Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྷ་རམས་པ་རྗེ་བློ་བཟང་དགེ་འདུན་མཆོག་གི་རྣམ་ཐར་མདོར་བསྡུས།            

Posted on 2020-05-24 By ཁ་བརྡ 1 Comment on ལྷ་རམས་པ་རྗེ་བློ་བཟང་དགེ་འདུན་མཆོག་གི་རྣམ་ཐར་མདོར་བསྡུས།            

བློ་བཟང་སྨྲ་མཁས།
 
ཟླ་མེད་རྣམ་དཔྱོད་གསེར་གྱི་ལྡེ་མིག་གིས།།
འཕགས་བོད་རྩ་འགྲེལ་མཛོད་ཀྱི་སྒོ་ཕྱེ་ནས།།
བཤད་སྒྲུབ་ཆོས་ཀྱིས་འགྲོ་རྣམས་ཚིམས་མཛད་པའི།།
རྗེ་བཙུན་བློ་བཟང་དགེ་འདུན་སྤྱི་བོས་མཆོད།།

དེ་ཡང་ལུང་རིགས་སྨྲ་བའི་དབང་ཕྱུག་ལྷ་རམས་པ་རྗེ་བློ་བཟང་དགེ་འདུན་མཆོག་ནི་རབ་བྱུང་བཅུ་དྲུག་པའི་ཤིང་འབྲུག་སྟེ་ཕྱི་ལོ་༡༩༦༤ལོའི་ཧོར་ཟླ་༣པའི་ཚེས་༡༨ཉིན་གྱི་སྐྱ་རེངས་དང་པོའི་དུས་སུ་མདོ་སྨད་གཅན་ཚའི་ཡུལ་གྱི་ཁོལ་ས་ཐང་སྡེ་བར་ཡབ་རྟ་ལོ་དང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས།    ཡབ་ཡུམ་གཉིས་ལ་སྲས་སྲས་མོ་བརྒྱད་ཡོད་པ་ལས་རྗེ་ཉིད་གཉིས་པ་ཡིན་ཞིང་མཚན་ལ་ནམ་མཁའ་ཐར་གསོལ།

དགུང་ལོ་བརྒྱད་ཀྱི་སྟེང་ཡི་གེ་འབྲི་ཀློག་དང་སུམ་རྟགས་སོགས་ལ་སྦྱང་བརྩོན་བྱས་ནས་ས་ཁུལ་དེའི་སློབ་ཆུང་མཐར་ཕྱིན།    དགུང་ལོ་བཅོ་ལྔའི་སྟེང་བསྟན་པའི་གསལ་བྱེད་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཨ་ཁུ་དགེ་འདུན་རྒྱ་མཚོ་ཆེ་བ་ཚང་གི་མདུན་ནས་གསང་སྟབས་ཀྱིས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་མནོས།    ལ་མོ་བདེ་ཆེན་གྱི་ཆོས་སྒོར་ཞུགས་ནས་དགེ་བཤེས་གྲགས་པ་ཚང་ཡོངས་འཛིན་དུ་བསྟེན་ཏེ་བསྡུས་གྲྭ་དང་བློ་རྟགས། གྲུབ་དོན་ས་གསུམ་བཅས་ལ་སྦྱངས་ཞོར་སུམ་རྟགས་དང་སྙན་ངག་མེ་ལོང་མའི་ལེའུ་གསུམ་གའི་དཔེ་བརྗོད་དང་བཅས་སྦྱངས་བརྩོན་མཛད།

དགུང་ལོ་ཉེར་གཅིག་པར་བློ་རྒྱུགས་དང་རྩོད་རྒྱུགས་ཀྱི་རྩེར་སོན་བཞེས་པས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆོས་སུ་ཞུགས་ནས་ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་དང་ཨ་ཁུ་ཡོན་ཏན་ཚང་གཉིས་ཀྱིས་ལེགས་པར་བསྐྱངས།    རིགས་ལམ་མྱུར་ཞིང་རྣོ་བ་དང་།   ཚིག་གི་བརྗོད་པ་གཙང་བ་སོགས་དོན་གཉེར་ཅན་རྣམས་ལ་བློ་གྲོས་ཀྱི་པད་མོ་འབྱེད་པའི་བཀའ་དྲིན་མཛད།

ཕྱི་ལོ་༡༩༨༩སྟེ་དགུང་ལོ་ཉེར་ལྔའི་སྟེང་ཐུགས་བསྐྱེད་ཆེན་པོས་གསང་སྟབས་ཀྱིས་འཕགས་ཡུལ་དུ་འབྱོར།  ༧གོང་ས་མཆོག་གི་གསེར་ཞལ་མཇལ་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས།  སྒོ་མང་མཁན་པོ་ད་ལྟའི་འབྲས་སྤུངས་མཁན་ཁྲི་རྗེ་བཙུན་བློ་བཟང་བསྟན་པ་ལས་བརྩི་བཞག་གསན། མཁན་ཁྲི་མཆོག་དང་ཁྲིད་རྒྱུན་མན་ངག་གི་གཏེར་མཛོད་ཆེན་པོ་རྗེ་ཡོན་ཏན་རྒྱ་མཚོ།  ཀུན་གླིང་ཡོངས་འཛིན་མངའ་རིས་དགེ་བཤེས་བློ་བཟང་ཚུལ་ཁྲིམས་སོགས་གཙུག་ཏུ་བཀུར་ནས་སྐབས་དང་པོའི་འཛིན་གྲྭར་ཞུགས།     ལོ་གཅིག་འདས་ཙམ་ནས་དོན་གཉེར་ཅན་ཚོས་ནན་སྐུལ་ཞུ་བ་ལ་བརྟེན་ནས་དཔེ་ཁྲིད་གནང་ཞིང་བཀྲ་ཤིས་སྒོ་མང་གོང་འོག་གི་ཐུན་མོང་མ་ཡིན་པའི་རིགས་ལམ་གྱི་འགྲོས་ཐུགས་ཁུར་རྒྱ་ཆེར་གནང་།

ཆུང་གཞོན་ནུའི་དུས་ནས་སློབ་གཉེར་ལ་གཞོལ་བའི་ཐུགས་གཤིས་དང་རྡོ་རུས་ཐུག་པ་ལྟ་བུའི་བརྩོན་འགྲུས་བསྐྱེད་པ་ལས་འཇང་དགུན་ཆོས་སོགས་གདན་གསུམ་རིགས་སྨྲ་འདུས་པའི་དབུས་སུ་ལུང་རིགས་རྣོན་པོས་ཕས་རྒོལ་འཇོམས་པའི་སྤོབས་པ་གཟེངས་སུ་ཐོན་པས་སྒོ་མང་བློ་བཟང་དགེ་འདུན་ཞེས་མཁས་གྲགས་གདན་ས་གསུམ་ལ་ཁྱབ།

དགུང་ལོ་༣༨སྟེང་འཕགས་བོད་ཀྱི་མཁས་གྲུབ་རྣམས་ཀྱི་དགོངས་པ་མཐར་ཐུག་ལ་དཔྱོད་པའི་མཁྱེན་རབ་ཕུལ་དུ་ཕྱིན་པ་མངའ་བའི་དབང་གིས།     ལོ་ངོ་དྲུག་གི་རིང་དགེ་ལུགས་རྒྱུགས་སྤྲོད་ལ་སོང་བའི་འབྲས་རྟགས་སུ་ལྷ་རམས་ཨང་དང་པོའི་དང་པོ་ཡི་མཚན་བཏགས་གནང་།   ལོ་དེར་ཆོས་བརྒྱུད་རིས་སུ་མེད་པའི་སྨོན་ལམ་འཕར་མ་ཞིག་གནས་མཆོག་རྡོ་རྗེ་གདན་དུ་ཚུགས་པ་དང་།  སྨོན་ལམ་དམ་བཅའི་སྐབས་སུ་བཀའ་པོད་ལྔའི་དཀའ་གནད་ཕྲ་མོ་ནས་ཚིག་འཁྲི་ཚུན་ལ་ཡང་ཞིབ་ཆ་ཤིན་ཏུ་ཕྲ་བ་གནང་བ་སོགས་ཀུན་གྱིས་དགའ་དད་ཀྱི་མེ་ཏོག་གཏོར།

ཁོང་ནི་ནམ་རྒྱུན་བསྡུས་གྲྭ་ནས་མཛོད་འདུལ་བར་དཔེ་ཁྲིད་འཆག་མེད་དུ་གནང་ཞིང་རྟག་ཏུ་ཞི་ཞིང་དུལ་བའི་ངང་འཆད་རྩོད་རྩོམ་གསུམ་གྱིས་ངལ་སྣང་ཡེ་མི་མཛད་པར་རང་གི་སློབ་མར་ཐུགས་བརྩེ་བ་ཆེན་པོས་རྩ་འགྲེལ་ངོ་སྤྲད་དེ་གཞུང་དོན་ལ་མཛུབ་མོ་རི་སྟོན་གནང་ཞིང་།   མཐའ་གཅོད་པའི་རིགས་པས་ཚིག་དོན་གྱི་འཁྲུལ་བ་ཚར་གཅོད་ཅིང་ཐོས་པའི་དོན་ལ་གཏིང་ཚུགས་པའི་གོ་བ་སྐྱེད་པར་བྱེད་པའི་སྐྱེས་བུ་ཞིག་གོ

ཕྱི་ལོ་༢༠༠༤ལོར་རྡོ་རྗེ་འཆང་ཆེན་པོ་ལ་མོ་ཡོངས་འཛིན་ཚང་གི་བཀའ་དགོངས་སྤྱི་བོར་བཏེགས་ནས་ཕ་ཡུལ་ལ་ཕེབས་ནས་བླ་སློབ་གཉིས་ཞལ་མཛོམས་བྱུང་།      ལ་མོ་བདེ་ཆེན་གྱི་རྩོད་ཡིག་ལྗགས་རྩོམ་མཛད།   ལོ་འཁོར་རྒྱུགས་སྤྲོད་སོགས་བཙུགས་ནས་ཡུལ་ལུང་དེར་ཆོས་ཀྱི་ཆར་རྒྱུན་ཕབ།    ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་༥ཚེས་༢༡ཉིན་རྒྱ་ནག་གི་སྨན་ཁང་ཞིག་ཏུ་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན།

གསུང་ལས་སྐྱེས་པའི་སློབ་མའི་ཚོགས་ནི་མདོ་སྔགས་གཞུང་ལུགས་ལ་སྦྱངས་པ་མཐིལ་ཕྱིན་གནང་སྟེ་མཁས་གྲལ་མཐོན་པོར་བསླེབས་པ་ནི་བགྲང་གིས་མི་ལང་ལ། དེ་དག་ལས་བོད་ཕྱི་ནང་གཉིས་དང་ཧི་མ་ལ་ཡའི་རི་བརྒྱུད།   སོག་པོ།  ར་ཤི་ཡ་སོགས་ཀྱི་དགོན་སྡེ་ཁག་ཏུ་དཔེ་ཁྲིད་བྱེད་བཞིན་པའི་དགེ་བཤེས་ལྷ་རམས་པ་དང་ཚོགས་རམས་པ་སོགས་མདོར་ན་ཀུན་མཁྱེན་བླ་མའི་ཡིག་ཆའི་ཁྱབ་ཁོངས་སུ་གྱུར་པའི་དགོན་སྡེ་ཁག་ཏུ་ཁོང་གི་གསུང་རྒྱུན་གྱིས་ཕལ་ཆེར་མ་ཁྱབ་པ་མེད་པ་ལྟ་བུར་གྱུར་པ་སོགས་དམ་པ་གང་གི་རྣམ་ཐར་གྱི་ཆ་ཙམ་བརྗོད་པ་འདི་ནི་གང་ཉིད་མྱ་ངན་ལས་འདས་ཚུལ་བསྟན་ནས་ལོ་འཁོར་བཅུ་གཉིས(༢༠༠༨-༥-༢༡____༢༠༢༠-༥-༢༡)འཁོར་བའི་རྗེས་དྲན་གྱི་ཚུལ་དུ་ཀླུ་འབུམ་བློ་བཟང་སྨྲ་མཁས་ཀྱིས་ཟླ་༥ཚེས་༢༠ཉིན་རྫོགས་པར་བྲིས།

ལོ་རྒྱུས།

Post navigation

Previous Post: མཚོ་མོ་རྒྱས་སོང་། རླུང་ཡང་དེ་བཞིན་ལྡིང་། 

Next Post: གྲོགས་པོ་ཡག་ཤོས།

Comments (1) on “ལྷ་རམས་པ་རྗེ་བློ་བཟང་དགེ་འདུན་མཆོག་གི་རྣམ་ཐར་མདོར་བསྡུས།            ”

  1. ཉི་མ་རང་གྲོལ། says:
    2020-05-25 at 5:26 am

    སྐྱབས་སུ་མཆིའོ། །ངེས་པ་དོན་གྱི་མཁས་དབང་ཆེན་མོ་རྗེ་བཙུན་བློ་བཟང་དགེ་འདུན་མཆོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (60)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme