Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྐོག་གྱུར་གྱི་འབྲེལ་བ།

Posted on 2013-09-242013-09-24 By ཁ་བརྡ་ No Comments on ལྐོག་གྱུར་གྱི་འབྲེལ་བ།

ཨོ་ཤོ་ཡིས་བརྩམས། ཟླ་ཟེར་གྱིས་བསྒྱུར།

འབྲེལ་བ་ནི་ལྐོག་གྱུར་ཞིག་ཡིན།
གང་ཡིན་ཟེར་ན།
འདི་ནི་མི་གཉིས་ཀྱི་དབར་ན་གནས་ཤིང་མི་གཉིས་ལ་བརྟེན་དགོས་པས་སོ།
མི་གཉིས་ག་དུས་ཐུག་པ་ཡིན་ནའང་།
དེ་དུས་འཇིག་རྟེན་གསར་པ་རེ་བསྐྲུན་ཡོང་གིན་ཡོད།
ཁོ་གཉིས་ཐུག་པ་ཙམ་གྱིས་ཀྱང་སྣང་ཚུལ་གསར་པ་ཞིག་བསྐྲུན་འགྲོ

དེ་ནི་སྔོན་ཆད་མེད་ལ།
དེ་ནི་སྔོན་ཆད་གཏན་ནས་ཡོད་ཀྱང་མ་མྱོང་བ་ཞིག་ཡིན།
དེ་ནས་སྣང་ཚུལ་གསར་པ་དེ་བརྒྱུད་ནས།
ཁོ་གཉིས་འགྱུར་བ་དང་འཕོ་འགྱུར་ཐེབས།

འབྲེལ་མེད་ཡིན་ན། ཁྱོད་ནི་ཅིག་ཤོས་ཤིག་ཡིན།
འབྲེལ་བ་བྱས་ན། དེ་མ་ཐག་ཏུ་ཁྱོད་རང་གཞན་ཞིག་ལ་འགྱུར།
དེ་ནས་གནས་ཚུལ་གསར་པ་ཞིག་ཐོན་འོང་།

བུད་མེད་ཅིག་དགའ་རོགས་ཆགས་པའི་ཚེ།
དེ་ནས་ཁོང་ཉིད་སྔོན་ཆད་ཀྱི་བུད་མེད་དེ་མིན།
སྐྱེས་པ་ཞིག་ཨ་ཕ་ཆགས་པའི་ཚེ་།
དེ་ནས་ཁོང་ཉིད་སྔོན་ཆད་ཀྱི་སྐྱེས་པ་དེ་མིན།

བྱིས་པ་ཞིག་སྐྱེས་ན་ཡང་།
ང་ཚོས་གནད་དོན་ཞིག་གཏན་ནས་ཤེས་ཀྱིིན་མེད།
དེ་ནི་བྱིས་པ་སྐྱེས་པའི་སྐད་ཅིག་དེར། ཨ་མའང་སྐྱེས་ཡོད།
འདི་ནི་སྔོན་ཆད་གཏན་ནས་ཡོད་མ་མྱོང་།
བུད་མེད་དེ་ཡོད་ཀྱང་། ཨ་མ་དེ་གཏན་ནས་ཡོད་མ་མྱོང་།
ཨ་མ་དེ་རྦད་དེ་གནས་ཚུལ་གསར་པ་ཞིག་ཡིན།

འབྲེལ་བ་ནི་ཁྱོད་རང་གིས་བསྐྲུན་པ་རེད།
ཡིན་ནའང་། དེ་ནས་དེའི་ལན་དུ་འབྲེལ་བས་ཁྱོད་རང་བསྐྲུན།

མི་གཉིས་ཐུག་ཟེར་དུས།
འཇིག་རྟེན་གཉིས་ཐུག་ཟེར་བ་རེད།
འདི་ནི་སྟབས་བདེའི་ལས་ཤིག་གཏན་ནས་མ་ཡིན་ཏེ། ཤིན་ཏུ་རྙོག་འཛིང་ཅན། ཆེས་རྙོག་འཛིང་ཅན་ཡིན།
མི་རེ་རེ་ནི་སོ་སོ་ལ་མཚོན་ན་འཇིག་རྟེན་རེ་ཡིན།
དེ་འང་རྙོག་འཛིང་ལྐོག་འགྱུར་ཅན་གྱི་ཡུན་རིང་གི་འདས་དོན་དོན་དང་རྟག་བརྟན་གྱི་མ་འོངས་ཞིག་དང་ལྡན་པ་རེ་ཡིན།

དང་ཐོག་ཏུ་ཕྱི་གཟུགས་ཁོ་ན་ཙམ་ཐུག
ཡིན་ནའང་། གལ་སྲིད་འབྲེལ་བ་དེ་མཛའ་རུ་འགྲོ་བ་དང་།
ཉེ་རུ་ཆགས་པ། ཟབ་ཏུ་སོང་ན།
དེ་ནས་རིིམ་པ་བཞིན་དུ། ཁོག་པ་རྣམས་ཐུག་འགོ་བརྩམས།
ཁོག་པ་རྣམས་ཐུག་ན། དེ་ལ་བརྩེ་བ་ཟེར།

ཕྱི་གཟུགས་རྣམས་ཐུག་ན། དེ་ནི་ངོ་ཤེས་ཡིན།
དེ་དུས་ཁྱོད་ཀྱིས་མི་དེར་ཁེགས་ས་ནས་རེག་པ་དང་།
ཡང་ན་མཐའ་མཚམས་ཙམ་ནས་ཡིན།
དེའི་ཕྱིར་དེ་ནི་ངོ་ཤེས་ཡིན།

ཐེངས་མང་པོར། ཁྱེད་ཀྱིས་ངོ་ཤེས་དག་ལ་བརྩེ་ལྡན་ཅེས་ནས་འབོད་འགོ་ཚུགས།
དེ་དུས་ཁྱོད་རང་འཁྲུལ་སྣང་ནང་ལ་ཡོད།
ངོ་ཤེས་ནི་བརྩེ་བ་མིན།

བརྩེ་བ་ནི་ཤིན་ཏུ་དཀོན།
མི་ཞིག་གི་ཁོག་པ་ལ་ཐུག་པ་དེ་ནི།
རང་གི་རྒྱུད་ལ་གསར་བརྗེ་ཞིག་བརྒྱུད་པ་རེད།
གང་ཡིན་ཟེར་ན་གལ་ཏེ་ཁྱོད་མི་ཞིག་གི་ཁོག་པ་ལ་ཐུག་འདོད་ན།
ཁྱོད་ཀྱིས་ངེས་པར་དུ་མི་དེ་ཡང་ཁྱོད་ཀྱི་ཁོག་པ་རུ་སླེབས་བཅུག་དགོས།
ཁྱོད་རང་ངེས་པར་དུ་སེམས་པ་ཆུང་ཆུང་ཆགས་དགོས།
ཧ་ཅང་གིས་སེམས་པ་ཆུང་ཆུང་དང་། བློ་སྒོ་ཡོངས་སུ་ཕྱེས་དགོས།

འདི་ནི་ཉེན་ཁ་ཅན་ཞིག་རེད།
མི་ཞིག་ཁྱོད་ཀྱི་ཁོག་པ་ནང་སླེབས་བཅུག་པ་ནི་ཉེན་ཁ་ཅན་དང་ཉེན་མཆོངས་ཅན་ཞིག་རེད།
གང་ཡིན་ཟེར་ན། ཁྱོད་ཀྱིས་མི་དེས་ཁྱོད་ལ་ཅི་ཞིག་བྱ་ཡོང་གཏན་ནས་མི་ཤེས་ཏེ།
ནམ་ཞིག་ཁྱོད་ཀྱི་གསང་བ་ཆ་ཚང་ཤེས་པ་དང་།
ནམ་ཞིག་ཁྱོད་ཀྱི་སྦས་གསང་རྣམས་སྦས་མེད་དུ་གྱུར་ཞིང་།
ནམ་ཞིག་ཁྱོད་རང་རྦད་དུ་དམར་རྗེན་དུ་བཏོན་ན།
མི་གཞན་པ་ཚོས་ཅི་ཞིག་བྱ་ཡོང་། ཁྱོད་ཀྱིས་གཏན་ནས་མི་ཤེས།

ཞེ་སྣང་ནི་དེ་རུ་ཡོད།
དེའི་རྐྱེན་གྱིས་ང་ཚོས་བློ་སྒོ་གཏན་ནས་ཕྱེས་ཀྱི་མེད།

ངོ་ཤེས་པ་ཙམ་དང་།ང་ཚོས་བརྩེ་བ་བྱུང་ཡོད་དྲན་གྱིན་ཡོད།
ཕྱི་གཟུགས་ཐུག་པ་དང་། ང་ཚོས་ང་ཚོ་ཐུག་བྱུང་སྙམ་གྱིན་ཡོད།
ཁྱོད་རང་ཁྱོད་ཀྱི་ཕྱི་གཟུགས་མ་རེད།
ངོ་མར། ཕྱི་གཟུགས་ནི་ར་བ་ཡིན་ལ། དེ་རུ་ཁྱོད་རང་མཇུག་རྫོགས་ཀྱི་ཡོད་ཅིང་།
དེ་ནི་ཁྱོད་ཀྱི་མཐའ་ནས་བསྐོར་བའི་ར་བ་ཙམ་ཡིན།
དེ་ནི་ཁྱོད་མིན།
ཕྱི་གཟུགས་ནི་ཁྱོད་རང་མཇུག་རྫོགས་པ་དང་།
འཇིག་རྟེན་དེ་འགོ་ཚུགས་པའི་ས་གནས་དེ་ཡིན །

མཐའ་ན་ཁྱོ་ག་དང་སྐྱེད་དམན།
ལོ་མང་རིང་མཉམ་དུ་གཤིབས་ཚར་མཁན་ཡིན་སྲིད་ཀྱང་།
གཅིག་བྱས་ན་ངོ་ཤེས་ཙམ་ཡིན།
གཅིག་བྱས་ན་ཁོ་གཉིས་ཀྱིས་ཕན་ཚུན་ཤེས་ཀྱང་མེད་སྲིད།

ཁྱོད་ཀྱིས་མི་ཞིག་དང་མཉམ་དུ་ཇི་ཙམ་བསྡོད་པ། དེ་ཙམ་གྱིས་ཁྱོད་ཀྱིས་རང་ཉིད་ཀྱི་ཁོག་པ་མ་ཤེས་པར་བརྗེ་འགྲོ
བྱས་ཙམ། ཧ་གོ་དགོས་པའི་གནད་དོན་དང་པོ་ནི།
ངོ་ཤེས་པ་དེ་བརྩེ་བ་བཞིན་མ་བལྟ།
གཅིག་བྱས་ན་ཁྱོད་ཀྱིས་ཆགས་པ་སྤྱོད་ཀྱི་ཡོད་སྲིད།
གཅིག་བྱས་ན་ཁྱོད་ཀྱིས་འཁྲིག་པ་སྤྱོད་མྱོང་སྲིད།
ཡིན་ནའང་། ལུས་འབྲེལ་ཡང་ཕྱི་གཟུགས་རེད།
ཁོག་པ་གཉིས་མ་ཐུག་བར། ལུས་འབྲེལ་ནི་གཟུགས་པོ་གཉིས་ཀྱི་ཐུག་རེག་ཙམ་ཡིན་ལ།
གཟུགས་པོ་གཉིས་ཀྱི་ཐུག་རེག་དེ་ཁྱོད་གཉིས་ཀྱི་ཐུག་འཕྲད་མ་རེད།
དེའི་ཕྱིར་ལུས་འབྲེལ་ཡང་ངོ་ཤེས་ལ་གནས་ནས།
ཕྱི་ཚུལ་ཙམ་དང་། གཟུགས་པོ་ཙམ་གྱིས་ཡིན་པས། ད་དུང་ངོ་ཤེས་རེད།

ཁྱོད་ཀྱིས་མི་ཞིག་ལ།
ཁྱོད་ཀྱི་ཁོག་པ་རུ་འཛུལ་བཅུག་ཆོག
དེ་ནི་ཁྱོད་མི་སྐྲག་པའི་ཚེ་གཞི་ནས་ཐུབ་ལ།
དེ་ནི་ཁྱོད་ལ་ཞེ་སྣང་མེད་དུས་གཞི་ནས་ནུས།

དེར་བརྟེན། ངས་ཁྱོད་ལ་ཞུ།
འཚོ་སྟངས་ལ་མ་འདྲ་བ་གཉིས་ཡོད།
གཅིག་ནི་ཞེ་སྣང་གི་གཞི་རྩ་དང་།
གཅིག་ནི་བརྩེ་བའི་གཞི་རྩ་ཡིན།

ཞེ་སྣང་གི་གཞིི་རྩའི་འཚོ་སྟངས་ཀྱིས།
ཁྱོད་ལ་འབྲེལ་བ་ཟབ་མོ་ཞིག་ནམ་ཡང་བསྐྲུན་མིི་ཐུབ།
ཁྱོད་རང་སྐྲག་ནས་བསྡོད་དེ། གཞན་པ་ལ་ཁྱོད་ཀྱི་ཁོག་པ་རུ་ཡོང་བའི་ཆོག་མཁྱེན་མི་སྤྲོད།
ཁྱོད་ཀྱིས་གཞན་ལ་ཆོག་མཁྱེན་སྤྲོད་པའི་མཚམས་དེའི་དབར།
ཡོད་ཚད་ཚང་མ་གྱང་ར་ཞིག་གིས་བཀག་ནས་ལུས།

བརྩེ་བ་གཞི་རྩའི་མི་ནི་ཆོས་དད་ཅན་རེད།
བརྩེ་བ་གཞི་རྩའི་མི་ཟེར་ན།
མ་འོངས་ལ་མི་སྐྲག་མཁན་ཞིག་དང་།
སྐད་ཅིག་མ་དེ་ལ་འཚོ་བའི།
མཇུག་འབྲས་དང་ངན་འབྲས་ལ་མི་སྐྲག་མཁན་ཡིན།

དེ་ནི་གླུ་ཡི་བསྟན་བཅོས་ནང་ནག་པོ་ཡིས་སྲིད་སྒྲུབ་ལ་གང་གསུང་པ་དེ་རེད།
མཇུག་འབྲས་ལ་སེམས་ཁྲལ་མ་བྱེད།
དེ་ནི་ཞེ་སྣང་གཞི་རྩའི་སེམས་པ་རེད།

འདིའི་རྗེས་སུ་གང་ཞིག་འབྱུང་ཡོང་མ་བསམ།
འདིར་འཚོ། གང་བྱེད་པ་དེ་བློ་གཅིག་སེམས་གཅིག་གིས་བྱོས། བརྩིས་མ་བརྒྱག
ཞེ་སྣང་གིས་ཁེངས་པའི་མི་དེས་རྟག་པར་བརྩིས་བརྒྱགས་ནས།
འཆར་འགོད་དང་། བཀོད་བསྒྲིག་དང་། བདེ་འཇགས་བྱས་ཏེ།
ཁོང་གི་མི་ཚེ་ཡོངས་རྫོགས་དེ་ལྟར་རྫོགས་འགྲོ

འགྱུར་རྩོམ།

Post navigation

Previous Post: རྒྱལ་བ་རིན་པོ་ཆེས་ངོས་ཀྱི་མི་ཚེས་གཞིས་བྱེས་མཉམ་འཛོམས་བར་འདང་ངེས་ཀྱི་སྐལ་བཟང་བཀའ་སློབ་བསྩལ་བ།
Next Post: ཁྱོད་དྲན་པའི་དགོང་མོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (29)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (14)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme