Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྡི་ལིར་བོད་ཀྱི་མཐོ་རིམ་སློབ་མ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

Posted on 2011-09-282011-09-28 By ཁ་བརྡ་ 23 Comments on ལྡི་ལིར་བོད་ཀྱི་མཐོ་རིམ་སློབ་མ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

_mg_0172
རིག་སྨོན།

དུས་ཚོད། 2011,09,27
ས་གནས། ལྡི་ལི་ཇན་དར་མན་དར།(Jantar Mandar)

དེ་རིང་སྔ་དྲོ་ཞོགས་པའི་ཆུ་ཚོད་དགུ་བ་ནས་འགོ་འཛུགས་ཀྱིས་ལྡི་ལི་རོ་ཧི་ནི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་བཀོད་སྒྲིག་དང་སྣེ་ཁྲིད་འོགརྒྱལ་ས་ལྡི་ལིར་མཐོ་སློབ་འདྲ་མིན་ནང་སློབ་སྦྱོང་བྱེད་བཞིན་པའི་གཞོན་སྐྱེས་སློབ་ཕྲུག་ཕོ་མོ་གྲངས་བཅུ་གཅིག་གིས་ལུས་པོ་དམར་ཧྲེང་དུ་གཟུགས་པོ་ཡོངས་སུ་ཚོན་རྩི་དམར་བོ་བྱུགས་ཤིང་ཐོག་ཏུ་འབོད་ཚིག་འདྲ་མིན་བྲིས་རྗེས།རྐང་འཁོར་ལ་ཞོན་ནས་ལྡི་ལི་མཐོ་རིམ་གཙུག་ལག་སློབ་གླིང་གི་བཞི་མདོའི་ལམ་ཆེན་ནས་དབུ་འཛུགས་ཀྱིས་ཐོག་མར་གཙུག་ལག་སློབ་གླིང་ཡོངས་ལ་བསྐོར་བ་བརྒྱབས་རྗེས།རིམ་བཞིན་ཕར་མན་ཇུས་ཀཱ་གྲི་ལར་(ManjnuKaTila)བསྐྱོད་ནས་དེ་གར་བོད་ཀྱི་གསར་འགོད་པ་གཙོས་མི་མང་རྣམས་ལ་ཉིན་དེའི་ལས་འགུལ་གྱི་དགོས་དམིགས་དང་རྒྱབ་ལྗོངས་སོགས་གཏམ་བཤད་བསྐྱངས།

དེ་ནས་ཡང་བསྐྱར་ལམ་དུ་ཞུགས་ནས་བདག་ཉིད་ཆེན་པོ་གྷན་ངྷི་མཆོག་སྐུ་ཕུངས་ཞུགས་འབུལ་བྱེད་ཡུལ་རཱ་ཇི་སྒེ་གྲི་(Rajghat)རུ་གསོལ་འདེབས་དང་འབོད་ཚིགས་གང་མང་བསྒྲགས་རྗེས།རིམ་བཞིན་རྒྱ་གར་རྒྱལ་ཡོངས་ཀྱི་ངོ་རྒོལ་འདྲ་མིན་བྱེད་ཡུལ་གྱི་རྒྱལ་སའི་ལྟེ་བ་ཇན་དར་མན་དའི་ཕྱོགས་སུ་རིམ་བཞིན་བསྐྱོད།ཆུ་ཚོད་གཅིག་ལྷག་གི་རྗེས་སུ་དངོས་སུ་ས་གནས་དེར་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་རྒྱལ་སྲུང་བདེ་འཇགས་ཉེན་རྟོག་པ་གང་མང་བཅས་འབྱོར་སོང་།དེ་རུ་རོ་ཧི་ནིའི་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོས་གསལ་འགོད་གཏམ་བཤད་གནང་པ་དང་ལས་འགུལ་མཉམ་ཞུགས་པ་མཐོ་སློབ་ཀྱི་སློབ་མ་ཚོས་གསར་འགོད་པའི་དྲི་བར་ལན་བཏབས་རྗེས་ལས་འགུལ་མཇུག་བསྡུས།
སྐབས་འདིའི་ལས་འགུལ་གྱི་དམིགས་ཡུལ་ཁག་གཤམ་གསལ།

1) ཕྱི་ལོ་༡༩༨༧ཟླ་༠༩་ཚེས་༢༧་ཉིན་གྱི་ལྷ་སའི་ཞི་བའི་ངོ་རྒོལ་ཆེན་མོའི་སྐབས་རྒྱ་གཞུང་གིས་བསད་ཟིན་པ་དང་ཡང་ན་བཙོན་དུ་ཚུན་ཟིན་པ་བཅས་ཀྱི་བཀའ་དྲིན་དང་སྙིང་སྟོབས་རྗེས་སུ་དྲན་པའི་ཆེད་དང་།
2) དེ་བཞིན་འདི་ལོར་སྔ་ཕྱིར་བོད་ཀྱི་བདེན་པའི་འཐབ་རྕོད་ཆེད་དུ་རང་ལུས་མེ་རུ་བསྒྲོན་པའི་རྒྱལ་གཅེས་སྐུ་གཤེགས་དཔའ་བོ་བློ་བཟང་ཕུན་ཚོགས་ལགས་དང་།ཚེ་དབང་ནོར་བུ་ལགས།བློ་བཟང་དཀོན་མཆོག་ལགས།ད་དུང་གནས་སྟངས་ཛ་དྲག་འོག་ཏུ་ཡོད་པའི་དཔའ་བོ་བློ་བཟང་་་་བཅས་ལ་གདུང་སེམས་མཉམ་བསྐྱེད་བཅས་ཀྱི་ཆེད་ཡིན།

གསར་འགྱུར།

Post navigation

Previous Post: དཔལ་ དགྱེས་ པ་ རྡོ་ རྗེས་ གསལ་ བཤད།
Next Post: གངས་ལྗོངས་གེ་སར་ཚང་གི་དྲ་རྒྱའི་གསལ་བསྒྲགས།

Comments (23) on “ལྡི་ལིར་བོད་ཀྱི་མཐོ་རིམ་སློབ་མ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།”

  1. ཨ་ཁུ་དགྲ་ལྷ། says:
    2011-09-28 at 6:06 pm

    ལེགས་སོ་བསྔགས་བརྗོད་ཡོད།
    ་སྐྱིད་སྡུག་མཉམ་མྱོང་ཡིན།
    མཐོ་རིམ་སློབ་མ་ཚོས་བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱ་ཐུབ་ན་ལས་འགུར་ངོ་དེ་ཡིན།
    མཐོ་རིམ་སློམ་མ་ཚོས་ནམ་རྒྱུན་རྒྱ་གར་དབྱིན་ཇི་བོད་སྐད་འདྲེས་མ་རྐྱང་རྐྱང་རྒྱགས་བརྒྱབ་ན་མི་རིགས་འདི་རིག་གཞུང་དང་སྐད་ཡིག་ཉིན་ཞིག་ལྟ་ས་མེད་པར་ཆགས་རྒྱུ་རེད།

  2. དཔལ་ལྡན says:
    2011-09-28 at 6:38 pm

    གསར་འགོད་པ་དང་མཆན་འགྲེལ་འགོད་པ་པོ་རྣམས་ཀྱིས་གཟབ་གཟབ་བྱ་དགོས་པ་ཞིག་ལ།ཡི་གེ་འབྲི་བའི་སྐབས་སུ་བསམ་བློ་རྣལ་མ་ཞིག་གིས་ཟིན་པའི་སྟེང་ནས་འབྲི་དགོས་པ་ནི་དོན་གྱི་གནད་དམ་པ་ཞིག་ཏུ་འཁུམས།་་་་་་ཁ་སང་ལྡི་ལི་གསར་བའི་ནང་མཐོ་སློབ་ཏུ་འགྲིམ་བཞིན་པའི་སློབ་བུ་སྐོར་ཁག་ཅིག་གིས་རྒྱ་ནག་གི་བྱ་སྤྱོད་ངན་པའི་རིགས་ལ་མི་འདོད་པའི་ངོ་རྒོལ་ལས་འགུལ་སྤེལ་བར་རྗེས་སུ་ཡི་རངས་ཞུས།་་་་ཡིན་ཡང་ལུས་པོ་དམར་ཧྲེང་ཞེས་བྲིས་པ་དེར་གོ་རྒྱུ་གང་ཡང་མི་འདུག་་་་་་ལུས་པོ་དམར་ཧྲེང་ཟེར་དུས་ཅུང་མི་བདེ་བའི་ཚོར་བ་ཞིག་སླེབས།་་ཞིབ་ལྟ་བྱས་དུས་ལུས་ཕྱེད་དམང་ཧྲེང་ཡིན་པ་མཐོང་།་་་་་བུ་མོ་རེ་ཟུང་མཐོང་རྒྱུ་འདུག་པ་དག་གི་ལུས་པོ་དམར་ཧྲེང་རེད་མི་འདུག་པས་ཕྱིས་སུ་ཡིག་འབྲུ་ཉུང་ཉུང་ཞིག་འབྲི་དུས་གཟབ་གཟབ་གནོངས།

  3. རྒྱ་གར་རྨ་བྱ། says:
    2011-09-29 at 2:37 am

    དུས་ཐོག་ལས་འགུལ་གནང་བ་ལེགས་ཤིང་བསྔགས་བརྗོད་ཀྱང་ཡོད། འོན་ཀྱང་ལས་འགུལ་སྤེལ་སྟངས་འདི་ལ་འགྲིག་འདུག་བསམ་པ་ཞིག་མ་བྱུང་།
    ང་ཚོ་བོད་པའི་གནས་ཚུལ་འདི་འཛམ་གླིང་མི་མང་དང་གསར་འགོད་པ་སོགས་ཀྱིས་གསལ་གསལ་དག་དག་ངོས་ཤེས་ནས་ཡོད་པ་ལས་རྗེས་ལུས་མིན་པས། འདི་ལྟར་གསར་འགོད་པའི་བརྒྱུད་ལམ་དང་མི་མང་གིས་དོ་སྣང་འཐོབ་ཐབས་ལ་དམར་ཧྲེང་དུ་ཁྲོམ་དུ་རྒྱུག་ཡོང་བ་ནི་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་ཀྱི་རིག་གཞུང་དང་།
    ལྷག་པར་ས་གནས་ཡུལ་མིའི་མི་གཤིས་ཀྱི་རིག་གཞུང་གང་ཐད་ནས་མི་རན་མི་འཚམ་པས། མོས་མཐུན་མེད། ལྷག་པར་བདག་ཉིད་ཆེན་པོ་གྷན་དཱིའི་སྐུ་ཕུངས་ཞུགས་འབུལ་གནང་ས་སོགས་སུ་ཆ་ལུགས་འདི་ལྟར་གྱིས་བོད་དོན་བསྒྲགས་པ་ནི་དེ་བས་ཀྱང་མ་རན།
    ཇི་ལྟར་གནང་དགོས་བའི་རིམ་པར་འོས་འཚམ་བརྟག་དཔྱད་གནང་དགོས་ཤིང་། ས་གཞོན་སོགས་ཀྱི་ལམ་སྟོན་མི་སྣ་རེ་དེ་གར་ཕེབས་ནས་འདུག་པས་འདི་ཚོར་ལམ་སྟོན་དགོངས་འཆར་གནང་དགོས་པ་རེད།

    ལས་འགུལ་འདིར་ས་གནས་རྒྱ་མར་མི་མང་གིས་དགའ་མོས་རྒྱབ་སྐྱོར་གནང་མདོག་ཁ་པོ་ཞིག་མ་མཐོང་།གདུང་སེམས་མཉམ་སྐྱེད་དང་དུས་ཚོད་སྟོན་ནས་ལས་འགུལ་སྤེལ་བར་ཐུགས་རྗེ་ཆེ།

  4. རྒྱ་གར་རྨ་བྱ། says:
    2011-09-29 at 2:41 am

    ས་གནས་རྒྱ་གར་མི་མང་ཞེས་པར་ནོར་བཅོས་མཁྱེན།

  5. ཨ་ཁུ་དགྲ་ལྷ། says:
    2011-09-29 at 4:03 am

    མཐོ་རིམ་སློབ་མ་ཚོ་ད་ཐེངས་ཁྲག་ཚ་བོ་ཆགས་ནས་དམར་ཧྲེང་ལ་བུད་ནས་མཆོང་རྐྱང་བྱས་འདུག་དེ་ནོར་བ་མ་རེད་གསར་འགོད་པ་ཚོས་ཁོང་ཚོས་སེམས་ལ་ན་ཟུག་ཆེན་པོ་ཞིག་ཡོད་པ་མཚོན་གྱི་རེད།རྡ་ས་ནས་བྱང་ཆུབ་སེམས་མཆོག་རེ་སྐྱོ་བ་དང་འདྲ་གི་མ་རེད་བྱེད་སྟངས་འདུ་ཅུང་མ་འདྲ་བ་རེད་རེད་དོ་སྣང་བྱ་མཁན་ཚོས་ཁོང་ཚོ་ལ་ཚོས་སྣ་དམིག་བསལ་ཞིག་ཡོད་པ་མཐོང་གི་རེད།
    ངས་གོང་ནས་ཞུས་བ་བཞིན་གྲོང་འཁྱེར་ནང་གི་མཐོ་སློབ་ཀྱི་སློབ་མ་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་སྔར་ལས་ལྷག་པ་གནང་རོགས།
    དགའ་བོ་སྒྲིག་རྒྱུ་དེ་དམིག་ཡུལ་གཙོ་བོ་ལ་མ་བརིྩ་རོགས།
    ཆང་རགས་ཐ་མག་འཐེན་པ་དང་གཞང་ཁ་ནང་ལ་འགྲོ་རྒྱུ་དེ་ཚོས་མི་ཚེ་འཕྲོ་བརླགས་བཏང་གི་རེད་བསམ་བློ་ཞིབ་པར་བཏང་དགོས།
    རྒྱ་གར་གྱི་སློབ་མ་ཚོ་དང་མི་འདྲ་བར་ང་ཚོ་ལ་ལས་འགན་དམིག་བསལ་ཞིག་ཡོད་པ་བསམ་བློ་བཏང་རོགས།
    རྡ་རམ་ས་ལ་རེ་བ་བརྒྱབ་ནས་ལོ་ལྔ་བཅུ་ཕྱིན་པ་རེད་དུང་ཡང་གྲུབ་འབྲས་སྣ་གཅིག་བྱུང་མེད།ད་མཐོ་རིམ་སློམ་མ་ཚོས་རང་འགན་རང་ཁུར་བྱ་ནས་བོད་དོན་ལ་ཤུགས་རྒྱགས་རོགས།

  6. ཨ་ཁུ་དགྲ་ལྷ། says:
    2011-09-29 at 4:11 am

    བྱ་ཆུབ་སེམས་མཆོག་ར་སྐྱོར་ཆེས་བཅོས་རོགས།
    བྱེད་སྟངས་འདི་ཅུང་མ་མ་འདྲ་བ་ཞིག་རེད་ཟེར་ནས་བཅོས་རོགས།
    ཁོང་ཚོ་ལ་ཚོར་སྣང་དམིག་བསལ་བ་ཞིག་ཡོད་པ་མཚོན་གྱི་རེད་ཅེས་བཅོས་རོགས།
    མགྱོགས་པར་བྲིས་བས་ལག་ནོར་ཤོར་འདུག་དགོསང་དག།

  7. ལ་རྒྱའི་བདག་པོ། says:
    2011-09-29 at 4:38 am

    གསར་སྐྱེས་ན་གཞོན་རྣམས་ཀྱིས།
    ལམ་ཀ་གསར་པ་ཞིག
    ལས་འགུལ་གསར་པ་ཞིག་དང་།
    བྱ་ཐབས་གསར་པ་ཞིག
    དོ་སྣང་གསར་པ་ཞིག
    སྨོན་འདུན་གསར་པ་ཞིག
    སེམས་ཚོར་གསར་པ་ཞིག
    མཇུག་འབྲས་གསར་པ་ཞིག
    རེ་བ་གསར་པ་ཞིག
    བོད་དོན་གསར་པ་ཞིག
    འབོད་སྒྲ་གསར་པ་ཞིག
    ཁྱེད་རྣམས་ཀྱི་ལས་འགུལ་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།

  8. yum says:
    2011-09-29 at 10:53 am

    གཞོན་རབས་པའི་དཔུང་སྡེ་གསར་བ་ཞིག་ས་ཆེན་པོའི་པང་དུ་བཞེངས་ནས་ལོ་ངོ་ག་ཚོད་ཅིག་འདུས་ཚར་བའི་ནང་མི་རབས་གསར་པ་མིང་བཟང་དོན་བཟང་གི་སྙིང་ཤ་འཐུག་པའི་ན་གཞོན་མཆོངས་སྐྱོད་པ་སྐོར་ཞིག་རྦ་རླབས་བར་ནས་བོད་གདོང་དམར་ཚང་གི་ཕ་ཤུལ་བུ་འཛིན་མ་ཤུལ་ཐབ་འཛིན་ཞིག་བྲག་རྡོ་བཞིན། རྦ་རླབས་བཞིན། གཙང་བོ་བཞིན་མཆོངས་ཤིག མདུན་ལ་མཆོངས་ཤིག ས་སྒང་འདི་འཕྲལ་གྱིས་གཅོད་པའི་སྙིང་སྟོབས་སེམས་ཤུགས་ཤིག་དང་བཅས་ཐོན་ཡོང་ཐལ།

  9. སྐྱུ་རྩི་ནས། says:
    2011-09-29 at 1:50 pm

    ཡག་པོ་རེད་ད། རྒྱ་གར་ཡུལ་མིའི་སེམས་ཁམས་ལ་ཡང་བསྟུན་དགོས། དེ་བས་བོད་ཡིག་མང་ཙམ་སྦྱངས་ན་ཡག་པར་མཐོང་།
    ཡོད་དུས་ཚོང་པ་རྒྱག་པ།
    །མེད་དུས་བཀའ་དྲིན་ཆེན་པོ།
    །ཡང་སྤྲུལ་ཟླ་བ་གཞོན་ནུ།
    །རྒྱ་དམར་ཕྱག་ཏུ་ཕུལ་སོང་།
    །དྲིན་བྱས་དྲིན་དུ་མི་བཟོ།
    །གདོང་དམར་བོད་མིའི་གཤིས་ལ།
    །བསམ་བཞིན་ངུ་མ་དགོད་ཀྱི།
    །མིག་ཆུ་ལན་མང་ཤོར་སོང་།
    །བཀའ་བློན་བོད་ཡིག་མི་ཤེས།
    །བཀའ་ཤག་བོད་ཡིག་མི་ཤེས།
    །བོད་པ་རྫུན་མ་མཐོང་དུས།
    །མགོན་ཁྱོད་སྙིང་ནས་དྲན་བྱུང་།
    །ལོ་ངོ་ལྔ་བཅུར་གསོས་པའི།
    །བཙན་བྱོལ་བོད་མིའི་སློབ་ཕྲུག
    །བོད་ཡིག་སྦྱོར་ཀློག་མི་ཤེས།
    །མགོན་ཁྱོད་བཟོད་པར་གསོལ་ལོ། །

  10. རེ་བ་ says:
    2011-09-29 at 3:01 pm

    དྲ་གྲོགས་དགྲ་ལྷ་ལགས་་་་དེང་སྐབས་འཛམ་གླིང་འདིའི་སྟེང་བོ་མིའི་ངོ་བོ་དང་རིག་གཞུང་མ་རླག་པ་ཙམ་དུ་མ་ཟད་མི་མང་མང་པོ་ཞིག་ནས་བོད་མིར་རྒྱབ་སྐྱོར་ཐོབ་པ་སོགས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་འདས་ཟིན་པའི་རྡ་སའི་བཙན་བྱོལ་གཞུང་གི་སྲིད་ཞུ་བ་ཡོངས་ནས་ཐོག་མར་བོད་མིའི་སློབ་གྲྭ་བཙུགས་རྒྱུས་མཚོན་བོ་མིར་སྨན་པའི་ལས་དོན་གང་ཐུབ་གནང་རྐྱེན་གཞིས་བཞུགས་བོད་མི་རྣམས་ནས་ཡིད་ཆེས་བློ་ལྟས་ཀྱིས་གཅེས་པའི་སྲོག་ལ་མི་ལྟོས་པ་བསྟན་དགྲ་རྒྱ་དམར་གྱི་བཙན་འོག་ཏུ་བོད་མིའི་རང་དབང་བདེན་དོན་རྩོད་བཞིན་གནས་པ་ནི་༧གོང་ས་མཆོག་གི་དབུས་འདས་ཟིན་པའི་བཙན་བྱོལ་གཞུང་གིས་གྲུབ་འབྲས་ཤིག་ཏུ་མི་མངོན་པར་དེ་ལས་གོ་་་ལྡོག་སྟེ་རྒྱ་དམར་གྱིས་བོད་ནང་གི་བོད་མི་རྣམས་ལ་དུས་རྟག་ཏུ་ཏཱ་ལའི་བླ་མས་གཙོས་ཡུལ་གྱར་སྲིད་གཞུང་གིས་བོད་་་་མི་མང་ལ་ཕན་ཐོག་ཅུང་ཟད་མེད་པར་བཤད་པ་ལྟར་རྡ་སའི་གཞུང་ལ་གྲུབ་འབྲས་ཅུང་ཟད་ཙམ་ཡང་མེད་པར་བཤད་པ་ནི་ཡ་མཚན་སྐྱེ་གཞིར་མཐོང་

  11. ལ་རྒྱའི་བདག་པོ། says:
    2011-09-29 at 3:32 pm

    དགྲ་ལྷ་དྲན་རྒྱུ་རྒོད་ནས།།
    ཡོད་ཚད་ལོག་པར་སྣང་སོང་།།
    རྨ་བྱ་རང་མདོག་རློམ་ནས།།
    གཞན་དགེ་མཐོང་བ་དཀའ་སོང་།།

    སྐྱུར་རྩི་སྐྱུར་དད་མང་ནས།།
    སྔོན་དྲན་སེམས་གཅོང་ཆགས་འདུག།
    རེ་བ་རེ་བའི་ངང་ནས་ནས།།
    དགྲ་ལྷར་ཡ་མཚན་སྐྱེས་འདུག།

    ལ་རྒྱར་ལ་རྒྱ་ལྡན་ཡང་།།
    ནུས་པས་དབུལ་བ་སྐྱོ་སོང་།།

  12. རེ་བ་ says:
    2011-09-29 at 4:09 pm

    བོ་་་་བོད་ལ་བཅོས་རོགས་ཞུ།།

  13. རེ་བ་ says:
    2011-09-29 at 4:11 pm

    བོ་་་བོད་ལ་བཅོས་རོགས།།

  14. ཨ་ཁུ་དགྲ་ལྷ། says:
    2011-09-29 at 5:40 pm

    ་ཧེ་ཧེ་་་་་རེ་བ་ནི་རེ་བ་རང་རེད་་་་བོད་རེ་བས་ཕུང་ཟེར་བ་དེ་ཁྱོད་ཀྱི་ཆེད་དུ་བཤད་པ་མིན་ནམ་ཧེ་ཧེ།
    རྒྱལ་བ་རིན་པོ་ཆེ་བོད་མི་མང་ལ་བཀའ་དྲིན་ཆེ་རབས་བཤད་འདུག་་་རྡ་ས་ལ་གྲུབ་འབྲས་ཡོད་རབས་བཤད་འདུག་་་ངའི་སྐད་ཆ་ཡོད་ཚད་རྒྱ་མིའི་བཤད་སྟངས་ཡིན་པ་སྒྲུབ་འདུག་་་ཧེ་ཧེ་་་་་་་་རྡ་ས་ནས་རང་ཉིད་དང་ལྟ་བ་མ་མཐུན་ན་རྒྱ་མི་ཉུལ་མ་རེད་་་་་ཤུགས་ལྡན་ཚོགས་པ་རེད་་་་་་་་རྒྱལ་བ་རིན་པོ་ཆེ་ལ་དད་པ་ལོག་མཁན་རེད་་་ཟེར་བའི་སྐད་ཆ་འདི་ཚོ་རྡ་སའི་ཕྱོགས་རིས་རིང་ལུགས་ཀྱི་མི་མགོ་རྡུང་སའི་ཐོ་བ་ངོ་མ་དེ་རེད་་་་ཐོ་བ་འདི་དྲང་བདེན་དང་གནས་ལུགས་ལ་དགའ་བའི་བསམ་བློ་བ་མང་པོ་ཞིག་གི་མགོ་བོ་གཏོར་ནས་སྤྱི་ཚོགས་འདི་ནས་རྒྱང་ཕུད་བཏང་ཚར་བ་རེད།དེ་རིང་ཁྱོད་ཀྱིས་ཀྱང་ལག་ཆ་འི་ངའི་མགོ་རུ་ཐེངས་གཅིག་རྡུང་འདུག་ཀྱང་ང་ལ་ན་ཟུག་གང་ཡང་བཏང་ཐུབ་མེད།
    རེ་བ་ལགས།
    རྒྱལ་བ་རིན་པོ་ཆེ་ལ་བོད་མི་མང་བཀའ་དྲིན་ཆེན་པོ་ཡིན་པ་ལས་་་་་བོད་མི་མང་ལ་རྒྱལ་བ་རིན་པོ་ཆེ་་བཀའ་དྲིན་ཆེན་པོ་གང་ཡང་ཆགས་མེད།རྒྱལ་བ་རིན་པོ་ཆེ་འཇིགས་རྟེན་གྱི་མཐོ་ས་ཞིག་ལ་བསྐྱལ་མཁན་དེ་བོད་མི་མང་གི་ངོ་འབག་དེ་རེད།རྒྱུ་མཚན་དེས་རྒྱལ་བ་རིན་པོ་ཆེ་ལ་བོད་མི་མང་བཀའ་དྲིན་ཆེན་པོ་ཆགས་ཡོད།
    མི་ཁྱོད་ཀྱི་རིགས་དེ་ཚོས་གཅིན་ཁུང་ནང་ནས་གཅིན་པ་མར་འབབ་ཐུབ་པ་དེ་ཡང་རྒྱལ་བ་རིན་པོ་ཆེའི་དྲིན་རེད་ཟེར་བཤད་ཉེན་ཆེ།རྡ་སའི་ནག་ཉེས་དེ་བཤད་ན་གླེང་ཕོད་བ་ཞིག་མེད།ད་དེ་ཙམ་ཡིན།

  15. རེ་བ་ says:
    2011-09-29 at 7:41 pm

    སྤྱིར་མི་དཀར་ལ་ཞྭ་ནག་གཡོག་སྟེ་བོད་མིའི་ནང་ནས་ཟུར་འཇོག་བྱས་ན་མཚམས་པོ་ཞིག་རྩ་བ་ནས་མིན་པ་ཞིག་ཏུ་ངོས་འཛིན་བྱ་དགོས་ངེས་ཀྱང་རྒྱ་དམར་གྱི་དངུལ་དངོས་ཀྱི་རྗེས་སུ་སྙེག་ནས་ཁ་་་ལྟ་ཡུལ་༧གོང་ས་མཆོག་དང་བོད་བཙན་བྱོལ་གཞུང་བོད་མིའི་བདེན་དོན་སོགས་ལ་རྐུབ་ལྟ་བ་དང་བོད་མི་བརྒྱ་ཆ་གོ་དགུས་རྐུབ་ལྟ་ཡུལ་རྒྱ་དམར་གུང་ཁྲན་ལ་་་ཤི་འཐམ་རོ་འཐམ་བྱེད་མི་དགྲ་ལྷ་མིང་ཅན་དཀྲུག་ཤིང་གི་གོང་བུ་ཁྱོད་ལྟ་བུ་ང་ཚོས་ཆོས་དང་ཟང་ཟིང་ལ་ཐུན་མོང་དུ་ལོངས་སྤྱོད་བྱ་རྒྱུ་མིན་པས་དམ་བཅའ་ཟིན་ན་ཡང་ཕན་ཚུན་སློབ་སྦྱོང་ལེན་ཡུལ་དྲ་སྟེང་འདིར་ཁྱོད་ཐུག་པ་ཙམ་དུ་མ་ཟད་བསམ་ཚུལ་སྤེལ་རེས་བྱས་པ་ངའི་མི་ཚེའི་ནང་ནས་ནོར་འཁྲུལ་ཆེ་བས་བྱ་ངན་དང་པོ་ཡིན།།
    སྨོན་ལམ་ལོག་པས་བོད་མིའི་བདེན་དོན་ལ།།
    འཁུ་བའི་རྒྱ་ཕྱོགས་ཨ་ཁུ་དགྲ་ལྷ་དེ།།
    དྲ་སྟེང་འདིའི་ཐོག་གྲོགས་མེད་གཅིག་པུ་རུ།།
    དྲ་གྲོགས་ཡོངས་ཀྱིས་བདེན་པས་འཇོག་པར་ངེས།།

  16. ཕུན་ཚོགས་ says:
    2011-09-30 at 2:27 am

    ཨ་ཁུ་རྒྱ་ཡི་དགྲ་ལྷ་ཞེས་པར་ཞུ་གྱུར སྐུ་ཉེད་ནས་གསུང་པའི་དྲང་བདེན་དང་གནས་ལུགས་ལ་དགའ་བའི་མི་མང་པོ་གཞིག་གསུང་འདུག་པས་ཁྱེད་ནས་གནས་ཚུལ་བསལ་ཙམ་དང་མི་གང་དང་གང་ས་གནས་གང་དུ་རྒྱང་ཕུད་བཏང་བའི་གནས་ཚུལ་བསལ་པོ་ཡོད་ན་ང་ཚོས་བཏགས་སྤྱད་བྱས་བས་ཆོག་ འོན་ཀྱང་སྐུ་ཉེད་ནས་གསུང་པའི་༼འདི་ནས་༽འདི་ནས་གསུང་པའི་འདི་ག་པར་འཇུགས་དགོས་བསམ་༡༼ རང་ཅག་ཁའི་ལྷ་སྐལ་༧ གོང་ས་སྐྱབ་མགོན་ཆེན་པོའི་ཐུགས་རྗེའི་གྲིབ་བསིལ་འོག་འཛམ་གླིང་སྔོན་ཐོན་གྱི་བསམ་བློ་བ་དག་ཀྱང་པདྨའི་བཞིན་ལ་བུང་བའི་འདུ་བགོད་དང་སྟོན་གྱི་རྫིང་བུར་ངང་པའི་བྲོ་གར་བཞིན་ཆེད་ལས་ཀྱིས་ཉམས་ཞིབ་དང་རྗེས་སུ་ཡིད་རང་གནང་མཁན་སྔ་དྲོ་ལས་ཕྱི་གྲོ་མང་བ་ཁ་སང་ལས་དེ་རིང་མང་བ་སྔ་ལོ་ལས་ད་ལོ་མང་བ་སོགས་ཆར་རྗེས་ཀྱི་སྤང་ལ་ཤ་མོ་བརྡོལ་བ་ལྟར་འགྱུར་བཞིན་པའི་སྤྱི་ཚོགས་༽འདི་ནས་གསུང་གི་ཡོད་ནམ་ ༢༼ ཡང་ན་རྒྱ་འདྲེ་དང ཕ་མེད་ཀྱི་རིགས་རུས་ཚོངས་ལས་གནང་མཁན་ལས་ངན་མིའེ་ལུས་བརྟན་ལ་དུདའགྲན་་འགྲོའི་རྣམ་པ་ཅན་༽འདི་ནས་གསུང་གི་ཡོད་ནམ་ དང་པོ་དེ་ཡིན་ན དེ་ནས་ཕུད་པ་མ་རེད་བུད་པ་རེད་གང་ཡིན་ཟེར་ན་ལས་ངན་སྒོར་མོའི་གཡོག་འོག་ལ་ཚུད་པ་རེད་ གཉེས་ པ་དེ་ཡིན་ན་རྨོ་ལམ་ལོགས་པའི་རྣམ་སྨྱིན་ཀྱི་འཇུག་འབྲས་རེད་ མ་ཟད་དེ་ལ་ང་ཚོས་རྒྱབས་སྐྱོར་དུས་ནམ་ཡང་བྱེད་ཀྱི་མན་གོ་སོངས་བས་ ཡང་ལས་ངན་ཁྱོད་ལ་བོད་མིའེ་ངོ་འབག་མ་ཐོབ་པའི་རྒྱུ་ཚན་ཁྱོད་ནས་ལེགས་པར་ཤེས་པ་གྱིས་༧་གོང་ས་སྐྱབ་མགོན་ཆེན་པོའི་ཐུགས་སྐྱེད་རྨོ་ལམ་བོད་དང་ས་སྟིང་རྒྱལ་བརྟན་ཡོངས་ལ་ཁྱབ་པ་ནི་ལས་ངན་ཁྱོད་ཀྱི་ག་ལ་འགྲན་ནུས་་་་་་་་་་་་་་

  17. ལ་རྒྱའི་བདག་པོ། says:
    2011-09-30 at 4:35 am

    གངས་ཅན་སྲིད་དང་དེ་འཛིན་དབུ་འཁྲིད་ལ།།
    ལོག་པར་འཁུ་བའི་གདོན་འདྲེ་རྒྱ་ལྷ་དེ།།
    ཇི་ལྟར་འཚམས་པའི་སྤྱད་པས་ཚར་གཅོད་པའི།།
    དྲག་པོའི་འཕྲིན་ལས་མྱུར་དུ་འགྲུབ་པར་ཤོག།

  18. རེ་བ་ says:
    2011-09-30 at 1:57 pm

    དགྲ་ལྷ་ཞེས་པ་བོད་མིའི་དགྲ་ཡི་ལྷ།།
    དུས་རྣམ་ཀུན་དུ་རྒྱ་དམར་དངུལ་རྗེས་རྒྱུག།
    དེ་ཡིས་བསླད་ནས་༧སྐྱབས་མགོན་ཆེན་པོ་སོགས།།
    བསྟན་སྲིད་བདེན་དོན་སྨན་པས་བྱས་ཅན་རྣམས།།
    ཕན་མེད་ཐ་ཤལ་ཞིག་དུ་སྣང་ཚུལ་དང།།
    ཡིད་དྭགས་ཆུ་བོ་རྣག་ཁྲག་སྣང་བ་གཉིས།།
    ཡིད་དྭགས་ཚེ་སྔོན་ལས་ངན་དབང་གིས་སྣང།།
    རྒྱ་ལྷར་སྨོན་ལམ་ལོག་པའི་རྒྱུ་ཡིས་མཐོང།།
    འོན་ཀྱང་སྣང་ཚུལ་གནས་ཚུལ་མི་བཐུན་པ།།
    ༧མགོན་པོ་མཆོག་གི་གདུལ་བྱས་ངེས་ཟིན་ན།།
    དཀྲུག་ཤིང་གོང་བུས་གཡོ་འཁྲུལ་མང་བྱས་ཀྱང།།
    གདུལ་བྱའི་བལ་རྩེ་ཙམ་ཡང་བསྒུལ་མི་ནུས།། །།

  19. རེ་བ་ says:
    2011-09-30 at 5:57 pm

    དྲ་གྲོགས་རྣམས་ནས་གཟིགས་དང་མི་ངན་རྒྱ་དམར་གྱི་རྒྱུག་ཁྱི་་བཙན་བྱོལ་བོད་མིའི་དཀྲུག་ཤིས་གི་གོང་བུ་་་བོད་བསྟན་པ་ཆབ་སྲིད་ཀྱི་བསྟན་དགྲ་་དྲ་སྟེང་གི་དྲ་འབུ་་ཨ་ཁུ་དགྲ་ལྷ་མིང་ཅན་ཁོས་རྒྱ་དམར་གྱི་རྗེས་འབྲང་ཁྲི་ཟུར་རྫུན་མ་ལུང་རིགས་རྣམ་རྒྱལ་གྱི་སྐོར་ལ་མཆན་བུ་བརྒྱ་དང་ལྔ་བཀོད་པའི་ནང་ཁོ་པས་ལག་རྡུམ་གྱི་བརྟུལ་བཞུགས་འཛིན་ཏེ་གང་ཡང་མ་བཀོད་པ་དེ་དང་༧གོང་ས་མཆོག་ལ་ངན་སྨྲས་སྐུར་འདེབས་བྱེད་ཚུལ་ལ་ལྟས་ན་ཁོ་པ་དོལ་ཆུས་མྱོས་པས་མི་ངན་ཐ་ཤལ་གཅིག་ཏུ་རྩིས་ནས་ཁོ་པའི་མཆན་ལ་༧གོང་ས་མཆོག་གི་རྗེས་འཇུག་རྒྱ་དམར་གུང་ཁྲན་འོག་ནས་རང་དབང་འཐོབ་ཐབས་བྱ་མཁན་ཚང་མས་ཡིད་ཟབ་གནང་གལ་ཆེའོ།། །།

  20. སྐྱུ་རྩི་ནས། says:
    2011-09-30 at 9:57 pm

    གངས་ལྗོངས་བསྟན་དགྲའི་གཞི་མ།
    རྒྱ་དམར་གདོན་གྱིས་བཀུར་བའི།
    ཨ་ཁུ་དགྲ་ལྷའི་མིང་ཅན།
    རྒྱ་དམར་གཏོར་མ་མཆོད་ཅིག
    གཉེན་ལ་དགྲ་རུ་བཀུར་ཅིང་།
    དགྲ་ལ་གཉེན་རུ་བཟུང་བ།
    ལྟས་ངན་ཆགས་སྒོ་ནང་ཁྱེར།
    རྒྱ་དམར་ཡུལ་ལ་ཕེབས་ཤིག
    རྡ་སའི་མོག་མོག་བཟས་ནས།
    གྲོད་པ་འབུར་འབུར་ཆགས་དུས།
    དྲིན་ལན་ལོག་པས་འཇལ་བ།
    ཨ་ཁུ་དགྲ་ལྷ་ཁྱོད་རེད།
    ཕ་བསོད་དགྲ་བོ་དམར་པོར།
    ལག་ཟུང་ཐལ་མོ་སྦྱར་ཏེ།
    དངུལ་ལོར་བདུད་རྩིའི་བྱིན་རླབས།
    ཞུ་མཁན་ཨ་ཁུ་ཁྱོད་རེད།

  21. ཕུན་ཚོགས says:
    2011-09-30 at 11:13 pm

    ཨ་ཁུ་དགྲ་ལྷ་ཞེས་པའི་ངན་དགུ་ཚངས་བའི་བུ་དུག་ལགས་ད་ག་པར་ཡིབ་ནས་སྡད་་ཡོད་ རྒྱེན་གོང་ཁྱོད་ལ་བྱེ་བབས་དེ་ལས་མེད་པ་ང་ཚོས་ཧ་གོ་དོན་བསལ་ཡིན་ ཞགས་ན་སྡད་གྱུ་མེད་པ་ བཙིར་ན་དོན་གྱུ་མེད་པ་ལས་ངན་རྡུགས་སན་ཁྱོད་ལ་ཡ་རེ་ང་

  22. ཕུན་ཚོགས says:
    2011-10-01 at 2:46 am

    ཨ་ཁུ་གྲ་ལྷ་ཞེས་པའི་མིང་ཅན་པ
    ངན་སོང་གསུམ་གྱི་ནད་རྣམས་ནི།
    མ་བྱུང་བ་ནས་གསོ་བར་བྱ།
    གནམ་ལྕགས་མགོ་ལ་བབ་པ་ལྟར།
    ཐོག་ཏུ་བབས་ན་ཅི་བྱར་ཡོད།
    མཛའ་བཤེས་ཀུན་དང་བྲལ་བ་དང༌།
    ངེས་པར་འཆི་བ་ཤེས་བཞིན་དུ།
    ད་དུང་བདེ་བར་གཉིད་ཕེབས་པ།
    བདག་ཉིད་སྙིང་ལ་ཅི་ཞིག་ཞུགས།
    ལང་ཤོར་བློ་ངན་འཕྲོ་ཞིང་རྒོད་པའི་ཐོག
    ། ཕྱི་ཕྱིར་འཆལ་གཏམ་དུ་མས་གཡེང་བ་སོགས།
    །དགག་བྱའི་རིགས་ལ་བསྒྲུབ་བྱར་མ་འཛིན་ཨང༌།
    །སྐྱོན་ཡོན་བླང་དོར་རང་གིས་མི་ཕྱེད་པར།
    ། གྲགས་སྐམ་འུད་ཀྱི་རྗེས་སུ་འབྲང་ན་ཡང༌།
    ། ཉེས་སྐྱོན་སུ་ཡིས་ལག་པས་མི་སེལ་ལ།
    ། ཡོན་ཏན་སུས་ཀྱང་ཁ་རུ་མི་ལྡུག་པས།
    ། བླུན་པོ་ཆུ་སྣ་གར་ཁྲིད་མ་བྱེད་ཨང༌།

  23. ཞོལ་ཕྲུག says:
    2011-10-02 at 3:35 am

    ལ་རྒྱའི་བདག་པོ་དྲག་ཏུ་ཁྲོས།
    ཨ་ཁུ་དགྲ་ལྷ་ཚར་གཅོད་གནང་།
    འཛམ་གླིང་ཞི་བདེའི་དུས་རབས་ལ།
    དྲག་པོའི་འཕྲིན་ལས་དགོས་དོག་མེད།

    ཨ་ཁུ་དགྲ་ལྷ་ཐུགས་ཁག་མེད།
    ལོག་སྨོན་དབང་གིས་དགྲ་ལྷར་སྐྱེས།
    དྲིན་བྱས་དྲིན་དུ་མི་ཚོར་བས།
    ཁ་ཕོར་ནང་དུ་གཅིན་པ་བཏང་།

    ཡག་ཉེས་དབྱེ་འབྱེད་མི་ཤེས་པའི།
    བྱོལ་སོང་མི་གྲལ་ག་ལ་ཚུད།
    དེ་བས་ཨ་ཁུ་དགྲ་ལྷ་དེ།
    བྱོལ་སོང་མིན་ན་གདོན་འདྲེར་ངེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme