Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོ་ན་རྒན་པའི་གམ་དུ་བཅར་བ།

Posted on 2015-09-082015-09-08 By ཁ་བརྡ 9 Comments on ལོ་ན་རྒན་པའི་གམ་དུ་བཅར་བ།

unnamed—-དགེ་མང་ཟླ་བ།

 

ངའི་མིང་ལ་བསྟན་འཛིན་དབང་རྒྱལ་ཟེར།
ད་སྐབས་ལོ་79རེད།
ཕ་ཡུལ་བོད་འཕེན་པོ་ནས་ཡིན། ང་རང་ལོ་དྲུག་གི་སྟེང་ནས་གྲྭ་བ་བྱས། ལོ་བདུན་གྱི་སྟེང་ནས་ངའི་དགེ་རྒན་དམ་པ་གང་ཉིད་གྲོངས་སོང་། ང་སྡོད་སའི་གྲྭ་ཤག་དང་རྒྱུ་ནོར་ཚང་མ་བོད་རྙིང་པའི་མངའ་བདག་གིས་བཙན་བདག་བྱས་ནས་ང་རང་འགྲོ་ས་འདུག་ས་མེད་པར་བཟོས། དེ་དུས་རྒྱ་མིས་བོད་དུ་ཅུང་མ་སླེབ་གོང་རེད།   ང་རང་ལོ་ན་ཆུང་ཡང་དགེ་རྒན་དམ་པ་གྲོངས་སོང་བའི་སེམས་སྡུག་བྱེད་པ་ལས་ཁང་ཁྱིམ་དང་རྒྱུ་ནོར་ཆ་ཚང་སྐུ་དྲག་གིས་འཕྲོག་སོང་པ་དེ་ལ་དམིགས་བསལ་སེམས་སྡུག་གང་ཡང་སླེབས་མ་སོང་།   ང་རང་མུ་མཐུད་དུ་དགོན་པའི་ནང་དུ་སྡད་ནས་ནང་ཆོས་སློབ་སྦྱོང་བྱེད་དགོས་པར་རྟེན། ངའི་སྤུན་ཉེ་དགེ་བཤེས་ཤིག་གིས་ང་རང་བདག་པོ་བྱས་ཏེ་ཁྲིད་སོང་།

ངའི་ཕ་མ་རྣམས་ཞིང་བྲན་ལམ་ལུགས་འོག་འཚོ་སྡོད་བྱས་ཡོད་པས་ཁོང་ཚོའི་ང་བདག་སྐྱོང་གནང་རྒྱུ་ལས་སླ་པོ་ཞིག་ག་ལ་ཡིན། དེར་བརྟེན། ཁོང་ཚོས་ང་དགོན་པའི་ནང་དུ་སྐྱེལ་བ་ནི་ང་ཁོང་ཚོ་མཉམ་དུ་དཀའ་སྡུག་མྱོང་བཅུག་འདོད་མེད་པས་ལོས་ཡིན།
ལོ་ཉེ་ཤུ་ལ་མ་སླེབ་ཙམ་ལ་རྒྱ་མིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་སོང་། འགྱུར་བ་དེ་ནི་མིའི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད་ལ་བོད་ས་གང་དུའང་ས་ཡོམ་བརྒྱབ་པ་ལྟ་བུའི་དགོན་སྡེ་གཏོར་བཤིག་དང་མི་ག་ཚོད་ཙམ་གྱིས་ཚེ་སྲོག་ཤོར་ཡོད་པ་ནི་གནམ་དང་ས་གཞི་འདི་གཉིས་ཁོ་ནས་ཤེས་ཡོད་སྲིད། ལོ་ཉི་ཤུ་རྩ་གཅིག་ཐོག་ཧི་མ་ལ་ཡའི་འཁྱགས་རོམ་བརྒལ་ནས་རྒྱ་གར་ནང་དུ་སྐྱབས་བཅོལ་དུ་ཡོང་། རྗེས་སུ་ངའི་ཨ་མ་རིག་གནས་གསར་རྗེའི་སྐབས་སུ་ལྟོགས་ཤི་ཐེབས་སོང་ཟེར་བ་ཞིག་གོ་སོང་། བདེན་པ་རེད་འདུག

རྒྱ་གར་ནང་གི་སྐད་དང་འཚོ་གནས་སོགས་ང་རང་རང་དང་རྦད་དེ་ཐ་དད་ཡིན་པས་གཡག་ཞིག་གླང་པོ་ཆེ་མང་པོའི་ནང་དུ་སླེབས་པ་དང་འདྲ་བོ་རེད།   ཚ་བ་ཧ་ཅང་ཆེ་བའི་མི་ཡུལ་ལུང་པ་འདིར་འབྱོར་མ་ཐག་ངས་ཉིན་རེ་བཞིན་བོད་ཡུལ་གྱི་ཁ་བ་དང་གངས་རི་སོགས་དྲན་བཞིན་མི་ཚེ་ཐབས་ཆཊ་ཤིག་འཁྱོངས་ཐབས་བྱས་ནས་བསྡད།   རྒྱ་གར་ནང་འབྱོར་ནས་ལོ་གཉིས་གསུམ་གྱི་རྗེས་སུ་མུ་མཐུད་དུ་ལྟོ་གོས་ལ་དཀའ་ངལ་གང་མང་འཕྲད་བཞིན་ཡོད་པས་ལོ་གསུམ་ཙམ་ལ་ང་རང་རྡ་རམ་སཱ་ལ་སོགས་ཧི་མ་ཅལ་མངའ་སྡེའི་ལམ་ལས་སྡེ་ཚན་ནང་དུ་ལས་དཀའ་བྱས་ནས་སྡོད་དགོས་བྱུང་།

དེའི་རྗེས་སུ་ཡང་བསྐྱར་རྒྱ་གར་བྱང་ཕྱོགས་ཀྱི་ས་མཚམས་སུ་མཐའ་སྲུང་དམག་སྒར་ནང་དུ་ལོ་མང་རིང་བསྡད་ནས་དྲག་པོས་དམག་སྤུང་གི་སྦྱོང་བརྡར་བྱས་ནས་སྡོད་མྱོང་ཡོད། འོན་ཀྱང་། འདི་ནི་ལྟོ་གོས་ཀྱི་ཆེད་དུ་དྲག་པོའི་དམག་མིའི་སྦྱོང་བརྡར་བྱས་པ་ཙམ་ལས་མི་གཞན་དག་ལ་དམག་བརྒྱབ་རྩ་མེད་བཟོ་བ་སོགས་ཀྱི་ཀུན་སློང་གང་ཡང་ཁུར་མེད།   བདུན་བཅུ་དོན་གྲངས་ནང་དམག་སྒར་ནས་རྩ་དགོངས་ཞུས་པ་ཡིན།   ལོ་ངོ་མང་པོར་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན་དམག་སྒར་ནས་ཕྱིར་བཏོན་དུས་ཧིན་སྒོར་འབུམ་གཅིག་ལྷག་གཅིག་གསོགས་ཐུབ་འདུག དངུལ་དེ་ཚོ་བེད་སྤྱོད་བྱས་ནས་ཚོང་བརྒྱབ་དགོས་པའི་བསམ་བློ་འཁོར་མ་སོང་ལ་དགའ་རོགས་བཙལ་ནས་བུ་མོ་མཉམ་དུ་སྐྱིད་པོ་གཏོང་དགོས་པའི་བསམ་བློ་ཡང་གང་ཡང་འཁོར་མ་སོང་། དངུལ་དེ་ཚོ་ལམ་སེང་པཱན་ཇབ་དངུལ་ཁང་ནང་ལ་བཅོལ་འཇོག་བྱས་ནས་རྡ་རཱམ་ས་ལ་ནས་ཁུ་སིམ་པའི་འཚོ་བ་ཞིག་གི་མགོ་བཙུགས་ཏེ་ཡང་བསྐྱར་གྲྭ་ཆས་གྱོན་ནས་ནང་ཆོས་ཉམས་ལེན་བྱས་ནས་འདུག་འདོད་ཧ་ཅང་ཡོད།

ལོ་དྲུག་ནས་ད་བར་ངའི་མི་ཚེའི་ནང་གི་གཞི་རྩའི་དམིགས་ཡུལ་ནི་སེམས་ཅན་གཞན་ལ་འཚེ་བ་མི་བྱེད་པ་དང་ནང་ཆོས་ཉམས་ལེན་བྱེད་རྒྱུ་འདི་ཡིན།   མི་ཚེའི་ལམ་བུ་འདིའི་ནང་མིའི་བློ་ཡུལ་དུ་མི་ཤོང་བའི་དཀའ་སྡུག་མང་པོ་མྱོང་ཡང་། ཉི་མ་གཅིག་ལའང་རང་ཤི་བརྒྱབ་དགོས་བསམ་པ་དང་མི་གཞན་ལ་འཇིགས་སྐུལ་དང་རྐུ་འཕྲོག་སོགས་མ་རུང་བའི་ལས་ཞིག་བྱེད་དགོས་བསམ་མྱོང་མེད།   རང་གི་སྡུག་པོ་རང་གིས་མྱོང་དགོས་བྱུང་ཡང་མི་གཞན་དག་རྣམས་སྐྱིད་པོ་ཞིག་ཡོང་བར་ཤོག་བསམ་སྟེ་འཛུམ་མདངས་བསྟན་ནས་འགྲོ་བཞིན་ཡོད།    བཀྲ་ཤིས་བདེ་ལེགས།

ངོ་སྤྲོད།

Post navigation

Previous Post: སྲིད་སྐྱོང་འོས་བསྡུ་ཐོག་མ་དང་སྲིད་སྐྱོང་འཚོལ་སྟངས།
Next Post: བླ་རུང་སྒར་གྱི་འུག་རྒན་འགའ་ལ་ལན་ལྡོན་པ།

Comments (9) on “ལོ་ན་རྒན་པའི་གམ་དུ་བཅར་བ།”

  1. རིན་ཆེན says:
    2015-09-08 at 9:23 am

    མཇུག་མུ་མཐུད་ནས་བྲིས་ཡོད་ཚེ་ཡག་པོ་འདུག

  2. BONPO says:
    2015-09-08 at 10:07 am

    ཧ་ཅང་ཡག་པོ་བྲིས་གནང་འདུག འུ་ཅག་གི་རྒན་རབས་པ་མི་ངོ་རེ་རེའི་མི་ཚེའི་ཉམས་མྱོང་གང་བསགས་པ་རྣམས། འདི་དང་འདི་ལྟར་ཡིག་ཐོག་ལ་འབྲི་ཐུབ་ན། མ་འོངས་པའི་སོན་རྩ་བོད་རིགས་གཞོན་སྐྱེས་རྣམས་ཀྱི་སེམས་ཤུགས་གོང་ནས་གོང་དུ་འཕེལ་བའི་རྒྱུ་རུ་འགྱུར་ངེས་སོ། ། བཀྲ་ཤིས་བདེ་ལེགས། །

  3. བེ་རེ་གདོང་ནག says:
    2015-09-08 at 11:45 am

    བོད་རྙིང་པའི་མངའ་བདག ངའི་ཕ་མ་ཞིང་བྲན་ལམ་ལུགས་འོག ཧ་ཧ། ཚིག་བརྗོད་དེ་ཚོ་སྙན་པ་ལ། ཕལ་ཆེར་གཞིས་བྱེས་གཉིས་སུ་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་དྲིན་འོག་ཏུ་འཚོ་མཁན་ཞིག་མིན་པར་གུང་བྲན་ཏང་གི་དབུ་ཁྲིད་པའི་བོད་གསར་བའི་འོག་ཏུ་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་གྲོལ་ཐོབ་པའི་འབྱོར་མེད་གྲལ་རིམ་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་བློ་མཐུན་ཞིག་ཡིན་པ་འདྲ།

  4. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-09-08 at 12:25 pm

    མདོར་བསྡུར་ན་ཆོས་པ་རྣམ་དག་ཅིག་རེད་འདུག་གོ།

  5. རྟ་བདུན་དབང་བོ says:
    2015-09-08 at 1:13 pm

    སེམས་འགུལ་ཐབས་ཐུབ་པའི་རྩོམ་ཐུང་ཞིག་སྤེལ་འདུག ཡག་པོ་བྲིས་འདུག མུ་མཐུད་ནས་འདི་ལས་རྒྱས་པ་ཞིག་འབྲི་རོགས། སྒོམ་ཉམས་ལེན་ཡག་པོ་གནང་རོགས། མི་ལུས་ཤིག་བླངས་པའི་སྙིང་པོ་རེད། །

  6. རྟ་བདུན་དབང་བོ says:
    2015-09-08 at 1:20 pm

    ཆོས་པ་རྣམ་དག་ཞིག་ཡིན་ན་ཆབ་སྲིད་ཀྱི་ཟློས་གར་ལས་ངེས་པར་དུ་གཡོལ་དགོས། ཆོས་པ་ཞིག་ལ་ཆ་བཞག་ན་ཆབ་སྲིད་ལས་ལྷག་པའི་དགྲ་ཞིག་སྲིད་ན་མེད། ཆབ་སྲིད་འདི་དུག་གི་རྫིང་བུ་ལྟ་བུ་རེད། མི་ཡག་པོ་ཚད་ལྡན་ཞིག་ཡིན་ཀྱང་དུག་གི་རྫིང་བ་འདིའི་ནང་དུ་བསྐྱལ་ཚེ་དུག་གིས་མི་གོས་མི་སྲིད། །

  7. འབྲོང་བུ་སོག་ཚ། says:
    2015-09-08 at 2:22 pm

    བླ་རྒན་ཁོང་གིས་བོད་གཞུང་དགའ་ལྡན་ཕོ་བྲང་དང་། རྒྱ་ནག་དམར་པོའི་གཞུང་གཉིས་གཅིག་མཚུངས་ཤིག་ཏུ་ངོས་འཛིན་གནང་འདུག

  8. ཞོལ་གཡག་འབྲོང་རྒྱུད། says:
    2015-09-08 at 2:42 pm

    བེ་རེ་གདོང་ནག། ཁྱོད་དེ་འདྲའི་རང་གནོང་ཞིག་འཁྱེར་དགོས་དོན་ཅི་རེད། བོད་རྙིང་པ་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་མ་ཡིན་པའི་རྒྱུ་མཚན་ཞིག་བཤོད་དང་། དེས་ན་དགའ་ལྡན་ཕོ་བྲང་གི་བཀའ་དྲིན་གཞིས་བྱེས་གཉིས་ལ་ཇི་ལྟར་ཁྱབ་པའི་ཁྱབས་སྟངས་ཤིག་བཤོད་དང་། ༧རྒྱལ་བ་རིན་པོ་ཆེ་བོད་མི་རིགས་ཀྱི་ལོ་རྒྱུས་རང་བཞིན་གྱི་དབུ་འཁྲིད་ཞིག་དང་། མི་དམངས་ཀྱིས་དད་མོས་རང་བཞིན་གྱི་ནང་བསྟན་ཆོས་ལུགས་ཀྱི་བླ་ཆེན་ཞིག་ཡིན་པའི་ཆ་ནས་དད་གུས་བླ་མེད་ཞུ་བཞིན་པ་ནི་བདེན་པ་རེད། འོན་ཀྱང་གཞིས་ལུས་མི་དམངས་ཀྱི་དཀའ་སྡུག་སྣ་མང་རང་བཞིན་ཅན་གྱི་སྲོག་ཐོག་བཙོན་འཇུག། རྡུང་རྡེག་ཚ་ནན། མི་ཆོས་ལས་འདས་པའི་མནར་གཅོད་ནམ་ཡང་སྐྱབས་ཐུབ་མེད་ལ་ད་དུང་བཀྲིན་ཚད་ལྡན་ཞིག་བསྐྱངས་ཐུབ་མེད། དེས་ན་གུང་ཁྲན་ཏང་གིས་བོད་གསར་འཛུགས་སྐྲུན་དང་ཞིང་བྲན་ཡན་ལག་ཁྲི་ཚོ་བརྒྱ་ལ་བཅིངས་གྲོལ་བཏང་རབས་ཀྱིས་འུར་སྒྲོགས་དང་། བཙན་བྱོལ་བའི་དད་པ་ལོག་སྤྱོད་ཀྱི་སྲིད་དོན་ཚོང་པའི་ཤོག་ཁག་གིས་གཞིས་བྱེས་གཉིས་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་བསྐྱང་རབས་ཀྱིས་འུར་སྒྲོགས་གཉིས་སྒོ་ཀུན་ནས་མཚུངས་འདུག།

  9. ཅོ་རི་ཉི་མ། says:
    2015-09-08 at 3:39 pm

    ཨེ་་་བེ་རེ་གདོང་ནག་རྒྱལ་བཙོང་བ། དེང་རབས་༢༡པའི་ནང་དུ་ཡང་བྲན་གཡོག་ལ་གཉའ་གནོན་སྤྲད་ཀྱི་མཚམས་འཇོག་གི་མིན་པེ། ཕ་མས་ཚེ་སྟོད་དགའ་ལྡན་ཕོ་བྲང་གི་བྲན་གཡོག་བྱས། ཚེ་སྨད་གུན་ཁྲན་ཏང་གི་བྲན་གཡོག་བྱས་ནས་མུ་གེ་ཤི ཁོང་གྷནིས་ཀྱི་བུ་བླ་རྒན་ཞིག་ལྷག་ཡོད་པ་དེ་ལ་ཡང་གཉའ་གནོན་སྤྲད་རྩིས་བྱེད་མ་འོང་ཨ།
    ཁྱོད་རང་གི་ལག་པ་གཟར་རོ་དེའི་ནང་དུ་ཡོད་པའི་སྨྱུག་གུ་དེ་ཡང་བྲན་གཡོག་སྨྱུག་གུ་ཡིན་པར་ཤེས་པར་བྱོས་་་་ཨ བྲན་གཡོག་སྨྱུག་གུ་དེས་སྒེར་གཅོད་པའི་རྐུབ་གཡོག་རྒྱུགས་ནས་ཉམ་ཆུང་ལ་བརྙས་བཅོས་བྱེད་ཀྱི་ཡོད་པ་འདི་འཛམ་གླིང་སྨྱུག་འཛིན་པའི་ཁྲོད་ཀྱི་གད་རྙིགས་ཡིན་པར་ཤེས་པ་བྱོས་་་ཨ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme