Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྡི་ལི་བོད་ཀྱི་མཐོ་རིམ་སློབ་མའི་ལྷག་དཀར་སྲུང་བརྩིའི་ལས་འགུལ།

Posted on 2011-09-132011-09-13 By ཁ་བརྡ་ 11 Comments on ལྡི་ལི་བོད་ཀྱི་མཐོ་རིམ་སློབ་མའི་ལྷག་དཀར་སྲུང་བརྩིའི་ལས་འགུལ།

new-lhakar
༢༠༡༡་ལོའི་ཟླ་༩་པའི་ཚེས་༡༤ རེས་གཟའ་ལྷག་པ།

ལྡི་ལི་རོ་ཧི་ནེ་ས་གནས་གཞོན་ནུའི་་ངོས་ནས་ཕྱི་ལོ་༢༠༠༨་ལོའི་ཞི་བའི་སྒེར་ལངས་ཀྱི་རྗེས་སུ་རིམ་བཞིན་བོད་ནང་དུ་ཤུགས་ཆེར་དར་ཁྱབ་ཏུ་ཕྱིན་པའི་འཚེ་མེད་ཞི་བའི་མི་བསྟུན་པའི་ལས་འགུལ་གྱི་གལ་ཆེའི་རང་བཞིན་ངོས་འཛིན་དང་ཕྱོགས་གཞན་ཞིག་ནས་བོད་ནང་གི་བོད་ནང་གི་བོད་མི་ཚོའི་ལས་འགུལ་ལ་རྗེས་སུ་ཡི་རངས་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་གི་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཁག་དང་ལྷག་པར་མཐོ་སློབ་ཏུ་བསྐྱོད་བཞིན་པའི་བོད་པའི་མཐོ་རིམ་སློབ་མ་ཚོར་“ལྷག་དཀར”གྱི་ལས་འགུལ་ངོ་སྤྲོད་དང་གོ་རྟོགས་སྤེལ་ནས་བོད་མིའི་ངོ་བོ་དང་། སྐད་ཡིག་གཙོའི་རིག་གཞུང་གི་མ་ལག་ཡོད་ཚད་སྲུང་འཛིན་དང་དར་སྤེལ་གཏོང་ལས་གཞི་འགོ་འཛུགས་ཞུས་པ་ཡིན།
ཀུན་གྱིས་མཁྱེན་གསལ་ལྟར་ལྷག་དཀར་ཞེས་པའི་ལས་འགུལ་དེ་ནི་བོད་ནང་གི་རྩོམ་པ་པོ་དང་། གཞས་པ། སྙན་ངག་པ་གཙོའི་ཤེས་ཡོན་སྡེ་ཚན་ཁོངས་ཀྱི་བོད་མི་མང་པོ་ཞིག་གི་དངོས་ཤུགས་བརྒྱུད་གསུམ་གྱི་འབད་རྩོལ་ལ་བརྟེན་ནས་རིམ་བཞིན་བོད་མིའི་གཞི་རིམ་མང་ཚོགས་ཀྱི་ཉིན་རེའི་འཚོ་བའི་ནང་དར་ཁྱབ་ཏུ་ཕྱིན་པའི་རྣམ་པ་གསར་བ་དང་ཁྱད་ཆོས་དམིགས་བསལ་ལྡན་པའི་ལས་འགུལ་ཁྱད་པར་ཅན་ཞིག་ཡིན། དེ་ཡང་རེས་གཟའ་ལྷག་པའི་ཉིན་ལ་བོད་པའི་སྲོལ་རྒྱུན་རང་བཞིན་གྱི་ཆས་གོས་གྱོན་པ་དང་། བོད་པ་ཕན་ཚུན་དབར་ལ་བོད་སྐད་གཙང་མ་བསྐྱོན་པ། བོད་པའི་ཟ་ཁང་ནང་ཞལ་ལག་མཆོད་པ། བོད་པའི་ཚོང་ཁང་སོགས་ནས་ཅ་ལག་ཉོ་བ་སོགས་བྱས་ནས་བོད་ནང་ཏུ་འཕེལ་བཞིན་པའི་རྒྱ་ནག་གི་ཁྲོམ་ར་ལ་གདོང་ལེན་གྱི་སྡིངས་ཆ་གསར་བ་ཞིག་བསྐྲུན་ཡོད།
1233544
ལྷག་དཀར་ནི་“རེས་གཟའ་ལྷག་པ་དཀར་པོ་”ཞེས་པའི་བསྡུས་ཚིག་ཡིན་ལ། ལས་འགུལ་འདི་དམིགས་བསལ་གཟའ་ལྷག་པར་སྲུང་བརྩི་ཞུ་དགོས་དོན་ནི་ཉིན་མོ་དེ་གོང་ས་མཆོག་གི་སྐུའི་བླ་གཟའ་འཁེལ་གྱི་ཡོད་པར་བརྟེན་བོད་མི་ཚོས་གཟའ་ལྷག་པ་རྐྱང་ལ་བོད་མིའི་ངོ་བོ་འཛིན་སྐྱོང་སྤེལ་གསུམ་བྱེད་ཆེད་གཞི་རིམ་གྱི་ལས་འགུལ་འདི་དབུ་འཛུགས་བྱས་པ་རེད་ལ། དེ་ཡང་ང་ཚོས་ཤེས་དགོས་པ་ཞིག་ལ་ལྷག་དཀར་ནི་བོད་མིའི་གཞི་རིམ་གྱི་མི་བསྟུན་པའི་ལས་འགུལ་ཞིག་ཆགས་ཡོད་པའི་རྒྱུ་མཚན་གྱིས་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་གང་ཟག་མི་སྒེར་སོ་སོ་ངོས་ནས་ལས་འགུལ་འདིའི་ཁྲོད་དུ་ཆ་ཤས་བླངས་ནས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབ་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བྱེད་རྒྱུ་ནི་སོ་སོ་བོད་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་སྐྱེས་ཐོབ་ཀྱི་འགན་འཁྲི་ཞིག་ཆགས་ཡོད།

དེ་ཡང་ལྡི་ལི་རོ་ཧི་ནེ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དཔལ་ལྡན་བསོད་ནམས་ལགས་ཀྱིས་ལྷག་དཀར་གྱི་ལས་འགུལ་འདི་ཁྱབ་སྤེལ་བྱེད་དགོས་པའི་གལ་ཆེའི་རང་བཞིན་སྐོར་བརྗོད་དོན་ “ གལ་ཏེ་བོད་ནང་གི་བོད་མི་ཚོས་རྒྱ་ནག་གི་དྲག་སྤྱོད་དང་གནོན་ཤུགས་ལ་མ་འཛེམས་པར་རླབས་ཆེ་ཞིང་ལོ་རྒྱུས་རང་བཞིན་ལྡན་པའི་འཚེ་མེད་ཞི་བའི་ལས་འགུལ་དམིགས་བསལ་ཅན་འདི་ཞིག་རྩོམ་ཐུབ་པ་ཡིན་ན། ང་ཚོ་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོས་རྒྱ་ནག་བཟོས་པའི་ཅ་ལག་སྤོང་བ་དང་། བདུན་ཕྲག་རེར་བོད་ཡིག་གི་གསར་འགྱུར་ཚགས་ཤོག་རེ་ཀློག་པ། བོད་པའི་ཕྱུ་པ་གྱོན་པ་དང་། བོད་སྐད་གཙང་མ་བཤད་པ་སོགས་པའི་ལས་འགུལ་ཆུང་ཚགས་རིགས་སྤེལ་མི་ཐུབ་པ་ག་ལ་ཡོད།”ཟེར།
dsc08023
དེ་ཡང་བོད་པའི་རང་བཙན་འཐབ་རྩོད་ཀྱི་དུས་སྐབས་འདིར་འཚར་ཞིང་གཉོམ་ལག་རྒྱས་པའི་བོད་མི་ཞིག་ལ་ཆ་མཚོན་ན། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་མིའི་ཆོས་དང་། རིག་གཞུང་། ངོ་བོ་སོགས་རྩ་བརླག་བཏང་དང་གཏོང་བཞིན་པའི་སྐབས་འདིར། ང་ཚོས་ནུས་ཤུགས་ཡོད་རྒུ་བཏོན་ནས་སོ་སོའི་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་སོགས་ངེས་པར་སྲུང་སྐྱོབ་བྱེད་དགོས་ལ། དེ་དང་ཕྱོགས་མཚུངས་སོ་སོའི་ཤེས་ཡོན་དང་དཔལ་འབྱོར་ལ་སོགས་པའི་ནུས་པ་ཡོད་ཚད་བོད་པའི་ཆབ་སྲིད་ཀྱི་འཐབ་རྩོད་སྒང་ལ་སྤུངས་ཐུབ་པ་བྱས་ནས་ང་ཚོའི་རང་དབང་གི་འབོད་སྒྲ་འཛམ་གླིང་ཁྱོན་ཡོངས་ལ་བསྒྲགས་དགོས་ལ། ང་ཚོ་ཚང་མའི་ཐུན་མོང་གི་ཕུགས་བསམ་སྟེ་རང་དབང་དང་འདྲ་མཉམ། དྲང་བདེན་གྱི་དར་ཆ་འཛམ་གླིང་གོ་ལའི་རྩེ་མོ་ནས་བསྒྲེང་ཐུབ་པ་བྱེད་དགོས།

གསར་འགྱུར།

Post navigation

Previous Post: འོད་དཀར་དྲ་ཚིགས་ཀྱི་རིམ་པ་གཉིས་པའི་ཐོག་མའི་སྙན་ངག་གྱེར་འདོན་འགྲན་ཚོགས་ལྷོ་ཕྱོགས་སུ་འཚོགས།
Next Post: ཕྱག་རོགས་བཀའ་བློན་རྣམ་པ་སུ་སུ་ཡིན་ནམ།

Comments (11) on “ལྡི་ལི་བོད་ཀྱི་མཐོ་རིམ་སློབ་མའི་ལྷག་དཀར་སྲུང་བརྩིའི་ལས་འགུལ།”

  1. ཨ་ར་དཀར་པོ says:
    2011-09-14 at 4:11 am

    ཡག་པོ་རེད། ལས་འགུལ་ཡག་པོ་སྤེལ་ན་རྗེས་སུ་ཡི་རང་ལོས་བྱེད། ཤུགས་རྒྱོབ་ཤོག་ཨ་ བོད་ཀྱི་གཞོན་སྐྱེས་མི་རབས་གསར་པ་ཚོ། ཁྱེད་ཚོ་ནི་མ་འོངས་པའི་བོད་ཀྱི་བདག་པོ་ངོ་མ་དེ་ཡིན། ཡིན་ནའང་ངའི་བསམ་ཚུལ་ལ་གཟའ་ལྷག་པ་ཙམ་མ་ཡིན་པར་གཟའ་ཉི་མ་ལའང་བོད་མིས་བོད་ཆས་གྱོན་རྒྱུའི་ལས་འགུལ་ཞིག་སྤེལ་ཐུབ་ན་དགེ་མཚན་ཧ་ཅང་ཆེ། རྒྱུ་མཚན་ནི་གཟའ་ཉི་མར་སློབ་མ་དང་ལས་བྱེད་ཚང་མ་གུང་སེང་ཡིན་པས་ཁྲོམ་སྲང་ཚང་མ་འཁྲུག་ཆ ་དོད་ཤོས་ཀྱི་ཉི་མ་ཞིག་རེད། ཉིན་འདིར་ཚང་མས་བོད་ཆས་གྱོན་ན་ལས་འགུལ་ནང་ཞུགས་མཁན་དང་ཟུར་ནས་མཐོང་མཁན་ཚང་མས་བོད་ཅེས་པའི་ཡིག་འབྲུ་འདི་གཉིས་ལ་བག་ཆགས་ཟབ་མོ་ཞིག་ཐེབས་ངེས་པ་མཟད་ལྷག་དཀར་ལས་ཀྱང་སྟབས་བདེ་ལ་ཁྱབ་ཆེ་བར་འགྱུར་ངེས་སྙམ་མོ། བོད་རྒྱལ་ལོ།

  2. རེ་བ་ says:
    2011-09-14 at 4:12 am

    མཐོ་རིམ་སློབ་མ་རྣམས་ཀྱིས་སྤེལ་བའི་ལྷག་དཀར་ལས་འགུལ་ལ་རྒྱབ་སྐྱོར་དང་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ད་དུང་གལ་འགངས་ཆེ་བ་རང་མི་རིགས་ཀྱི་སྐད་ཡིག་ལ་བསྲེ་ལྷས་མེད་ཐོག་བརྒྱུད་འཛིན་བྱ་རྒྱུ་དང་གཅིག རང་རེའི་ཡུལ་གོམས་གཤིས་ལུགས་བཟང་པོ་རྣམས་མི་ཉམས་གོང་འཕེལ་བྱ་རྒྱུ་དང་གཉིས། མ་འོང་པར་རང་ཕྲུག་རྣམས་བོད་མི་གཙང་ཀྱང་ཡོང་བ་བྱ་རྒྱུ་བྱ་རྒྱུ་དང་གསུམ། འབྱུང་འགྱུར་མཐོ་རིམ་སློབ་མ་རྣམས་ལ་མིག་དཔེ་བཟང་པོ་སྟོན་ཆེད་གཞན་གྱི་སྤྱོད་བཟང་ལས་སྤྱོད་ངན་ཕྱོགས་སུ་མ་སོང་བར་[རེག་དུག་]ལ་སོགས་ནད་ཞིའི་རིགས་རང་ལ་རྩ་བ་ནས་མ་འགོས་པ་བྱས་ཏེ་རང་དགོས་ཤེས་ཡོན་ཁག་ལ་འབད་བརྩོན་ཆེན་པོས་སྦྱང་སྟེ་སློབ་ཐོན་སྐབས་ལག་འཁྱེར་ཐོབ་ཙམ་མིན་པར་གང་ལ་སྦྱང་པས་སློབ་སྦྱོང་ལ་མཁས་པ་ཞིག་ཡོང་བ་བྱ་དགོས་པ་ནི་རང་ཡུལ་བཙན་འོག་ཏུ་ཚུད་ནས་མི་ཡུལ་འགྲིམས་བཞིན་པའི་སློབ་མ་དུ་ནཡོངས་ཀྱིས་ཕྲག་སྟེང་

  3. བཀྲ་ཤིས། says:
    2011-09-14 at 5:04 am

    གོང་དུ་དྲ་གྲོགས་རེ་བ་མིང་ཅན་གྱིས་བྲིས་པའི་མཆན་བུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན།

    ལྷག་དཀར་ལས་འགུལ་སྤེལ་བ་ལེགས་མོད་ཀྱང། གཟའ་འཁོར་གཅིག་གི་ནང་ལ་རེས་གཟའ་ལྷག་པ་ཕུད་དེ་མིན་གྱི་རེས་གཟའ་དྲུག་ལ་ཡང་བོད་པའི་ཁྱད་ཆོས་བཟང་པོ་སྲུང་སྐྱོབ་བྱ་དགོས་པ་གལ་ཆེར་མཐོང།

    ང་ཡང་མཐོ་རིམ་སློབ་གྲྭའི་ཁོར་ཡུག་བརྒྱུད་ནས་ཡོང་བ་ཞིག་དང་། ལྷག་པར་དུ་ལས་འགུལ་དེ་རིགས་འདྲ་མིན་སྤེལ་མྱོང། འོན་ཀྱང་སྐབས་དེ་དུས་ལས་འགུལ་སྤེལ་བ་ཙམ་ལས་དེང་གི་ཚོར་སྣང་དེ་ཙམ་མེད་པར་སྤེལ་བ་ཞིག་དང་། ལྷག་པར་དུ་ཕོ་མོ་དབར་ལ་འབྲེལ་ལམ་ཡོང་བར་དམིགས་ཏེ་ལས་འགུལ་སྤེལ་མཁན་མང་པོ་ཡོད་པ་དངོས་སུ་མཐོང་མྱོང། དེ་བས་ཕྱིས་སུ་ཚོར་སྣང་ཡོད་པའི་ཐོག་ནས་ལས་འགུལ་སྤེལ་དགོས་པར་མཐོང་ངོ

  4. རེ་བ་ says:
    2011-09-14 at 5:24 am

    མཐོ་རིམ་སློབ་མ་རྣམས་ཀྱིས་ལྷག་དཀར་ལས་འགུལ་སྤེལ་བར་སྙིང་དབུས་ནས་རྒྱབ་སྐྱོར་དང་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ད་དུང་གལ་འགངས་ཆེ་བ་རང་མི་རིགས་ཀྱི་སྐད་ཡིག་ལ་བསྲེ་ལྷས་མེད་ཐོག་བརྒྱུད་འཛིན་བྱ་རྒྱུ་དང་གཅིག རང་རེའི་ཡུལ་གོམས་བཟང་པོ་རྣམས་མི་ཉམས་གོང་འཕེལ་བྱ་རྒྱུ་དང་གཉིས། མ་འོང་པར་རང་ཕྲུག་རྣམས་བོད་མི་གཙང་ཀྱང་ཡོང་བ་བྱ་རྒྱུ་དང་གསུམ། འབྱུང་འགྱུར་མཐོ་རིམ་སློབ་མ་རྣམས་ལ་མིག་དཔེ་བཟང་པོ་སྟོན་ཆེད་གཞན་གྱི་སྤྱོད་བཟང་ལས་སྤྱོད་ངན་ཕྱོགས་སུ་མ་སོང་བར་ཚེ་སྲོག་འཕྲོག་བྱེད་[རེག་དུག་]སོགས་ནད་ཞིའི་རིགས་རང་ཉིད་ལ་རྩ་བ་ནས་མ་འགོས་པ་བྱས་ཏེ་རང་དགོས་ཤེས་ཡོན་ཁག་འབད་བརྩོན་ཆེན་པོས་སྦྱང་སྟེ་མཐོ་རིམ་སློབ་ཐོན་སྐབས་ལག་འཁྱེར་རེག་ཙམ་མིན་པར་རང་གང་ལ་སྦྱང་པས་སློབ་སྦྱོང་ལ་མཁས་པ་ཞིག་ཡོང་བ་བྱ་རྒྱུ་དང་བཞི་ནི་་་རང་ཡུལ་བཙན་འོག་ཏུ་ཚུད་ནས་གཞན་ཡུལ་འགྲིམས་བཞིན་པའི་སློབ་མ་ཡོངས་ཀྱིས་ཕྲག་སྟེང་དུ་ངེས་པར་འཁུར་དགོས་པའི་གལ་འགངས་ཆེ་བའི་ལས་འགན་ཞིག་ཏུ་མཐོང་ངོ།།།།

  5. གཞིས་ཆགས་བུ། says:
    2011-09-14 at 6:37 am

    ལྡི་ལི་མཐོ་སློབ་ཀྱི་སློབ་མ་རྣམས་ཀྱིས་དེ་ལྟའི་ལས་འགུལ་སྤེལ་ཐུབ་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ལས་འགུལ་དེ་ནི་ཚོགས་པ་དང་སྒེར་རེ་བཟུང་གི་ལས་འགན་མིན་པར་བོད་རིགས་ཡིན་ནོ་ཅོག་གིས་ཆ་ཤས་ལེན་དགོས་པ་ཞིག་ཏུ་སྣང། དེར་བརྟེན་མཐོ་སློབ་ཏུ་འགྲོ་བཞིན་པའི་སློབ་མ་རྣམས་ཀྱིས་དེ་ལྟར་བྱས་ནས་བོད་རིགས་གཞོན་སྐྱེས་རྣམས་ལ་མིག་དཔེར་སྟོན་ཐུབ་པ་ཞིག་བྱུང་ན་བཟང། ལས་འགུལ་གྱི་གྲུབ་འབྲས་ལམ་སེང་མངོན་རྒྱུ་རེ་བ་མི་བྱས་པར། ལས་འགུལ་དེའི་རིགས་མུ་མཐུད་ནས་རྒྱུན་སྲིང་བྱེད་དགོས་པ་ཤིན་ཏུ་ནས་གལ་ཆེ། ང་རང་ཚོ་མི་རྣམས་ལ་ལས་འགུལ་གང་ཞིག་སྤེལ་ཀྱང་དེའི་གྲུབ་འབྲས་ལམ་སེང་ཡོད་དགོས་པའི་བསམ་པ་དེ་ནི་ཉིན་མོའི་སྐར་མ་དང་འདྲ་བས་ཚང་མས་གང་ཐུབ་ཤུགས་བསྐྱོན་རོགས།

  6. ཚེ་བསམ་ says:
    2011-09-14 at 10:16 am

    ལྷག་སྐར་དྲན་གསོ་བཞུ་བའི་སློབ་མ་དང་།
    དད་ལྡན་སྲི་ཞུ་ཅན་གྱི་གཞུང་ཞབས་དེ་།
    དེང་གི་དུས་སུ་དཀོན་པའི་ཚད་དུ་སླེབས་།
    དེ་ཕྱིར་བུ་ངས་སྔགས་པའི་མེ་ཏོག་གཏོར་།
    མི་རབས་གསར་པ་ཟེར་ན་དེ་འདྲ་ཞིག་དགོས་ཀྱི་རེད་ང་རྒས་པོ་ངོ་མ་སྐྱིད་པོ་རེད་ཡ་ཚ་བོ་ཚོ་ཤུག་རྒྱབ་ཤོག་
    སྔོན་མ་ང་ཆུང་དུས་རྒྱ་གུང་ཁྲན་་གིས་ངའི་མིག་མདུན་དུ་མ་བསྟན་དགུ་བསྟན་བསྟན་སོང་
    ད་ང་ཚོའི་མི་རབས་གསར་པ་ཚོས་རྒྱ་གུང་ཁྲན་ལ་མ་བསྟན་དགུ་བསྟན་སྟན་ས་རེད་ཧ་ཧ་ཧ་ཧ་

  7. ཁྱི་ཕྲུག says:
    2011-09-14 at 10:38 am

    བོད་པའི་བུ་བུ་མོ་ཕན་ཚུན་དགའ་པོ་ཆགས་སོང་ན་དེ་ད་དུང་དགའ་བསུ་ཞུ་འོས་པ་ཞིག་རེད།་་་་་་དེ་མ་གཏོགས་ལང་ཚོའི་ཆགས་སྲེད་ཀྱིས་རྐྱེན་པས་མི་འོས་པའི་བྱ་བ་གང་མང་བྱས་ནས་རེག་དུག་གི་ན་ཚ་ཡང་འགོས་པའི་ཉེན་ཁ་ཡོད།་་་་ད་དུང་ཁ་ཤས་ཀྱི་རྒྱ་གར་གྱི་བུ་བུ་་མོ་མཉམ་དུ་ལས་ཀ་གང་བྱུང་མང་བྱུང་བྱེད་པའི་ཉེན་ཁ་ཡང་ཡོད།་་་་དེ་ལས་བོད་པ་ནང་ཁུལ་ལ་ཆགས་སོང་ན་ཉེན་ཁ་དེ་རིགས་ཡོང་མི་སྲིད།་་་་ངའི་བསམ་ཚུལ་ཁྱེད་ཚོར་ལྟ་ཚུལ་ག་འདྲ་ཡོད།

  8. རེ་བ་ says:
    2011-09-14 at 11:30 am

    ཁྱི་ཕྲུག་རང་རེད་དེ་འདྲའི་དྲི་སྣོམས་མཁས་པ་ལ་ཁྱེད་རང་གིས་གསུངས་པ་ལ་རྒྱབ་སྐྱོར་ལོས་ཞུ་རྒྱུ་མཚན་གང་ཡིན་ཞེ་ན་ང་ཚོའི་མི་འབོར་ཤིན་ཏུ་ཆུང་བས་རྒྱ་མི་དམར་པོའི་བཙན་དབང་འོག་ཏུ་བོད་རིགས་རིག་གཞུང་དང་བཅས་པ་རྩ་མེད་བཟོ་བཞིན་པ་དང་རང་རེའི་སྤྱོད་ངན་གྱི་མིའི་ཚེ་སྲོག་ལ་ཆེས་གནོད་གཞི་ཆེ་བའི་རེག་དུག་སོགས་ཀྱིས་མི་རིགས་རྣམས་རྩ་མེད་འགྲོ་ཉེན་ཆེ་བས་སོ།།

  9. ཆོས་རྒྱལ། says:
    2011-09-14 at 2:37 pm

    བོད་པའི་གཞོན་སྐྱེས་རྣམས་བོད་ཀྱི་སྐད་ཡིག་ལ་བསྲུང་སྐྱོང་གནང་དགོས།

  10. བརྩེ་བ་ཅན། says:
    2011-09-14 at 3:05 pm

    རྡི་ལི་མཐོ་རིམ་སློམ་མ་ཚོས་ལས་འགུལ་དེ་ལྟར་སྤེལ་བ་ལ་རྗེས་སུ་ཡིད་རངས་ཡོད།མི་རིགས་ཤིག་འཆི་གསོན་གང་ཞིག་ཏུ་འགྲོ་མིན་དེ་མཐོ་རིམ་སློབ་མ་ཚོ་རགས་ལས་ཡོད་པས་ལས་ཀ་དེ་ཁོང་ཚོས་བྱེད་འོས་པ་ཞིག་བྱས་པ་རེད།ལོ་འདིར་ཉེ་ཆར་ས་རཱ་མཐོ་སློབ་ནས་དགེ་རྒན་ངག་དབང་རྡོ་རྗེ་ཟེར་བ་ཞིག་གིས་སློབ་མ་སྐལ་བཟང་དབང་མོ་ཟེར་བ་ཞིག་ལ་ལོག་གཡེམ་བྱས་ནས་རྙོག་གླེང་བྱུང་བ་རེད་ཟེར་ནས་དེང་སང་དྲ་ངོས་གང་ས་རུ་བྲིས་འདུག་མཐོ་སློབ་དགེ་རྒན་ཀུན་སྤྱོད་འཁྱལ་བའི་ངག་དབང་རྡོ་རྗ་ཟེར་བ་དེ་ན་ཐག་གཅོད་ནན་ན་པོ་བྱ་དགོས་གལ་ཆེན་པོ་རེད།དེ་ལྟར་མ་བྱས་ན་མིག་དཔེ་ངན་པ་ཆགས་ཀྱི་རེད།

  11. རེ་བ་ says:
    2011-09-14 at 6:15 pm

    ངག་དབང་རྡོ་རྗེ་ལ་ད་དུང་བོུ་ཞིག་རས་མེད་པ་རེད་དེ་འདྲའི་སྐྱོ་བ་སློབ་ཕྲུག་རྣམས་ལ་བཟང་སྤྱོད་སློབ་རྒྱུའི་ཚབ་ལ་སྤྱོད་ངན་བྱེད་ཀྱིན་ཡོད་ན་མ་འོང་པར་བྱ་ངན་གྱི་རིགས་མི་ཡོང་བའི་ཆེད་ངེས་པར་དུ་དགེ་བཤེས་འཇམ་གྲགས་ལགས་ནས་ངག་རྡོར་གནས་དབྱུང་གཏོང་དགོས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme