Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོ་30 རྗེས་སུ། སྐུ་ཉིད་དྲན་གི འགྲོ་སོང་མང་གི

Posted on 2018-12-302018-12-30 By ཁ་བརྡ No Comments on ལོ་30 རྗེས་སུ། སྐུ་ཉིད་དྲན་གི འགྲོ་སོང་མང་གི

བློ་གྲོས་རབ་བརྟན།

ལོ་མང་བོ་སོང་ཤུལ་ན་ཁྱེད་ལྟ་བུ་ཞིག་བོད་ཡུལ་ན་སུ་ཡང་བྱོན་མ་སོང་། དེའི་དབང་གིས་བོད་ཡུལ་འདི་དང་བོད་མི་ཚོས་ད་བར་དུ་གནམ་ལ་ལག་པ་གཟེད་ཅིང་། རྐང་པས་ས་གཞི་འདི་དྲག་ཏུ་བརྡུངས་ཀྱང་དགོས་པ་དེ་རག་མེད་ལ། ཐོབ་དགོས་པ་དེ་ཐོབ་པ་ཕར་ཟད་ད་དུང་འགྲོ་སོང་ཇེ་མང་དུ་གྱུར་སོང་།

འགྲོ་སོང་མང་བའི་བོད་ཡུལ་འདི་དྲན་ཐེངས་རེ་དང་། བསམ་ཐེངས་རེ་ལ་ཁྱེད་དྲན་ཞིང་། དྲན་དགོས་པ་དེ་ཁྱེད་ད་དུང་འཚོ་བཞུགས་གནང་ཡོད་ན། ཐོབ་དགོས་པ་དེ་ཐོབ་མེད་ཀྱང་འགྲོ་སོང་ཇེ་མང་དུ་འགྲོ་མི་སྲིད་སྙམ། འགྲོ་སོང་འདི་དངུལ་མ་རེད་ལ་དངུལ་ལས་འབུམ་འགྱུར་གྱི་ལྷག་ཅིག་རེད། འགྲོ་སོང་དེ་མི་རིགས་ཀྱི་ཤེས་དཀའ་ཡང་བོད་མིའི་ཚོ་སེམས་ན་འགྲོ་སོང་དེ་རིན་ཐང་གིས་གཞལ་སར་མི་འགྲོ། བོད་མི་ཚོས་བཏང་བའི་འགྲོ་སོང་དག་འདི་ལྟར་ཆུ་ལ་ཐིམ་ཞིང་གནམ་ལ་ཡལ་སོང་ན་ཕངས་པ་ལ་ཚད་མེད་པས། ཕངས་སེམས་ཀྱི་སྣེ་ནས་ངས་ཁྱེད་ཉིད་ལྷག་ཏུ་དྲན།

སྐུ་ཉིད་སྔོན་མ་ཞིག་ལ་ངའི་ཕ་ཡུལ་དུ་ཕེབས་ཤིང་། ཕ་ཡུལ་གྱི་མི་རྣམས་དགའ་དད་སྤྲོ་གསུམ་གྱིས་ཁྱེད་ཉིད་ཕེབས་བསུ་བྱས་སོང་། ང་ཧ་ཅང་ཧ་ཅང་གི་ཆུང་ན་ཡང་། ཁྱེད་ཉིད་མོ་ཊ་ཞིག་གི་ནང་ལ་བཞེངས་ནས་ཕེབས་ཡོང་བ་དེ་ད་ལྟ་ད་དུང་ཡང་ངའི་མིག་ལམ་ན་གསལ། བོད་མི་ཚོས་ཀི་ལྡིར་དང་རླུང་རྟ་གཏོར་ཞིང་། ཕེབས་འཁོར་གཡས་གཡོན་ན་ཕེབས་བསུ་རྟ་བ་ཚོས་སྤུར་བའི་ཐལ་རྡུལ། ཕེབས་སྒོའི་གཡས་གཡོན་དང་ལམ་བར་གྱི་མཚམས་མཚམས་སུ་བརྩིགས་པའི་བསང་ཁྲི་ཆེ་ཆུང་དུ་མ་ལས་འཕྱུར་བའི་བསང་དུད། བོད་མི་ཚོའི་སེམས་ལ་དགའ་ཚོར་དང་གདོང་ལ་འཁྱིལ་བའི་མིག་ཆུ་དག་གིས་ཁྱེད་ཉིད་བསུས་ཏེ། ལོ་མང་རིང་གི་དཀའ་སྡུག་གི་ལོ་ཟླ་དག་རེ་ཞིག་སེམས་ཀྱི་མཐའ་རུ་དེད་ཐུབ་པ་བྱུང་།

གང་དུ་ཕེབས་ཀྱང་ཅི་ཞིག་གསུང་་ནའང་། སྙིང་སྟོབས་དང་སྤོབས་པ། རང་གི་སྐད་ཡིག་དང་རང་གི་རིག་གཞུང་ལ་དགའ་ཞེན། མི་རིགས་ཀྱི་འདུ་ཤེས་གསར་རྟོགས། ཕན་ཚུན་མཛའ་མཐུན་དང་མཉམ་གནས། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་ལམ་སྟོན་གནང་སྟེ། ལམ་ཁ་གསར་བ་ཞིག་ཏུ་རྒྱ་ནག་ཁྱིམ་ཆེན་དེའི་ནང་དུ་རང་རིགས་ལ་ལམ་ཁ་དང་མདུན་ལམ་་ཡོད་པའི་ཕྱོགས་སུ་སྐྱོན་གྱིན་པའི་སྐབས་སུ། གློ་བུར་ཏུ། ཁང་ཆེན་གྱི་ཀ་བ་ཆག་སོང་བ་ནི་ད་ལྟའི་བོད་ཐོག་ཏུ་བརྡིབས་པའི་དཀའ་ངལ་དག་སེལ་མི་ཐུབ་པའི་རྐྱེན་རྩ་དང་གཞལ་སར་མི་འགྲོ་བའི་འགྲོ་གྲོན་དག་གི་འབྱུང་རྩར་གྱུར་འདུག

བོད་འདི་རྒྱ་དམར་གྱིས་བཙན་བཟུང་བྱས་པ་དེ་ང་ཚོ་རང་སྲུང་མི་ཤེས་པའི་རྐྱེན་རེད་ལ། ༧གོང་ས་མཆོག་རྒྱ་དམར་གྱི་མེ་མདའི་སོ་བར་ནས་ཐར་བ་ནི་ང་ཚོ་ཤི་རན་མེད་པའི་རྟགས་སུ་གོ། སྐུ་ཉིད་གློ་བུར་དུ་མེད་སོང་བ་ནི་བོད་དུ་བོད་མི་ཚོར་ཕོག་པའི་གོད་ཆག་ཚབས་ཆེ་ཤོས་སུ་གྱུར།

དེ་རིང་སྐུ་ཉིད་ལ་ཁ་ཆེ་མང་ཚོགས་ཀྱིས་ཕེབས་བསུ་བྱེད་བཞིན་པའི་སྐུ་པར་རྙིང་བ་ཞིག་མཐོང་སྟེ། ངའི་སེམས་ལ་སྐུ་ཉིད་ཇི་ལྟར་བཞུགས་ཡོད་པ་དེ་ལྟར་འདིར་བྲིས་ཡོད་ལ།མ་ཟད་སྐུ་ཉིད་མེད་ཤུལ་དུ་བོད་ལ་ལྷག་པའི་འགྲོ་གྲོན་ཆེན་པོ་དེས་ཀྱང་ཡང་ཡང་དྲན་འཇུག་གི་འདུག

བསམ་ཚུལ།

Post navigation

Previous Post: ༄༅།། དཔལ་ལྡན་སྲིད་སྐྱོང་མཆོག་གི་གཟི་བརྗིད་ཁོག་སྟོང་རྣམ་བཤད་གཟུར་གནས་དགྱེས་པའི་ཚོམ་བུ།
Next Post: ཨ་ཕའི་རྫུན་གཏམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme