Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྡི་ལིར་བོད་མི་རྣམས་གློ་བུར་ངང་འཛིན་བཟུང་བཀག་ཉར་བྱེད་བཞིན་པ།

Posted on 2012-03-282012-03-28 By ཁ་བརྡ་ 10 Comments on ལྡི་ལིར་བོད་མི་རྣམས་གློ་བུར་ངང་འཛིན་བཟུང་བཀག་ཉར་བྱེད་བཞིན་པ།

གསར་འགྱུར་གཏོང་མཁན། སྦྲ་རིགས་ཐོགས་མེད་།

ཕྱི་ལོ་༢༠༡༢་ཟླ་༠༣་ཚེས་༢༨ ཉིན་མོ་འདིར་ཡང་ལྡི་ལིའི་ས་ཕྱོགས་གང་སར་བོད་མི་རྣམས་མུ་མཐུད་འཛིན་བཟུང་བཀག་ཉར་བྱེད་བཞིན་འདུག དེ་ཡང་རྒྱ་གར་གཞུང་གིས་ཕྱི་རྒྱལ་མི་རིགས་རྒྱ་གར་ནང་དུ་སྡོད་མཁན་ཚོར་དམིགས་པའི་བཅའ་ཁྲིམས་དོན་ཚན་༡༤༤བའི་བཀའ་རྩ་ཁྱབ་བསྒྲགས་འོག ལྡི་ལི་ཁུལ་གྱི་ལས་རིགས་དང་སློབ་སྦྱོང་སྡེ་ཚན་འདྲ་མིན་ནང་གི་བོད་རིགས་དག་མུ་མཐུད་འཛིན་བཟུང་དང་ཁྱིམ་གྱི་བཟང་བཙོན་འོག་ཏུ་བཅུག་འདུག

ཁར་སང་ལྡི་ལི་ཁུལ་ཡར་མར་དུ་སྨན་ཁང་དང་ཚོང་ལས་སྡེ་ཚན་འདྲ་མིན་དུ་ལས་ཀ་བྱེད་བཞིན་པའི་གཞོན་སྐྱེས་ཕོ་མོ་དག་དང་། དེ་བཞིན་མཐོ་རིམ་སློབ་མ་དག་བཙན་གྱིས་བཀག་སྐྱིལ་འོག་ཏུ་བཅུག་ཡོད་པ་མ་ཟད་གཞན་ཁ་ཤས་ལམ་བར་ནས་འཇུས་དེ་ཐད་གར་བཙོན་ཁང་དུ་བསྐྱལ་ཡོད་འདུག ལྡི་ལི་གྷོར་སྒང་དུ་(Nokia )བཟོ་ཚོང་ཁང་དུ་ལས་ཀ་བྱེད་བཞིན་པའི་བུ་མོ་བསྟན་འཛིན་སྒྲོལ་མས་བཤད་དོན “ང་ཚོ་འདིར་ལས་ཁུངས་འདྲ་མིན་དུ་ལས་ཀ་གཉེར་བཞིན་པའི་བོད་རིགས་བུ་མོ་གསུམ་ཡོད་པ་ཚང་མ་སྡོད་ཁང་ནང་དུ་བཅུག་ནས་ཕྱི་ལོགས་སུ་ཐོན་ཆོག་གི་མུ་འདུག འོན་ཀྱང་། ངའི་ལས་ཁུངས་ཀྱི་སྤྱི་ཁྱབ་པས་ང་ལ་མུ་མཐུད་དུ་ཁ་པར་བཏང་ནས་ལས་ཁུངས་དུ་མ་སླེབས་ན་ཕྱིར་ཕུད་གཏོང་རྒྱུ་ཡིན་ཟེར་བཞིན་འདུག”་ཟེར། དེ་བཞིན་ལྡི་ལི་སྡོད་ཁང་གི་(KMC)མཐོ་སློབ་ཀྱི་སློབ་མ་ཚེ་རིང་བཀྲ་ཤིས་ཀྱིས་བཤད་དོན “དེ་རིང་ཞོགས་པ་ང་ཚོར་ཟླ་གསུམ་ཐ་མའི་ཡིག་རྒྱུགས་ཡིན་མོད། ཉེན་རྟོག་པའི་མཐོ་སློབ་ཏུ་མ་བཏང་བར་བརྟེན་ལོ་འཁོར་ཡིག་རྒྱུགས་ཀྱི་བརྒྱ་ཆ་ཉི་ཤུ་ཤོར་སོང་བ་རེད།” ཟེར།

གསར་འགྱུར་སྤྲོད་མཁན། སྦྲ་རིགས་ཐོགས་མེད་།
ལྡི་ལི་ས་ཁུལ་གྱི་བདེ་འཇག་ཉེན་རྟོག་པའི་འགོ་གཙོ་(Dharmendra Kumar)ལགས་ཀྱིས་བཤད་རྒྱུར “ང་ཚོས་བོད་མི་རྣམས་ལ་ཁྲིམས་དོན་༡༤༤ བ་ལག་བསྟར་བྱེད་དོན་ལ་རྒྱུ་མཚན་གཙོ་བོ་གཉིས་ཡོད། གཅིག་ནས་BRICS རྒྱལ་སྤྱིའི་འཚོགས་འདུའི་བདེ་འཇག་ཆེད་དུ་ཡིན་ལ་གཉིས་ནས་བོད་མི་ཁོ་རང་ཚོའི་བདེ་འཇག་སྲུང་སྐྱོབ་བྱེད་ཆེད་ཀྱང་ཡིན་” ཟེར།

དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་དང་བོད་རང་བཙན་འཐབ་རྩོད་མཁན་ཀླུ་མཁར་བྱམས་ལགས་ཀྱི་སྣེ་ཁྲིད་པའི་ལས་རོགས་ཁ་ཤས་ཀྱིས་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་ལ་བོད་ཀྱི་གནད་དོན་སྐོར་གྱི་སྙན་ཞུ་དང་རེ་སྐུལ་བྱེད་དུ་འགྲོ་བཞིན་པའི་ལམ་བར་ནས་འཛིན་བཟུང་བཀག་ཉར་བྱས་འདུག་ལ། དེ་བཞིན་དུ་བོད་ཀྱི་བུད་མེད་ཚོགས་པའི་གོ་སྒྲིག་འོག་ལྡི་ལིར་རྒྱལ་སྤྱིའི་ཤེས་ཡོན་བསྟི་གནས་སུ་བོད་ཀྱི་གནད་དོན་སྐོར་གྱི་བགྲོ་གླེང་འཚོགས་འདུ་འཚོགས་བཞིན་པའི་སྐབས་གློ་བུར་དུ་ཉེར་རྟོག་པ་བསླེབས་ནས་རང་དབང་གི་སྙན་ངག་པ་དང་རང་བཙན་འཐབ་རྩོད་མཁན་བསྟན་འཛིན་བརྩོན་འགྲུས་ལགས་དང་གཞན་བོད་རིགས་གསུམ་འཛིན་བཟུང་དང་བཙན་ཁྲིད་བྱས་འདུག

ལྡི་ལི་བོད་ཁྱིམ་སྡོད་ཁང་གི་ལས་བྱེད་ཞིག་གིས་བརྗོད་རྒྱུར་ “སྡོད་ཁང་འདི་ཡོངས་རྫོགས་ཉེན་རྟོག་པས་བསྐོར་ནས་འགྲོ་འོངས་ཚང་མ་བཀག་པས་སློབ་ཕྲུག་གི་ཟ་ཆས་དང་ཚགས་པར་རིགས་ཀྱང་དུས་ཐོག་ཏུ་སླེབས་ཐུབ་ཀྱིན་མི་འདུག དེར་མ་ཟད་ང་ཚོ་ལས་བྱེད་སློབ་ཕྲུག་ཁ་ཤས་གན་རྒྱའི་འོག་ཕྱི་ལོག་ཉེ་འཁོར་ཁག་ཏུ་ཛ་དྲག་ངང་འགྲོ་དགོས་སྐབས་ཀྱང་། ཉེར་རྟོག་པ་གཉིས་ཀྱིས་མུ་མཐུད་རྗེས་འདེད་གཏོང་ནས་འོང་བཞིན་འདུག”་ཟེར།

དེ་བཞིན་དེ་རིང་གི་ཞོགས་པའི་ཆུ་ཚོད་༡༡: ༢༠ ཡས་མས་སུ་(Appolo)སྨན་ཁང་གི་བོད་རིགས་སྨན་ཞབས་བུ་མོ་བཅུ་གཉིས་སྨན་ཁང་དུ་ལས་ཀ་བྱེད་དུ་འགྲོ་བའི་ལམ་བར་ནས་ཉེར་རྟོག་པས་བཛིན་བཟུང་གིས་ཁྲིད་ཕྱིན་འདུག་པས་ཕལ་ཆེར་ད་ལྟ་བཙོན་ཁང་དུ་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག

གསར་འགྱུར།

Post navigation

Previous Post: རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་འདས་གྲོངས་སུ་གྱུར་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།
Next Post: དེ་རིང་ཚེས་ ༢༨ ཉིན་ཨ་མདོ་རྔ་པ་ནས་རང་ལུས་མེར་བསྲེགས་ལས་འགུལ་གནས་ཚུལ།

Comments (10) on “ལྡི་ལིར་བོད་མི་རྣམས་གློ་བུར་ངང་འཛིན་བཟུང་བཀག་ཉར་བྱེད་བཞིན་པ།”

  1. རག་ཕྱགས་རྡོར says:
    2012-03-28 at 9:47 am

    ད་གནས་ཚང་རྒྱ་གར་ཡང་འབྱོར་མེད་བལ་ཡུལ་ཡི་འགྲོས་ལ་ལྟ་དགོས་པ་ཆགས་འདུག་དངོས་གནས་ཐབས་སྐྱོ་བོ་ལ་༸ གོང་ས་མཆོག་གི་གཙོས་པའི་བོད་མི་མཐོ་རྨན་ཡོངས་ཀྱིས་རྒྱ་གར་འཕགས་པའི་ཡུལ་ཟེར་གནས་གཏོད་བསྔགས་མི་ཏོག་འཐོར་འཐོར་བྱེད་དང་བྱེད་བཞིན་པ་རེད་ད་ཡིན་ན་རྒྱ་གར་མངས་གཙོ་རྒྱལ་ཁབ་ཆེ་ཤོས་དེ་ཡང་དགྲོ་བོ་རྒྱ་མི་ཡི་གདོང་ལ་བལྟ་དགོས་པ་ཆགས་འདུག་དངོས་གནས་སེམས་པ་སྐྱོ་བ་ལ་ད་འཛམས་གླིང་འདི་ཡི་ནང་དུ་ལས་རྒྱུ་འབྲས་དང་བདེན་པ་ཟེར་བ་ཁས་ལེན་ཉིན་ཨི་ཡོད་ན་ད་ཡིན་ན་བོད་པ་འདི་ཡིས་སྐྱེ་བ་སྔ་མོ་ཅི་བྱས་པའི་རྒྱུ་མཚན་ཡིན་ནམ་ད་ང་ཚོས་ཅི་བྱེད་དགོས་པ་རེད་དམ་དཀོན་མཆོག་མཆེན་ད་ཡིན་ན་རང་ཉིད་འཆི་བ་དང་མཉམ་དུ་འཁྲིགས་བཟུང་ཅན་གྱི་རྒྱ་གཞུང་གི་དཔོན་ངན་དག་ཀྱང་གསོད་གང་ཐོབ་ཐོབ་བྱེད་དགོས་གདམ་ད་དེ་ལས་མ་གཏོགས་གཞན་མེད་རྒྱལ་ཅེས་དཔའ་བོ་དག་ཁྱེད་རྣམས་ཀྱིས་རང་སྲོག་རང་གིས་མ་གཅོད་འཛམས་གླིང་འདི་ཡི་གཏིང་དུ་ང་ཚོ་ལ་གདུག་སེམས་མཉམ་སྐྱེད་བྱེད་ཉེན་ཡོད་མ་རེད་དེ་ལས་རང་ཉིད་བློས་གཏང་མཉམ་དུ་འཁྲིགས་བཟུང་ཅན་གྱི་དཔོན་རྒན་དག་གང་སོད་སོད་བྱེད་དགོས་བོད་ཀྱི་རྩ་དོན་ལ་དེ་ནས་གཞི་སྐྱི་རྒྱལ་ཚོགས་ཀྱིས་མ་བལྟ་རང་བལྟ་ཞིག་ཡོང་སྲིད།།

  2. ཐུབ་པ། says:
    2012-03-28 at 10:43 am

    ད་གནས་ཚང་རྒྱ་གར་ཡང་འབྱོར་མེད་བལ་ཡུལ་ཡི་འགྲོས་ལ་ལྟ་དགོས་པ་ཆགས་འདུག་དངོས་གནས་ཐབས་སྐྱོ་བོ་ལ་༸ གོང་ས་མཆོག་གི་གཙོས་པའི་བོད་མི་མཐོ་རྨན་ཡོངས་ཀྱིས་རྒྱ་གར་འཕགས་པའི་ཡུལ་ཟེར་གནས་གཏོད་བསྔགས་མི་ཏོག་འཐོར་འཐོར་བྱེད་དང་བྱེད་བཞིན་པ་རེད་ད་ཡིན་ན་རྒྱ་གར་མངས་གཙོ་རྒྱལ་ཁབ་ཆེ་ཤོས་དེ་ཡང་དགྲོ་བོ་རྒྱ་མི་ཡི་གདོང་ལ་བལྟ་དགོས་པ་ཆགས་འདུག་དངོས་གནས་སེམས་པ་སྐྱོ་བ་ལ་ད་འཛམས་གླིང་འདི་ཡི་ནང་དུ་ལས་རྒྱུ་འབྲས་དང་བདེན་པ་ཟེར་བ་ཁས་ལེན་ཉིན་ཨི་ཡོད་ན་ད་ཡིན་ན་བོད་པ་འདི་ཡིས་སྐྱེ་བ་སྔ་མོ་ཅི་བྱས་པའི་རྒྱུ་མཚན་ཡིན་ནམ་ད་ང་ཚོས་ཅི་བྱེད་དགོས་པ་རེད་དམ་དཀོན་མཆོག་མཆེན

  3. བདེན་རྒྱབ། says:
    2012-03-28 at 11:05 am

    ད་དུང་གོ་ཐོས་ལ་དེ་རིང་སང་བལ་ཡུལ་ལ་སྐུ་ཞོགས་བཙུན་མ་ཚོས་བལ་ཡུལ་གྱི་ནག་རིལ་ལམ་མི་སེར་ལག་ཁྱེར་སྟོན་རྒྱུ་མེད་ན་འཛིན་བཟུང་བྱེད་ཀྱི་ཡོད་པའི་དངོས་ཡོད་གནས་ཚུལ་ཐོན་འདུག

  4. བསོད་ནམས། says:
    2012-03-28 at 11:18 am

    ལྡི་ལི་བོད་མི་རྣམས་ལ་སྙིང་ཐག་པ་ནས་གདུང་སེམས་མཉམ་སྐྱེད་ཡོད། མི་རིགས་ཤིག་གི་འཐབ་རྩོད་ལ་བརྒྱུད་ལམ་འདི་འདྲ་ཡིན་པས་དགའ་བ་དང་སྤོབས་པ་ཞིག་སྒོམ་ཆོག

  5. བདེན་རྒྱབ། says:
    2012-03-28 at 11:19 am

    རག་ཕྱག་རྡོར། ཁྱེད་རང་གིས་བཤད་པའི་སྐད་ཆ་དེར་ཁོ་བོས་བརྒྱ་ཆ་༢༠ རྒྱབ་སྐྱོར་ཡོད། དེ་མིན་རང་སྲོག་མ་བཅོད་རྒྱ་དཔོན་མཉམ་དུ་རང་ཤི་རྒྱོབ། ཅེས་པའི་ཚིག་སྔ་ཕྱི་འགལ་བ་དེར་རྒྱབ་སྐྱོར་མེད་ཁར་གསལ་བཤད་བྱེད་རྒྱུ་ཞིག་ལ་ལྡི་ལིར་བོད་མི་ཞིག་མེར་སྲེག་ཞེས་པ་དང་རྟའུ་འཇམ་ཡེས་བཞག་པའི་ཁ་ཆེམས་ཞེས་པའི་མཆན་དུ་བཀོད་པ་དེས་གོ་རྟོགས་ཞིག་སྤྲོད་ངེས། ཁ་བརྡ་ཁ་བྲོ།

  6. ནུབ་ཕྱོགས་གངས་ཕྲུག་ says:
    2012-03-28 at 11:48 am

    དངོས་གནས་རྒྱ་གར་གཞུང་བྱེད་སྟངས་ཐབས་སྐྱོ་བོ་རེད། བོད་པ་ཚང་ནུབ་ཕྱོགས་རྒྱལ་ཁབ་ནང་གང་མང་ཕེབས་ན་ལེགས། གང་ཡིན་ཞེ་ན་བོད་དོན་ཆེད་ངོ་རྒོལ་སྐད་འབོད་བྱེད་རྒྱུར་རང་དབང་ཆ་ཚང་ཡོད་རེད། དེ་བཞིན་སོ་སོ་ཡིན་ནའང་སློབ་སྦྱོང་ལེགས་པར་སྤྱད་ནས་ས་གནས་དེ་གའི་ཡུལ་མི་དང་ཐོབ་ཐང་སྤྱི་མཚུངས་ཐོག་བོད་དོན་ལས་ཀ་རླབས་ཆེན་བྱེད་ཐུབ་པའི་ནུས་པ་ཡོད་རེད།

  7. རག་ཕྱགས་རྡོར says:
    2012-03-28 at 12:41 pm

    བདེན་རྒྱབ་ཟེར་བ། ཁྱོད་ཀྱིས་རྒྱབ་བཅོལ་བྱས་དང་མ་བྱས་ཁྱར་པར་གཏེར་འབྲུ་ཙམ་ཡང་མེད་རང་ཉིད་ལ་ནུས་པ་ཡོད་ན་ཁྱེར་རང་འདྲ་བོས་ཅི་བྱེད། ངས་བཤད་པ་དེ་རང་ཉིད་གཅིག་པོ་རང་ཤི་མ་རྒྱག་ལབ་གིན་ཡོད་རྒྱལ་ཚོགས་དང་རྒྱ་མི་ཡིས་ཨ་ལེན་གང་ཡང་མི་འདུག་ཁོང་ཚོ་ལ་ཡ་ང་སྙིང་རྗེ་མི་འདུག་ལབ་གིན་ཡོད་གར་སྲིད་བོད་བསྟན་པ་དང་ཆབ་སྲིད་ཆེད་དུ་རང་ཉིད་བློས་གཏོང་གནང་ན་ཀླད་རྙིང་མཁྲིགས་བཟུང་ཅན་གྱི་དཔོན་ངན་དག་ཡང་མཉམ་དུ་ཤི་ཐུབ་པ་བྱེད་དགོས་རབ་ན་རྦེལ་ལ་དེན་དང་ས་དམ་ཧུ་སྲིན་ལྟ་བུ་དེ་མ་ནུས་ན་ཡང་དེ་འོག་ངེས་པར་དུ་བྱེད་དགོས་རྒྱལ་སྤྱི་དང་རྒྱ་གཞུང་ཡིས་མ་ལྟས་རང་ལྟས་ཞིག་ཡོང་སྲིད་

  8. ཁ་བའི་འདབ་མ། says:
    2012-03-28 at 12:57 pm

    ད་བོད་མི་ཚང་མ་དགྲ་དཀར་ནག་གཉིས་དང་། བར་ཡུལ་བཅས་གསུམ་གྱི་ལག་པ་ནས་ངོ་མ་དཀའ་ངལ་འདུག

  9. དྲང་བདེན says:
    2012-03-28 at 1:58 pm

    བོད་མི་ཚོགས་ལངས་ཤོག་་་་་་་་་་་་་་་་་་་་་་་་་་་ལང་ཤོག་་་་་་་་་་་་་་་་་་་་་ལང་ཤོག

  10. བདེན་རྒྱབ། says:
    2012-03-29 at 6:10 am

    མཆན་མགོད་བདུན་པ་བ། ཡང་ཁྱོད་ལ་གོ་རྟོགས་སྤྲོད་དགོས་པ་ཞིག་ལ་རྦིལ་ལ་རྡེན་དང་ས་དམ་གཉིས་ལྟར་བྱེད་དགོས་ཞེས་གང་ལ་ཟེར་རམ། གལ་སྲིད་མི་སེར་མང་པོ་བསད་པ་ཞིག་ལ་ཟེར་ན་དེ་རྩ་བ་ནས་འགལ།༧ རྒྱལ་བ་ཡིད་བཞིན་ནོར་བུས་ཐ་ན་རྒྱ་ནག་སྐམ་ས་ཆེན་པོའི་ཡིན་རུང་མི་དམངས་ལ་སྐྱོན་བརྗོད་ལྟ་ཞོག་མའོ་མཛེ་དུག་ཡིན་ནའང་”ཁོ་རང་མི་ལྷག་བསམ་ཅན་ཞིག་རེད་འོན་ཀྱང་དམར་པོའི་ལྟ་སྤྱོད་དེས་ལན་”ཅེས་གསུངས་པ་མ་ཐོས་སམ། གལ་སྲིད་རྦིལ་དང་ས་དམ་གྱིས་ཨ་རི་བའམ་ཁོ་རང་གི་དགྲ་བོ་མཉམ་པོར་ཤི་བ་རེད་ཅེས་པའི་གསར་འགྱུར་གོ་ཡོད་ན་དེ་གོ་ནོར་ཐེབས་པ་རེད། ཁོ་གཉིས་ཤི་སྐབས་རོགས་པ་ཁྲིད་མི་འདུག ཡིད་མ་ཆེས་ན་ཨ་རིའི་སྲིད་སྐྱོང་ཨ་ཕ་ཨ་མ་ལ་དྲིས། ད་དུང་ཡོད། རང་ཉིད་སྤྱི་ཚོགས་ནང་སྡད་ཕྱིན་ང་ལྟ་བུ་ངན་དགུ་ཚང་བ་ཞིག་གིས་ཀྱང་ཁྲེལ་ན་གྱོང་མི་དམན་པ་རག་པ་རེད། ཁོ་བོས་དེ་ལྟར་བརྗོད་དོན་ནི་རང་ཉིད་ལས་རྒྱུ་མེད་པའམ་ཡང་ན་ཁྱེད་རང་ལས་ཤེས་རྒྱ་ཆེ་ཞེས་མི་ཟེར། ཚོད་དཔག་བྱས་ན་ངའི་རྐང་རྗེས་ལས་ཁྱོད་རང་གི་རྐུབ་རྗེས་མང་ངེས། འོན་ཀྱང་དངོས་ཡོད་གནས་ཚུལ་དང་ལེན་བྱེད་དགོས། རང་གི་ཞེ་སྡང་དགྲ་བོ་མ་བཏུལ་ན། །ཕྱི་རོལ་དགྲ་བོ་བཏུལ་བཞིན་འཕེལ་བར་འགྱུར། །དེ་ཕྱིར་བྱམས་དང་སྙིང་རྗེའི་དམག་དཔུང་གིས། །རང་རྒྱུད་འདུལ་བ་རྒྱལ་སྲས་ལག་ལེན་ཡིན། །ཨེ་གོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme