Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྡོམ་པོའི་ལས་དབང༌།

Posted on 2010-02-202010-02-20 By དབང་ཕྱུག་ 1 Comment on ལྡོམ་པོའི་ལས་དབང༌།

སྐལ་བཟང་རྒྱ་མཚོ་ནས

གཡག་རོག་གི་ཕ་ཁྱིམ་ལས་ རིང་ དུ་ བརྒལ་ བའི་ གྲུ་ ཁ་ འདིར་ ཚེ་ སྲོག་ གི་ འཚང་ ཁ་ ཆེ་ ཞིང་ མི་ཚོགས་ ཀྱི་ རྔམས་ ཁ་ འཐུག་ པའི་ ཀློང་ ན། དྲག་ ཏུ་ འཕྱུར་ བའི་ འགྲན་ རྩོད་ དང་ ཐོབ་ ཤོར་ གྱིས་ རླབས་ སྒྲ་ རྒོད་ ཅིང་ ངོ་ གདོང་ ཧྲིལ་ བོ་ རྫུན་ བག་ཀྱིས་ ཡོངས་ སུ་ བཏུམ་ པའི་ ཧམས་ སེམས་ ཅན་ དག་ རང་ འདོད་ ཀྱིས་ གཡོ་ གྲུ་ ལ་ གཞོན་ དེ་ མདུན་ ནས་མདུན་ དུ་ འདུར་ ཞིང་ ཧོལ་ གྱིས་རྒྱུག། དོན་ དམ་ པའི་ འོད་ སྣང་ ལ་ མུན་ ནག་ གི་ ཡོལ་ བ་ འཐེན་ ཅིང་ ཕུག་ བསམ་ གྱི་ མདུན་ ལྗོངས་ ལ་ ཚེར་ ནག་གི་ ས་ བོན་ བཀྲམ་ པའི་ རང་ རློམས་ ཅན་ ཚོའི་ སྐྱེ་ འགྲོའི་ བདེ་ སྐྱིད་ ཀྱི་ ཚེ་ སྲོག་ འཕྲོག་ བྱེད་ ལྕག་ ནག་ གི་རལ་ གྲི་ རྡུང་ མཁན་ ལ་ ལེགས་ པའི་ བསྔག་ བརྗོད་ དང་ མེ་ ཏོག་ གི་ ཕྲེང་ བ་ བརྩལ།       སྨྱོས་ ཟིན་ པའི་ གླང་ ཆེན་ གྱི་ གདོང་ ལ་ མེ་ ཏོག་ གི་ ཞབས་ རྗེས་ བཀོད་ པའི་ ཤིན་ ཏུ་ དཔའ་ ཉམས་ ཀྱིས་འགྱིང་ བའི་ གླང་ ཕྲུག་ ལ་ རང་ སྣང་ གི་ ངར་ ཤུག་ རྒྱས།
ལས་ དབང་ གིས་ བསྐྲུན་ པའི་ འཁོར་ ཡུག་ འདི་ ན་ ལས་ དབང་ གིས་ བསྐྱལ་ བའི་ ་ ལྡོམ་ པོ་ དག་ རེས་ སྐྱིད་དང་ རེས་ སྡུག་ གི་ འཚོ་ ཞིང་ གཏད་ སོ་ ངེས་ མེད་ ཟིན་ མེད་ ཀྱི་ བྱ་ བཞག་ གི་ སྣེ་ ན་ རྒས་ ཤིང་རྒུད།                
ལས་ དབང་ གི་ འཆེ་ སྡེར་ འོག་ ན་ འཚོ་ ཞིང་ གནས།
ལས་ དབང་ གི་ གྲི་ སོ་ ཁ་ ནས་ འགྲེང་ ཤིང་ འགྱེལ།
ལས་ དབང་ གི་ དམྱལ་ བའི་ འཕྲེང་ ནས་ གོག་ ཤིང་ ལང་ །
ལས་ དབང་ གི་ ཆང་ ཕོར་ ཁ་ ནས་ འདི་ ལྟར་འབྲི །          
 
གནས་ ལ་ ངེས་ གཏན་ མེད་ པའི་ ལྡོམ་ པོ།
དུས་ ལ་ ཉིན་ མཚན་ ལྡོག་ པའི་ ས་ འདིར།
གྲོང་ དང་ གྲོང་ གི་ རྦ་ རླབས་ ཁྲོད་ ན།
བརྩེ་ བའི་ འདུན་ མ་ གཏད་ སོ་ གང་ ཡིན།

རྩོམ་རིག

Post navigation

Previous Post: བོད་རང་བཙན་གྱི་བདེན་པ་ར་སྤྲོད། འཇམ་དབྱངས་ནོར་བུ།
Next Post: བཀའ་བློན་ཁྲི་པའི་འོས་བསྡུའི་བསྒྱུར་བཅོས། བློ་བཟང་སེང་གེ།

Comment (1) on “ལྡོམ་པོའི་ལས་དབང༌།”

  1. ཀརྨ་རྡོ་རྗེ་ says:
    2010-02-20 at 12:31 pm

    ངའི་རྨི་ལམ་ནི། སྐྱེས་ས་རང་དུ་འཆི་རྒྱུ་དེ་རེད།

    ངའི་འཁྱམས་འགོ་བཙུགས་ས་ནི་
    སྲོང་བཙན་གྱིས་ཁྲིམས་བཙུགས། ཁྲི་སྲོང་གིས་ཆོས་དར། ཁྲི་རལ་གྱིས་དེ་གཉིས་དར་ས་དེ་རེད།
    ངའི་འཁྱམས་ཡུལ་ནི་
    གཞན་ཡུལ་འཕགས་པའི་ཡུལ་གྷན་དྷི་འཁྲུངས་ས་དང་མགོ་སེར་མང་གཙོའི་དར་སའི་ཡུལ་རེད།
    ངས་འཁྱམས་དགོས་དོན་ནི་
    རང་གི་རང་དབང་ཆོས་མེད་དབང་ཆེན་ཁྱིམ་མཚེས་དམར་པོ་གསར་ཐོན་ལ་ཤོར་ཙང་རེད།
    ངས་འཁྱམས་པའི་དམིགས་ཡུལ་ནི་
    འཁྱམས་ཡུལ་གྱི་ཤེས་རིག་སྦྱངས་ནས་རང་ཡུལ་ལ་འཁྱེར་ནས་གསར་གཏོད་བྱེད་རྒྱུ་དེ་རེད།།
    ངས་འཁྱམས་པའི་དུས་སུ་
    འཁྱམས་དགོས་དོན་ནམ་ཡང་མ་བརྗེད་པར་རང་ས་རང་སྲུང་གི་ཆབ་སྲིད་སྦྱོང་རྒྱུ་དེ་ཡོད།
    ང་འཁྱམས་པོའི་རྨི་ལམ་ནི་
    རང་གི་ལྟེ་ཁྲག་འཕོ་སའི་རང་ཡུལ་ལ་ལོག་ནས་སྐྱེས་ས་རུ་སྨོན་ལམ་དང་བཅས་འཆི་རྒྱུ་དེ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme