Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོ་རྒྱུས་ཀྱི་འགྱུར་ལྡོག་གི་གླེང་གཞི་ལ་གཞིགས་པའི་དྲན་ཚུལ།

Posted on 2019-03-072019-03-07 By ཁ་བརྡ 3 Comments on ལོ་རྒྱུས་ཀྱི་འགྱུར་ལྡོག་གི་གླེང་གཞི་ལ་གཞིགས་པའི་དྲན་ཚུལ།

བསོད་ནམས་འཚོ།
 
དེང་སྐབས་མི་མང་པོ་ཞིག་གིས་རང་ཉིད་ཀྱི་དྲན་ཚུལ་ཐམས་ཅད་རྒྱུ་མཚན་དུ་བཀོད་ནས་གཟུར་གནས་མཁས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་རིག་པས་མངོན་འདོད་ཀྱི་ལོ་རྒྱུས་ཀྱི་ལམ་བུ་མངོན་དུ་འགྱུར་བར་མི་འདོད་པའི་རྣམ་འགྱུར་སྟོན་པ་ནི་་མངོན་ལྐོག་གཉིས་ན་མང་དུ་སྣང་ཡང་། བསམ་བློ་ཞིབ་ཏུ་བཏང་ན། ཁོང་རྣམས་པས་དེང་རབས་ཀྱི་འགྲོས་དང་བསྟུན་པའི་སྒོ་ནས་ང་ཚོའི་སྤྱི་ཚོགས་ཀྱི་དགོས་འདོད་བསྐོང་པའི་ཐབས་ལམ་དུ་བསྐྱོད་ཐུབ་པར་འབད་བརྩོན་བྱེད་བཞིན་ཡོད་པ་མངོན་གསལ་དོད་པོ་རེད། དོན་གྱིས་དེ་ནི་མི་མང་ལ་དངངས་སྐྲག་མེད་པའི་ཞི་བདེ་ཡི་སྤྱི་ཚོགས་ཞིག་གམ་ཕན་ཚུན་ལ་གནོད་འཚེ་མེད་པའི་བྱམས་བརྩེ་ཡི་མཐུན་ལམ་ཞིག་བསྐྲུན་འདོད་པ་དེ་རེད།

ངས་བསམ་པར་དེར་བཟང་ལ་བརྩི་རྒྱུ་མེད་ན་སྐྱོན་ལ་བགྲངས་རྒྱུ་ཞིག་མི་འདུག་སྙམ། ང་ཚོའི་མངོན་འདོད་ཀྱི་གོམས་པ་དང་པོ་དེ་འདི་ལྟར་ངེས་བར་དུ་སྤོ་དགོས་བ་ནི་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་ལ་གཞིགས་ནའང་ཤེས་ཐུབ།  ཁ་དཔེར་ཡང་། “གཞན་ལ་ཁེ་ཞིག་བྱིན་ན་རང་ལ་སྐྱིད་ཅིག”་ཞེས་བ་བཞིན། གོམ་གང་མདུན་སྤོས་ཀྱི་ཚུལ་དུ་མདུན་ལ་གོམ་གང་སྤོས་ཙམ་དང་ཕྱི་རུ་གོམ་གང་བསྣུར་ཙམ་བྱས་ནས་གྱོང་ཅུང་ཙམ་འཁུར་བའི་འབྲས་བུས་ཁེ་བཟང་དེ་ཚེ་སྲོག་མང་པོ་ཞིག་གི་ཁྲག་གྲོན་གཏོང་མ་དགོས་བ་དེ་ཡིན་པ་ཤེས་དགོས། ཡང་གཅིག་བཤད་ན། དུས་རབས་དང་འཚམ་པའི་འགྱུར་བ་ཞིག་བཏང་བ་ཙམ་གྱིས་གནའ་བའི་ལོ་རྒྱུས་དེ་ནག་བསུབ་དུ་གཏོང་ཐབས་མེད་ལ་བོད་ཀྱི་བཙན་པོ་རིམ་བྱོན་དང་ཆོས་རྒྱལ་རིམ་བྱོན་གྱིས་བསྐྱངས་པའི་ལོ་རྒྱུས་དེ་དེ་ག་རང་འཇགས་སུ་སྡོད་ངེས་ཡིན་པས་དེ་ནི་སེམས་ཁྲལ་ལྷག་མ་ཞིག་མིན་ནམ་སྙམ། རྐང་ལ་རས་ལྷམ་སྤྲད་ན་མི་གྱོན་པར་ངའི་རྐང་པར་ངེས་བར་དུ་གོ་ལྷམ་གྱོན་དགོས་ཞེས་ཨུ་ཚུགས་བརྒྱབ་ན། གོ་ལྷམ་མ་རག་རས་ལྷམ་མ་གྱོན། མཐའ་མ་རྐང་རྗེན་ལ་འགྲོ་དགོས་བ་ཡང་འཁེལ་སྲིད་པས་བསམ་བློ་ཡངས་ས་ནས་ཕྱོགས་ཡོངས་ལ་གཏོང་རྒྱུ་དེ་ཡང་ཧ་ཅང་གལ་ཆེན་རེད།

ང་ཚོ་ལ་མཁོ་བ་ནི་བརྗིད་ཉམས་དོད་པའི་ལོ་རྒྱུས་ཀྱི་ཐ་སྙད་དེ་མ་ཡིན་པར་མིང་དོན་མཚུངས་པའི་ཚེ་སྲོག་གི་བདེ་འཇགས་དེ་ཡིན། གང་ལྟར་ཀྱང་ལོ་རྒྱུས་ནི་སྤྱི་ཚོགས་དང་འཚོ་བའི་བདེ་སྐྱིད་ཀྱི་འདོད་བློ་བསྐོང་ཆེད་དུ་བྱུང་བས་ཐ་སྙད་ཞིག་ཏུ་བཀོལ་སྤྱོད་བྱེད་དགོས་བ་ལས་མནར་གཅོད་དང་སྡུག་བསྔལ་གྱི་ཁྲག་དྲི་ཁ་བའི་སྐྱོ་གདུང་དང་མུན་ནག་གི་འཚོ་བ་ཞིག་ཏུ་བསྒྱུར་མི་རུང་། འོ་ན། ང་མཁས་མཁས་ཚང་མས་ཐབས་ཞིག་འཐེན། བློ་རྒོད་རྒོད་ཚང་མས་གྲོས་ཞིག་བྱས་ཏེ་བོད་ཁ་བ་ཅན་གྱི་ལོ་རྒྱུས་འདི་རང་ཉིད་ཀྱི་འདོད་བློ་བསྐོང་ཐུབ་པའི་གཟི་བརྗིད་དང་འོད་སྣང་ལྡན་པ་ཞིག་ཏུ་བསྒྱུར་ཐབས་འདྲ་ཨེ་ཡོད་ལ་ལྟོས།

སྤྱིར་ལོ་རྒྱུས་ནི་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་གལ་ཆེན་ཡིན་མོད། གལ་ཆེན་དུ་འཛིན་མིན་དེ་ལའང་རིགས་འདྲ་མིན་ཡོད་སྟེ། དཔེར་ན། ཤེས་བ་ལ་རབ་འབྲིང་། ཞེན་ཁོག་ལ་ཆེ་ཆུང་། རྣམ་དཔྱོད་ཀྱི་བློ་གྲོས་རྒྱས་མིན། ཤེས་འཇོན་ལག་ལེན་དུ་བསྟར་མིན་སོགས་མང་དུ་ཡོད་པ་ང་ཚོས་དོན་དངོས་ཀྱི་འཚོ་བའི་བརྒྱུད་རིམ་ཁྲོད་ནས་ར་སྤྲོད་བྱེད་ཐུབ་པ་བཞིན་རེད།  དེ་ཡང་། བསམ་པ་ཐམས་ཅད་འགྲུབ་ཐུབ་པའི་ངེས་བ་མེད་ཀྱང་། དྲན་པ་ཐམས་ཅད་ལག་ལེན་དུ་བསྟར་དགོས་མིན་དེ་སྤྱི་ཚོགས་ཀྱི་དགོས་མཁོ་ལ་གཞིགས་ནས་འགྲོ་དགོས་བ་ཞིག་རེད། ཡང་གཅིག་བཤད་ན། འབྲི་མཁན་ཐམས་ཅད་མཁས་བ་ཡིན་པ་དང་བྲིས་བ་ཐམས་ཅད་བདེན་པ་ཡིན་པའི་ངེས་བ་ཡང་མེད། དེ་ནི་གང་ཟག་སོ་སོའི་སེམས་ཀྱི་འཛིན་སྟངས་ལས་བྱུང་བའི་འཆར་སྣང་འདྲ་མིན་གྱི་ཚོར་སྣང་ཙམ་ཡིན་པས། དེའི་རིགས་ཀྱི་རྗེས་སུ་ཧོལ་རྒྱུགས་བྱེད་མི་རུང་། དེའི་རིགས་ནི་རང་ལ་ཐབས་ཤེས་སྟོན་རྒྱུ་མེད་པའི་ཚོད་ཀྱིས་མི་འདུག་པར། སྐྱེས་ཆེན་དམ་པ་ཚོའི་བློ་གཟུ་བོར་གནས་པའི་ཐབས་ཤེས་ཕྱོགས་ལ་ཁ་འདྲི་གཏོང་བ་དང་ཕུང་དཀྲུགས་བྱེད་རྒྱུར་གོམས་པ་ཤ་སྟག་རེད།  

ཡང་རིགས་གཅིག་ནི་རང་འདོད་ཅན་དང་རང་སྣང་ཅན་གྱི་མི་ཡིན་པས་སྤྱི་ཚོགས་ཟིང་ཟིང་བཟོས་རྗེས་འགན་མི་འཁུར་བར་མཐའ་མར་སྤུན་ཟླ་གཞན་དག་གི་ཚེ་སྲོག་གི་རིན་ཐང་བརླག་པར་ཡང་ཡ་ང་མེད། སྤུན་ཟླ་ཚོ། བཤད་མཁན་ཐམས་ཅད་མཁས་པ་ཡིན་པའི་ངེས་བ་མེད་ལ་ཉན་མཁན་ཐམས་ཅད་བླུན་པོ་ཡིན་པའི་ངེས་བ་དེ་བས་ཀྱང་མེད། དུས་རབས་ཀྱི་འགྲོས་དང་བསྟུན་པའི་སྒོ་ནས་སྤྱི་ཚོགས་ཀྱི་གནས་བབས་ལ་གཞིགས་པའི་ཁ་ཕྱོགས་སུ་བསྐྱོད་པ་ནི་ལོ་རྒྱུས་ལ་བཞི་ཤེད་བྲིས་བ་མིན་ལ་རང་ཚུགས་མ་ཟིན་པར་གཞན་འོག་ཏུ་མགོ་སྒུར་བ་ནི་དེ་བས་ཀྱང་མིན། དེ་ནི་འགྲོ་བ་མིའི་བདེ་སྐྱིད་ཀྱི་ཆེད་དུ་དམིགས་ནས་རང་གཞན་གཉིས་ཕན་གྱི་ལམ་ཁར་བསྐྱོད་པའི་བྱང་ཆུབ་ཀྱི་ཐབས་མཆོག་ཞིག་རེད་ལ། ད་ལྟའི་དུས་སྐབས་དང་འཚམ་པའི་ཐོག་ནས་འུ་ཅག་གི་རེ་འདོད་འགྲུབ་སྲིད་པའི་ལམ་ཁ་ཉག་གཅིག་པུ་དེ་རེད། འདས་དོན་གྱི་ལོ་རྒྱུས་ཁོ་ནའི་ཕྱིར་དྲན་ཁྲོད་ནས་སྙིང་ལ་ན་ཟུག་འདུག་ཞེས་ཟེར་ཞོར་ང་ཚོ་འཆི་འདོད་དམ། མི་ཉུང་མཚོན་མེད་ཀྱི་འཐབ་འཛིང་ཁྲོད་ནས་རང་ཅག་གི་མི་རིགས་འདི་རྩ་མེད་བཟོས་ནས་དུས་རབས་ཉེར་གཅིག་པའི་ལོ་རྒྱུས་ལ་ཁྲག་དང་མཆི་མ་ཁོ་ནའི་སྐྱོ་གར་བསྐྱིལ་ན། རེ་ཞིག་བོད་ཀྱི་ལོ་རྒྱུས་འབྲི་མཁན་ཞིག་ཀྱང་མེད་པའི་གནས་སུ་གྱར་མི་སྲིད་པའི་ངེས་བ་མེད་པས་བསམ་བློ་ཞིབ་མོར་གཏོང་རྒྱུ་དེ་ཧ་ཅང་གལ་ཆེ། མདོར་དོན་ནི། མཁས་བ་ཡིན་ན་གཞན་ལ་ངན་ཁག་ཉུང་ཙམ་དཀྲི་རྒྱུ་དང་རང་གིས་ལག་རྗེས་མང་ཙམ་འཇོག་རྒྱུ་དེ་གལ་ཆེ་བར་སྙམ།།

བསམ་ཚུལ།

Post navigation

Previous Post: སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་སྐད་རིགས་འདྲ་མེད་ཐོག་ཚད་ལྡན་གྱི་ན་གཞོན་ལོ་ཙྭ་བ་སྐྱེད་སྲིད་བྱེད་ཐབས།
Next Post: བོད་ཀྱི་ཡིག་ཟམ་འདོན་ཐེངས་བཅུ་གསུམ་པའི་རྩོམ་སྒྲིག་པའི་གཏམ།

Comments (3) on “ལོ་རྒྱུས་ཀྱི་འགྱུར་ལྡོག་གི་གླེང་གཞི་ལ་གཞིགས་པའི་དྲན་ཚུལ།”

  1. བསམ་ཤེས། says:
    2019-03-07 at 5:28 pm

    བོད་པའི་གཏམ་དཔེར། མགོ་ལས་རྨ་ཆེ་བ་ཟེར་བ་བཞིན། དྲང་སྲོང་གཅེར་བུའི་མཆན་སྨྱོ་ལབ་ཅན་དེ་མ་ཡིག་ལས་རིང་བ་དང་མགོ་རྙོག་པ་འདུག གཉིས་ཀ་ཀློག་མི་འདོད།

  2. བསམ་ཤེས། says:
    2019-03-07 at 5:42 pm

    མཆན་༡དེ་བསུབ་དགོས་འདུག བརྗོད་གཞི་དང་འབྲེལ་བ་མེད་པའི་ཐོག་གང་ཟག་སྒེར་ལ་བཏུགས་སོ།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-03-07 at 6:02 pm

    བཤད་མཁན་ཐམས་ཅད་མཁས་པ་ཡིན་པའི་ངེས་པ་མེད་ལ་ཉན་
    མཁན་ཐམས་ཅད་བླུན་པོ་ཡིན་པའི་ངེས་པ་དེ་བས་ཀྱང་མེད་ཟེར་བ་
    ནས་རྩོམ་རྩལ་འདུག་ལ་དོན་དག་འདུག་ལ་གོ་རྒྱུ་ཡང་འདུག་ཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme