Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྟ་ལོག་ཟེར་མཁན་ཐམས་ཅད་ཞར་ར་ཡིན། ༼འོས་སྦྱོར།༽

Posted on 2016-07-242016-07-24 By ཁ་བརྡ་ 4 Comments on ལྟ་ལོག་ཟེར་མཁན་ཐམས་ཅད་ཞར་ར་ཡིན། ༼འོས་སྦྱོར།༽

རྩོམ་པ་པོ། ར་སེ་དཀོན་མཆོག་རྒྱ་མཚོ།

 
བོད་ཡུལ་དུ་ལྟ་ལོག་ཟེར་བའི་མིང་འདི་ལོ་རྒྱུས་ཧ་ཅང་རིང་ལ། རང་གི་བློར་མ་བབས་པ་ཀུན་ལ་འདོགས་སྲོལ་དར་ཁྱབ་ཆེ། འོན་ཏེ་ཞར་ར་ཡིན་ན་ཕྱོགས་གཅིག་མ་གཏོགས་རྩ་བ་ནས་མཐོང་གི་མ་རེད། དེའི་་ཆ་ནས་ང་ཚོའི་བློ་ནི་ད་དུང་མ་སྨིན་པ་བྱིས་དུས་སུ་གནས་པ་མཚོན་ལ། དེའི་དབང་གིས་ཉམ་ཆུང་མི་རིགས་འདི་ཉིད་ཀྱི་འཚོ་གནས་གཙོ་བོར་འཇོག་དགོས་པར་སྨྲ་བ་དང་། ལྟ་བ་རྣམ་མང་མཉམ་གནས་དུ་འདོད་མཁན་ཚོར་ལྟ་ལོག་པ་ཟེར་ངན་མིང་བཏགས་ནས་འགོག་རྐྱེན་བཟོ་གི་ཡོད། དོན་དངོས་ལ་བསམས་ན་གཞན་ལ་ལྟ་ལོག་པར་སྒྲོག་མཁན་ཚོར་ཞར་ར་ཞེས་བཏགས་ན་ཧ་ཅང་འཚམས་པ་ཡོད། ཛམ་གླིང་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་བ་ནི་མིའི་རིགས་ལ་རིག་གནས་སྣ་ཚོགས་ཡོད་པས་ལྟ་བ་སྣ་ཚོགས་ཡོད་ངེས་ལ། ལྟ་བ་སྣ་ཚོགས་ཡོད་ཆོག་པ་དང་གླེང་ཆོག་པ་སོགས་ཡིན་ལ། གནས་ལུགས་གཙུག་བཀུར་དང་། ལྟ་བ་གུ་ཡངས་དང་། ལྟ་བ་སྣ་མང་དང་ལྟ་བ་མཉམ་གནས་ཀྱི་རང་བཞིན་རེད། ཕན་ཚུན་རྩོད་གླེང་དཔྱད་བསྡུར་སོགས་ཅི་རིགས་ཡོད་ཀྱང་ཕ་རོལ་པོར་ལྟ་ལོག་ཅེས་པའི་ངན་མིང་འདོགས་སྲོལ་མེད། ཁོ་ཚོས་མ་ཐར་ཡང་མི་རེར་ལྟ་བ་མི་འདྲ་བ་རེ་རེ་ཡོད་དགོས་པའི་ངོས་འཛིན་བྱ་གི་ཡོད། ང་ཚོ་ནི་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་བ་རྡོག་རོལ་དང་། ཕ་རོལ་པོའི་མིང་གྲགས་རྡོག་རོལ་དང་། ་རྙིང་ཞེན་གུ་དོགས་ཀྱི་སེར་མོ་བ་དང་། དེའི་རྗེས་རྒྱུགས་པ་ཞིང་འབྲོག་པ་རྨོངས་དད་པ་ཚོ་ནི་འགྲོ་བ་མིའི་ཡ་རབས་ཀྱི་གཤིས་སྤྱོད་དེ་རྣམས་དང་ཡོངས་སུ་འགལ་བ་ན། ཤེས་རབ་ཀྱི་མིག་བྲལ་བའི་ཞར་ར་རང་རེད།

ད་ལྟ་སེར་མོ་བ་ཆེན་པོ་ཚོས་ནུབ་ཕྱོགས་པའི་རིག་གནས་ནི་ལྟ་ལོག་པ་རྣམས་ཀྱི་ཁུངས་སུ་རྩིས་ཏེ། ནུབ་ཕྱོགས་ཀྱི་རིག་གནས་ལ་དགག་པ་དང་སྐྱོན་བརྗོད་བྱ་གི་ཡོད། དེ་འདྲ་གླེང་ཆོག་ཀྱང་ཁ་ཚུར་བལྟས་ན་
རང་གི་ཉེར་སྤྱད་ཚང་མ་ནུབ་ཕྱོགས་པའི་ཐོན་རྫས་དང་འབྲེལ་བ་ཤ་དག་རེད། གོན་པ་ཚང་མ་འཕྲུལ་ལས་ཐོན་རྫས་རེད། ཁ་པར། གློག་ཀླད། རླངས་ཐབ་སོགས། སོ་རྩི་ཕྱིས་རས་ཚུན། རླངས་འཁོར། གློག་སྒྲོན་སོགས། ཨར་འདམ་ངར་ལྕགས་ཀྱི་དགོན་སྡེ་བསྐྲུན་པ་སོགས་མངོན་སུམ་མཐོང་ཆོས་དང་། ལྷག་ཏུ་བསམ་བློའི་རིག་གནས་ཡོངས་ཁྱབ་རིན་ཐང་དང་། དམངས་གཙོ། འདྲ་མཉམ། ཞི་བདེ། ཁྲིམས་ལུགས། ཁོར་སྲུང་། འཕྲོད་བསྟེན། སློབ་གསོ་སོགས་ཀུན་སྙོམས་རྣམས་ཀྱང་ནུབ་ཕྱོགས་པས་འཚོ་བ་དངོས་ཀྱི་ནང་དུ་མངོན་གྱུར་བྱས་པ་ཤ་དག་རེད། འདི་དག་ནི་བོད་ཀྱི་སེར་མོ་བས་ལོ་ངོ་སྟོང་ལ་ཉེ་བར་འདུ་ཁང་ནང་དུ་སེམས་ཅན་ཐམས་ཅད་སངས་རྒྱས་འགོད་ཟེར་ནས་ས྄ེམས་བསྐྱེད་ཆོ་ག་ཁ་ལ་འདོན། སྨོན་ལམ་རྫིག་པོ་འདྲ་བཏབ་ནས་ཉལ་བསྡད་པ་ལྟ་བུ་ལས་བྱུང་བ་མ་ཡིན་པར། ནུབ་ཕྱོགས་པས་དངོས་སུ་འཚོ་བའི་ནང་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན་པ་ཁས མ་ལེན་རང་ལེན་རེད།

ང་ཚོ་སེར་མོ་བ་ཅུང་ཟད་བསམ་གཞིགས་ཤེས་པ་ཚོས་སེམས་ཁྲལ་བྱེད་རྒྱུ་ནི་མ་འོངས་པར་ནང་ཆོས་ཉམ་ཉེས་འགྲོ་དོགས་དེ་རེད་ལ། དགོན་སྡེའི་ཡོངས་སྒོ་ཉུང་དུ་འགྲོ་དོགས་དེ་རེད། རྒྱ་ཆེའི་ཞིང་འབྲོག་པ་རྣམས་ཁོམ་དུས་སེམས་ཁྲལ་ཅུང་ཟད་ཡོད་པ་ཡང་ཆོས་ལུགས་ཉམ་ཉེས་འགྲོ་དོགས་ཁོ་ན་རེད། ཁོང་ཚོས་བྱེད་སྒོ་ཡོད་ཚད་ལ་ཞུགས་ཤིང་། ཐག་རིང་གི་ཡུལ་དུའང་འགྲོ། ད་ལྟ་ཕྱི་ནང་གང་དུའང་ཆེན་པོ་ཚོ་ཡིན་ནའང་འདྲ། སུ་འདྲ་ཡིན་ནའང་བོད་མི་ཡིན་མིན་ཆོས་དད་ཡོད་མེད་དང་། ཆོས་དང་འབྲལ་མི་རུང་རབས། ཆོས་མེད་ན་སྡུག་རབས། མི་སྐྱ་རྣམས་ཆོས་བཞིན་འགྲོ་དགོས་ལུགས། སྐད་ཡིག་བསྲུང་བའང་ནང་ཆོས་བསྲུང་ཆེད་ཡིན་རབས་སོགས་ཆོས་དང་མ་འབྲེལ་བ་ཅིག་ཧ་ལམ་མེད། ཆོས་ལས་ལོགས་སུ་གྱུར་པའི་གདོང་དམར་རིགས་འདི་མ་འོངས་པར་ཅི་འདྲ་ཆགས་འགྲོ།

ད་ལྟ་རིག་གནས་ཅུང་ཟད་ཀྱི་ཆོག་ཤེས་ཀྱིས་འཚོ་གནས་རིག་པར་དགའ་ཞེན་མི་བྱེད། སྐད་ཡིག་ཙམ་ལས་དེང་གི་ཤེས་བྱ་ཁོང་དུ་ཆུད་པ་མ་སྦྱངས། འབུ་རྩྭའི་རིན་ཙམ་ལ་བརྟེན་ཏེ་གནས་བསྐོར་སོགས་སུ་འགྲོ། ཞིང་འབྲོག་ལས་ཀྱང་ཉམ་ཞན་ནའང་བསྐྱུར། སེར་མོ་བ་མ་ཟད་སྐྱ་བོ་ཕལ་མོ་ཆེ་ཡང་ལས་ཀ་མི་སྒྱིད་མཁན་ཡིན་པ། དེ་ནས་ཁ་ཅིག་གིས་ཐུབ་ན་ཇག་དང་མ་ཐུབ་རྐུ་མ་ཤ་དག་བྱེད། མདོར་ན་རང་རློམ་ཅི་འདྲ་བྱེད་ནའང་རྒྱལ་ཕྱི་ཕར་ཞོག རྒྱལ་ནང་མི་རིགས་གཞན་དང་བསྡུར་ན། ཚན་རྩལ། ཚོང་ལས། ཞོར་ལས། ཨར་ལས་སོགས་ཕྱོགས་གང་ཅིེར་མི་རྗེས་མི་ཟིན་པར་གྱུར་ནས་ཡོད། ང་ཚོ་ནི་འཚོ་བ་ལ་དགའ་ཡང་འཚོ་གནས་རིག་པ་སློབ་པར་མི་དགའ། ཁྲོམ་རའི་འགྲན་རྩོད་གཏན་ནས་མི་ནུས། གཞན་གཡོག་ཙམ་ལས་རང་རྐྱ་མི་འཕེར་པའི་ངང་ཚུལ་སྐྱོ་བོ་འདི་ཡི་འབྱུང་རྩ་ལ། ཆེན་པོ་སུས་ཀྱང་ཞིབ་འཇུག་མི་བྱེད་ལ། ད་དུང་ང་ཚོ་སྔོན་ཐོན་ཡིན་རབས། ནུབ་ཕྱོགས་རྗེས་ལུས་ཡིན་རབས་སོགས་གླེང་། ཆོས་ལུགས་པའི་དག་སྣང་གི་ངོས་ན་དེ་འདྲ་ཡིན་སྲིད།

འཚོ་གནས་པའི་ངོས་ན་ང་ཚོས་ཤེས་རིག་འགྲན་རྩོད་བྱ་རྒྱུ་ཕར་ཞོག མི་རིགས་གཞན་གྱི་ཐོན་རྫས་ཡང་སྤྱོད་མི་ཤེས་པ་མངོན་སུམ་གྱི་ཁ་ཐབས་ཡིན་འདུག་ཀྱང་། ལེགས་པར་བརྟགས་ན་ང་ཚོའི་ཆེན་པོ་ཚོད་ལྟ་བ་གསར་པར་དགག་པ་ནི་མི་རིགས་འདི་མི་ཡུལ་གཞན་ལྟར་འཚོ་གནས་བྱེད་ཐབས་ལ་དགག་པ་ཡིན་འདུག་པས། འཚོ་གནས་གཙོར་འཛིན་བསམ་པ་ཙམ་ལའང་ཐན་དང་ལྟས་ངན་དུ་ལྟ་བའི་འདུ་ཤེས་སྤེལ་མཁན་འདི་དག་ནི་དོན་དངོས་ཐོག་རིགས་འདི་རྩད་ནས་འབྱིན་མཁན་མ་ཡིན་ནམ། འོན་ཏེ་ཞ་རའི་མིག་ལམ་དུ་གནས་ལུགས་མི་ཚུད་པས། འགྲོ་བ་རིས་དྲུག་གི་ཆེད་དུ་ཟེར་བའི་སྟོང་གཏམ་སྨྲ་བར་དགའ་བ་ལས། སྒྱིད་ལུག་ཆེ་བའི་གདོང་དམར་བའི་རིགས་འདི་ཉིད་འཚོ་གནས་སྙིང་པོ་མེད་པའི་སྦྲིད་སྨན་བཏབ་པའི་ལམ་དུ་ཐབས་བརྒྱ་ཇུས་སྟོང་གིས་འཁྲིད་ཅི་ཐུབ་བྱེད་པ་འདིས། མཐར་ཐུག་རིགས་འདི་མཐོ་བར་མི་འདོད་པའི་ཚོགས་པ་གང་ཞིག་གི་དམིགས་ཡུལ་འགྲུབ་པའི་མཐུན་རྐྱེན་བླ་མེད་དུ་མི་འགྱུར་བའི་ངེས་པ་མེད་ནའང་། འདི་ཕྱིའི་སྐྱབས་གནས་ཚོས་རང་གི་ཕོར་པ་བསྲུང་བའི་དད་མོས་ཁོ་ན་ལས་རིགས་འདི་རྩད་ནས་ཉམ་ཉེས་འགྲོ་བའི་གནད་དོན་ལ་དོ་འཁུར་དང་སེམས་ཁྲལ་བྱེད་མཁན་ནི་ཧ་ཅང་དཀོན།

ད་ལྟ་ལ་ལས་སེར་མོ་བའི་ཚོགས་ལ་ལུགས་གཉིས་བླང་དོར་འཁྲིད་པ་དང་། ལུགས་གཉིས་འགལ་མེད་ཀྱི་ཤེས་རིག་ཡོད་ལུགས་དང་སྦྲེལ་ལུགས་སོགས་བསླབ་ཀྱི་ཡོད་པས། སེར་མོ་བ་ནི་ཆོས་སྲིད་གཉིས་ཀ་ལ་མཁྱེན་པ་ཡངས་པ་གཅིག་ཏུ་སྣང་ནའང་། ལེགས་པར་བརྟགས་ན་དོན་དང་མི་འཚམས་པ་ནི་སེར་མོ་བ་ནི་ཚེ་འདི་བློས་བཏང་ནས་ཕྱི་མ་སྒྲུབ་མཁན་གྱི་རིགས་ཅན་ཡིན་པས། དེ་དང་སེར་མོ་བས་སྲིད་གཉེར་བ་གཉིས་འགལ་བ་ཡིན་པ་ནི་ཤཱཀྱ་ཐུབ་པའི་རྣམ་ཐར་གྱིས་ལན་བཏབ་ཡོད།
ཡེ་ཤུ་བ་ནི་རང་གི་ལག་གཉིས་ལ་བརྟེན་ནས་བྱུང་བའི་སྒོར་མོ་གཞན་ལ་སྟེར་ཞིང་། ཤེས་ཡོན་སོགས་ཀྱིས་གཞན་ཕན་སྒྲུབ་པ་དང་། སེར་མོ་བ་ནི་གཞན་གྱིས་དཀའ་ལས་བརྒྱབ་པའི་སྒོར་མོ་ཚུར་བླང་དགོས་ཤིང་། དེས་རྒྱས་སྤྲོས་བྱ་དགོས་མཁན་གྱི་རིགས་ཡིན་པས། རང་གི་ལག་ཟུང་ལ་བརྟེན་ནས་གཞན་དོན་སྒྲུབ་དཀའ་བས་ན། འཇིག་རྟེན་པར་ཐེ་ཇུས་མ་གནང་བར་དབེན་པར་སྤོང་ཀློག་ལ་གཞོལ་ན་ཅིས་མ་ལེགས། ཐེ་ཇུས་བྱ་དགོས་ངེས་ནི་སེར་མོ་བ་ཕུང་སུམ་པའི་རིགས་ཚོགས་འདི་དག་ཡིན་ཀྱང་ད་བར་འགྱུར་བ་མེད་པས་ཞར་བ་ཚོས་མ་མཐོང་བ་ཡིན་ནམ། དེ་དག་ལ་རིག་གནས་སྤྱི་བྱེའི་སློབ་གསོ་ཐོབ་ཐབས་དང་། ལོག་འཚོ་སོགས་ཀྱི་རྒྱུན་བཀག་པ་དང་། ཕྱི་ནང་མཚུངས་པར་བསྒྱུར་དགོས་ནའང་སྣང་མེད་བཏང་གི་འདུག།

གང་ལྟར་མི་རིགས་ཉམ་ཆུང་འདི་ཡང་སྣ་མང་མི་རིགས་ཁྲོད་དུ་འཚོ་གནས་ཡོད་དགོས་ན། ཆོས་ཕྱོགས་པས་འཚོ་གནས་སྨྲ་བ་དེ་དག་གི་མི་ཆོས་བསམ་མནོ་གླེང་བ་དང་། འཚོ་གནས་ཀྱི་ཤེས་རིག་ནང་འདྲེན་བྱེད་པ་ལ་ཐེ་ཇུས་དང་ལྟ་ལོག་པ་དང་བསྟན་དགྲ་སོགས་ཀྱི་ཞྭ་མོ་གཡོགས་པ་འདི་ནི། ཆེན་པོ་དབང་ཆེན་ཚོའི་སྔོན་གྱི་དུས་སུ་གངས་རིའི་ངོས་སུ་བཞག་ཟིན་པའི་བསུབ་མེད་ཀྱི་ཞབས་རྗེས་ནག་པོ་བགྲང་འདས་ཀྱི་ཐོག་ཏུ་དེང་གི་ཆེན་པོ་ཚོའི་ཞབས་རྗེས་ནག་པོར་འགྱུར་ངེས་པ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་ཡིན་པས། སློབ་མས་སྤྲུལ་པ་ཡང་སྤྲུལ་དང་བཟང་ཆ་ཅི་ཙམ་བཀོད་ཀྱང་ཕན་པ་མེད་ཅེས་ཀྱང་གསོལ་བའོ།། མི་བུ་ཤེས་རབ་དཔལ་གྱིས་སོ།།

༼རྩོམ་ཁུངས། ཁྱུང་ཡོན་བོད་རིག་གནས་ཀྱི་སྤྱི་སྟེགས།༽

བསམ་ཚུལ།

Post navigation

Previous Post: རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྐབས་ཀྱི་མཐོང་ཐོས་འགའ་ཤས། ༼༣༽
Next Post: གསེར་རྟ་བླ་རུང་ལ་ལྐོག་ཉན་གྱིས་འདུག་ཚད་མ་རེད།

Comments (4) on “ལྟ་ལོག་ཟེར་མཁན་ཐམས་ཅད་ཞར་ར་ཡིན། ༼འོས་སྦྱོར།༽”

  1. ཆོས་ཀྱི་སྣང་བ། says:
    2016-07-25 at 2:49 am

    ར་སེ་ཁྱེད་རང་གིས་ཁྱེད་རང་ལ་རྒོལ་འདུག་པ་ཨེ་ཡིན། ཁྱེད་རང་གིས་འབྲི་གུང་བཀའ་བརྒྱུད་ཀྱི་སྤྲུལ་པ་དང་ཡང་སྤྲུལ་གྱི་ལོ་རྒྱུས་ཇི་ཙམ་བྲིས་ཡོད། ཐམས་ཅད་ཕན་པ་མེད་ཟེར་བ་ཨེ་ཡིན། ཁྱེད་རང་སེར་གཟུགས་ཀྱི་རྣམ་པ་ད་ལྟ་ཡོད་སྐད་འདུག་པས་དབེན་པ་མི་བསྟེན་པར་འཇིག་རྟེན་ཐེ་ཇུས་ཅིའི་ཕྱིར་གནང་བ་ཡིན། ཁྱེད་རང་གིས་ནི་གང་དགོས་ཤེས་འདུག་པས་སོ། །

  2. ཀརྡོ་གཉེར་ཕྱག་པ་ says:
    2016-07-25 at 5:16 am

    ནུབ་ཕྱོགས་པ་ལྟ་ལོག་རེད་ཟེར་མཁན་སུ་ཡིན་མི་ཤེས། འབྲི་མཁན་འདི་ལྟ་ལོག་ཡིན་པ་ཕལ་ཆེར་ཆེད་རྩོམ་གྱིས་ངོ་སྤྲོད་བགྱིད།

  3. ཏི་སི། says:
    2016-07-25 at 5:29 am

    ཧཧཧ། ར་སེ་མིང་དེ་དང་ཁོ་རང་ཉིད་ལག་ལེན་བྱས་པ་དེ་དང་མཚུངས་སོ། གོ་ཐོས་ལ་མདོ་སྨད་ཕྱོགས་ནས་འབྲི་གུང་བཀའ་བརྒྱུད་པའིདགོན་ནང་དུ་གུ་རུ་གཏེར་ཆོས་ཉམས་བཞེས་གནང་བ་དེ་ནི་འབྲི་གུང་སྒེར་གཙང་མིན་ཟེར་ནས་རྙིང་ཆོས་ལ་དུག་ལྟར་བརྩི་མཁན་མཁས་པ་ཞིག་ཡུན་པ་འདྲ། ཡང་ཕྱོགས་གཅིག་ནས་བཤད་ན་ཁོས་བརྩམས་ཆོས་མང་རྙིང་མའི་གཞུང་ལུགས་དཔེ་བསྐུས་ཁོ་ཅན་རེད་ཟེར་བ་ཐོས། དིན་ལ་ཁི་རང་ཞྭ་ར་མིན་ནའང་། ལྟ་ལོག་ཤུག་རྐྱེན་ཐེབས་ཡོད་པ་ཙན་ངེས་

  4. རྟེན་འབྱུང says:
    2016-07-26 at 2:53 pm

    ཡི་གེ་བ་འདི་ནི། ཁྲོན་པའི་ནང་གི་སྦལ་བས་གནམ་གྱི་རྒྱ་ཁྱོན་ཚད་འཇལ་བའི་དཔེ་དང་གཉིས་སུ་མ་མཆིས། རང་ཉིད་ཀྱིས་གྲུབ་མཐའ་དང་། ཚན་རིག ལྟ་གྲུབ། ནང་ཆོས། ཡེ་ཤེའུ་སོགས་ལ་ཆ་རྒྱས་གང་ཡང་མེད་པར་གནམ་གྲུ་དང་། མོ་ཊྲ། གློག་ཀླད་སོགས་ལ་ལྟོས་ནས་ཁྱེད་ཚོ་མི་ལོ་སྟོང་ཕྲག་རིང་ལ་ཉར་ཚགས་བྱས་པའི་རིག་གཞུང་གིས་མོ་ཊྲ་སོགས་བཟོ་ཐུབ་མི་འདུག་ཟེར་ནས་རང་གི་རིག་གཞུང་གི་ཁྱད་ཆོས་གང་ཡང་མི་ཤེས་པར་འདི་རེད་འདི་མ་རེད་ཅེས་ཐག་གཅོད་བྱེད་པ་ནི་ཁྲོན་པའི་སྦལ་བས་གནམ་གྱི་ཁ་ཞེང་ཚད་འཇལ་བ་དང་གཉིས་སུ་མཆིས། ཕྱི་ནང་གི་ཤེས་ལྡན་པ་ཚོས་མཐོང་ན་གད་མོ་ཤོར་རྒྱུ་ལས་གང་ཡང་མ་མཆིས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme