Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོག་སྨྲ་ཚ་འདེད།

Posted on 2018-04-19 By ཁ་བརྡ 15 Comments on ལོག་སྨྲ་ཚ་འདེད།

རླུང་དམར།

བཙན་བྱོལ་ནང་གཡས་དཀྲུག་གཡོན་དཀྲུག་གནང་གིན་པའི་སྲིད་དཔོན་ལོག་སྨྲ་དེ་ང་ཚོའི་མིག་ལམ་ན་རྒྱུ་ཞིང་བགྲོད་པར་བགྱི། མི་དེས་བཤད་རྒྱུར་« ལོ་གསུམ་བཞིའི་ནང་བོད་རྒྱ་འབྲེལ་མོལ་མ་བྱུང་ན་དེའི་རྗེས་ནས་ཁག་པོ་རེད།»བསམ་གྱི་འདུག་ཅེས་ལོག་སྨྲས་བྱས་ཏེ་འདུག སྐད་ཆ་འདི་གླེང་བྱ་བཏོན་པ་ནས་བཙན་བྱོལ་གྱི་སྲིད་སྐྱོང་ནི། ཇེ་སྡུག་ནས་ཇེ་སྡུག་རེད། ཁ་ལྕེ་ལ་བདག་པོ་མེད་པའི་རྣམ་ཤེས་རུལ་པ་ཞིག་རེད། བདེན་པ་ལ་རྐང་བརྫིས་གཏོང་གིན་པའི་མི་”སྡིག་ཏོ་ཅན་”ཟེར་བ་དེ་ཡིན་འདུག དེ་ལྟ་ནའང་། ངན་དཔོན་གྱི་ཁ་ལག་ལ་ནམ་ཡང་ཚོད་འཛིན་མེད་པར་མི་མང་ལ་བསླུ་བྲིད་བཏང་བ་ཉུང་ཉུང་རེད་མི་འདུག ལོ་འདི་དག་ལ་ང་ཚོའི་བཙན་བྱོལ་སྒྲིག་འཛུགས་རྨང་ནས་ཤི་ལམ་དུ་བཞག་སྟེ་ཁོ་རང་ཕྱི་རྫིག་ཁོག་སྟོང་གིས་གསོན་རྒྱུར་དགའ་དཀྲོག་དཀྲོག་ཅིག་རེད།

ད་ང་ཚོས་གླེང་གིན་པ་ནི་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གིས་བསགས་པའི་ནག་བསུབ་ལོག་སྨྲས་དེ་དག་རེད། ཁོ་རང་དྲྭ་ལམ་རྒྱང་བསྒྲགས་གང་དུ་སོང་ནའང་། བཙན་བྱོལ་བོད་ཀྱི་ཆེ་མཐོང་དང་མཚན་གནས་ལ་བསམ་བློ་མི་གཏོང་པར་རང་འདོད་གང་དྲན་གྱིས་དབང་ཆ་ལོག་སྤྱོད་གནང་གིན་མཆིས། དེ་ནི། དངོས་གནས་ཡིད་སེམས་ལ་འཁོར་མ་མྱོང་བའི་བྱ་སྤྱོད་ཐ་ཤལ་དེའི་རིགས་ཤིག་ཏུ་འཐུས་སོང་། ཁོའི་ཁ་ནང་ནས་དོན་འཁྱོག་ལོག་འགྲེལ་གྱི་གཏམ་གླེང་མང་དུ་སྤེལ་བཞིན་གདའ། དེ་མིན། ཁོ་རང་གིས་<<དབུ་མའི་ལམ།>>གྱི་བདེ་སྡུག་སོགས་ཀྱི་ཐད་ནས་ཅི་ཡང་མི་ཤེས་མོད། ཡིན་ཡང་། དབུ་མའི་ལམ་ལ་ལྟ་ཚུལ་ངན་པ་འཛིན་གྱིན་བོད་རྒྱ་འབྲེལ་མོལ་ལ་རེ་བ་མེད་ཚུལ་སོགས་ཀྱི་ལོག་སྨྲས་བྱས་ཏེ་རང་མགོ་རང་གིས་གཅོག་གིན་མི་མང་ཁྲོད་ལ་ཐན་སྐད་སྤུར་ནས་བསྡད་དེ་མཆིས།

མཐར་ཐུག་ནས་བཤད་ན། བཙན་བྱོལ་ནང་གི་སྲིད་སྐྱོང་བློ་སེང་གིས་བོད་མིའི་ལས་དབང་སྐྱ་ཟད་སྔོ་སྡུག་ཏུ་བཏང་ནས། ཆོལ་ཁ་དབྱེན་དཀྲུག ཁ་མཐུན་ཤོག་སྒྲིལ། དམ་ཉམས་ལག་སྦྲེལ། ཧམ་བཤད་རྫུན་སྒྲིག་དང་། བླ་མར་དབུ་སྐོར་སོགས་བྱས་ཏེ་ལོག་སྨྲས་གནང་། དེ་བཞིན་དུ། ཁོ་རང་གིས་བཤད་པ་ཡོད་ཚད་ལ་བོད་གཞུང་དམངས་གཉིས་ལ་ཕན་པའི་ལས་ཤིག་སྒྲུབ་ཀྱིན་མི་འདུག་པས། འོར་ཏུ། ལོ་རེ་གཉིས་ཀྱི་བཙན་བྱོལ་གཞུང་འདི་རྐང་མེད་ལག་མེད་དུ་གཏོང་གིན་སྲིད་སྐྱོང་གི་གོ་ཐོབ་ནས་”སྒོར་མོའི་ཞིང་ཁམས་”སུ་ལོག་པར་སྨྲས་ཏེ་བུད་འགྲོ་བས། ང་ཚོས་ཁོའི་རྗེས་རྐུབ་ལ་ཚ་འདེད་གཏོང་དགོས་ཀྱི་འདུག

༢༠༡༨-༠༤-༡༩ ཉིན།

བསམ་ཚུལ།

Post navigation

Previous Post: སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་”མང་གཙོ་དང་ཆིག་སྒྲིལ་” ཐོག་གསུང་བཤད།
Next Post: བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་ཁྱད་ཆོས་མཛུབ་མོ་རི་སྟོན།

Comments (15) on “ལོག་སྨྲ་ཚ་འདེད།”

  1. མྱི། says:
    2018-04-20 at 4:25 am

    མི་འདིས་ག་དུས་ཡིན་ན་བཙན་བྱོལ་འགོ་པ་ཚོ་ལ་སྡང་ཟུག་གི་ངུ་ཟུག་འབྱིན་ཏེ་གཞི་མེད་སྒྲོ་འདོགས་རྫུན་སྒྲིག་བྱེད་ལུགས་ལ་བལྟས་ན། བཙན་བྱོལ་ནང་དུ་རྒྱ་ཡི་ཕོགས་ཟན་ལྔ་བརྒྱ་ཡོད་པའི་ནང་ནས་གཅིག་ཡིན་པར་ཐག་གིས་ཆོད། དོན་ངོ་མ་སྲིད་སྐྱོང་ནི ་༧ གོང་ས་མཆོག་གིས་ལྷག་བསམ་ཡོད་པ་དང་། དད་པ་ཡོད་པ། འཇོན་ནུས་ཡོད་པ། དེང་དུས་ཀྱི་ཤེས་ཡོན་རྩེ་མོར་སོན་པ། བསམ་བློའི་བང་རིམ་ཡོད་པ་ཡག་ཐག་ཆོད་འདུག་གསུངས་ནས་མི་མང་འདུ་ཚོགས་སུ་ལན་མང་བཀའ་གནང་ཚར་བ་རེད། ཁོང་གི་བཀའ་ལ་གུས་བརྩི་ཞུ་མཁན་ཞིག་ཡིན་ན་འདི་ཙམ་སྡང་ཟུག་མི་བྱེད་སེམས་ཐག་རེད། བཀའ་ཟུར་དོན་གཅོད་དངོས་གྲུབ་ཚེ་རིང་གིས་ཀྱང་སྲིད་སྐྱོང་འདིས་སྣེ་ཁྲིད་པ་ནས་བཟུང་སྟེ་གཞུང་གི་ལས་ཁུངས་ཁག་ཏུ་འཐུས་སྒོ་ཇེ་ཚང་དུ་གྱུར་པ་དངོས་ཡོད་བདེན་དཔང་དཔེར་བླངས་ཏེ་ཉེ་ཆར་བཤད་ཟིན་པ་རེད། ཁོང་གིས་སྔོན་མ་དང་བསྡུར་ན་ཤེས་ཡོན་ཐད་ནས་ཡར་རྒྱས་སོང་ཡོད་པར་ལས་བྱེད་ཁག་ལ་དྲིས་དང་གསལ་ཚུལ་དང་། སྔོན་མར་རྒྱ་གར་ཁྲིམས་ཁང་དུ་ང་ཚོར་གཏུག་བཤེར་གྱི་ཐོབ་ཐང་མེད་ཀྱང་ད་ལྟ་རྒྱ་གར་ཡུལ་མི་དང་གཅིག་མཚུངས་སུ་ཐོབ་ཐང་རག་ཡོད་པ། དཔལ་འབྱོར་ལྡབ་དུ་མ་ཡར་རྒྱས་སུ་སོང་བ་སོགས་བདེན་དཔང་དང་བཅས་བཤད་ཡོད། སློབ་སངས་ལ་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་རིས་ལ་ནས་མི་འདུག་ཟེར་ནས་ཚིག་ཐག་ཆོད་པོས་བཤད་སོང་། ད་ཅི་ཞིག་མ་ཉན་པ་རེད། དངོས་གནས་བོད་ལ་ཤ་ཚ་མཁན་ཞིག་ཡིན་ན་བོད་མི་མང་ཤོས་ཀྱིས་ཡརབབསྐོས་པའི་མི་ལ་དམོད་མོ་དེ་ཙམ་འདོན་མི་འོས་པ་ཞིག་རེད། ང་ཡིན་ནའང་སུ་འདྲ་ཞིག་སྲིད་སྐྱོང་དུ་སླེབ་ཡོང་ན་དེ་ནས་བཟུང་སྟེ་སྲིད་སྐྱོང་དེའི་ཚོར་ཤེས་ལ་བསམ་བློ་མ་བཏོན་ནའང་དེ་ཡར་བསྐོས་མཁན་གྱི་མང་ཚོགས་ཀྱི་སེམས་ལ་རྨ་ཁ་གཏོད་ཕོད་ས་མ་རེད་ལ་བློས་བཟོད་པའམ་ནུས་ས་མ་རེད། རྫོགས་ཡ་མེད་པ་བཤད་བསྡད་མཁན་འདིའི་རིགས་ལ་ཞིབ་འཇུག་ཏན་ཏན་དགོས་ས་རེད།

  2. བློ་བཟང་། says:
    2018-04-20 at 11:05 am

    ཡག་པོ་བྲིས་འདུག་ཡིན་ཡང་ཁྱི་སངས་འདིས་གོ་ནི་མ་རེད། ཁྱི་སངས་ཀྱིའི་རྒྱབ་སྐྱོར་བ་བསམ་མེད་འདི་ཚོས་ཤེས་ནི་མ་རེད།

  3. སྐལ་བཟང says:
    2018-04-20 at 1:53 pm

    ང་ཚོའི་སྲིད་སྐྱོང་གི་མཚན་དངོས་༼ སློབ་བཟང་སངས་རྒྱས ༽ཟེར
    ཁོང་ཐོག་མར་སྲིད་སྐྱོང་ལ་བཞེངས་སྐབས་ཁོང་གི་རྒྱབ་ལྗོངས་ཡིག་ཆ་ཁག་ལས་ཚང་མས་གཟིགས་ཡོད་ཤགས་རེད།
    སོང་ཙང་མ་འོངས་པར་ཚང་མས་ཁོང་གི་མཚན་དངོས་བེད་སྦྱོད་གནང་རོགས་ཞུ་རྒྱུ་ཡིན

  4. སྟག་སྨྱོན། says:
    2018-04-21 at 3:33 am

    བློ་སེང་གིས་ ༢༠༡༡ ལོར་ཁོ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་བྱེད་ཀི་ཡིན་ལབ་རེད། ཉེ་ཆར་དོན་གཅོད་འཕོ་འགྱུར་གཏོང་སྟངས་ད་ལྟའི་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཐྲོམ་ཀྱིས་ཨ་རིའི་ཕྱི་སྲིད་བློན་ཆེན་གནས་དབྱུང་གཏོང་སྟངས་དང་གཅིག་པ་ཡིན་ཚུལ་ངོས་ལེན་དང་གསལ་བོ་བཟོས་སོང་། མི་འདི་ནི་རང་ཚུགས་མེད་པར་མི་ཆེན་གཞན་ལ་ལད་ཟློས་བྱེད་རྒྱུར་དགའ་བའི་བྱབ་ཆུང་དང་དུད་འགྲོ་ནེ་ཙོ་འདྲ་བོ་རེད། གང་ལྟར Trump ཨ་རིའི་སྲིད་འཛིན་སྐྱོ་ཤོས་དང་ཆེས་ཐ་ཤལ་དེ་ཡིན་པ་ཆབ་སྲིད་ཚན་རིག་གིས་ཐག་བཅད་ཡོད་པ་རེད། བློ་སེང་གིས་ལས་ཀ་བྱེད་སྟངས་ Trump ནང་བཞིན་ཡིན་པ་བློ་སེང་རང་གིས་གྲོས་ཚོགས་ནང་བཤད་པ་རེད། རང་ལ་གང་ཡང་མེད་པའི་སྒང་ལ་དཔེ་ལྟ་ས་སྲིད་འཛིན་སྐྱོ་ཤས་ཤིག་བྱེད་དོན་གང་ཡིན་ནམ། དཔེ་ལྟ་ན་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་དབུ་ཁྲིད་༧གོང་ས་མཆོག་དབུ་ན་ཡོད་པ་ཟད། བཀའ་སློབ་ལམ་སྟོན་ཕ་མའི་བུ་ཕྲུག་ལ་གནང་བ་ལྟར་གནང་ཡང་ལས་ངན་ཁོས་ཉན་མི་ཤེས། Trump སྐྱོ་ཤོས་ཡིན་ན་བློ་སེང་ Trump གི་སྐྱོ་རོགས་པ་ཡིན་པ་བློ་སེང་རང་གིས་ཁས་ལེན་བྱས་རེད། ལས་ངན་འདི་སྐྱོ་བ་ལ།

  5. སྟག་སྨྱོན། says:
    2018-04-21 at 3:39 am

    བློ་སེང་ལ་ངོ་རྒོལ་བྱེད་དང་སྐྱོན་བརྗོད་བྱེད་མང་བ་ཁག་གང་ཡོད། Trump དང་གཅིག་པ་ཡིན་ཙང་རེད། སྨན་པ་ཚོས་ Trump ཀླད་པ་ཐང་ཐང་མ་ཡིན་པའི་དོགས་པ་ཟ་གི་ཡོད་པ་རེད། བློ་སེང་ཡང་ཕྲག་དོག་དང་ང་རྒྱལ་ཆེ་བས་རྐྱེན་གྱིས་ཀླད་པ་ཐངཐང་མེད་པ་ཆགས་ཡོད་ཚོད་འདུག

  6. སྟག་སྨྱོན། says:
    2018-04-21 at 3:46 am

    Syria གི་གནད་སྟངས་ལ་བློ་སེང་སྔོན་མ་སྡོམ་ལས་སླ་པོ་ཞིག་བརྒྱབ་སོང་། དེའི་ཐོག་ནས་ཁོའི་ཆབ་སྲིད་གནས་ཕྱི་ལ་བསྟན་པ་རེད། དེ་ཚོ་གླེང་ནས་ཡོང་ཡ་གང་ཡང་མེད་ཙང་། ཁོ་ལ་ངོས་ལེན་དང་གདེང་འཇོག་མེད་པ་སྟོན་ཆེད་སྐྱོན་མཚང་དང་ཟུར་ཟ་ཐ་རེ་ཐོ་རེ་ཙམ་བྱས་པ་ལས། རྒྱ་ཆེན་པོ་དང་ཞིབ་ཚགས་པོ་ཞིག་བཤད་རྒྱུའི་འབད་བརྩོན་བྱེད་ཀི་མེད།

  7. སྟག་སྨྱོན། says:
    2018-04-21 at 3:48 am

    Syria གི་གནས་སྟངས་ལ་བློ་སེང་གིས་སྔོན་མ་སྡོམ་ལས་སླ་པོ་ཞིག་བརྒྱབ་སོང་། དེའི་ཐོག་ནས་ཀྱང་ཁོའི་ཆབ་སྲིད་ཀྱི་གནས་ཚད་ཤེས་གསལ་རེད། དེ་ཚོ་གླེང་ནས་ཡོང་ཡ་གང་ཡང་ཡོད་པ་མ་རེད། ཁོ་ལ་ངོས་ལེན་དང་གདེང་འཇོག་མེད་པ་སྟོན་ཆེད་སྐྱོན་མཚང་དང་ཟུར་ཟ་ཐ་རེ་ཐོ་རེ་ཙམ་བྱས་པ་ལས། རྒྱ་ཆེན་པོ་དང་ཞིབ་ཚགས་པོ་ཞིག་བཤད་རྒྱུའི་འབད་བརྩོན་བྱེད་ཀི་མེད།

  8. སེང་ཕྲུག་བརྟན་པ says:
    2018-04-21 at 7:46 am

    བདེན་པ་ཁ་ཡི་རྒྱན་དང་།
    གཡོ་སྒྱུ་སེམས་ཀྱི་རང་བཞིན།
    ཡོན་ཆུང་ང་རྒྱལ་ཆེ་བ།
    སྤྱི་ཚོགས་དཀྲུག་ལ་དགའ་བ།
    དཔོན་པོ་བཟང་ལ་ངོ་རྒོལ།
    མ་བརྟགས་གཞན་རྗེས་ཀུ་ཅོ།
    མཐོང་ན་སྙིང་རྗེའི་ཡུལ་རང་།
    གང་གི་ཡོན་ཏན་མི་ལྡན།
    བོད་མི་འགའ་ཡི་ཁྱད་ཆོས།
    དགོས་ས་དགྲ་ལ་མི་ཐུབ།
    མི་དགོས་ནང་ལ་རྫིག་ཉམས།
    བླ་མའི་ཐུགས་གཞི་དཀྲུག་མཁན།
    མང་གཙོའི་ལམ་ལུགས་མི་ཤེས།
    མང་གཙོ་ཁ་རུ་ཁྱེར་ནས།
    རང་གི་སྙིང་ནད་བཏོན་མཁན།
    ལྷག་མ་རྗེས་མའི་ལན་དུ་འབུལ་ཆོག་པར་ཞུ།

  9. ཅོ་རི་ཉི་མ། says:
    2018-04-22 at 7:50 am

    ཕོ་རྒོད་ཁྲོམ་ཕི་མཆོག་སྲིད་འཛིན་སྐྱོ་ཤོས་རེད་ཨེ་་་ཧཧ་་་་དགོད་བྲོ་སྐད་ཆ་མ་ཤོད། སྐད་ཆ་བཤད་སྟངས་འདི་ཚོ་ཨ་རིའི་དམངས་གཙོ་ཚོགས་པའི་དཔོན་ངན་རུལ་དྲི་ཅན་དེ་ཚོའི་སྐད་ཆ་རེད། རྒྱ་ནག་གི་དངུལ་ཟས་ནས་རུལ་བསྡད་ཡོད་པའི་དམངས་གཙོ་ཚོགས་པའི་དཔོན་རིགས་ཚོའི་སྐད་ཆ་ལ་ཡིད་བརྟན་ག་རེ་ཡོད། དངུལ་གྱིས་ཉོ་མི་ཐུབ་པའི་ཕོ་རྒོད་ཤིག་ཨ་རིའི་སྲིད་འཛིན་ལ་ཕེབས་པར་འདི་བོད་མིའི་བསོད་ནགས་རེད་བསམས་ཆོག་གི་རེད། སྲིད་སྐྱོང་བློ་བཟང་གིས་ཕོ་རྒོད་ཁྲོམ་ཕི་མཆོག་གི་རྐང་པ་བཞག་ས་ལ་མགོ་ཡིས་ཐུག་གི་མ་རེད།

    སྲིད་སྐྱོང་བློ་སངས་ཀྱིས་དབུ་མའི་ལམ་གྱི་གྲུབ་འབྲས་བཤད་དུས་བཙན་བྱོལ་སྒྲིག་འཛུགས་ཀྱི་མགོ་ཁྲིད་ཚོ་ཨ་རི་ལ་འགྲོ་ཆོག་གི་ཡོད་ཟེར་ནས་བཤད་ཀྱི་ཡོད་པ། རང་བཙན་བཤད་ན་ཨ་རི་ལ་འགྲོ་ཆོག་གི་མ་རེད་ཟེར་ནས་བཤད་ཀྱི་ཡོད་པ། ཧཧ་་་ལྟོས་དང་། ཐད་ཝན་གཞུང་དང་ཨ་རིའི་གཞུང་གཉིས་འབྲེལ་ལམ་ག་འདྲ་མི་འདུག་གམ། ཨ་རིའི་གཞུང་གིས་ཐད་ཝན་རྒྱལ་སྲུང་བྱས། གོ་མཚོན་ཚོང་འབྲེལ་བྱས་དང་བྱེད་བཞིན་པ་རེད། མ་ཟད་ཐད་ཝན་གྱི་དཔོན་རིགས་དང་ཨ་རིའི་དཔོན་རིགས་ཚོ་གཞུང་འབྲེལ་གྱི་ཐོག་ནས་ཐུག་འཕྲད་བྱེད་ཀྱི་་ཡིན་པར་གསལ་བསྒྲགས་བྱས་མ་སོང་ངམ།་་་་གནད་དོན་འདི་ཚོས་སྲིད་སྐྱོང་བློ་སངས་ཀྱི་སྐད་ཆ་བྱབ་ཆུང་དེ་དག་ལ་གནས་ལུགས་ཀྱི་ཐོག་ནས་ལན་བརྒྱབ་ཀྱི་ཡོད་པ་རེད།

    བོད་རྒྱ་འབྲེལ་མོལ་ཟེར་བ་དེ་ལོ་གསུམ་བཞི་ཡི་རྗེས་སུ་ཡོང་མདོག་ཁག་པོ་རེད། རྒྱ་ནག་ལ་ཨ་རི་དང་ཇར་པན། རྒྱ་གར་སོགས་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་བཙུར་འོང་དུས་རྒྱ་གཞུང་གིས་བོད་རྒྱ་འབྲེལ་མོལ་བྱེད་ཀྱི་ཡིན་ཟེར་འོང་གི་རེད། སྐབས་དེ་དུས་རྒྱ་གཞུང་ལ་བོད་པ་དཔུང་རོགས་མཁོ་ཡི་རེད། དགོས་མཁོ་ཡོད་དུས་འབྲེལ་མོལ་བྱེད་ཀྱི་རེད། དགོས་མཁོ་མེད་དུས་ནག་བསུབ་གཏོང་ཐབས་བྱེད་ཀྱི་རེད།་་་་ཧཧཧ

  10. འུ་དུམ་བཙན། says:
    2018-04-22 at 10:19 am

    ག་མེད་ཚོར་མེད་རེ

  11. གངས་རིའི་རབ་བྷེ། says:
    2018-04-24 at 7:41 pm

    རླུང་དམར་ལགས། ཡག་པོ་བྲིས་འདུག སྲིད་སྐྱོང་གི་ལས་འགན་ནི་ང་ཚོ་ཕྱི་བསྡད་བོད་མིའི་གཞུང་རྩ་མེད་བཏང་རྒྱུ་དེ་རེད། སུ་གོང་ནས་བཏང་བ་ཡིན་ན་འདི་འདྲ་ཧམ་ཆེ་བ་ལ་ད་དུང ངོ་ཡང་ཚ་རྒྱུ་མེད་མོད། ཕྱི་བསྡད་བོད་མི་ཚོ་སྐུག་སོང་ཡིན་ས་རེད་ཡང་ལས་ངན་པའི་རྐྱེན་ངན་ཡིན་རྒྱུ་ཉེན་ཁ་ཆེ་ཡི་ཡ།

  12. ཇོ་སྲས་ངག་དབང་། says:
    2018-04-25 at 1:24 am

    བཙན་བྱོལ་ནང་གཡས་དཀྲུག་གཡོན་དཀྲུག་གནང་གིན་པའི་སྲིད་དཔོན་ལོག་སྨྲ་དེ་ང་ཚོའི་མིག་ལམ་ན་རྒྱུ་ཞིང་བགྲོད་པར་བགྱི། མི་དེས་བཤད་རྒྱུར་« ལོ་གསུམ་བཞིའི་ནང་བོད་རྒྱ་འབྲེལ་མོལ་མ་བྱུང་ན་དེའི་རྗེས་ནས་ཁག་པོ་རེད།»བསམ་གྱི་འདུག་ཅེས་ལོག་སྨྲས་བྱས་འདུག་ཟེར། དོན་ལ་གནས་པའི་སྡོམ་ཚིག་ཅིག་རེད་སྙམ།

  13. མྱི། says:
    2018-04-25 at 8:32 am

    མི་འདི་ཚོ་གོང་ས་མཆོག་གི་བཀའ་སློབ་དང་འགལ་བ་ལྟག་སྤྲོད་དུ་སྨྲ་མཁན་དག་དག་རེད་འདུག བཀའ་དང་འགལ་བ་ནི་དམ་ཉམས་ཟེར་དོལ་ཚོགས་དང་འགྲེལ་བཤད་རྒྱག་སྟངས་ཙམ་ལས་གཅིག་པ་རེད།

  14. ནུབ་ཕྱོགས་གངས་ཕྲུག says:
    2018-04-25 at 1:48 pm

    ཁྱི་སེང་ད་ལྟ་བདེ་མོ་ཨེ་རེད།

  15. ཚེ་རིང་། says:
    2018-05-20 at 7:26 am

    ཁྱི་སེང་ད་ལྟ་བདེ་མོ་མ་རེད། ཁྱི་སེང་ལ་སྨྱོ་ནད་བྱུང་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme