Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྟ་བ་ནི། ཚེ་སྲོག་ལས་ཀྱང་གལ་ཆེ།

Posted on 2015-01-282015-01-29 By ཁ་བརྡ 17 Comments on ལྟ་བ་ནི། ཚེ་སྲོག་ལས་ཀྱང་གལ་ཆེ།

ཁང་ཟླ་སྲས།

དང་པོ། དཔའ་པོའི་ཆོད་སེམས།

      ང་ཚོས་འདས་ཟིན་པའི་རང་དབང་འཐབ་རྩོད་ཀྱི་བརྒྱུད་རིམ་ལ་ག་ལེར་ཕྱིར་མིག་ཅིག་བལྟས་ཚེ། རྒྱ་གཞུང་གིས་ཇི་ལྟར་ཆབ་སྲིད་ཀྱི་ལྟ་བ་མཁྲེག་འཛིན་བྱས་པ་དེ་བས་ཀྱང་བོད་མི་ཚོའི་རང་གི་ཆོས་དང་རིག་གཞུང་ལ་བཅངས་པའི་རྣམ་པ་ཇེ་ཆེ་དང་ངོ་བོ་ཇེ་བརྟན་དུ་སོང་ཡོད་དེ། རྒྱ་ནག་གི་བོད་དབང་བསྒྱུར་བྱས་པ་ནས་བཟུང་བོད་ཀྱི་གཞི་རིམ་མང་ཚོགས་དཀྱུས་མ་ནས་མཐོ་རིམ་ལས་བྱེད་པ་ཚུན་ཆད་ཀྱིས་རྒྱ་ནག་གིས་བོད་ལ་བཟུང་བའི་སྲིད་བྱུས་ཐད། རང་གི་གཅེས་པའི་ཚེ་སྲོག་ཀྱང་སྣང་མེད་དུ་བཏང་སྟེ་ཡིག་ངག་གཉིས་ཐད་ནས་རྩོད་གླེང་བྱས་ཡོད་ལ། དེའི་ཁྲོད་ནས་ཆེས་གལ་ཆེ་བའི་དཔེ་མཚོན་ཞིག་ནི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རེད།

ཁོང་གིས་ཐུགས་རེ་ཆེན་པོས་<<ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ>>་ལྗགས་རྩོམ་མཛད་ནའང་། ཐ་མར་ཁོང་ལ་རྒྱ་གཞུང་གིས་ངོ་ལོག་པའི་ཉེས་མིང་བཏགས་ཏེ་བཙོན་ཁང་དུ་བཞུགས་དགོས་བྱུང་བ་རེད། ཤེས་རབ་ཀྱིས་བདེན་པ་བཀུར་བའི་འཐབ་རྩོད་ཀྱི་བརྒྱུད་རིམ་དེ་འདྲ་ཞིག་གི་འོག་ནས། ཕྱིས་བྱུང་བོད་རིགས་ན་གཞོན་ཤེས་ཡོན་ཅན་མང་པོ་ཞིག་གིས་ཀྱང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བླ་ན་མེད་པའི་རྣམ་དཔྱོད་དང་། བོད་རིགས་མི་མང་ལ་བཟུང་བའི་དྲི་མེད་ཀྱི་ལྷག་བསམ་དཀར་པོ་དེ་ཉིད་མིག་དཔེར་བཟུང་སྟེ། རང་གི་སྨྱུག་རྩེས་བོད་མི་དམངས་ཀྱི་ཕུག་རེ་རྣལ་མ་དེ་མཚོན་དགོས་པའི་གནས་ལུགས་ལ་བརྩི་བཀུར་གྱིས་རྒྱ་ནག་གི་སྲིད་བྱུས་ལ་རྒོལ་བའི་རྩོམ་ཡིག་སྔ་ཕྱིར་མང་དུ་བྱུང་ཡོད་དེ། དཔེར་ན་རྩོམ་པ་པོ་སྐུ་ཞབས་སྒྲོན་མ་སྐྱབས་ལགས་ཀྱིས་བརྩམས་པའི་<<ལྷིང་འཇགས་མེད་པའི་ཧི་མ་ལ་ཡ>>་ལྟ་བུ་རེད།

unnamed

རྩོམ་ཡིག་འདི་བོད་ནང་དུ་ཁྱབ་བསྒྲགས་ཅི་ཙམ་སོང་ཡོད་མེད་བཤད་དཀའ་ནའང་། རྩོམ་ཡིག་འདི་བྲིས་རྗེས་ཀྱི་ངོ་གདོང་གི་གྲུབ་འབྲས་ནི་རང་ཉིད་ཀྱི་ཚེ་སྲོག་གཤིན་རྗེའི་ཨ་ལོང་དུ་ཚུད་པའི་སྣང་བ་ཞིག་དབང་མེད་དུ་ཤར་ངེས་ཡིན། འཚམས་འདིར་ངས་སྐུ་ཞབས་སྒྲོན་མ་སྐྱབས་ཀྱིས་བྲིས་པའི་ཚིག་ཅིག་བློ་ལ་འཆར་ཡོང་སྟེ། ཁོང་གིས་བཤད་རྒྱུར། “གཅིག་བྱས་ན་ཁྱེད་ཅག་གིས་སེམས་ནང་ངས་བྱབ་ཆུང་གི་ལས་ཀ་ཞིག་བྱེད་པར་འདོད་མོད། ཕྱོགས་གཞན་ཞིག་ནས་ཁྱེད་ཚོས་ང་རང་དབང་གི་ཆེད་དུ་དགྲ་བོའི་མེ་མདའི་ཁ་རུ་ལངས་བསྡད་ཡོད་པའང་མཐོང་ངེས་ཡིན། གང་ལྟར་འདི་ཚང་མ་ང་ཚོར་རང་དབང་གི་བདེ་སྐྱིད་འཐོབ་ཕྱིར་ཡིན། “ཞེས་བྲིས་འདུག་པ་དེ་རེད།

གྲོགས་པོ་ཚོ་ཁྱོད་ཚོས་མཐོང་སོང་ངམ། འདི་དང་འདི་ལྟ་བུའི་སྙིང་སྟོབས་ཅན་གྱི་མི་བུ་ཚོས་དྲང་བདེན་ཆེད་དུ་རང་སྲོག་ཀྱང་ཐལ་ཕུང་བཞིན་དོར་ནས་སྔར་ཡང་མང་པོ་སོང་ཡོད་ལ། ས་བྱི་ལོའི་ཞི་རྒོལ་ཆེན་མོའི་རྗེས་སུ་ཡང་སྐུ་ཞབས་ཞོགས་དུང་ཀྱིས་བརྩམས་པའི་<<གནམ་ས་གོ་འབྱེད་>>དང་། སྐུ་ཞབས་ཐེ་རང་ལགས་ཀྱིས་བརྩམས་པའི་<<ཁྲག་ཡིག>>་སོགས་ཀྱི་ལས་དབང་ཕྱོགས་གང་ནས་བལྟས་ཀྱང་གཅིག་པ་རེད། མདོར་བསྡུས་ནས་བཤད་ན། ཁོང་ཚོས་བཤད་པའི་གནས་ལུགས་རེ་རེ་རྒྱ་ནག་གི་སྙིང་ལ་གྲི་བསྣུན་པ་བཞིན་ཏུ་གྱུར་ཡོད་ནའང་། ད་དུང་དེ་ལ་བློ་སྟོབས་ཆེན་པོས་འཇུག་པའི་ཕུགས་རེ་ངོ་མ་དེ་ཅི་ཡིན་ནམ།

དེང་སང་སྐྱིད་ལང་ལ་ཤོར་བའི་བོད་མི་མང་པོ་ཞིག་གིས་བཤད་ན། མི་འདི་ཚོ་གླེན་པ་རེད་ཟེར། ཡང་ཁྲི་སྟེང་ན་བཞུགས་པའི་བླ་མ་འགའ་རེས་བཤད་ན། མི་འདི་ཚོ་ཆོས་དད་ཆེ་དྲགས་པས་རེད་ཟེར། ཡང་ཆབ་སྲིད་པ་མགོ་མཁྲེག་འགའ་རེས་བཤད་ན། མི་དེ་ཚོར་རང་ཉིད་ལ་སྐད་གྲགས་དགོས་པས་རེད་ཟེར། ད་དུང་ཉུང་ཤས་ཤིག་གིས་ངུ་ངག་དང་སྤྲགས་ནས་བཤད་རྒྱུར། མི་དེ་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་། གཞིས་ལུས་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་རྣལ་མ་ཞིག་རག་ཕྱིར་རེད་ཟེར། གང་ལྟར་ཆ་མི་སྙོམས་པའི་བོད་ཀྱི་སྤྱི་ཚོགས་ཀྱི་གྲུ་ཟུར་རེ་རེ་ན། རླབས་ཆེན་གྱི་སྐྱེས་བུ་དེ་ཚོར་དམིགས་ཡུལ་མཐོ་དམན་དང་། རེ་བའི་ཁ་དོག་མ་འདྲ་རེ་འདོགས་བཞིན་ཡོད་པ་དེ་རེད།

གཉིས་པ།  ང་ཚོའི་ངོས་འཛིན།

ཁྱོད་ཚོས་བསམ་བློ་ཡག་པོ་ཞིག་དང་ཐོངས་དང་། དཔའ་བོ་ཐུབ་བསྟན་དངོས་གྲུབ་ནས་བཟུང་ཁ་སང་རང་ལུས་མཆོད་མེར་སྒྲོན་པའི་བཙུན་མ་བསྟན་འཛིན་དབང་མོའི་བར་གྱི་དཔའ་པོ་དཔའ་མོ་དེ་ཚོས་ཅིའི་ཕྱིར་རང་གི་མི་ཚེ་ལྷག་མ་དེ་མི་ཡུལ་ནས་སྐྱེལ་མ་འདོད་པར་མཆོད་མེ་རྐང་གཅིག་གིས་ཟོལ་གྱིས་བསྒྲོན་པ་རེད། ངས་དྲི་བ་འདི་གཏོང་སྐབས། ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་མི་ལ་ལས་ཆོས་དད་ཆེ་མདོག་གིས་སྙིང་རྗེ་རང་སྲོག་བཅད་ན་སྐྱེ་བ་ལྔ་བརྒྱར་མི་ལུས་ལེན་མི་ཐུབ་ཅེས་ལུང་ལྕི་མོ་རེ་འདྲེན་ཁུལ་བྱེད་བཞིན་དེ་འདྲ་ནམ་ཡང་ཉན་གྱི་མ་རེད།

ཡང་འགའ་རེས་ཨ་ཁ་དེ་འདྲ་བྱེད་ཉན་གྱི་མ་རེད། དེས་བོད་ཁྱོན་ཡོངས་ལ་ཕན་པ་ལས་གནོད་ཚབ་ཆེ་བ་ཡོད་རེད། ད་ལྟར་བྱས་ན་བོད་མི་ཚོ་ཡར་འགྲོ་མར་འོང་བྱེད་འཇུག་གི་མ་རེད་ལ། ངའི་སྤུན་ཟླ་ཚོ་ཡང་རྒྱ་གར་དུ་དུས་དབང་ཞུ་བར་འོང་ཐུབ་ཁག་པོ་རེད་ཟེར། ད་ཡིན་ན་མ་བཟང་ཐལ་ཟེར། ཡང་འགའ་རེས་བཤད་ན། བུ་རྒོད་པོ་ཡོད་ན་མེ་ལ་མཆོངས་ནས་ཅི་ཕན། དེ་བས་རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེ་ལྟ་བུའི་ཚོགས་ཁང་ནང་འབར་རྫས་ཁུར་ནས་འགྲོ་དགོས་རེད་ཟེར། ཡང་རེ་འགས་མེ་བསྲེག་ཡུལ་རྔ་བའི་ཁྲོམ་ར་ལྟ་བུའི་ཆུང་ཆུང་ཞིག་འདེམས་པ་ལས་རྒྱ་ནག་གི་རྒྱལ་ས་ལྟ་བུ་ཞིག་འདེམས་དགོས་རེད་ཟེར།

གང་ལྟར་ཡང་ང་ཚོའི་སྤྱི་ཚོགས་ཀྱི་ངོས་འཛིན་སྟངས་དེས་དཔའ་བོ་དཔའ་མོ་ཚོའི་རེ་བ་དྲོན་མོ་ཆུ་ལ་བསྐུར་བཞིན་འདུག་པས། ད་ནས་བཟུང་བོད་མི་སུ་ཞིག་ཡིན་རུང་དེའི་སྐོར་ལ་གདུང་སེམས་མཉམ་སྐྱེད་བྱེད་མ་ཐུབ་རུང་། དེས་མ་འགྲིག་པ་དང་མ་བྱུང་བའི་སྐོར་ནས་བཤད་ན་རང་གི་དེ་ཉིད་སྟོན་པ་ལས་གཞན་དུ་ཅི་བྱར་ཡོད་དེ་མེད་དོ། །

མདོར་ན་ཁྱོད་ཚོས་ མཁས་པའི་དབང་བོ་ཐེ་ཀོར་གྱིས། “མི་བུའི་རྟག་གཏན་གྱི་བདེ་སྐྱིད་ནི་དངོས་བོ་ཅི་ཙམ་ཐོབ་པ་དེ་མ་ཡིན་པར་རང་གི་ཚེ་སྲོག་ལས་རླབས་ཆེ་བའི་ལྟ་བའི་ཕྱིར་དུ་རང་ཉིད་བསྔོ་བ་གནང་རྒྱུ་དེ་ཡིན་པ་རེད” ཅེས་གསུངས་པའི་སྐད་ཆ་ཐུང་ངུ་དེར་རོལ་མྱོང་ཡག་པོ་ཞིག་བྱོས་དང་ད་གཟོད་ཁོང་ཚོའི་བླ་ན་མེད་པའི་མི་གཞི་དང་། འཚེ་མེད་ཀྱི་རིག་གཞུང་ལ་བཅངས་པའི་ཉམས་ལེན་རྣལ་མ་དེའི་རིན་ཐང་རྟོགས་པར་འགྱུར་རོ། ། 

ཤ་རུས་གཅིག་པའི་ཕུ་ནུ་མིང་སྲིང་ཚོ། ཁྱོད་ཚོས་རང་གི་སེམས་པ་རྣལ་དུ་ཕོབས་ལ་བསམ་བློ་ཞིབ་མོ་ཐོངས་དང་། ངས་ཁྱོད་ཚོར་གནས་ལུགས་འགའི་སྐོར་བགྲོ་གླེང་ཞིག་བྱེད་པར་འདོད། མི་ཚེ་ཕྱེད་ཀ་ས་མཐའ་ནས་རྫོགས་པའི་ང་ཚོར་མཚོན་ན། འཛམ་གླིང་འདིར་སྐྱེས་ཉིན་ནས་བཟུང་རང་ལ་དབང་བའི་རྒྱལ་ཁབ་ཅིག་ཡོད་མ་མྱོང་ལ། རང་ལ་དབང་པའི་ས་ཆ་ལག་མཐིལ་ཙམ་ཡང་ཡོད་མ་མྱོང་། དེ་བས་ཀྱང་ཆེས་ཡིད་སྐྱོ་དགོས་པ་ཞིག་ལ། གཞིས་ལུས་རྒྱ་ཆེའི་མིང་ལ་མཚོན་ནས་བཤད་ན། རང་ས་རང་ཡུལ་ནས་ཀྱང་འཆི་དབང་མེད་ལ། རྒྱལ་ཁའི་ངང་གསོན་དབང་ནི་དེ་བས་ཀྱང་མེད་པ་དེ་རེད།

ངས་སྐད་ཆ་དེ་འདྲ་ཞིག་བཤད་པའི་དམིགས་ཡུལ་གཙོ་བོ་ནི། ཉེ་ལམ་བསྟུན་མར་ཨ་མདོ་རྔ་བ་དང་རྟ་བོ་སོགས་ནས་འཇིགས་པ་མེད་པའི་སེང་ཕྲུག་འགས་རང་ལུས་མཆོད་མེར་བསྒྲོན་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ན། རྒྱ་ནག་གཞུང་འུ་ཐུག་ཐབས་ཟད་ཀྱིས་རྒྱལ་སྤྱིའི་སྟེང་ལས་འགུལ་དེ་དག་ནི་བཙན་བྱོལ་བོད་གཞུང་གིས་བསྐུལ་མ་གནང་བ་ཡིན་ཚུལ་བཤད་ཀྱི་ཡོད་ནའང་། དོན་དངོས་ཐོག་དེ་ནི་ཁོ་ཚོས་ཤེས་བཞིན་དུ་སྐྱག་རྫུན་བཤད་པ་ཞིག་ཡིན་པ་རྒྱལ་སྤྱིའི་སྟེང་གི་སྲིད་གཞུང་ཁག་གིས་ངོས་འཛིན་གསལ་པོར་ཐོབ་ཡོད་ངེས་རེད། 

ཆེས་ཡ་མཚན་པ་ཞིག་ལ་ང་ཚོར་ནང་བསྟན་གཞུང་ལུགས་ཀྱི་ལྟ་གྲུབ་ཟབ་མོ་ཞིག་དང་། མི་རིགས་རིག་གཞུང་དང་བཅས་པ་འཆི་གསོན་གྱི་མཚམས་ལ་སླེབས་པའི་དུས་སྐབས་འདི་ལྟ་བུར་ཡང་༸གོང་ས་མཆོག་ལྟ་བུའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཡོད་པའི་བཀའ་དྲིན་རེད་མ་གཏོགས། འཇིག་རྟེན་རྐྱང་བའི་ཕྱོགས་ནས་བཤད་ན་དགྲ་བོར་གནོད་པ་སྐྱེལ་ཐབས་མང་པོ་ཞིག་ང་ཚོས་ལས་སླ་བོའི་ཐོག་ནས་བྱེད་ཐུབ་པ་ཧ་ཅང་གསལ་པོ་རེད།

དེ་ཡང་ཁ་ཆེའི་དྲག་སྤྱོད་པ་ཚོས་འབར་རྫས་རྒྱབ་ལ་ཁུར་ནས་མི་ཚོགས་ཁྲོད་ལྕེབས་པ་ལྟ་བུ་ནི་ཕྱོགས་ནས་བལྟས་ཀྱང་རྣམ་དཔྱོད་དང་ལྡན་པའི་ལས་སུ་བྱ་བར་མ་མཐོང་བས་ཡིན་གྱི། ང་ཚོའི་མི་རིགས་འདིར་དེ་ལྟ་བུའི་བློ་སྤོབས་མེད་སོང་བ་ག་ལ་ཡིན། འདིའི་ཕྱོགས་ནས་༸གོང་ས་མཆོག་གིས་མཚོན་པའི་བོད་ཀྱི་དབུ་ཁྲིད་ཚོས་ནམ་ཡང་དགག་བྱ་གནང་གི་ཡོད་པར་སོང་། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་རིགས་སུ་ཞིག་གིས་ཀྱང་ང་དགུ་ལོ་ཕུད་ད་ཕན་རྒྱ་ནག་པ་དགྲ་པོར་བརྩིས་ཏེ་དྲག་པོའི་བྱེད་སྒོ་སྤེལ་བའི་མཚན་གཞི་ཞིག་གཏན་ནས་འཇོག་རྒྱུ་མེད་པ་དེ་རེད། དེར་བརྟེན་བོད་ཀྱི་དེང་རབས་བསམ་བློ་བའམ་མི་རིགས་རིང་ལུགས་པ་སྐུ་ཞབས་ཞོགས་དུང་གིས་ཀྱང་ཉིས་སྟོང་བརྒྱད་ལོའི་གྱེན་ལངས་ཆེན་མོར་ས་བྱི་ལོའི་ཞི་རྒོལ་ལམ་གསར་བརྗེའི་ལས་འགུལ་ཞེས་བཏགས་པ་མ་ཡིན་ནམ།

མཐའ་དོན་ངས་བཤད་འདོད་པ་ནི། བོད་ཕྱི་ནང་གཉིས་ཀྱི་ན་ཆུང་གཞོན་ནུ་ཚོས་རང་གི་ཕ་མེས་ཚོ་ཡུལ་ལུང་གང་ཞིག་ནས་ཡིན་པ་དང་། མི་རིགས་འདིའི་ད་ལྟའི་གནས་བབ་ཅི་འདྲ་ཡིན་པ། མ་འོངས་པར་རང་ངོས་ནས་མི་རིགས་འདིར་ཕན་པའི་ལས་འགན་གང་ཞིག་བསྒྲུབ་དགོས་མིན་ཐད་མནོ་བསམ་ཞིབ་གཏོང་བྱེད་དགོས་པའི་སྐུལ་མ་གཏོང་འདོད་པ་དེ་ཡིན། དེ་ལས་ལྡོག་སྟེ། ནམ་ཡང་མཚང་འབྲུ་དང་། གཅར་རྡུང་རྐྱང་རྐྱང་གི་ཁྲོད་ན་ལྷག་པའི་ང་ཚོར་ད་ནི་མི་ཞིག་གི་རྩིས་ཐང་མེད་སོང་ལ། ཐ་ན་ཁྱི་གྲལ་ནས་ཀྱང་། ཨ་ཁ། སྤུན་གྲོགས་ཚོ། དེང་སྐབས་ཀྱི་བོད་ནང་གི་སྤུན་ཟླ་ཚོར་མཚོན་ན། ངོ་མ་གསོན་པ་ལ་དོན་སྙིང་ཅི་ཞིག་ཡོད་དམ། དཀོན་མཆོག་མཁྱེན།

བསམ་ཚུལ།

Post navigation

Previous Post: ལྷ་མོ་དོན་གྲུབ། ངས་ཁྱོད་འདི་ལྟར་མཐོང༌།
Next Post: གངས་སེང་དཀར་པོའི་གཡུ་རལ་དགུང་ལས་མཐོ།།

Comments (17) on “ལྟ་བ་ནི། ཚེ་སྲོག་ལས་ཀྱང་གལ་ཆེ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-01-29 at 1:21 am

    ་་་་་་་་་་ རྒྱ་ནག་གི་བོད་དབང་བསྒྱུར་བྱས་པ་ནས་བཟུང་བོད་ཀྱི་གཞི་རིམ་མང་ཚོགས་དཀྱུས་མ་ནས་མཐོ་རིམ་ལས་བྱེད་པ་ཚུན་ཆད་ཀྱིས་རྒྱ་ནག་གིས་བོད་ལ་བཟུང་བའི་སྲིད་བྱུས་ཐད། རང་གི་གཅེས་པའི་ཚེ་སྲོག་ཀྱང་སྣང་མེད་དུ་བཏང་སྟེ་ཡིག་ངག་གཉིས་ཐད་ནས་རྩོད་གླེང་བྱས་ཡོད་་་་་་་་་

  2. ཀརྡོ་གཉེར་ཕྱག་པ་ says:
    2015-01-29 at 1:27 am

    ་་་་་་་་་་ ཁྱོད་ཚོས་བསམ་བློ་ཡག་པོ་ཞིག་དང་ཐོངས་དང་། དཔའ་བོ་ཐུབ་བསྟན་དངོས་གྲུབ་ནས་བཟུང་ཁ་སང་རང་ལུས་མཆོད་མེར་སྒྲོན་པའི་བཙུན་མ་བསྟན་འཛིན་དབང་མོའི་བར་གྱི་དཔའ་པོ་དཔའ་མོ་དེ་ཚོས་ཅིའི་ཕྱིར་རང་གི་མི་ཚེ་ལྷག་མ་དེ་མི་ཡུལ་ནས་སྐྱེལ་མ་འདོད་པར་མཆོད་མེ་རྐང་གཅིག་གིས་ཟོལ་གྱིས་བསྒྲོན་པ་རེད། ་་་་་་་་་

  3. ཀརྡོ་གཉེར་ཕྱག་པ་ says:
    2015-01-29 at 1:30 am

    ་་་་་་་་ མཐའ་དོན་ངས་བཤད་འདོད་པ་ནི། བོད་ཕྱི་ནང་གཉིས་ཀྱི་ན་ཆུང་གཞོན་ནུ་ཚོས་རང་གི་ཕ་མེས་ཚོ་ཡུལ་ལུང་གང་ཞིག་ནས་ཡིན་པ་དང་། མི་རིགས་འདིའི་ད་ལྟའི་གནས་བབ་ཅི་འདྲ་ཡིན་པ། མ་འོངས་པར་རང་ངོས་ནས་མི་རིགས་འདིར་ཕན་པའི་ལས་འགན་གང་ཞིག་བསྒྲུབ་དགོས་མིན་ཐད་མནོ་བསམ་ཞིབ་གཏོང་བྱེད་དགོས་པའི་སྐུལ་མ་གཏོང་འདོད་པ་དེ་ཡིན། ་་་་་་་་་

  4. ཀརྡོ་གཉེར་ཕྱག་པ་ says:
    2015-01-29 at 1:32 am

    ཁང་ཟླ་སྲས་ཀྱི།
    ཁ་བ་ཅན་པའི།
    དེང་གི་གནས་བབ།
    ལ་རྒྱའི་ཆེ་རྩོམ།
    འདི་རུ་འདུག་པས།
    ཀུན་གྱིས་ལྷོགས་ཤིག

  5. ཅོ་རི་ཉི་མ། says:
    2015-01-29 at 3:01 am

    ཚོར་བ་ཀུན་བཏུས་ཀྱི་བསྒྱུར་སྒྲིག་བྱས་པའི་རི་མོའི་འདྲ་དཔར་དེ་ཧང་ཅང་ཡག་པོ་འདུག གོ་དོན་ཟབ་མོ་འདུག དགའ་པོ་བྱུང་། ཉམ་ཆུང་མི་དམངས་ཀྱིས་སྒེར་གཅོད་པའི་མདུན་དུ་སུག་བཞི་ས་ལ་བཙུགས་ཚར་དུས་རང་དབང་ནམ་ཡང་འཐོབ་མི་སྲིད། བདེ་སྐྱིད་དགོས་ན་རང་དབང་དགོས། རང་དབང་དགོས་ན་སུག་བཞི་ས་ལ་འཛུགས་མི་ཉན། གྱེན་དུ་ལང་ཐུབ་དགོས། བྲན་གཡོག་གྱི་གོམས་གཤིས་མ་ཡལ་བའི་སུག་བཞི་བཙུགས་མཁན་གྱི་སྤྱི་དམངས་ཤིག་ལ་མཚོན་ན་སྒེར་གཅོད་པའི་བླ་དཔོན་ཚོའི་འོག་ཏུ་མིག་ཆུ་བཏངས་ཀིན་བཏངས་ཀིན་འཛུལ་འགྲོ་གི་རེད། རང་ཉིད་རང་གི་མགོན་ཡིན་པར་མ་ཤེས། དཔའ་དང་སྤོབས་པ་མེད་པའི་མི་དམངས་ལ་བྲན་གཡོག་གྱི་ཐོང་ཐང་ལས་་་་རང་དབང་ཅན་གྱི་མི་ཚེའི་ལོངས་སྤྱོད་ཐུབ་པའི་རེ་བ་མེད།

    བོད་མི་ཚོས་བྲན་གཤིས་དོར་དགོས།
    བོད་མི་ཚོས་རང་ཉིད་རང་གི་མགོན་ཡིན་པར་ཤེས་དགོས།
    བོད་མི་ཚོས་རང་གིས་རང་ལ་དཔའ་སྤོབས་སྤྲོད་དགོས།
    བོད་མི་ཚོས་སྒེར་གཅོད་པའི་མདུན་དུ་སུག་བཞི་འཛུགས་མི་ཉན། ཡུལ་ལུང་བདེ་སྐྱིད་ལྡན་པ་ཞིག་ཡོང་དགོས་ན་མི་དམངས་ལ་ཆ་རྐྱེན་འདི་དག་ངེས་པ་ཏུ་ཚང་དགོས། ཆ་རྐྱེན་མེད་པའི་རང་དབང་ཞིག་འཐོབ་མི་སྲིད།

  6. ཅོ་རི་ཉི་མ། says:
    2015-01-29 at 3:14 am

    ཀརྡོ་ལགས་ཟེར་ཟེར་ལབ་ཀྱི་མཚམས་བཞག་རོགས་བྱོས་དང་། སུན་སྣང་སྐྱེས་འོང་གི་འདུག མཆན་བུ་འདེབས་མཁན་ཚོས་བགྲོ་གླེང་འཁྲུགས་རོགས་རེད། གཞན་དག་ཕན་ཐོགས་མི་འདུག ཁྱོད་ཀྱིས་ཟེར་ཟེར་མ་ལབ་ནའང་ཚང་མས་བཀླགས་ཤེས་ཀྱི་རེད་བ།

  7. ཅོ་རི་ཉི་མ། says:
    2015-01-29 at 3:37 am

    བོད་མི་དམངས་ལ་སྒེར་གཅོད་བྱེད་མཁན་གཉིས་ཡོད། གུན་ཁྲན་དམར་ཕྱོགས་སྒེར་གཅོད་པ་དང་ཆོས་ལུགས་བླ་དཔོན་སྒེར་གཅོད་པ་གཉིས་རེད། འདི་གཉིས་ཀས་མི་དམངས་ལ་སྒེར་གཅོད་བྱེད་བཞིན་ཡོད། འདི་གཉིས་འོག་ནས་མ་ཐར་ན་བདེ་སྐྱིད་ཡོང་ཐབས་མེད། འདི་གཉིས་ཟུང་འབྲེལ་ཡང་རེད།

  8. ཅོ་རི་ཉི་མ། says:
    2015-01-29 at 4:48 am

    གུན་ཁྲན་སྒེར་གཅོད་པས་བོད་མིའི་མགོ་ཐོག་ཏུ་མེ་མདའ་བཙུགས་ནས་བཙོན་བཅུག་གིས་འཇིགས་སྐུལ་དང་། ཁོ་ཚོའི་ཁྲིམས་ལུགས་ལ་འགལ་བ་ཡིན་ན་གསོད་ཀྱི་དང་བཙོན་བཅུག་གང་རུང་བྱེད་ངེས་ཡིན། ཆབ་སྲིད་ཀྱི་ཁེ་དབང་ལོངས་སྤྱོད་མི་ཆོག་་ཟེར་ནས་མི་དམངས་ལ་སྒེར་གཅོད་་བྱེད་ཀྱི་རེད་མོད།

    ཆོས་ལུགས་པའི་བླ་དཔོན་སྒེར་གཅོད་པ་ཚོས་བོད་མིའི་མགོ་ཐོག་ཏུ་བླ་སློབ་དམ་ཚིག་གྱི་ཆོས་དར་ཕྱར། དེ་དང་འགལ་བའི་མི་རྣམས་ཤི་ན་དམྱལ་བ་དང་གསོན་ན་ཆོས་དང་ཟང་ཟིང་གི་འབྲེལ་བ་གཅོད་ཀྱི་ཡིན་ཟེར་ནས་འཇིགས་སྐུལ་བྱེད་ཀྱི་རེད། རྨོངས་དད་ཅན་གྱི་བོད་མི་རྣམས་བླ་དཔོན་ཚོའི་འཇིགས་སྐུལ་ལ་ཧང་ཅང་སྐྲག དམྱལ་བ་ཟེར་དུས་སྐྲག་ཐག་ཆད་འགྲོ་གི་རེད།།

    སྒེར་གཅོད་པ་འདི་གཉིས་ཀྱིས་འཇིགས་སྐུལ་དེ་དག་ལ་བརྟེན་ནས་བོད་མི་དམངས་ག་རེ་བྱེད་བྱེད་རེད། ཁྲིམས་ལུགས་སྣ་ཚོགས་ཤིག་བཟོ་གི་རེད། སྒེར་གཅོད་པ་ཁོ་རང་ཚོའི་འདོད་མོས་ལྟར་ཁྲིམས་ལུགས་བཟོ་གི་རེད། བཙོན་དུ་བཅུག་འདོད་ན་བཅུག གསོད་འདོད་ན་གསོད། ཤ་བཟའ་བཅུག་འདོད་ན་བཟའ་བཅུག མི་འདོད་ན་བཀག ཁོ་རང་ཚོའི་འདོད་མོས་མེད་པའི་སྐད་ཆ་བཤད་བཅུག་མ་འདོད་ན་བཀག ཁོ་རང་ཚོའི་མ་འདོད་པའི་ཆོས་དང་ལྷ་ལ་དད་པ་བྱེད་མི་འདོད་ན་བཀག མི་དམངས་ཀྱི་འདོད་མོས་དང་རང་དབང་ལ་བརྩི་བཀུར་རྕ་བ་ནས་བྱེད་ཀྱི་མ་རེད།

    བོད་མི་རིགས་ཀྱི་རང་དབང་ཤོར་སོང་བའི་རྒྱུ་མཚན་དེ་འདྲ་རེད། འཇིགས་སྐུལ་དེ་དག་གིས་མདུན་དུ་གྱེན་ལངས་མ་ཐུབ་ན་ཇི་སྲིད་བར་དུ་རང་དབང་མེད་པའི་བྲན་གཡོག་རེད། སུག་བཞི་མཁན་དུད་འགྲོ་རེད།

  9. ཅོ་རི་ཉི་མ། says:
    2015-01-29 at 4:50 am

    འཇིགས་སྐུལ་དེ་དག་གིས་མདུན་དུ་གྱེན་ལངས་མ་ཐུབ་ན་ཇི་སྲིད་བར་དུ་རང་དབང་མེད་པའི་བྲན་གཡོག་རེད། སུག་བཞི་བཙུགས་མཁན་གྱི་དུད་འགྲོ་རེད།་་་ཅེས་བཅོས

  10. ཨ་ར་དཀར་པོ says:
    2015-01-29 at 5:32 am

    མཐུན་སྒྲིལ་ནི་ད་གཟོད་སྟོབས་ཤུགས་སོ། མི་རིགས་ནང་ཁུལ་ལ་མཐུན་སྒྲིལ་མེད་པར་ཁ་འཐོར་དུ་འགྲོ་བ་ནི་མི་རིགས་དེ་ཉིད་ཚར་རྒྱུའི་སྔ་ལྟས་སོ།

  11. ཅོ་རི་ཉི་མ། says:
    2015-01-29 at 5:56 am

    བོད་མི་རིགས་ཀྱི་མཐུན་སྒྲིལ་རྩ་འཐོར་བཏང་མཁན་གཙོ་བོ་ཆོས་ལུགས་པའི་སྒེར་གཅོད་པ་ཚོ་ཡིན། སྤྲུལ་སྐུ་བདེན་རྫུན་བརྩད་ནས་འགལ་ཟླ་བཟོས། ལྷ་འདྲེ་བཟང་ངན་བརྩད་ནས་འགལ་ཟླ་བཟོས། གྲུབ་མཐའ་ཡག་ཉེས་བརྩད་ནས་འགལ་ཟླ་བཟོས། རྒྱ་དམག་སོག་དམག་གོར་དམག་ནང་འདྲེན་བྱས། བོད་མི་རིགས་ཤ་སད་རུས་ལ་ཐུག་བཅུག་མཁན་ཆོས་ལུགས་པའི་སྒེར་གཅོད་པ་འདི་དག་ཡིན། དེར་བོད་མི་རྣམས་ཀྱིས་ཤེས་དགོས། བོད་མི་རིགས་གསོན་འདོད་ན་ནོར་འཁྲུལ་ལ་མཛུབ་མོ་འཛུགས་དགོས། ནོར་འཁྲུལ་གུ་ཡངས་གཏོང་མི་ཉན།

  12. ཀརྡོ་གཉེར་ཕྱག་པ་ says:
    2015-01-29 at 6:15 am

    # 6 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
    January 29th, 2015 at 3:14 AM
    ཀརྡོ་ལགས་ཟེར་ཟེར་ལབ་ཀྱི་མཚམས་བཞག་རོགས་བྱོས་དང་། སུན་སྣང་སྐྱེས་འོང་གི་འདུག མཆན་བུ་འདེབས་མཁན་ཚོས་བགྲོ་གླེང་འཁྲུགས་རོགས་རེད། གཞན་དག་ཕན་ཐོགས་མི་འདུག ཁྱོད་ཀྱིས་ཟེར་ཟེར་མ་ལབ་ནའང་ཚང་མས་བཀླགས་ཤེས་ཀྱི་རེད་བ། ་་་ཟེར།

  13. ཀརྡོ་གཉེར་ཕྱག་པ་ says:
    2015-01-29 at 6:16 am

    ཅོ་རི། ཚང་མས་ཀློག་བགྱིད་རེད། ཨེ། ཧཧཧཧ།

  14. ཀརྡོ་གཉེར་ཕྱག་པ་ says:
    2015-01-29 at 6:33 am

    ང་སེམས་ཤུགས་ཆགས་མེད་ཀྱང་། རེ་ཞིག་ཟུར་བཀོལ་ཅམ་འཇོག་བྱེད་ཆོག དགའ་བར་གྱིས་ཤོགུ

  15. གནམ says:
    2015-01-29 at 9:19 am

    གཏོར་རློག་པའི་སྐད་ཆ་ནི་གཏོར་རློག་པའི་སྐད་ཆ་རང་ཡིན་པ་ཚང་མས་ཤེས་དགོས། གྱེན་ལངས་སྣེ་ཁྲིད་པའི་སྐད་ཆ་ཡིན་ན། མ་མཐའ་ཡང་ཆུ་བོ་ཞིག་གི་ཕར་ཕྱོགས་ན་ཡོད་པའི་རི་ཆུ་མེ་ཏོག་གི་མཛེས་སྡུག་བཤད་ཤེས་དགོས། དེ་འདྲ་སྟོན་རྒྱུ་མེད་ན། གྱེན་ལོག་ག་ཚོད་བྱས་ན་ཡང་དེ་ནི། རབ་ཁ་མེད་པའི་ཆུ་བོ་ཞིག་ལ་སྙིང་གྲོགས་ཚོ་མཆོང་དུ་བཅུག་པ་ཙམ་ལས། དེ་ལས་ཐར་བའི་བློ་ཐབས་ནི་མེད། དེ་ནི་དཔེར་ན། བྷེན་ལ་ཏུན་འདྲ་བོ་རེད། ཅོ་རི་ཅན་པོ་ཡང་དེ་འདྲ་རེད། སྤྱི་ཚོགས་འདི་ཁ་འཐོར་རྩ་འཐོར་ལ་གཏོང་འདོད་ཙམ་ལས་མེད་པ་ནི། ཁོའི་ཁམས་ཞན་ཕྱོགས་རིས་ཀྱི་སྐད་ཆ་ལས་གསལ་པོ་བཟོས་ཡོད།

    ཁ་བརྡ་ཚང་གིས་ངས་ཅོ་རི་ཅན་པོ། ཁ་ཐུར་འཁོར་འདི་ཚོ་ལ་ཁ་བརྡ་བྱས་ན། ནག་སུབ་ལ་གཏོང་རྐྱང་རེད་འདུག་ན། དེ་རང་ང་ལ་རང་དབང་མ་ཡོད་ན། རྗེས་ནས་རང་དབང་དེ་འདྲ་མི་ལེན་པར། ཆགས་གཏམ་དང་ཉོག་གཏམ་བཤད་ནས་འདུག་གི་ཡིན།

  16. ཁང་ཟླ་སྲས། says:
    2015-01-30 at 12:29 pm

    གནམ་ལགས་ཀྱིས་ཅི་གསུང་གི་ཡོད་པ་རེད། ཁ་བརྡ་ཚང་གིས་ཅི་བྱས་པ་རེད། སུའི་རྩོམ་འབྲིའི་རང་དབང་འཕྲོག་གི་ཡོད་པ་རེད། གང་ལྟར་རྩོམ་ཡིག་འདི་ངས་དེ་སྔོན་རང་གི་མྱོང་ཚོར་དག་ཟིན་ཐོར་བཏབ་པ་ཙམ་ཡིན། མ་འདང་བའི་ཆ་ཡོད་ན་ཐང་། འོན་ཀྱང་། དེ་ནི། མི་སྒེར་ཞིག་གིས་བོད་ཀྱི་ཉེ་བའི་ལོ་རྒྱུས་ཁྲོད་ཀྱི་དཔའ་རྒོད་ཚོའི་ལས་འགུལ་ལ་བཟུང་བའི་ལྟ་ཚུལ་ཙམ་ཡིན་པས་དེར་མ་རང་བའི་རྣམ་འགྱུར་སྟོན་དགོས་དོན་མེད་པར་སྙམ།

  17. གནམ says:
    2015-01-31 at 12:06 pm

    ཁང་ཟླ་སྲས་ལགས། ཁྱེད་ཁ་བཞུར་གི་སྡོད་དང་། ང་སྐོམ་དུས་སྐོམ་དུས་འཐུང་གི་འདུག་དགོས། ཁྱེད་ཀྱི་བཞུར་རྒྱུན་ལ་མ་རང་བ་གང་ཡང་བྱས་མེད།

    གོང་མཆན་པ་གླེན་པའི་གྲལ་བར་ན།
    ང་མི་དགའ་ས་འི་འབུ་ཞིག་ཡོད།
    འབུ་ས་འབུ་མ་རེད་སྐྱག་འབུ་རེད།
    འབུ་དེ་ལ་སྐྱུག་མེར་ལངས་ནས་ཡོད།
    ས་གང་ནས་མཐོང་ན་སུན་ནས་ཡོད།
    འབུའི་མིང་གི་མི་འབོད་ཁྲིམས་འགལ་རེད།
    ཁྲིམས་བཙན་པོ་ཁ་བརྡས་གནང་ནས་རེད།
    ཁྲིམས་ཞིག་ན་མཆན་ཆག་སུབ་ནི་རེད།
    ལས་བཙོག་ན་མཆན་སྒོ་གཏོད་ནི་རེད།
    ད་མང་པོ་མི་བཤད་ཉོག་འགྲོ་འི།།
    ཁང་ཟླ་སྲས་ཡིད་ལ་དེ་ལྟར་བྱོས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme