Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྟོས་བཅས་ཀྱི་གཟིགས་ཚུལ།

Posted on 2016-07-11 By ཁ་བརྡ་ No Comments on ལྟོས་བཅས་ཀྱི་གཟིགས་ཚུལ།

རྩོམ་པ་པོ་ཤེས་རབ་དར་རྒྱས།

༼རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་འཕྲིན་དུ་མ་ཟུར་ཙམ་གླེང་བ༽ཞེས་པ་ནས་ཟུར་འདོན་ཞུས་པ་ཡིན།

ལྟོས་བཅས་ཆ་ཚང་བའི་གཟིགས་ཚུལ།

 

འདིར་ལྟོས་བཅས་ཆ་ཚང་བའི་གཟིགས་ཚུལ་ཞེས་པ་ནི། དུས་གསུམ་གང་དུ་གཏོགས་པའི་བྱ་དངོས་ཅི་ཞིག་ཡིན་ཡང་། གནས་དུས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ཅིང་ལྟོས་ཏེ་སྐྱེ་གནས་འཇིག་གསུམ་བྱེད་པ་སྨོས་མེད་ཡིན་པས། སྐྱོན་གནས་གང་ཞིག་སེལ་བའམ་དགོས་དོན་ཅི་ཞིག་སྒྲུབ་པ་ན། དོན་གནད་བྱེ་བྲག་པ་གཅིག་གམ་དུ་མ་ཙམ་ཞིག་དམིགས་འབེན་དུ་མི་འཛིན་པར་ཕྱོགས་ཡོངས་ནས་བརྟག་དཔྱད་དང་དབྱེ་ཞིབ། བསམ་གཞིག་སོགས་ངེས་པར་དུ་བྱ་དགོས་པར་མཐོང་བའི་ལྟ་ཚུལ་རྨད་དུ་བྱུང་བ་ཞིག་ལ་ཟེར། དབྱིན་སྐད་དུ་དེ་ལ་ “holistic view” ཞེས་དང་། ལྟ་ཚུལ་དེ་ལ་བརྟེན་པའི་བྱེད་ཐབས་ལ་ “holistic approach” ཞེས་གསུངས།

ལྟ་ཚུལ་འདི་ཉིད་ཤར་ཕྱོགས་མཚན་ཉིད་རིག་པའི་སྡེར་མི་ལོ་ཉིས་སྟོང་དྲུག་བརྒྱ་ཡས་མས་ནས་དར་ཁྱབ་བྱུང་ལ། ནུབ་ཕྱོགས་སུ་སྤྱི་ལོ་ 1926 ལོར་ Jan Christiaan Smuts ཞེས་པས་བརྩམས་པའི་དཔེ་དེབ་<>ཞེས་པ་འགྲེམ་སྤེལ་བྱས་པ་ནས་དར་རྒྱས་ཀྱི་མགོ་ཚུགས་པ་དང་། དབྱིན་སྐད་ཀྱི་ཁྱད་ཆོས་བརྗོད་པའི་རྒྱན་ཚིག་ holistic ཞེས་པ་མིང་རྐྱང་“holism”ཞེས་པ་ལས་བྱུང་ཞིང་། དེ་གྷི་རེའེ་ཟི་(Greece)ཡི་ཐ་སྙད་“holos”ཞེས་པ་ལས་བྱུང་བ་དང་དོན་ནི་ཧྲིལ་པོའམ་ཆ་ཚང་བའི་དོན་དུ་བཤད། དེ་ལྟར་ལྟ་ཚུལ་དེ་མཚན་ཉིད་རིག་པའི་ཁྱབ་ཁོངས་སོགས་སུ་ཤར་ནུབ་གཉིས་ཀར་དུས་ཡུན་ངེས་ཅན་ནང་དར་ཁྱབ་བྱུང་ཡང་། བར་སྐབས་ཤིག་ནས་ནུས་མེད་དམ་ཉམས་རྒུད་དུ་གྱུར་པའི་ཁར། དེ་ལ་བརྟེན་པའི་ལག་ལེན་ནི་དེ་བས་ཀྱང་གཙང་ཡལ་ལྟ་བུར་གྱུར་ཟིན་པས། སྤྱི་ཚོགས་ནང་རྙོག་གཞི་ཆེ་ཕྲ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་། དེ་ལས་ཀྱང་ཡ་ང་བ་ཞིག་ནི། བྱ་དངོས་རྣམས་རྒྱ་ཆེ་ས་ནས་གཅིག་ལ་གཅིག་རྟེན་ནམ་ལྟོས་གྲུབ་ཡིན་པའི་འདུ་ཤེས་ཀྱིས་ཕོངས་པའི་དབང་གིས། འདོད་པ་སྒྲུབ་ཐབས་དང་མི་འདོད་པ་སེལ་ཚུལ་ཐད་ལ་ནོར་འཛོལ་བསྟུད་མར་བྱུང་བ་དེ་རེད།
གོང་དུ་བཤད་པའི་གནད་དོན་དེའི་དབང་གིས་མགོན་པོ་མཆོག་ནས། “ལྟོས་བཅས་ཆ་ཚང་བའི་འདུ་ཤེས་ཀྱིས་དངོས་ཡོད་དང་མཐུན་པའི་བྱ་བ་འདྲེན་”ཞེས་ཡང་ཡང་སྡོམ་ཚིག་བསྐྱོན་པ་དང་། “སྤྱིར་སྣང་ཚུལ་དང་གནས་ཚུལ་གཉིས་ཀྱི་བར་དུ་སྟོང་ཆ་ཆེན་པོ་ཡོད་པར་བརྟེན། གལ་ཏེ་འུ་ཅག་གིས་སྣང་བ་ཙམ་ཞིག་བདེན་པར་བཟུང་སྟེ་བྱ་བ་བསྒྲུབས་ན། བྱ་གཞག་དེ་ཉིད་དངོས་ཡོད་དང་མི་འཚམ་པར་འགྱུར་ཉེན་ཆེ་བས། སྦྱོང་བརྡར་དང་ཤེས་ཡོན་ལ་བརྟེན་ནས་ལྟོས་གྲུབ་ཀྱི་འདུ་ཤེས་ཤུགས་ཆེ་རུ་གཏོང་བ་ཁ་རྩ་དགོས་གཏུགས་སུ་གྱུར་ཡོད།” ཅེས་སོགས་ཀྱང་ཕྱི་མི་རྣམས་ལ་ཡོངས་ཁྱབ་ཏུ་གདམས་པར་མཛད། བོད་རིགས་གཞོན་སྐྱེས་ཚོར་ཡང་། “དེང་གི་ཆབ་སྲིད་པ་དང་། དཔལ་འབྱོར་ལོངས་སྤྱོད་བྱེད་མཁན། ཁོར་ཡུག་ལ་དོ་སྣང་བྱེད་མཁན་སོགས་ཚང་མར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་ལྟ་བ་དེ་ཡོད་ན། ལྟ་བ་དེའི་ངོས་ནས་བལྟས་ན། holistic སྟེ་ཆ་ཐམས་ཅད་ལ་རྟོག་ཞིབ་རང་ཤུགས་ཀྱིས་འཇུག་ཅིང་། [དེ་ལ་བརྟེན་ནས་གནས་ཚུལ་]ཆ་ཚང་བ་ཤེས་ལ། གནས་ཚུལ་བྱེ་བྲག་པ་ལེགས་ཉེས་གང་ཞིག་ཡིན་ཡང་། ས་ཆ་དེར་གློ་བུར་དུ་བྱུང་བ་མིན་པར་འདས་པའི་རྒྱུ་འབྲས་ཀྱི་གནས་ཚུལ་ཐོག་ནས་བྱུང་ཞིང་ད་ལྟའི་དུས་མཉམ་པའི་རྐྱེན་མང་པོ་ཞིག་ལ་ལྟོས་ཡོད་པར་བརྟེན། འདོད་བྱ་གང་ཞིག་ཡིན་ཡང་དེ་འབྱུང་བ་དང་རྒྱུན་མཐུད་ནས་གནས་པ་ལ། དེའི་གཡས་གཡོན་གྱི་རྒྱུ་རྐྱེན་དེ་དག་ལ་བསམ་བློ་གཏོང་དགོས་པ་ལས། དེ་འབྱུང་བ་དང་རྒྱུན་མཐུད་ནས་གནས་ན་སྙམ་པའི་རེ་བ་ཙམ་གྱིས་མི་ཕན།” ཞེས་བཀའ་སྩལ། དེ་ལྟར་མགོན་པོ་མཆོག་ནས། གནའ་བོའི་ཤར་ནུབ་ཀྱི་ལྟ་ཚུལ་ཡང་དག་པ་རྣམས་མཁས་པའི་སྡེ་དང་གཞུང་ལུགས་སམ་ལོ་རྒྱུས་སུ་ཀློག་པའི་ཤོག་ངོས་དག་ཏུ་རི་མོ་ཙམ་གྱི་རྣམ་པར་ལུས་པ་རྣམས་དེ་མུར་མ་བཞག་པར། གནས་དུས་དང་འཚམ་པར་བསྔོག་འདོན་དང་སླར་གསོ་གནང་སྟེ་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་ནུས་པ་ཅན་དང་སྤྱོད་གོ་ཅན་དུ་བསྒྱུར་གནང་མཛད་པ་ནི་རྨད་དུ་བྱུང་བའི་མཛད་པ་ཆེན་པོ་ཞིག་ཡིན།

དཔྱད་རྩོམ།

Post navigation

Previous Post: སྙན་ངག་པ་འགས་པད་མ་ཚེ་བརྟན་འཚོལ་བ།
Next Post: ཐར་པ་ཆེན་པོ་གཉིས་ཏེ་“མི་སྒེར་གྱི་ཐར་པ་”དང་“སྤྱི་ཚོགས་ཀྱི་ཐར་པ”ར་འཁྲིད་པའི་ཚུལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme