Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྷ་ཆེན་ཁྲོས་པའི་རི་ཆེན་ཉུལ།

Posted on 2013-04-052013-04-05 By ཁ་བརྡ་ 35 Comments on ལྷ་ཆེན་ཁྲོས་པའི་རི་ཆེན་ཉུལ།

གཡུ་སྒང་འཇིགས་མེད། དབུས་ཀོ་ལེ་གྷལ་གྱི་བོད་དགེ
–མལ་དྲོ་གུང་དཀར་དུ་ཀླ་ཀློས་གསེར་གཏེར་སོགས་བསྔོགས་ནས་རི་ཉུལ་བྱུང་པའི་ཚོར་སྣང་།

ལྷ་སྲུང་ཁྲོས་པའི་རི་ཉུལ་བྱས་ནས་དགྲ་བོ་རྒྱ་ལ་རྒོལ་བ་ན།།

བདག་གི་ཡིད་ཀྱི་གངས་སེང་དཀར་མོ་སྤྲོ་བའི་གཡུ་རལ་དགོང་ལ་སྤྲུགས།།

ཉེས་མེད་ལས་ཀྱིས་ལུས་སྲོག་དོར་བར་བདག་གི་ཡིད་འདི་དགའ་བ་མིན་ཡང་།།
ཀླ་ཀློའི་དཔུང་ལ་ལན་གཅིག་རྒོལ་པར་ཡུལ་ལྷའི་ཚོགས་ལ་བསྔགས་འདོད་སྐྱེས།།

མི་རབས་བརྒྱ་ཕྲག་བརྒྱུད་པའི་འཕྲེང་ལས་ཤིན་ཏུ་གཅེས་པའི་གཏེར་རྫས་དག།

ཡུལ་ལྷའི་ཚོགས་ཀྱི་ནོར་དུ་བརྩིས་ནས་ང་ཚོས་སྤར་གང་ལེན་མྱོང་མེད།།

ད་ལྟ་ཀླ་ཀློའི་དཔུང་གིས་འཕྲོག་དུས་གོ་མེད་ཚོར་མེད་མ་སྡོད་པར།།

ཡུལ་ལྷའི་མཐུ་དཔུང་གཅིག་ཏུ་བརྡུང་ལ་ནག་ཕྱོགས་དགྲ་ལ་སོ་ཁ་གཏོད།།

ལྷ་ཆེན་ཁྲོས་པས་རི་ཆེན་ཉུལ་དུས་ང་ཡི་ཡིད་ལ་སྤྲོ་བ་རྒྱས།།

གཞལ་བྲལ་རིན་ཆེན་གཞན་གྱི་འཕྲོག་དུས་གཞལ་མེད་སྡུག་གི་ཁུར་བོ་ལྗི།
མི་ཡི་ལུས་སྲོག་འབེན་དུ་བཙུགས་ནས་ཡུལ་གྱི་ཆེད་དུ་རང་སྲོག་དོར།།

ཡུལ་ལྷའི་ཚོགས་ཀྱང་དཔུང་ཚོགས་བསྡེབས་ལ་དགྲ་བོའི་མགོ་བོ་འགྱོག་མ་འཇུག།

ཟས་ཕུད་གོས་ཕུད་ཁྱོད་ཚོར་ཕུལ་ནས་བརྒྱ་ཕྲག་སྟོང་ཕྲག་ལོ་མང་མཆོད།།

སྲིད་པ་ཆགས་ནས་ད་ལྟའི་བར་དུ་སྲོག་ཀྱང་བཏང་ནས་ཁྱོད་ཚོར་མཆོད།།

ད་ལྟ་ཕ་མའི་ཁྱིམ་གཞིའི་ནང་ལ་དགྲ་ཡི་འདྲེ་ལག་བརྐྱངས་དུས་འདིར།།

རྟགས་དང་མཚན་མ་སྟོན་རྒྱུ་མེད་ན་གཟུགས་ཅན་མི་ལ་ངོ་རེ་ཚ།།

སྙན་ངག

Post navigation

Previous Post: རྒྱང་རིང་གི་ཁྱོད།
Next Post: བོད་ཕྲུག་གཉིས་ལ་མཛེས་རྩལ་འགྲན་སྡུར་གྱི་བྱ་དགའ།

Comments (35) on “ལྷ་ཆེན་ཁྲོས་པའི་རི་ཆེན་ཉུལ།”

  1. ཇ་མ་ says:
    2013-04-05 at 8:25 am

    ཨ་མ་ཡ་་་་་་་དེ་འདྲའི་བསམ་པ་ནག་ག་ལགས། ང་ཚོའི་འཐབ་བརྩོད་བྱེད་ས་རྒྱ་མི་མིན། རྒྱ་མག་གི་སྲིད་ཅུས་རེད་བོད་དགེ་ལགས།

  2. བྲེ་སེར་འབྲོང་ says:
    2013-04-05 at 8:50 am

    དོན་མཐུན་གྱི་བོད་རྒན་ཞིག་གིས་དོན་མཐུན་གྱི་བསྔགས་པ་མཛད་པར་ཡང་བསྔགས་འོས་སུ་མཐོང་།
    ཞོར་འཕྲོས་སུ། བོད་རྒན་ལགས། ལྷ་ཆེན་ཁྲོས་པས་རི་ཆེན་ཉིལ། མིན་ནམ་ལགས།

  3. མེ་ཏོག་དཀར་པོ says:
    2013-04-05 at 11:09 am

    ཉམ་ཆུང་མི་མང་བསད་པའི། །
    ལྷ་ཆེན་ཁྲོས་སྟངས་འདི་འདྲ། །
    ཇ་ཕུད་ཆང་ཕུད་མཆོད་པ།།
    དཀའ་ལས་ཁག་རོགས་མིན་འདྲོ། །

  4. བྲེ་སེར་འབྲོང་ says:
    2013-04-05 at 11:20 am

    མ་བདག་བདག་ཏུ་བཟུང་སྐབས། །
    ལྷ་ཆེན་ཁྲོས་ཚུལ་འདི་ཡིས། །
    ཇ་ཆང་ཕུད་ཀྱི་མཆོད་པའི། །
    དགོས་དོན་འགྲུབ་པའི་དན་རྟགས། །

  5. རི་རྒྱལ་ཏི་སེ། says:
    2013-04-05 at 11:23 am

    ལྷ་ཆེན་ཁྲོས་པས་རི་ཆེན་སྙིལ་ན་ལྷ་ཆེན་ཡིན་པའི་དོོན་གོ་ཆུང༌།།
    ལྷ་ཆེན་དེ་ནི་པད་འབྱུང་ལ་སོགས་བོད་ཀྱི་བླ་མས་དམ་བསྐོས་མིན།།
    ལྷ་ཆེན་ཐེབས་ཆག་འབངས་མིར་འཚེ་བའི་མིང་ཙམ་འཛིན་པའི་ལྷ་ཆེན་དེ།།
    ལྷ་ཆེན་རྒྱ་ནག་དཔོན་ལ་སྐྲག་ནས་གབ་སའི་རི་ཡང་ཉིལ་དེ་ཕངས།།

  6. བྲེ་སེར་འབྲོང་ says:
    2013-04-05 at 11:25 am

    ཡིས། ། ཡང་། །

  7. རང་དབང་ཨ་རྡུ་མན། says:
    2013-04-05 at 11:41 am

    དགོས་པའི་དུས་ལ་ལྷ་ཆེན་ནམ་མཁའི་མེ་ཏོག་གོ

    གལ་ཏེ་ལྷ་ཆེན་ཡོད་ན་ང་དགུའི་ལོ་ལ་ག་པར་ཐལ།

  8. རི་རྒྱལ་ཏི་སེ། says:
    2013-04-05 at 12:09 pm

    སྙམ་ཆུ་མགོ་ལ་ལྷ་ཆེན་ཁྲོས་པའི་དཔའ་རྩལ་ངོམས།།
    རྒྱ་དཔོན་མདུན་དུ་སྒོ་ཁྱི་འདྲིས་འདྲའི་ངོ་དགའ་ཁྲབ།།
    རྨོངས་དད་ཅན་ལ་ལྷ་ཆེན་གཟུགས་མེད་གྲིབ་སོ་སྟོན།།
    ང་དགུའི་ལོ་ནས་ལྷ་ཆེན་ནམ་མཁའི་པདྨོ་ཡལ།།

  9. མེ་ཏོག་དཀར་པོ says:
    2013-04-05 at 12:27 pm

    མ་བདག་བདག་ཏུ་བཟུང་མཁན།།
    བེ་ཇིང་རྒྱལ་སར་མེད་དམ། །
    ལྟོས་གོས་འཚོལ་མཁན་འདི་ཚོར། །
    ལྷ་ཡིས་བརྙས་བཅོས་ཙམ་རེད། །

  10. ཐུ་བ་རྒྱ་མཚོ། says:
    2013-04-05 at 12:52 pm

    རི་ཁོག་བྲུས་ན་རི་བོ་ཉིལ་བའི་ལས། །
    དངོས་པོའི་གཤིས་ལུགས་གནག་རྫི་རྒད་པོས་ཀྱང་། །
    སེམས་ལ་ཁྲིགས་སེ་ཡོད་པའི་ཆོས་ཉིད་འདི། །
    ལྷ་ཆེན་ཁྲོས་པའི་མགོ་ལ་བཞག་འདི་སྐྱོ། །

  11. ཐུ་བ་རྒྱ་མཚོ། says:
    2013-04-05 at 12:57 pm

    ལྗོན་པའི་རྩ་བ་བཅད་པ་ན། །
    ལྗོན་ཤིང་མི་བརྟན་འགྱེལ་པ་བཞིན། །
    རི་བོའི་རྩ་བ་སྟོང་གྱུར་ན། །
    རི་བོ་མི་རྡིབས་རང་དབང་ཅི། །

  12. ཐུ་བ་རྒྱ་མཚོ། says:
    2013-04-05 at 1:05 pm

    བལྟས་ན་མཐོང་ཞིང་རག་ན་ཐུག་གྱུར་པའི། །
    དངོས་པའི་ཆོས་ཉིད་རྒྱང་དུ་བཞག་གྱུར་ནས། །
    གཟུགས་མེད་ལྷ་ཡི་མཐུ་ནུས་ལ་རྨོངས་པའི། །
    མངོན་སུམ་ལས་ལ་སྙོམས་པ་ཤིན་ཏུ་འཁྲུལ། །

  13. ཐུ་བ་རྒྱ་མཚོ། says:
    2013-04-05 at 1:22 pm

    སྙོམས་་་་སྙོན་ལ་བཅོས།

  14. བྲེ་སེར་འབྲོང་ says:
    2013-04-05 at 2:31 pm

    མ་བདག་བདག་ཏུ་བཟུང་མཁན། །
    བོད་དུ་འདྲེ་ལག་བརྐྱངས་མཁན། །
    སྣོད་བཅུད་བཙན་འཕྲོག་བྱེད་མཁན། །
    བོད་ལྷས་ཡན་པོར་མི་འཇོག། །

  15. བདག་པོ། says:
    2013-04-05 at 3:14 pm

    རི་ཉིལ་ནས་མི་ཤི་བ་དེ་དག་ལྷ་འདྲེའི་ནུས་སྟོབས་ཡིན་ན་སྒ་སྐྱེ་རྒུ་མདོའི་ས་ཡོམ་སྐབས་མི་ཁྲི་ལྷག་རྐྱེན་ལམ་དུ་ཕྱིན་པ་དེ་དག་ཀྱང་ལྷ་ཆེན་གྱིས་བཟོས་པ་མིན་འགྲོ། ཤོད་སྟངས་འདིའི་རིགས་དངོས་པོའི་ཆོས་ཉིད་དང་མི་མཐུན།

  16. མེ་ཏོག་དཀར་པོ says:
    2013-04-05 at 10:17 pm

    ལྷ་ཆེན་ཁྲོས་ཐེངས་གཅིག་གིས།།
    ༧རྒྱལ་བ་བོད་ནས་དེད་སོང་།།
    ༧པཎ་ཆེན་ལོ་དགུར་བཅུག་སོང་།།
    བོད་མི་ས་ཡ་བསད་སོང་།།

  17. ལྷ་སྲས་ཐ་ཆུང་། says:
    2013-04-05 at 10:57 pm

    ལྷ་ཆེན་ཁྲོས་ས་ནོར་འདུག།
    འབངས་མི་ཤི་བ་ནོར་འདུག།
    མཐུ་ཆེན་ལྷ་ཞིག་ཡོད་ན།།
    གུང་ཁྲན་གཞུང་དེ་གཏོར་ཅིག།

  18. འདྲེ་རྐང་ཐོ། says:
    2013-04-05 at 11:57 pm

    རྒྱ་རོ་འདི་བ་ཚང་གི་འགྲོ་སྟངས་ཏེ། །
    མི་ཡི་སྲོག་ནི་གལ་ཆེན་མ་བལྟས་པར། །
    འགྲོ་སོང་ཉུང་ཉུང་བཏང་སྟེ་རི་ཆེན་པོའི། །
    ཁོག་པ་དྲུས་ན་འདི་ལས་ཡོང་རྒྱུ་ཅི། །

  19. ཚ་ཕྲུག་རྒྱལ། says:
    2013-04-06 at 2:28 am

    བོད་ཀྱི་ཡོད་ཚོད་བརླགས་པའི་རྗེས་ནས་ལྷ་ཆེན་ལྷ་ཆུང་ཁྲོས་རྒྱུ་ཞིག་ཡོད་སྲིད། རྨོངས་རྒན་ཚོས་འདི་བཞིན་བཤད་པའི་གཏམ་རྒྱུད་མང་ནི་རེད།

  20. ལོག་སྨྲ་ཚར་གཅོད། says:
    2013-04-06 at 11:14 am

    ད་རེས་རི་བོ་ཉིལ་བའི་དོན་རྐྱེན་འདིས།།
    ཚན་རྩལ་གོང་འཕེལ་ལྟ་བ་ཆུ་ལ་གཡུག།།
    བོད་ལྗོངས་འཕུར་མཆོང་ལྟ་བུ་བྲག་ལ་བརྡབ།།
    ཡར་རྒྱས་གསར་གཏོད་རང་བཞིན་མེ་ལ་སྲེག།
    གནམ་ས་བླ་འོག་བསྒྱུར་བ་དོན་མེད་བཏང་།།
    རྒྱ་དམར་གུང་ཁྲན་ངོ་ཚའི་གནས་སུ་བཀོད།།

  21. བྲེ་སེར་འབྲོང་ says:
    2013-04-06 at 11:53 am

    སངས་རྒྱས་བསྟན་པའི་སྤྱི་དགྲ།
    བོད་འབངས་ཡོངས་ཀྱི་སྒོས་དགྲ།
    རྒྱ་ཁྱི་རྒྱ་འདྲེ་ཁག་ཅིག།
    ཐལ་བའི་རྡུལ་དུ་སྒྱུར་འདུག།

  22. ནུབ་ཕྱོགས་གངས་ཕྲུག་ says:
    2013-04-06 at 12:30 pm

    ལྷ་ཆེན་ཁྲོས་པས་རི་ཆེན་ཉིལ།
    གུང་བྲན་ཁྲོས་ནས་བོད་པ་མྱང་།
    དབུ་མ་ཁྲོས་ནས་རང་བཙན་སྡང་།
    མདོར་ན་ཐམས་ཅད་ཁྲོས་པས་རྐྱེན།

  23. མེ་ཏོག་དཀར་པོ says:
    2013-04-06 at 12:58 pm

    བོད་ས་ཧམ་བཟུང་བྱས་དུས།།
    ལྷ་ཆེན་གཉིད་ལས་མ་གྲོལ། །
    བོད་འབངས་མནར་གཅོད་བཏང་དུས། །
    ལྷ་ཆེན་གདོང་པ་ཁྲུས་གི །
    ༧རྒྱལ་མཆོག་བྲོས་དགོས་བྱུང་དུས། །
    ལྷ་ཆེན་ཞོགས་ལྟོ་ཟ་གིས། །
    ༧པཎ་ཆེན་འཐབ་འཛིང་བཟེད་དུས། །
    ལྷ་ཆེན་ལས་ཁུངས་འགྲོ་གི །
    རིག་གནས་གསར་བརྗེའི་དམྱལ་བར། །
    ལྷ་ཆེན་ཚོགས་འདུར་ཞུགས་འདུག །
    དཔའ་བོ་མེར་སྲེག་གཏོང་དུས། །
    ལྷ་ཆེན་ཉི་མ་ལྡེ་གིས། །
    ལྷ་ཆེན་ཁོམས་པ་བྱུང་ནས། །
    ཞེ་སྡང་གཏིང་ནས་འཁྲུངས་རྗེས། །
    སྤྲང་པོ་སྤར་གང་བསད་སོང་། །
    བོད་ཀྱི་ལྷ་ཆེན་རྒྱལ་ལོ། །
    ཁྲོས་སྟངས་དཔེ་མེད་རྒྱལ་ལོ།།
    ཆེན་པོ་གར་སོང་མ་ཤེས། །
    ཆུང་ཆུང་ཐུབ་ཚོད་རྒྱལ་ལོ། །
    བོད་ཇ་སེར་པོས་མཆོད་དོ།།
    རྒྱ་ཇ་མངར་མོས་མཆོད་དོ།།
    ང་ཡི་སྐྱག་པས་མཆོད་དོ།།

  24. དྲན་དཀར་དཔལ་ཡོན་ says:
    2013-04-06 at 2:08 pm

    ཡིད་འོང་ཁྲོམ་རྭ་འདི་ནས།
    མེ་ཏོག་དཀར་པོ་ཡག་ག
    ལོག་སྨྲ་ཚར་གཅོད་རྣོ་རྣོ།
    འདོད་ལ་ཆོག་ཤེས་ཞན་པས།
    བོད་དགེ་ང་ཡི་ཕོག་ནི།
    ཇི་ཤོར་འདི་ཤོར་མི་འདུག
    ཨ་རིའི་ཌོ་ལར་མེད་ན།
    ཁྲོམ་ལ་ཡོང་རྒྱུ་མི་འདུག

  25. དྲན་དཀར་དཔལ་ཡོན་ says:
    2013-04-06 at 2:13 pm

    ཡིད་འོང་ཁྲོམ་རྭ་འདི་ནས།
    མེ་ཏོག་དཀར་པོ་ཡག་ག
    ལོག་སྨྲ་ཚར་གཅོད་རྣོ་རྣོ།
    འདོད་ལ་ཆོག་ཤེས་ཞན་པས།
    བོད་དགེ་ང་ཡི་ཕོག་ནི།
    ཇི་ཤོར་འདི་ཤོར་མི་འདུག
    ཨ་རིའི་ཌོ་ལར་མེད་པར།
    ཁྲོམ་ལ་འོང་བ་ལས་རེད།

  26. ཨ་རིག་དགེ་མཐོང་། says:
    2013-04-07 at 12:23 am

    གྲོགས་གཡུ་སྒང་འཇིགས་མེད་ལགས་དྲ་རྒྱའི་འཇིག་རྟེན་དུ་བྱོན་པར་རྟེན་འབྲེལ་དང་དགའ་བསུ་ལྷན་དུ་ཞུ། ཐོག་མའི་གཏམ་བཙན་གི

  27. མེ་ཏོག་དཀར་པོ says:
    2013-04-07 at 5:48 am

    ལྷ་ཆེན་ཁྲོས་པས་མི་ཆུང་བསད།།

  28. བྲེ་སེར་འབྲོང་ says:
    2013-04-07 at 12:21 pm

    བོད་ས་ཧམ་བཟུང་བྱས་ཀྱང་།
    བོད་སེམས་གསོན་པོར་གནས་ཡོད།
    བོད་འབངས་མནར་གཅོད་བཏང་བ།
    ལྷ་མིའི་སེམས་ལ་བཟུང་ཡོད།
    ༧རྒྱལ་མཆོག་ཕེབས་དགོས་བྱུང་ཡང་།
    འཛམ་གླིང་ཉི་མར་གྱུར་ཡོད།
    ༧པཎ་ཆེན་འཐབ་འཛིང་བཟེད་པ།
    ༧རྒྱལ་བའི་སྲས་ཀྱི་མཛད་བཟང་།
    རིག་གནས་གསར་བརྗེའི་དམྱལ་བ།
    བོད་ལྷས་བརྗེད་ཐབས་མི་འདུག།
    སེམས་དཔའ་མེ་རུ་སྲེག་དུས།
    བོད་ལྷས་སྙིང་ནས་སྨོན་གི།
    སྐབས་དང་དུས་སུ་བབས་དུས།
    བོད་ལྷས་དབུགས་ཐེངས་གཅིག་གིས།
    རྒྱ་འདྲེ་བཅུ་ཕྲག་བརྒྱད་ལྷག།
    ཐལ་བའི་རྡུལ་དུ་བསྒྱུར་མཛད།
    བོད་ཀྱི་ལྷ་ཆེན་རྒྱལ་ལོ།
    མཁས་མཛངས་ཁྲོས་ཚུལ་རྒྱལ་ལོ།
    དགྲ་ལ་འཕྱར་རྒྱུ་ཁྱོད་ཡིན།
    གཉེན་ལ་ངོམས་རྒྱུ་ཁྱོད་ཡིན།
    ཕོ་ལྷ་དགྲ་ལྷ་ཡག་བྱུང་།
    བོད་ཀྱི་ལྷ་རྒོད་རྒྱལ་ལོ།
    བོད་པས་བོད་ཇའི་མཆོད་གི།
    རྒྱ་འདྲེའི་སྐྱག་པ་སྤྲོད་གི།
    བོད་ལྷའི་ཐུགས་སེམས་གཡེང་ནས།
    རྒྱ་བོད་ནོར་དོགས་མེད་དོ།

  29. བྲེ་སེར་འབྲོང་ says:
    2013-04-07 at 12:25 pm

    ལ་ལས་སྐྱག་པ་སྤྲོད་གི། བཅོས་གནང་ཞུ

  30. མེ་ཏོག་དཀར་པོ། says:
    2013-04-07 at 12:49 pm

    མྱང་དང་མ་མྱང་སྡུག་པོ་ཡོད་ཚད་མྱང་།།
    དཀའ་ལས་ཁག་དུས་ཕན་པ་མེད་པ་ཡི།།
    ཡོད་མེད་མ་ངེས་བོད་ཀྱི་ལྷ་ཆེན་འདི།།
    ད་གཟོད་གཉིད་ལས་སད་པ་ཧ་ལས་རེད།།

  31. བྲེ་སེར་འབྲོང་ says:
    2013-04-07 at 1:30 pm

    བཏང་དང་མ་བཏང་སྡུག་པོ་ཡོད་ཚད་བཏང་།
    དཀའ་ལས་ཁག་དུས་ཕན་ནུས་གཡུར་ཟ་བས།
    ཡོད་པར་ངེས་པའི་བོད་ཀྱི་ལྷ་ཆེན་ལ།
    ད་དུང་བསམ་ཤེས་མེད་པར་ཧ་ལས་རེད།

  32. མེ་ཏོག་དཀར་པོ says:
    2013-04-07 at 1:46 pm

    རྒྱ་དཔོན་དམར་པོ་འབུམ་ཕྲག་མ་མཐོང་བར།།
    སྤྲང་པོ་བརྒྱད་ཅུ་མཐོང་བའི་ལྷ་ཆེན་འདི།།
    གསེར་སྐྱེམས་ཕུད་ཀྱིས་མཆོད་རྒྱུ་མང་དྲག་ནས། །
    ར་གཟི་སྤྱོད་པ་དཔེ་མེད་སྟོན་པ་འདྲ། །

  33. བྲེ་སེར་འབྲོང་ says:
    2013-04-08 at 12:45 pm

    རྒྱ་དཔོན་ཁ་དང་རྒྱ་སྤྲང་ལག་གཉིས་པོ། །
    གཅིག་ལ་གཅིག་བརྟེན་ཚུལ་མཁྱེན་སྲིད་པའི་ལྷ། །
    སུ་དང་ཐུག་ན་དེ་རང་ཚར་ཆོད་ལ། །
    བོད་རབས་ཚ་བརྒྱུད་གསེར་སྐྱེམས་ཁྱོད་ལ་དབང་། །

  34. མེ་ཏོག་དཀར་པོ says:
    2013-04-08 at 1:06 pm

    རྒྱ་དཔོན་མཐོང་དང་ཐོས་དང་དྲན་པས་ཀྱང་།།
    སྒྱིད་པ་འདར་བའི་ལྷ་ཆེན་འམ་འདི་ཡིས།།
    རྒྱ་དཔོན་ཚར་གཅོད་ཟེར་བ་གང་ཤེས་ཏེ།།
    སྤྲང་པོར་བརྙས་བཅོས་གཏོང་ལ་མཁས་སམ་སྙམ།།

  35. བྲེ་སེར་འབྲོང་ says:
    2013-04-08 at 1:47 pm

    རྒྱ་ཇག་མཐོང་ཐོས་དྲན་ཚེ་ཤ་འཁོན་གྱི། །
    ཞེ་སྡང་དྲག་ཏུ་འབར་བའི་བོད་ཀྱི་ལྷའི། །
    སྐབས་བསྟུན་གོ་རིམ་ལྡན་པའི་ལས་སྦྱོར་ལ། །
    ཞིབ་ཏུ་བསམ་ཚེ་འབྲོང་ཕྲུག་ཉམས་རེ་དགའ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (73)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme