Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་བོད་ཀྱི་འདུ་འཛོམས།

Posted on 2011-09-302011-09-30 By ཁ་བརྡ་ No Comments on ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་བོད་ཀྱི་འདུ་འཛོམས།

p1-copy
ཕྱི་ལོ་༢༠༡༡ལོའི་ཟླ་༩་པའི་ཚེས་༢༩་ཉིན།

རྒྱ་གར་རྒྱལ་ཡོངས་ནང་གི་ཆེས་སྙན་གྲགས་ཅན་གྱི་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ཡན་ལག་བུད་མེད་མཐོ་སློབ་ལད་ཌེ་ཞེ་རེ་རམ(LadyShri Ram )ནང་ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བཀོད་སྒྲིག་འོག་“བོད་ཀྱི་འདུ་འཛོམས་”་ཞེས་པའི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་ལ། ལས་འགུལ་འདུ་འཛོམས་ཀྱི་ཐོག་མར་རྒྱ་གར་གཞོན་སྐྱེས་ཚོར་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་འབྲེལ་བའི་བཀྲ་ཤིས་ཞོལ་འབག་ངོ་སྤྲོད་གནང་བ་མ་ཟད། ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རིག་གཞུང་ཚན་ཁག་གིས་དངོས་སུ་བོད་ཀྱི་གནའ་བོའི་རིག་གཞུང་གི་ཆ་ཤས་གང་དེ་འཁྲབ་སྟོན་གནང་བ་་ལ་ཚོགས་ཁང་ནང་འཛོམས་པའི་རྒྱ་གར་སློབ་ཕྲུག་ཡོངས་ཀྱིས་དགའ་བའི་ཐེལ་མོ་དྲག་ཏུ་བརྡེབས་སོང་ལ། དེ་ནས་རྒྱ་གར་རྒྱལ་ཡོངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རྒྱ་གར་གྱི་མི་རབས་གསར་པ་ཚོར་བོད་ཀྱི་དངོས་ཡོད་གནས་ཚུལ་གོ་རྟོགས་སྤེལ་ཆེད་དང་ཁོང་ཚོའི་ཁོངས་ནས་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་དང་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་ཡོང་བར་སྤྱིར་བོད་ཀྱི་གནའ་བོའི་ལོ་རྒྱུས་དང་མི་ལོ་དྲུག་ཅུའི་རིང་གི་རྒྱ་ནག་གི་དྲག་གནོན། ལྷག་པར་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབ་སྐོར་ལ་ངོ་སྤྲོད་དང་འགྲེལ་བཤད་ཞིབ་རྒྱས་བསྐྱོན་པར། རྒྱ་གར་སློབ་ཕྲུག་ཚོའི་ངོས་ནས་རང་ཉིད་ཀྱི་སེམས་སུ་གནས་པའི་བོད་དོན་དང་འབྲེལ་བའི་དྭོགས་གཞི་ཁག་ཕྱི་རུ་བཏོན་ནས་དྲི་བ་འདྲ་མིན་དང་བསམ་ཚུལ། ནང་སྒོས་སུ་ཕན་ཚུན་དབར་ལ་སེམས་ཐག་ཉེ་པོའི་སྒོ་ནས་གྲོས་བསྡུར་ལྷུག་པོར་བྱུང་།
7889090
དེ་ཡང་རྒྱ་གར་མི་སེར་ཡིན་པའི་ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ལ་དྭགས་པ་རིག་འཛིན་དཔལ་མགོན་ལགས་ཀྱིས “་ད་ནི་ང་ཚོ་ཁྲོམ་གཞུང་ལ་བཏོན་ནས་ངོ་རྒོལ་སྐད་འབོད་བྱེད་པ་ལས་ཀྱང་ཤེས་ཡོན་གྱི་བརྒྱུད་ལམ་འདྲ་མིན་བརྒྱུད་ནས་རྒྱ་གར་གྱི་མི་རབས་གསར་པ་ཚོར་བོད་ཀྱི་གནས་བབ་སྐོར་ལ་གོ་རྟོགས་སྤེལ་བའི་དུས་ལ་བབ་འདུག་ལ། ཕྱོགས་གཞན་ཞིག་ནས་ཁོང་ཚོར་ཡང་བོདདོན་གྱིས་རྒྱ་གར་རྒྱལ་ཁབ་ཀྱི་བདེ་འཇགས་སྐོར་ལ་ཐེབས་པའི་ཤུགས་རྐྱེན་ཁག་ཧ་གོ་རུ་འཇུག་རྒྱུ་ནི་བོད་མི་ཡོངས་ཀྱི་སྐབས་བབ་ཀྱི་ལས་དོན་གལ་ཆེ་ཤོས་དེ་ཆགས་འདུག”ཅེས་བརྗོད་སོང་།

བོད་རང་བཙན་སློབ་ཕྲུག་ཚོགས་པས་ལས་འགུལ་གྱི་ཁ་ཕྱོགས་མི་རབས་གསར་པའི་གཞོན་སྐྱེས་ཚོར་གཏོད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ང་ཚོས་མི་རབས་གསར་པ་ཚོ་ནི་སྤྱི་ཚོགས་གང་ཞིག་ཁ་ལོ་བསྒྱུར་བའི་གཞི་རྩའི་ནུས་ཤུགས་དང་ཐོན་ཁུངས་གསར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། ཤེས་ཡོན་སྡེ་ཚན་ཁོངས་ཀྱི་མི་རབས་གསར་བ་ཚོའི་ལྷག་བསམ་ཟོལ་མེད་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་འཛམ་གླིང་ནང་གི་དྲང་བདེན་མ་ཡིན་པའི་ཆབ་སྲིད་ཀྱི་དབང་སྒྱུར་ཡོད་ཚད་བདེན་པའི་ཐབས་ལམ་གྱི་ནུས་སྟོབས་འོག་ནས་མགོ་རྟིང་བསློག་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། རེ་བ་དང་ཡིད་ཆེས་དེའི་ངོས་ནས་ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཡོངས་ཀྱིས་སློབ་ཞོར་གྱི་ཆུ་ཚོད་ཡོངས་རྫོགས་བེད་སྤྱད་དེ་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ཡན་ལག་མཐོ་སློབ་འདྲ་མིན་གྱི་འཛིན་སྐྱོང་སྡེ་ཚན་ཁག་གི་གནད་ཡོད་མི་སྣ་ཚོ་དང་མཉམ་དུ་འབྲེལ་བ་བཙུགས་ནས་ལོ་རེར་ཁོང་ཚོའི་རྒྱབ་སྐྱོར་ལ་བརྟེན་ནས་རྒྱ་གར་དང་བོད་ཀྱི་མཁས་དབང་ཁག་མཐོ་སློབ་འདྲ་མིན་ནང་གདན་འདྲེན་ཞུས་ནས་བོད་ཀྱི་ཆབ་སྲིད་ལོ་རྒྱུས་སྐོར་ལ་བགྲོ་གླེང་བཀོད་སྒྲིག་དང་། བོད་ཀྱི་རང་བཙན་འཐབ་རྩོད་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ། བོད་ཀྱི་སྲོལ་རྒྱུན་གཞས་སྣ་གཟིགས་འབུལ། བོད་དོན་དང་འབྲེལ་བའི་ཕྱག་དེབ་དང་ཡིག་ཆ་གལ་ཆེན་ཁག་རིན་མེད་ཐོག་འགྲེམས་སྤེལ་སོགས་བྱས་ནས་རྒྱ་གར་གྱི་མི་རབས་གསར་པ་ཚོའི་ཁོངས་ནས་བོད་དོན་རྒྱབ་སྐྱོར་བ་ཙམ་མ་ཡིན་པར་རྒྱ་གར་མི་རིགས་ཚོའི་ཁོངས་ནས་བོད་དོན་འཐབ་རྩོད་ཀྱི་སྣེ་ཁྲིད་མི་སྣ་གང་མང་བསྐྱེད་བསྲིང་བྱེད་པར་འབད་པ་བྱེད་ཀྱི་ཡོད།

དེ་ཡང་དེ་རིང་གི“བོད་ཀྱི་འདུ་འཛོམས་”ཞེས་པའི་ལས་འགུལ་གྱི་གལ་ཆེའི་རང་བཞིན་དང་དམིགས་ཡུལ་སྐོར་ལ་ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གཞི་རིམ་ལས་འགུལ་གྱི་འབྲེལ་མཐུད་པ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་“ང་ཚོས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་གིོ་ལས་འགུལ་ཕལ་ཆེ་བ་ཤེས་ཡོན་གྱི་བསྟི་གནས་དང་མཐོ་སློབ་ཁག་ནང་སྤེལ་བ་ལ་ཡང་འཆར་གཞི་རྒྱ་ཆེན་པོ་ཞིག་དང་དམིགས་ཡུལ་རྒྱང་རིང་པོ་ཞིག་བཟུང་ཡོད། གང་ཡིན་ཞེ་ན་ད་ལྟའི་རྒྱ་གར་གྱི་མི་རབས་གསར་པ་ཚོ་ནི་མ་འོངས་པའི་རྒྱ་གར་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་གནད་དོན་ཐག་གཅོད་བྱེད་མཁན་དང་གཞུང་གི་སྲིད་བྱུས་ཁག་གཏན་འབེབས་གནང་མཁན་གྱི་དཔུང་སྡེ་ཞིག་ཡིན་པས། ང་ཚོས་ད་ལྟ་ནས་ཁོ་ཚོར་བོད་དོན་སྐོར་ལ་གོ་རྟོགས་ཡག་པོ་སྤེལ་ཐུབ་པ་ཡིན་ན་ཁོང་ཚོས་མ་འོངས་པར་ཆུང་ས་ནས་རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བའི་དཀའ་ངལ་ཁག་ལ་་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་བྱེད་ངེས་ལ། ཆེ་ས་ནས་ད་ལྟའི་བོད་རྒྱ་གཉིས་དབར་གྱི་དཀའ་རྙོག་སེལ་བར་ཕྱོགས་ཡོངས་ནས་ནུས་པ་བསྐྱོན་ངེས་རེད”་ཅེས་བརྗོད་སོེང་།

དེ་རིང་གི་ལས་འགུལ་འདི་བརྒྱུད་ནས་ང་ཚོས་རྒྱ་གར་གྱི་སློབ་ཕྲུག་ཚོའི་ཁོངས་ནས་བོད་དོན་སྐོར་ལ་དོ་སྣང་བྱེད་མཁན་གྱི་སློབ་ཕྲུག་གང་མང་ཞིག་བསྡུ་རུབ་བྱེད་ཐུབ་ཡོད་ལ། དེ་ཡང་ལས་འགུལ་གྱི་མཐའ་མར་གཙོ་བོ་བོད་ཨ་མདོ་རྔ་པའི་ནང་གི་ད་ལྟའི་ཛ་དྲག་གི་གནས་བབ་ཞི་འཇགས་ཡོང་ཆེད་དང་། བོད་ཀྱི་ཆབ་སྲིད་བཙོན་པ་བློ་བཟང་། གྲྭ་འཇིགས་མེད་རྒྱ་མཚོ་སོགས་གློད་གྲོལ་ཡོང་ཆེད་ས་ཡིག་བསྡུ་བྱས་ནས་ལས་འགུལ་དེ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་ཡིན། ང་ཚོའི་དེ་རིང་གི་ལས་འགུལ་བསྒྲིལ་ཟིན་པ་རེད་མོད། ང་ཚོས་ཁོང་ཚོར་ཤེས་ཡོན་གྱི་འབྲེལ་ལམ་ཡག་པོ་བཙུགས་ཐུབ་ཡོད་པའི་རྒྱུ་མཚན་གྱིས། ང་ཚོའི་དབར་གྱི་བོད་དོན་དང་འབྲེལ་པའི་ཆབ་སྲིད་ཀྱི་སྡིངས་ཆ་མཇུག་བསྒྲིལ་མེད། དེ་ཡང་ སང་ཉིན་ནས་བཟུང་སྟེ་ང་ཚོས་དེང་རབས་ཀྱི་དྲ་ལམ་བརྒྱུད་ནས་ཁོང་ཚོ་དང་མཉམ་དུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་གཞན་ཞིག་དབུ་འཛུགས་བྱ་ངེས་ཡིན།

བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་མི་ཚོའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་ལས་འགུལ་འདྲ་མིན་རྩོམ་གྱིན་ཡོད་ལ། ང་ཚོ་ནི་ལས་འགུལ་པ་དང་གཞོན་སྐྱེས་མི་སྣས་གྲུབ་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་པ་ཞིག་ཡིན་ལ། ཤེས་ཡོན་དང་། འཚེ་མེད་ཞི་བའི་ལས་འགུལ། གཞི་རིམ་གྱི་བཀོད་སྒྲིག་ལ་སོགས་པའི་སྦྱོང་བརྡར་ཁག་བརྒྱུད་ནས་བོད་མིའི་གཞི་རྩའི་ཐོབ་ཐང་དང་ཆབ་སྲིད་ཀྱི་རང་དབང་རྩོད་ལེན་བྱེད་ཀྱིན་ཡོད་ལ། ང་ཚོའི་ལས་གཞི་ཁག་བརྒྱུད་ནས་གཞོན་སྐྱེས་ཚོར་འགོ་ཁྲིད་ཀྱི་སྦྱོང་བརྡར་སྤྲད་དེ་ཁོང་ཚོས་མ་འོངས་པར་འཛམ་གླིང་ནང་གི་དྲང་བདེན་གྱི་འཐབ་རྩོད་དང་ལས་འགུལ་ཁག་གི་ཁྲོད་དུ་སྣེ་ཁྲིད་བྱེད་ཐུབ་པའི་ནུས་པ་བསྐྱེད་བསྲིང་བྱེད་རྒྱུ་དེ་ཡིན།

གསར་འགྱུར།

Post navigation

Previous Post: གངས་ལྗོངས་གེ་སར་ཚང་གི་དྲ་རྒྱའི་གསལ་བསྒྲགས།
Next Post: གསར་འགོད་པ་ཅིག་དགོས་པའི་ས་མིག་གསལ་བསྒྲགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme