Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྷ་སྲས་བསོད་ནམས་ལ་སྐད་ཆ་འདི་ཡོད།

Posted on 2015-11-192015-11-19 By ཁ་བརྡ་ 13 Comments on ལྷ་སྲས་བསོད་ནམས་ལ་སྐད་ཆ་འདི་ཡོད།

རྔ་བ་བློ་བརྟན།

 
ངས་བོད་ཀྱི་དུས་བབ་ཟིན་བྲིས་སུ་སྤེལ་བའི་ལྷུག་རྩོམ་༼ཁྱོད་ནི། ང་ཡི་སྤོབས་པ་དང་། རེ་བ་ཡིན༽ཞེས་པ་དེ་རྐུན་ལ་ཤོར་ཏེ། ལྷ་སྲས་བསོད་ནམས་ཟེར་བས་ངོ་དེབ་ཏུ་སྤེལ་འདུག ངས་ཁོ་སྒེར་འབྲེལ་བྱས་ཀྱང་ལན་མ་བཏབ་པས་༼ཁ་བརྡ་༽དྲ་བར་༼རྐུན་མ་གསལ་བསྒྲགས༽ཞེས་པའི་ཡིག་ཆུང་ཞིག་སྤེལ་ཡིན།
ངས་གསལ་བསྒྲགས་དེ་སྤེལ་རྗེས་སམ། ཡང་ན་ངས་ངོ་དེབ་བརྒྱུད་སྒེར་འབྲེལ་བྱས་རྗེས་སུ། ལྷ་སྲས་བསོད་ནམས་ཀྱིས་རྩོམ་མཇུག་ཏུ”༼ཁ་བའི་གྲོས་ར༽ ཞེས་པའི་སྐད་འཕྲིན་ཚོགས་པའི་ནང་བཤུས། རྩོམ་པ་པོ་མི་གསལ།”ཞེས་ཁ་སྣོན་བྱས་འདུག འདི་ནི་རང་ཉིད་དཀར་པོ་ཡིན་ཚུལ་སྟོན་པའི་གཡོ་སྒྱུ་འཁྲབ་སྟངས་ཤིག་རེད།

loten 1སྟབས་ཡག་པོ་ཞིག་ལ། ཁོས་འགྱུར་བ་མ་བཏང་སྔོན་གང་ཡིན་པ་དེ་ངས་པར་བརྒྱབ་ཡོད་ལ་པར་འདིར་མཉམ་དུ་ཡོད་པས། དངོས་ཡོད་གང་ཡིན་གསལ་བོ་ཆགས་ཐུབ་པ་མ་ཟད། ལྷ་བསོད་ག་འདྲ་ཞིག་ཡིན་པའང་འདི་ནས་ཤེས་ཐུབ་ངེས་རེད།

ཡང་ཧམ་བཤད་གཞན་ཞིག་ལ། ང་ལ་ངོ་དེབ་བརྒྱུད་སྒེར་འབྲེལ་བྱས་མ་སོང་ཟེར། ངས་ཁོ་ལ་ངོ་དེབ་བརྒྱུད་འབྲེལ་བ་བྱས་པ་མ་ཟད་མཆན་འདོགས་སར་ཡང་གསལ་བཤད་བྱས་ཡིན། ཁོ་ལ་ངོ་དེབ་ཏུ་སྒེར་འབྲེལ་བྱས་ཚུལ་༼རྐུན་མ་གསལ་བསྒྲགས༽ དུ་གསལ་ཡོད། འདིར་ཡང་འབྲེལ་བ་བྱས་པ་ར་སྤྲོད་ཆེད་པར་བཞག་ཡོད་ལ། ཟླ་ཚེས་དག་ལ་ཞིབ་གཟིགས་གནང་ན་ཤེས་ངེས་རེད། འབྲེལ་བ་བྱས་ཏེ་ཉིན་ཞག་གཉིས་ལ་བསྐུགས་་་་ཀྱང་ལན་འབྱོར་མ་སོང་། གལ་ཏེ་ལན་འབྱོར་ན། ངས་ཁོ་ལ་རྩོམ་གྱི་ཁོངས་དང་རྩོམ་པ་པོའི་མིང་འབྲི་རོགས་ལབ་དགོས་བསམ་སོང་ལ། དེ་ལས་གཞན་གང་ཡང་ཞུ་རྩིས་མེད་ལ་དེ་ལྟར་མ་བྱུང་བས་༼རྐུན་མ་གསལ་བསྒྲགས་༽ བྱ་དགོས་བྱུང་བ་རེད། དེ་ནི་བྱེད་འོས་ལ་དགོས་ངེས་ཅན་ཞིག་ཀྱང་རེད།

loten2འདི་ནས་གསལ་བོ་ཆགས་པ་ཞིག་ལ། དང་པོ་བརྐུ་བཤུ་མཁན་དེ་༼ཁ་བའི་གྲོས་ར༽ ཟེར་བའི་སྐད་འཕྲིན་ཚོགས་པ་དེ་མིན་འགྲོ། གངས་བུ་ཟེར་བས་སྤེལ་པར་༼གོང་ས་མཆོག༽ ཅེས་ཁ་བྱང་ལ་ཁ་སྣོན་བྱས་མི་འདུག གོང་ས་མཆོག་ཁ་སྣོན་མཁན་དེ་ལྷ་སྲས་བསོད་ནམས་ཁོ་ཡིན་པ་ཁས་བླངས་སོང་། དེར་བལྟས་ནའང་ལྷ་བསོད་ལག་པ་འགུལ་གྱིན་ཡོད་པ་གསལ་བོ་རེད།
ཡང་ལྷ་བསོད་ཀྱིས་”དུས་བབ་ཏུ་མཐོང་མ་སོང་ལ། རྩོམ་པ་པོ་མིང་འབྲི་དགོས་པ་རེད་ཟེར།” དུས་བབ་དྲ་བའི་གཤམ་དུ་དཔྱད་གླེང་སྡེ་ཚན་གྱི་མདུན་ན་བཞག་འདུག་ལ། རྩོམ་པ་པོ་རྔ་བ་བློ་བརྟན་ཞེས་གསལ་པོ་གསལ་རྐྱང་རེད་དེ། རྩོམ་རྐུན་ཚོས་རྩོམ་པ་པོའི་མིང་མི་འབྲི་བ་དེ་རྐུན་མའི་ཁྱད་ཆོས་རེད་ལ། མིང་བྲིས་ན་རང་རྩོམ་མི་ཆགས་པ་དེ་རྐུན་མ་ཚོས་ལོས་ཤེས། གྲོགས་པོ།

ད་དུང་ལྷ་བསོད་ཀྱིས་ངའི་རྩོམ་ཡིག་བརྐུ་བཤུས་བྱས་པ་དེ་ལ། ང་ལ་བཅོ་བརྒྱད་བྱས་ཡོད་མདོག་མདོག་བཤད་པ་ནི་ང་ཧང་སང་སོང་། རྐུན་མས་ང་ལ་བརྐུ་བྱས་ཏེ་ཁྱོད་ལ་ཕན་ཐོགས་ཡོད་ལབ་ན། མགོ་མཇུག་རྦད་དེ་ལོག་འདུག་པས་ངས་ལན་ཅི་ཞིག་བརྒྱག་དགོས་པ་རེད། རྣམ་པ་ཚོ།
མཐའ་མ་ལ། ལྷ་བསོད་ཀྱིས་རེ་བསྐུལ་ལྟར་རྩོམ་དེ་ཕྱིར་འཐེན་བྱེད་རོགས་ཞེས་ངས་ཁ་བརྡ་དྲ་དཔོན་ལ་འབྲེལ་བ་བྱེད་ཆོག

གསལ་བཤད།

Post navigation

Previous Post: སྤུར་རྒྱལ་བཙན་པོ་མཐའ་མ་གླང་དར་མ་དང་ལྷ་ལུང་དཔལ་གྱི་རྡོ་རྗེ།
Next Post: ༧རིན་ཆེན་དྲུག་པས་སྡེ་སྲིད་མཆོག་ལ་གཟིགས་སྟངས་ག་འདྲ་རེད།

Comments (13) on “ལྷ་སྲས་བསོད་ནམས་ལ་སྐད་ཆ་འདི་ཡོད།”

  1. ཟླ་་བ་དོན་གྲུབ། says:
    2015-11-19 at 9:29 pm

    རྩོམ་ཡིག་ཁྱར་ཁྱོར་ཞིག་ལ་བདག་འཛིན་བྱེད་དགོས་དོན་མེད། བློ་བརྟན་གྱིས་རྩོམ་ཡིག་རྐང་གཅིག་ལ་ཟློས་གར་འཁྲབ་དགོས་དོན་མེད། ཧཧཧཧ། ཀླུ་སྨྱོན་གྱི་རྩོམ་ཡིག་རི་བོའི་དཔུང་ལྟར་ཡོད་ན་ཁག་མེད།

  2. ཟླ་་བ་དོན་གྲུབ། says:
    2015-11-19 at 9:30 pm

    ལྷ་ས་བསོད་ནམས་རེད་འདུག དང་པོ་གཞན་གྱི་མིང་ཤེས་པ་བྱེད་།

  3. ལེགས་བཤད་ says:
    2015-11-19 at 10:17 pm

    འོ་ཡ། ད་ཆོ་མེད་པ་གླེང་མ་སྡོད།

  4. བློ་གྲོས་རབ་བརྟན་ says:
    2015-11-19 at 10:27 pm

    ཟླ་དོན། རྩོམ་ཡིག་མང་ན་བདག་རྒྱག་དགོས་པ་དང་ཉུང་ན་བདག་རྒྱག་མི་དགོས་པའི་ས་མཚམས་གང་ན་འདུག ང་ལ་རྩོམ་གཅིག་མ་གཏོགས་མེད་ནའང་། དེ་ངའི་རྒྱུ་ནོར་རེད། དེའི་བདག་དབང་ང་ལ་ཡོད་པ་རེད། དེ་ངའི་ཁྲིམས་མཐུན་བདག་དབང་རེད། དེའི་ཆེད་དུ་སྐད་རྒྱག་པ་ངའི་ཐོབ་ཐང་རེད། སྐད་ཆ་བསམས་ནས་ཤོད། གྲོགས་ལོ་ལོ།

  5. མྱི་དཀར says:
    2015-11-19 at 10:34 pm

    རྩོམ་འཁྱོག་ཚིག་རྐང་རེ་ཟུང་གི་ཆེད་དུ་རྙོག་དྲ་ཆེ་བ་ལ། རྩ་ཆེན་ཞིག་ཡིན་མདོག་མདོག ཨ་མ་མ།

  6. སྤྱན་ཆེན་པོ། says:
    2015-11-20 at 3:25 am

    ད་རྩོམ་རྐུན་གྱི་ཁ་དར་འདུག ཉེ་སྔོན་ངས་ཀྱང་སྙན་ངག་ཅིག་བྲིས་ནས་སྐད་འཕྲིན་གྱི་ངོས་སུ་བཀོད་མ་ཐག་གཞན་ཞིག་གིས་ཅི་བཞིན་རྐུས་ནས་ཁོའི་མིང་ཐོག་ནས་ངོ་དེབ་ནང་བཀོད་འདུག་ཟེར། གཞན་གྱི་རྔུལ་ཆུ་ལས་གྲུབ་པའི་རྩོམ་ཡིག་ལ་བདག་བཟུང་བྱེད་འདོད་པ་ངོ་ཚ་མེད་པ་དང་ནི་ཧམ་པ་ཚ་བའི་རྟགས་རེད། འདིའི་རིགས་ལས་སླ་བོ་འཇོག་མི་ཉན་ཁོ་ཐག་རེད།

  7. ཅོ་རི་ཉི་མ། says:
    2015-11-20 at 4:07 am

    བཙན་བྱོལ་སྒྲིག་འཛུགས་ཀྱི་སྤྱིའི་རྒྱུ་དངོས་རྐུ་མཁན་ཚོ་ལ་དགག་པ་རྒྱབ་ཐུབ་ན་ཡག་པོ་འདུག་ག ལྐོག་ཟ་རུལ་སུངས་དང་སྤྱིའི་རྒྱུ་སྒེར་བདག་བྱས་མཁན་ཚོའི་ཐོག་ཏུ་དགག་ཚིག་འབྲུ་གཅིག་མེད་པར་རྩོམ་རྙོག་ཞིག་རྐུས་སོང་ཟེར་ནས་ཧང་མདོག་དང་ཧན་ཐོར་མདོག་བྱས་་བསྡད་པ་འདི་དག་ལ་བོད་མི་ཤེས་ལྡན་སུས་བལྟས་ནའང་དགོད་མོ་ཤོར་ཡ་འདྲ་ཞིག་མ་གཏོགས་ཅང་མཐོང་མི་སྲིད་དོ།

  8. རྡོ་སེངྒེ། says:
    2015-11-20 at 5:55 am

    རྒྱུ་ནོར་གྱི་རིན་ཐང་ལ་དཔག་ནས་རྐུན་མ་ཡིན་མིན་ཐག་གཅོད་པ་མ་རེད།
    ཁབ་སྐུད་པ་གང་བསྐུས་ཀྱང་རྐུན་མའི་མིང་མ་གཏོགས་མིང་གཞན་ཞིག་ཡོད་མ་རེད།

  9. བསོད་ནམས། says:
    2015-11-20 at 6:00 am

    ལྷ་སྲས་བསོད་ནམས་ཟེར་བ་དེ་ཡག་པོ་ཞིག་ལ་ངོས་འཛིན་མེད

  10. བློ་གྲོས་རབ་བརྟན་ says:
    2015-11-20 at 3:39 pm

    ཙོ་ཉི། ངའི་རྩོམ་གྱི་ཆེད་དུ་ངས་སྐད་རྒྱག་གི་རེད། དེ་མ་རེད་ཟེར་ན། ཟེར་མཁན་ནོར་བ་རེད། ང་ལ་དབང་བའི་རྩོམ་ཡིག་ངའི་རེད་མ་གཏོགས་ཁོའི་མ་རེད། དེ་དང་པོ་ཤེས་པར་གྱིས། དེ་མིན་འབྲེལ་མེད་དོན་གཞན་བཤད་མ་སོང་། ཙོ་ཉི།

  11. རླུང་། says:
    2015-11-21 at 5:18 pm

    མིང་མེད་པར་འདྲེན་བཀོད་བྱེད་སྟངས་འདི་འུ་ཚོར་དར་སྲོལ་ཆེ་བའི་གོམས་གཤིས་ཤིག་ཡིན། དྲ་བའི་སྤྱི་ཚོགས་འདིར་དེ་འགག་ཐུབ་རྒྱུ་དཀའ་ལས་ཁག་པོ་རེད། ཁ་ཤས་ཀྱིས་གཞན་མིང་སྤྱད་དེ་དགོས་མི་དགོས་བཅོ་བརྒྱད་བཤད་མཁན་ཀྱང་ཡོང་གི་ཡོད་པ་རེད་མོད་དེ་དག་ཀྱང་འགོག་རྒྱུ་དཀའ། ཡང་ཕྱོགས་གཅིག་ནས་བཤད་ན་མིང་མེད་པར་འདྲེན་བཀོད་བྱས་པ་ཙམ་གྱིས་རྩོམ་ཡིག་བརྐུ་འཁྱེར་གྱི་མིང་འདི་ཐོག་དཀའ། གང་ལྟར་གནས་ཚུལ་ཚབ་ཆེན་ཞིག་གང་ཡང་མ་རེད། ཁྱོད་ཀྱི་བསམ་བློ་ཁྱབ་སྤེལ་གཏོང་རོགས་གནང་བ་ཙམ་རེད། འདི་ལ་དབྱིན་ཡིག་ནང་ share གནང་བ་ཙམ་རེད་མོ། ད་སྤོ་མ་ཁོལ་་་གྲོགས་པོ། ཧཧཧཧ

  12. བློ་གྲོས་རབ་བརྟན་ says:
    2015-11-22 at 12:00 am

    རླུང་ལགས། དབྱིན་སྐད་ share མཉམ་སྤྱོད་བྱེད་མི་ཆོག་ངས་ཟེར་གྱི་མེད། མཉམ་སྤྱོད་བྱེད་ན་བྱེད་སྟངས་ཡོད་པ་རེད། བྱེད་སྟངས་ཚུལ་མཐུན་མ་བྱས་ན་བརྐུས་པ་རེད། རྩོམ་ཁོངས་གང་ཡིན་དང་རྩོམ་པ་པོའི་མིང་གསལ་དགོས་པ་རེད། དེ་སྤྱིའི་འགྲོས་རེད། དེ་བརྩི་དགོས་པ་རེད། དེ་བརྩིས་ན་རྙོག་དྲ་མེད། དེ་མ་བརྩིས་ཕྱིར་རྙོག་དྲ་བྱུང་བ་རེད། ངའི་རྩོམ་ང་ལ་དབང་བ་རེད་ལ་དེའི་བདག་དབང་ང་ལ་ཡོད་པ་རེད། མིའི་བདག་དབང་གང་ཡིན་ཀྱང་ཕན་ཚུན་གུས་བརྩི་དགོས་པ་རེད། ད་དེ་ཙམ་ཡིན། བཤད་ན་མང་མོད་གོ་བརྡ་སྤྲོད་ས་ཞིག་ཡིན་མིན་གང་ཤེས། རང་ངོ་སྟོན་མི་ཐུབ་པའི་རླུང་ལགས། རླུང་འཚུབ། རླུང་ཐན། རླུང་ནག་འཚུབ་མའི་དཀྱིལ་ན་ཁ་གདེང་མཆེ་་་་་་་་་

  13. སྡོང་ཆུ་མིག says:
    2015-11-23 at 10:31 am

    ལྷ་སྲས་བསོད་ནམས་ཟེར་བའི་མི་འདིའི་གསར་འགྱར་དང་མི་གཞན་གྱི་རྩོམ་ཡིག་རྐུན་མཁན་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme