Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྟོགས་སད།

Posted on 2012-01-28 By ཁ་བརྡ་ 2 Comments on ལྟོགས་སད།

ནམ་མཁའ་ནས།

རྒྱ་ནག་མི་དམངས་རང་དབང་གི་རྨོངས་གཉིད་ལས་སད་རྒྱུ་ཧ་ཅང་དཀའ་མོ་ཞིག་ཡིན། རྒྱ་མི་རིགས་འདི་གྲོ་ཁོག་རྒྱག་ན་དེས་ཚིམ་ནས་གཞན་གྱི་བདེ་སྡུག་ལ་དོ་སྣང་མི་བྱེད་པར་སོ་སོའི་མདུན་གྱི་ལམ་ཆུང་ནང་ཤར་བསྐྱོད་བྱེད་རྒྱུ་ལས་ཆབ་སྲིད་ཀྱི་ཕྱོགས་སུ་འགན་མེད་དུ་བསམ་ཡོད།མི་རིགས་འདི་ལྒང་བུ་བཞིན་ཅི་ཙམ་མནོན་ཐུབ་དེ་ཙམ་སྒུར་མཁན་ཞིག་ཡིན། གལ་སྲིད་གློད་པའི་ཉིན་མོ་ཡང་ལྒང་བུ་ས་ལ་བརྡབ་པ་བཞིན་འཕགས་འཚགས་ཡོད་ཚད་མཆོངས་འདོད་མཁན་ཞིག་རེད། འདི་ནི་མི་རིགས་འདིའི་རང་གཤིས་དངོས་མ་ཞིག་ཡིན་པ་སྔ་རྗེས་གང་ལ་བལྟས་ཀྱང་ཤེས་ཐུབ།དཔེར་ན་མའོ་ཡི་དུས་སུ་རྒྱལ་ཁབ་ཡོངས་རྫོགས་རིག་གནས་གསར་བརྗེ་སྐབས་སྨྱོས་ཟིན་པ་བཞིན།བུ་ཕྲུག་ཚོས་རང་གི་ཡབ་མེས་དང་ཕ་མེས་ལའཐབ་རྩོད་དང་སྡོད་གནས་སོགས་གཏོར་བཤིགས་གཏོང་པ་ལ་ཐེ་ཚོམ་དང་འཇིགས་སྣང་ཅི་ཡང་མེད།ཐ་ན་ཡབ་མེས་ཀྱི་དུར་ས་ཡང་བརྐོ་སྔོགས་བྱེད་ཐུབ་པ་མ་ཟད།དུར་ས་ནས་ཐོན་པའི་རང་གི་ཕ་མའི་རུས་པ་ཡང་འཐབ་རྩོད་བྱེད་ཐུབ།

གཉིས་པ། ཏིན་ཞོ་ཕེན་གི་དུས་སུ་དེང་རབས་ཅན་བཞི་མངོན་འགྱུར་གྱི་རྨི་ལམ་ཞིག་རྨས་སྟེ།ཚང་མ་དེའི་ཕྱོགས་སུ་འཁོར་ནས་ཞིང་ཕྱུག་སྒེར་བདག་དང་སྒེར་གཉར་ཚོང་ལས་སོགས་ཀྱི་ལྟོ་གོས་ཁོ་ན་ལ་འབད་པ་ལས་སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་དོན་སྣང་བྱེད་མཁན་ཧ་ཅང་ཉུང་།༨༩ལོའི་དོན་རྐྱེན་དེ་ཏིན་དང་ཁོའི་སྲིད་བྱུས་ཀྱི་ལྡོག་ཕྱོགས་སུ་སློབ་ཕྲུག་ཚོས་ཧའོ་ཡོ་པང་ལ་མྱ་ངན་འདུ་འཛོམས་དང་འབྲེལ་དམངས་གཙོའི་ལས་འགུལ་སྤེལ། ཡིན་ཡང་སློབ་ཕྲུག་ཚོའི་དམིགས་འདུན་དེ་ལམ་སློང་མ་བྱུང་བར་དྲག་དམག་གིས་དྲག་གནོན་བྱས་ཏེ་ཁྲག་དྲི་འཛམ་གླིང་ལ་ཁྱབ།སློབ་ཕྲུག་ཚོའི་ཕ་མའི་སེམས་དང་རུས་གསེང་དུ་ད་དུང་ན་ཟུག་ཆེ།འོན་ཀྱང་ལོ་ངོ་ཉི་ཤུའི་རྗེས་སུ་རྒྱ་ནག་མི་དམངས་དུང་ཕྱུར་༡༣གྱི་སེམས་ནང་ཕལ་ཆེར་བརྗེད་ཡོད།
གསུམ་པ།
དེང་སང་རྒྱ་ནག་མི་དམངས་ཚང་མ་དཔལ་འབྱོར་འགྲན་བསྡུར་དང་ལྐོག་ཟ་རུལ་སུངས་ནང་དུ་འཁོར་ནས་སྨྲ་བརྗོད་རང་དབང་དང་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་ཧ་ཅང་ཉུང་།དཔལ་འབྱོར་འགྲན་བསྡུར་གྱི་འགོས་ནད་དང་དབུལ་ཕྱུག་ཁྱད་པར་གྱིས་ན་ཟུག་འདིས་རྒྱ་ནག་གི་སྲིད་གཞུང་མགོ་རྟིང་ལོག་པའི་རེ་བ་ཆེ།༢༠༡༡ལོར་དབུལ་ཕྱུག་ཁྱད་པར་གྱིས་དབང་ཤུགས་ལ་མ་བཟོད་པར་སློབ་ཕྲུག་གསོད་པ་དང་འགས་གཏོར་བྱུང་བ་མ་གཏོགས་ཆབ་སྲིད་ཀྱི་རང་དབང་མེད་པ་ལ་ངོ་རྒོལ་བྱེད་མཁན་ཧ་ཅང་ཉུང་།རྒྱ་ནག་མི་རིགས་འདིའི་སེམས་གཤིས་ཁོ་རང་དངུལ་ཡོད་ན་ཅི་ཞིག་བྱེད་འདོད་ཀྱང་བྱེད་ཐུབ་པའི་བསམ་བློ་འདི་ཤུགས་ཆེ། འཛམ་གླིང་གི་ཆབ་སྲིད་པ་ཚོས་ཀྱང་རྒྱ་ནག་མི་རིགས་ཀྱི་སེམས་གཤིས་ལ་འབྲེལ་འདྲིས་དང་འདིའི་གཤིས་ཀ་མ་ཤེས་བས་རྐྱེན་གྱིས་རྒྱ་ནག་འཛམ་གླིང་གི་ཁྲོམ་ར་བཅུགས།དེང་སང་རྒྱ་ནག་དཔལ་འབྱོར་གྱི་སྟོབས་ཆེ་རུ་ཕྱིན་དུས་ཨ་རི་དང་ཡོ་རུབ་ཀྱིས་གང་བཤད་པ་ཉན་རྒྱུ་ཕར་ཞོག་ཚུར་འཛམ་གླིང་ལ་བཀོད་འདོམས་བྱེད་འདོད་པའི་སྤོབས་པ་སྐྱེས་ཡོད་པ་མ་ཟད།ཨ་རི་དང་ཡོ་རུབ་གཉིས་ཀྱིས་ཀྱང་བསྟུན་གང་ཐུབ་བྱེད་ཀྱི་ཡོད། གལ་སྲིད་ད་རུང་ཡང་རྒྱ་ནག་འདི་དཔལ་འབྱོར་གྱི་དཀའ་ངལ་ནང་ཡོད་ཚེ་ནུབ་ཕྱོགས་ལ་བསྟུན་གང་ཐུབ་བྱེད་ངེས་ཡིན།

ད་ནི་རྒྱ་ནག་གི་དབུལ་བོ་དང་ཕྱུག་པོའི་བར་གྱི་སེམས་ཀྱི་ན་ཚའི་མེ་ལྕེ་དང་དབང་ཆེན་གྱིས་དབང་མེད་ལག་ནས་ལྐོག་ཟ་རུལ་སུངས་ཀྱི་ན་ཟུག་གི་མེ་ལྕེ་འབར་ཉེན་ཆེ་བས་རྒྱ་ནག་གི་སྲིད་གཞུང་མགོ་རྟིང་ལོག་སྲིད་པ་ཞིག་རེད། དེ་མིན་ཁྱོད་ཚོས་གཟིགས་དང་ཨ་རི་དང་ཡོ་རུབ་གང་དུ་ཡོད་པའི་རྒྱ་ནག་མི་རིགས་འདིའི་རང་ཉིད་ལུང་པ་གང་དུ་ཡོད་པའི་མི་རིགས་དང་ལུང་པ་དེའི་སྐད་རིགས་མི་སྦྱངས་ལ་ཐ་ན་ལུང་པ་ནང་གི་བརྙན་འཕྲིན་ཡང་མི་བལྟ་བར་རྒྱ་ནང་གི་བརྙན་འཕྲིན་ཁོ་ན་བལྟ་གི་ཡོད། རྒྱ་ནག་གི་བརྙན་འཕྲིན་ནི་ནམ་ཡིན་ཡང་སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་བཤད་པ་ཞིག་ག་ལ་ཡོད། དེའི་རྐྱེན་ཆབ་སྲིད་ཀྱི་རྨོངས་གཉིད་ལས་སད་ཐུབ་རྒྱུ་ཧ་ཅང་དཀའ་མོ་ཞིག་རེད། དཔེར་ན་ང་ཚོ་བོད་ནས་ཡོང་བའི་གསར་འབྱོར་ཡོངས་ཀྱིས་དྲང་མོ་བཤད་ན་བོད་ན་ཡོད་དུས་ད་ལྟ་བཞིན་དུ་རྒྱ་ནག་གིཆབ་སྲིད་ཀྱི་རྫུན་གྱི་གོང་བུ་ཆ་ཚང་ང་ཚོས་ཤེས་ཐུབ་ཀྱི་མེད།ང་ཚོ་ཕྱི་ལོགས་སུ་འཁྱམས་པ་ནས་བཟུང་གནས་ཚུལ་ངོ་མ་དག་ཤེས་ཐུབ་པ་འདི་ཕྱོགས་གཞན་གྱི་གནས་ཚུལ་བསྒྲགས་པ་དང་སྐད་རིགས་གཞན་གྱི་དེབ་ཐོག་ནས་ཤེས་ཡོད།

མཐར་ཐུག་རེ་བ་ནི།རྒྱ་ནག་མི་དམངས་ཀྱི་སེམས་སུ་ཡོད་པའི་དབུལ་ཕྱུག་གི་ན་ཚ་དང་གོ་གནས་ཡོད་པའི་དབང་ཆེན་ཚོས་དབང་མེད་ཚོར་དབང་ཤུགས་ཚད་པའི་ན་ཚའི་མེ་ལྕེ་འདི་འབར་དུ་འཇུག་རྒྱུ་དང་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་འགྱུར་བ་གཏོང་དགོས་བ།བོད་མི་ཚོས་ནུབ་ཕྱོགས་ཨ་རི་དང་ཡོ་རུབ་སོགས་སུ་རེ་བ་ཁོ་ན་བྱེད་རྒྱུ་འདི་མཚམས་འཇོགས་དགོས་ཀྱི་འདུག དོན་གྱི་སྙིང་པོ་བཤད་ན་ཁྱིམ་ཚང་ཞིག་དང་རྒྱལ་ཁབ་ཞིག་གི་འགྲོ་ལུགས་གཅིག་པ་རེད་ལབ་ན་འགྲིགས། འདིའི་རྒྱུ་མཚན་ནི་གལ་སྲིད་ཁྱིམ་ཚང་དབུལ་བོ་ཉམ་ཆུང་ཞིག་གི་འཚོ་བ་ཇེ་ལེགས་སུ་འགྲོ་དགོས་ན་ཁྱིམ་ཚང་རང་གི་ནང་མི་ཚོས་འབད་བརྩོན་བྱེད་རྒྱུ་ཞིག་ལས་ཁྱིམ་མཚེ་དང་།སྡེ་བ་དེས་ཁ་ནས་སྙིང་རྗེ་ཟེར་བ་མ་གཏོགས་སུས་ཀྱང་ལག་ལེན་དངོས་ཀྱི་ཐོག་ནས་རོགས་པ་བྱེད་མཁན་སུ་ཡང་མེད་པ་བཞིན།ཐ་ན་ཁྱིམ་ཚང་ཉམ་ཆུང་དེར་འགལ་ཟླར་གྱུར་བའི་ཁྱིམ་ཚང་ཕྱུག་པོ་ཞིག་ཡོད་ཚེ་ཁོ་གཉིས་བར་འདུམས་འགྲིག་བྱེད་པའི་མི་དེ་ཚོས་ཀྱང་ཁྱིམ་ཚང་ཕྱུག་པོ་དེར་བདེན་ཁ་སྤྲོད་པ་ལྟ་བུ་ཞིག་རེད།ཁྱིམ་ཚང་ཉམ་ཆུང་དེར་བདེན་པ་ཡོད་ཀྱང་ཁོ་ལ་དཔལ་འབྱོར་གྱི་ནུས་ཤུགས་མེད་པས་དྲང་བདེན་གྱི་སྐད་ཆ་བཤད་མཁན་ཉུང་།དེ་བཞིན་འཛམ་གླིང་རྒྱལ་ཁབ་དག་ཀྱང་རྒྱ་ནག་གི་དཔལ་འབྱོར་ལ་རེ་བ་རྒྱགས་དགོས་སྟབས་ཁ་ཞེ་གཉིས་མེད་ཀྱིས་བོད་ལ་རྒྱབ་སྐྱོར་བྱེད་མཁན་མེད།དེ་མིན་འཛམ་གླིང་སྟེང་ན་ཧི་མ་ལ་ཡ་གོ་མ་མྱོང་བའི་རྒྱལ་ཁབ་གང་རེད།འཛམ་གླིང་གི་མཐོ་སྒང་འདིའི་བདག་པོ་བོད་པ་ཡིན་པ་མ་ཤེས་མཁན་རྒྱབ་ཁབ་གང་རེད། ཡིན་ཡང་ཐབས་སྐྱོ་བ་ཞིག་ལ་བོད་ནང་ནས་བཙན་བྱོལ་གཞུང་ལ་རེ་བ་རྒྱབས་བོད་ཕྱི་ནས་ནུབ་ཕྱོགས་སུ་རེ་བ་རྒྱབས་སྟེ་དུས་རབས་ཕྱེད་ཀ་འདས།ཡིན་ཡང་བོད་ནང་གི་དཀའ་སྡུག་ནི་སྔར་བཞིན་མེ་མདའ་འོག་དུ་ལུས་ཡོད།དུས་རབ་ཉེར་གཅིག་ནང་བོད་ཕྱི་ནང་ཚང་མ་གཉིད་སད་ནས་བོད་རེ་བས་འཕོངས་བ་ཤེས་སྟེ་རང་སྲོག་གཏོང་གི་ཡོད་པ་ཡང་། ཕྱོགས་གཅིག་ནས་བློ་ཕམ་ཞིང་ཡིད་སྐྱོ་བ་ཞིག་རེད།ཕྱོགས་གཞན་ཞིག་ནས་རང་ཁྱིམ་འདི་རང་གི་མི་ཡི་སྙིང་སྟོབས་ཀྱིས་སྐྱོངས་དགོས་ཤེས་འདུག་པས་སྤོབས་པ་རབ་ཏུ་སྐྱེས།

སྣ་ཚོགས།

Post navigation

Previous Post: འཛམ་ཐང་གི་གནས་ཚུལ་གསར་བ།
Next Post: འཛམ་གླིང་སྤྱི་དང་རྒྱ་བོད་གཉིས་གར་སྨན་པའི་བསམ་འཆར།

Comments (2) on “ལྟོགས་སད།”

  1. མིག་བརྒྱད་པ། says:
    2012-01-29 at 4:41 am

    རྒྱ་ནག་ལ་དམངས་གཙོ་དང་རང་དབང་བྱུང་ན་བོད་ལའང་དེ་གའི་འགྲིག །རྒྱ་ཆེ་ས་ནས་བལྟས་ན་བོད་རྒྱ་ནག་དང་ཁ་བྲལ་རྒྱུ་དཀའ་མོ་རེད་ལ། རྒྱ་ནག་བོད་དང་ཁ་བྲལ་རྒྱུ་ཡང་དཀའ་མོ་རེད། བོད་ལ་རང་དབང་ཆ་ཚང་བ་ཞིག་མ་བྱུང་བར་དུ་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་བས་ཀྱང་དཀའ་མོ་རེད། དོན་དམ་པའི་བོད་ཀྱི་བདག་དབང་དེ་རྒྱ་ནག་ལ་ཡོད་པ་མ་རེད། བོད་པ་ལ་ཡོད་པ་རེད། ཡིན་ཡང་་་་་་་་་་་་་་།

  2. མིག་བརྒྱད་པ། says:
    2012-01-29 at 6:39 am

    རྟོགས་སད་དང་ལྟོགས་སད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme