།

    ཚེ་སྔོན་ལས་ཀྱི་མི་ལུས་རིན་ཆེན་ཐོབ།།
    ལས་སྨོན་བཟང་པོས་ཚེ་འདིར་གྲོགས་སུ་འགྱུར།།
    ཡིད་ཆེས་བརྟན་པོས་གྲོགས་པོར་བློ་འགལ་ཐོབ།།
    དམ་ཚིག་གཙང་མས་རྟག་ཏུ་ལྷན་འཛོམས་ཡོང་།།

    གཟི་མིག་དགུ་པས་ཚོར་སྣང་དུ་བྲིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme