Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོ་ན་དྲུག་ནས་བཙོན་འཇུག་བྱས་པའི་སྐྱེ་བོ་དེའི་ངོ་རིས་འདི་ཡིན་ནམ།

Posted on 2019-05-252019-05-25 By ཁ་བརྡ 1 Comment on ལོ་ན་དྲུག་ནས་བཙོན་འཇུག་བྱས་པའི་སྐྱེ་བོ་དེའི་ངོ་རིས་འདི་ཡིན་ནམ།

བློ་བཟང་སྟོབས་རྒྱལ་གྱིས་བསྒྱུར།

སྤྱི་ལོ་ ༡༩༩༥ ལོར་རང་ལོ་དྲུག་ལ་སོན་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མི་སྣ་གལ་ཆེ་ཤོས་གཉིས་པ་དེ་རྒྱ་ནག་སྲིད་གཞུང་གིས་འཛིན་བཟུང་བྱས་པར་བརྟེན། ཁོ་ནི་འཛམ་གླིང་སྟེང་གི་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་དེར་ངོས་འཛིན་བྱས་ཡོད། ད་ལྟ་ལོ་ངོ་ ༢༤ རྗེས་ཁོང་ད་དུང་གར་སོང་ཆ་མེད་ཡིན་པ་དང་། གནད་དོན་འདིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མ་འོངས་པའི་གནས་སྟངས་ལ་དོགས་འདྲི་བྱེད་དུ་བཅུག་ཡོད།

ཁོང་ཅི་ཕྱིར་བཙོན་འཇུག་བྱས་པ་རེད་དམ།

བོད་ཀྱི་ནང་པ་རྣམས་ཀྱིས་ཡང་སྲིད་ལ་ཡིད་ཆེས་བྱེད་ཀྱི་ཡོད། ༡༩༨༩ ལོར་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མི་སྣ་གལ་ཆེ་ཤོས་གཉིས་པ་པཎ་ཆེན་བླ་མ་དེ་ཉིད་ཡ་མཚན་ནམ་ཆེ་བའི་གནས་སྟངས་འོག་འདས་གྲོངས་སུ་ཕྱིན་པ་རེད། (ཁ་ཤས་ཀྱིས་རྒྱ་ནག་གཞུང་གིས་དུག་སྤྲད་ནས་དཀྲོངས་པར་འདོད་ཀྱི་ཡོད) གང་ལྟར་སྔ་ཕྱི་མ་གཏོགས་ཁོང་གྲོངས་རྗེས་ཡང་བསྐྱར་སྲིད་པ་གཟུང་རྒྱུ་རེད།

སྤྱི་ལོ་ ༡༩༩༥ ཟླ་ ༥ པའི་ཚེས་ ༡༤ ཉིན་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་ཏཱ་ལའི་བླ་མས། བོད་ནག་ཆུ་གྲོང་སྡེ་ནས་ཡིན་པའི་ཡབ་སྨན་པ་དང་ཡུམ་སྨན་ཞབས་གཉིས་ཀྱི་བུ་རང་ལོ་དྲུག་ལ་སོན་པའི་དགེ་འདུན་ཆོས་ཀྱི་ཉི་མ་དེ་ཉིད་པཎ་ཆེན་བླ་མའི་ཡང་སྲིད་དུ་ངོས་འཛིན་ཐུབ་ཡོད་སྐོར་གྱི་གསལ་བསྒྲགས་བྱས་པ་རེད།

རྒྱ་ནག་གཞུང་གིས་སྔར་ནས་སྤྱི་ལོ་ ༡༩༥༩ ལོར་བོད་ཡུལ་བསྐྱུར་ཏེ་རྒྱ་གར་གྱི་བྱང་ཕྱོགས་སུ་བོད་ཀྱི་གཞུང་བསྐྱར་འཛུགས་བྱེད་མཁན་ཏཱ་ལའི་བླ་མའི་ཐེ་བྱུས་མེད་པའི་ཐོག་ནས་པཎ་ཆེན་བླ་མའི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་རེ་བ་འཆང་གི་ཡོད་པ་སྟབས། ཁོ་ཚོས་དགེ་འདུན་ཆོས་ཀྱི་ཉི་མ་དང་ཁོའི་ནང་མི་རྣམས་གར་སོང་ཆ་མེད་དུ་བཏང་སྟེ། རང་ལ་བློ་འཁེལ་ཡིད་ཆེས་བྱེད་མཁན་གྱི་ནང་པའི་མགོ་འཁྲིད་འགའ་ཤས་ཀྱིས་གཞུང་གིས་ཅི་བཤད་ཉན་མཁན་གྱི་ཕྲུ་གུ་ཞིག་པཎ་ཆེན་བླ་མའི་ཡང་སྲིད་དུ་ངོས་འཛིན་ཡོང་རྒྱུའི་གྲ་སྒྲིག་བྱས་པ་རེད།

དེའི་རྗེས་ཅི་བྱུང་བ་རེད་དམ།

སྤྱི་ལོ་ ༡༩༩༥ ཟླ་ ༥ པའི་ཚེས་ ༡༧ ཉིན་ཁོང་བཙན་བཟུང་བྱས་པ་ནས་བཟུང་ད་བར་མི་དམངས་ཀྱིས་རིག་རྒྱུ་མེད་པར་བྱས། སྐབས་ཤིག་རྒྱ་ནག་གི་མགོ་ཁྲིད་ཅིག་གིས་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་ལ། པཎ་ཆེན་རིན་པོ་ཆེ་རྒྱ་ནག་གི་བྱང་ཁུལ་ཀན་སུ་ཞིང་ཆེན་ནང་གནས་སྡོད་བྱེད་ཀྱི་ཡོད་སྐོར་བཤད་ཡོད་པ་དང་། ཡང་བཤད་ཚུལ་གཞན་ཞིག་ནི་ཁོང་པེ་ཅིང་ངམ་དེའི་ཉེ་འགྲམ་དུ་བཀག་ཉར་བྱས་ཡོད་པ་རེད།

སྤྱི་ལོ་ ༢༠༠༠ ཟླ་ ༩ པའི་ནང་། དབྱིན་ཡུལ་གྱི་ཕྲི་འབྲེལ་དྲུང་ཆེ་རོ་བྷིན་ཀུག་(Robin Cook) གིས་དབྱིན་ཡུལ་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་ལ། ང་ཚོས་རྟག་ཏུ་དགེ་འདུན་ཆོས་ཀྱི་ཉི་མའི་སྐོར་ལ་དྲི་བ་འདྲི་སྐབས། རྒྱ་ནག་གཞུང་གིས་ཁོང་གི་འཕྲོད་བསྟེན་ལེགས་པོ་ཡོད་ཅིང་། བདག་སྐྱོང་བཟང་པོ་བྱེད་ཀྱི་ཡོད་སྐོར་གྱི་འགན་ལེན་བྱེད་ཀྱི་ཡོད་པ་མ་ཟད། ཁོང་གི་ཕ་མ་གཉིས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེའི་ཐད་ཐེ་བྱུས་མ་བྱེད་ན་འདོད་ཀྱི་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད། ཅེས་དང་། བདུན་ཕྲག་སྔོན་མའི་ཚོགས་འདུ་མཐའ་མའི་ཐོག་ཁོ་ཚོས་དགེ་འདུན་ཆོས་ཀྱི་ཉི་མ་ཡིན་ཚུལ་གྱི་པར་གཉིས་བསྟན་ནས་ཁོང་ནང་ལ་ཡོད་སྐོར་བཤད་ཡོད་ཀྱང་། ང་ཚོའི་དགོས་འདུན་གཙོ་བོ་སྟེ་ང་ཚོ་རང་གིས་པར་རིས་ནང་གི་མི་དེ་ངོས་ར་འཕྲོད་པར་བྱེད་རྒྱུ་དེ་ཡིན། འོན་ཀྱང་ཁོ་ཚོས་ང་ཚོའི་དགོས་འདུན་དེ་བསྒྲུབ་ཐབས་བྱས་མ་སོང་། ཅེས་བརྗོད་ཡོད་པ་རེད།

སྤྱི་ལོ་ ༢༠༠༠ ལོར་རང་ལོ་ ༡༡ ལ་སོན་ཡོད་པའི་བུ་དེའི་པར་ཞིག་གི་ནང་སྒྲོམ་སྟེགས་སྤོ་ལོ་ (Table Tennis) རྩེད་བཞིན་ཡོད་པ་དང་། པར་གཉིས་པ་དེའི་ནང་བུ་དེས་ནག་པང་སྟེང་རྒྱ་ཡིག་འབྲི་བཞིན་ཡོད་པ་དང་། པར་ནང་ཁོའི་མགོའི་རྒྱབ་མ་གཏོགས་མཐོང་རྒྱུ་མེད། པར་དེ་གཉིས་དབྱིན་ཡུལ་གྱི་གཞུང་འབྲེལ་མི་སྣར་སྟོན་པ་ཙམ་ལས་སྤྲད་མེད་པ་རེད།

པར་གསར་ཤོས་འདི་གང་ནས་བྱུང་བ་རེད་དམ།

ཤོག་ངོས་འདིའི་ཐོག་མར་བཀོད་པའི་པར་དེ་ནི་ཚན་རིག་བརྟག་ཐབས་སྒྱུ་རྩལ་པ་ཀྲིམ་ཝི་ཀྲིན་ (Tim Widden) གྱིས་དགེ་འདུན་ཆོས་ཀྱི་ཉི་མའི་པར་རིས་གཅིག་པོ་དེར་གཞི་བཞག་གིས་ལོ་ནའི་འཕེལ་འགྱུར་ལ་བསྟུན་ནས་བཟོ་བསྐྲུན་བྱས་པ་ཞིག་རེད། པར་གཅིག་པོ་དེ་ཡང་སྤྱི་ལོ་ ༡༩༩༤ ནས་ ༡༩༩༥ བར་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གིས་པཎ་ཆེན་བླ་མའི་ཡང་སྲིད་རྩད་འཚོལ་བྱེད་སྐབས་ལག་སོན་བྱུང་བ་ཞིག་ཡིན།

ཝི་ཀྲིན་ལ་པཎ་ཆེན་བླ་མ་དགུང་ལོ་ ༣༠ ཕེབས་པའི་སྐྱེས་སྐར་ཉིན་མོ་དང་བསྟུན་པར་འདི་བཟོ་སྐྲུན་བྱེད་དུ་བཅུག་ཡོད། ཁོས་བརྗོད་ཚུལ་ལྟར་ན། པཎ་ཆེན་བླ་མའི་འཕྲོད་བསྟེན་དང་ལྗིད་ཚད་སོགས་སྤྱིར་བཏང་བའི་མི་ཞིག་གི་ཚུལ་དུ་ཚོད་དཔག་བྱེད་དགོས་ཀྱང་། ཤ་ཤེད་སྐྱོ་བོ་ཡིན་པ་ལས་སླ་མོའི་ཐོག་ནས་ཐག་གཅོད་བྱས་ཐུབ་པ་དང་། ད་དུང་སྐྲ་ཚུགས་ཇི་འདྲ་ཡིན་མིན་ཡང་ཚོད་དཔག་བྱེད་དགོས་ཀྱི་ཡོད་པ་རེད།

དུས་རྒྱུན་ཝི་ཀྲིན་གྱིས་བོར་བརླག་ཤོར་བའི་མི་ཞིག་གི་ལོའི་འཕེལ་གྱུར་ལ་གཞི་འཛིན་པའི་པར་རིས་ཤིག་བསྐྲུན་དགོས་ཚེ། ཁོ་པར་དེའི་ཆེད་དུ་མི་དེའི་ཕ་མ་དང་སྤུན་མཆེད་བཅས་ཀྱི་པར་ལ་གཤིབ་བསྡུར་བྱེད་ཐབས་ཡོད་ཀྱང་། ད་རེས་ཀྱི་གནས་སྟབས་ནང་གཞི་འཇོག་སའི་པར་གཅིག་ལས་མེད།

ད་ལན་གྱི་པར་དེ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཆེད་དུ་བསྐྲུན་པ་ཞིག་རེད། ལོ་བཞིའི་ཡར་སྔོན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཞེས་པའི་ཚོགས་པ་གཞན་ཞིག་གིས་པཎ་ཆེན་བླ་མ་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༠ སོང་བའི་དུས་དྲན་སྐབས་འདི་ལྟ་བུའི་པར་ཞིག་འགྲེམས་སྤེལ་བྱས་པ་རེད། སྐབས་དེར་པཎ་ཆེན་བླ་མ་དགུང་ལོ་ ༢༦ རེད།

གོང་གི་པར་ནང་པཎ་ཆེན་བླ་མས་ནང་པའི་དགེ་འདུན་པའི་ན་བཟའ་མཆོད་ཡོད། ཡིན་ནའང་། ང་ཚོར་ཁོང་གིས་སྡོམ་པ་བླངས་ཡོད་མེད་ཀྱི་དཔང་རྟགས་གང་ཡང་མེད་པས་བཤད་ཚོད་ཐུབ་ཀྱི་མེད། རྒྱ་ནག་གཞུང་གིས་ཁོང་སློབ་གཉེར་གནང་གི་འདུག་བརྗོད་པ་ཙམ་ལས། ཁོང་གིས་སློབ་སྦྱོང་གང་གནང་གི་ཡོད་མེད་གསལ་ཁ་བསྟན་མེད།

པཎ་ཆེན་བླ་མ་གལ་ཆེན་པོ་ཆགས་དགོས་དོན་གང་ཡིན་ནམ།

༧གོང་ས་མཆོག་དང་འདྲ་བར། པཎ་ཆེན་བླ་མའང་སངས་རྒྱས་ཀྱི་རྣམ་སྤྲུལ་ཡིན་པར་ཁས་ལེན་བྱེད་ཀྱི་ཡོད། པཎ་ཆེན་བླ་མ་ནི་སངས་རྒྱས་འོད་དཔག་མེད་ཀྱི་རྣམ་སྤྲུལ་ཡིན་པ་དང་། ཏཱ་ལའི་བླ་མ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

སྲོལ་རྒྱུན་ལྟར་བྱས་ན། གཅིག་གིས་གཅིག་ལ་ཕན་ཚུན་བཤེས་གཉེན་དུ་སྟོན་རེས་བྱེད་ཀྱི་ཡོད་པ་དང་། ཕན་ཚུན་གྱི་ཡང་སྲིད་ངོས་འཛིན་བྱེད་པར་མེད་དུ་མི་རུང་བ་ལྟ་བུ་ཆགས་ཀྱི་ཡོད། པཎ་ཆེན་བླ་མ་ཏཱ་ལའི་བླ་མ་ལས་དགུང་ལོ་ལྔ་བཅུས་གཞོན་པ་ཡིན་སྟབས། སྤྱིར་ཁོང་གིས་དགུང་ལོ་གྱ་གསུམ་ལ་ཕེབས་པའི་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་དགོས་ཀྱི་ཡོད་པ་རེད།
སྤྱི་ལོ་ ༡༩༩༥ ལོར་རྒྱ་ནག་གཞུང་གིས་པཎ་ཆེན་བླ་མའི་ཡང་སྲིད་འདེམས་སྒྲུག་ཐད་སྟངས་འཛིན་ནན་པོ་བྱས་དགོས་དོན་ཡང་། གཅིག་བྱེད་ན་རྒྱ་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། ཏཱ་ལའི་བླ་མས་སྤྱི་ལོ་ ༢༠༡༡ ལོར་ཁོང་ཉིད་ཀྱི་རྒས་ཡོལ་དང་ཡང་སྲིད་སྐོར་གྱི་གསུང་འཕྲིན་ནང་། ཁོ་ཚོས་ང་གྲོངས་རྒྱུར་སྒུག་བསྡད་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༥ པ་དེ་ཁོ་ཚོའི་འདོད་མོས་ལྟར་འདེམས་རྒྱུ་ཡིན་སྐོར་རྗོད་ཀྱི་ཡོད། ཅེས་བཀོད་ཡོད།

པཎ་ཆེན་བླ་མ་མེད་པར་ཏཱ་ལའི་བླ་མ་གཞན་ཞིག་ཡོང་སྲིད་དམ།

དུས་རྒྱུན་པཎ་ཆེན་བླ་མས་ཏཱ་ལའི་བླ་མའི་ཡང་སྲིད་འཚོལ་ཞིབ་ཀྱི་འཁུར་འགན་གཙོ་བོ་དེ་ལེན་གྱི་ཡོད། ཡིན་ན་ཡང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་གིས། ཏཱ་ལའི་བླ་མའི་ཡང་སྲིད་རྩད་འཚོལ་གྱི་བརྒྱུད་རིམ་ནང་པཎ་ཆེན་བླ་མ་མེད་ན་མི་ཆོག་པ་ལྟ་བུ་མིན་སྐོར་བརྗོད་ཡོད། ཡང་ཁོ་པས། གང་ལྟར་ཏཱ་ལའི་བླ་མའི་ཡང་སྲིད་རྩད་འཚོལ་བྱེད་རྒྱུའི་དུས་ལ་བབ་ཚེ། རྒྱ་ནག་གི་མགོ་ཁྲིད་ཚོས་རང་མོས་ཀྱིས་བདམས་པའི་པཎ་ཆེན་བླ་མ་དེ་བཀོལ་སྤྱོད་བྱས་ཏེ་རང་གི་ཆབ་སྲིད་ཁེ་ཕན་བསྒྲུབ་ཐབས་བྱེད་སྲིད་པ་རེད། ཅེས་བརྗོད་སོང་།

ཏཱ་ལའི་བླ་མས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་རེའུ་ཊར་གསར་ཁང་ (Reuters) ལ་ཁོང་གི་ཡང་སྲིད་དེ་རྒྱ་གར་དུ་རྙེད་སྲིད་སྐོར་བརྗོད་པ་རེད། དེ་ནི་འདས་པའི་ལོ་ངོ་ ༦༠ རིང་ཁོང་དང་བོད་མི་གཞན་མང་པོ་ཞིག་གནས་སྡོད་བྱེད་སའི་ཡུལ་རེད། ཡང་ཁོང་གིས། མ་འོངས་པར་གལ་ཏེ་ཁྱེད་ཀྱིས་འདི་ག་རང་དབང་ལུང་པ་དང་། རྒྱ་ནག་གཞུང་གིས་བདམས་པའི་ཏཱ་ལའི་བླ་མ་བཅས་ཏཱ་ལའི་བླ་མ་གཉིས་མཐོང་བའི་དབང་དུ་བཏང་ན། རྒྱ་ནག་གིས་བདམས་པའི་ཏཱ་ལའི་བླ་མ་དེར་སུས་ཀྱང་ཡིད་ཆེས་དང་བརྩི་བཀུར་ཞུ་ཡི་མ་རེད། དེ་འདྲ་སོང་ཙང་དེ་ནི་རྒྱ་ནག་གཞུང་གི་དཀའ་ངལ་འཕར་མ་ཞིག་རེད། ཅེས་བརྗོད་ཡོད་པ་རེད།

ད་དུང་ཁོང་གིས། འདི་ལོར་འཚོག་གཏན་ཁེལ་བའི་ནང་པའི་ཚོགས་ཆེན་ཞིག་གི་སྟེང་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་མུ་མཐུད་གནས་དགོས་ཀྱི་ཡོད་མེད་ཐད་ལ་བགྲོ་གླེང་བྱ་རྒྱུ་ཡིན་སྐོར་བརྗོད་བྱུང་།

པར་གསར་པ་ཞིག་འགྲེམས་སྤེལ་བྱེད་དགོས་པའི་དམིགས་ཡུལ་གང་ཡིན་ནམ།

དུས་རྒྱུན་མི་བོར་བརླག་སོང་བའི་གནད་དོན་ཁྲོད། མི་གཞན་གྱིས་བོར་བརླག་སོང་བའི་མི་དེ་མཐོང་ཚུལ་གྱི་གནས་ཚུལ་ཡང་བྱུང་གི་ཡོད། ཝི་ཀྲིན་གྱིས་སྤྱི་ལོ་ ༢༠༠༧ ལོར་བོར་བརླག་ཏུ་སོང་བའི་གཞོན་ནུ་ཨན་ཌི་རི་ཡོ་གྷོ་སི་ཊན་ (Andrew Gosden) གྱི་ལོའི་འཕོ་འགྱུར་ལ་ལྟོས་ནས་བཟོས་པའི་པར་དེ། འདི་ལོར་དབྱིན་ཇིའི་མིའུ་སི་རོལ་ཚོགས་(Muse Band) ཀྱིས་གོ་ལའི་འཁྲབ་སྟོན་སྐོར་བསྐྱོད་སྐབས་ཡོལ་རས་ཐོག་གཤམས་སྟོན་བྱས་ཏེ། ལྟས་མོ་བའི་ཁྲོད་དུ་ཁོ་པར་མཐོང་མྱོང་མཁན་འདྲ་ཡོད་མེད་ལ་རེ་བ་བྱས་པ་རེད།
པཎ་ཆེན་བླ་མའི་གནད་དོན་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་བརྒྱུད་རྒྱ་ནག་གཞུང་གིས་གནས་ཚུལ་གསར་པ་མཁོ་སྤྲོད་བྱེད་རྒྱུར་གནོན་ཤུགས་སྦྱིན་རྒྱུའི་རེ་བ་འཆང་གི་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་མན་ཌི་མེག་ཁེ་ཡོན་ (Mandie McKeown) གྱིས། ང་ཚོས་ལས་འགུལ་འདི་གསོན་ཤུགས་ཆེ་རུ་གཏོང་དགོས་ཀྱི་ཡོད་པའི་བསམ་ཚུལ་འཆང་གི་ཡོད། ཅེས་དང་། ད་བར་ཁོང་གིས་འཚོ་བ་ཇི་ལྟར་སྐྱེལ་གྱི་ཡོད་མེད་དང་། ཁོང་གིས་སློབ་སྦྱོང་ག་རེ་གནང་གི་ཡོད་མེད་སྐོར་ལ་ཤེས་རྟོགས་གཅིག་ཀྱང་བྱུང་མེད་ལ། ད་དུང་ཁོང་གང་དུ་ཡོད་མེད་ཀྱང་རྩོད་གཞི་རེད། ཅེས་བརྗོད་སོང་།

ཡང་མེག་ཁེ་ཡོན་གྱིས། པཎ་ཆེན་བླ་མ་གང་དུ་ཡོད་མེད་སྐོར་གྱི་གནས་ཚུལ་གསར་པ་ཞིག་མཁོ་སྤྲོད་ཐུབ་ཚེ་ལས་འགུལ་བ་རྣམས་ཀྱིས་གནོན་ཤུགས་བརྒྱུད། རང་དབང་གི་ཐོག་ནས་པཎ་ཆེན་བླ་མ་ར་སྤྲོད་བྱེད་ཐབས་དང་། ཁོང་ཉིད་ལ་ཆ་མཚོན་ནའང་རང་དབང་ངང་ནས་བཙན་བྱོལ། ཡང་ན་བོད་ནང་བཞུགས་ཐུབ་རྒྱུའི་དགོས་འདུན་བཏོན་ཐུབ་ཀྱི་ཡོད་སྐོར་དང་། ང་ཚོས་མུ་མཐུད་ནུས་ཤུགས་ཡོད་ཚད་བསྟན་ནས་ཁོང་གློད་གྲོལ་དགོས་པའི་རེ་སྐུལ་བྱེད་ཀྱི་ཡིན། ཅེས་བརྗོད་སོང་།

མ་རྩོམ་གྱི་དྲ་ཐག https://www.bbc.com/news/stories-48071043

འགྱུར་རྩོམ།

Post navigation

Previous Post: རྡ་ས་ཐེག་ཆེན་གཙུག་ལག་ཁང་ངོ་སྤྲོད།
Next Post: 《སྒེའུ་ཁུང་ཆུང་ཆུང་།》ཐུབ་བསྟན་རིག་བཟང་གིས་བསྒྱུར།

Comments (1) on “ལོ་ན་དྲུག་ནས་བཙོན་འཇུག་བྱས་པའི་སྐྱེ་བོ་དེའི་ངོ་རིས་འདི་ཡིན་ནམ།”

  1. ཇ་མ་ says:
    2019-05-25 at 11:15 pm

    པར་འདི་ལས་རྫིག་པོ་ཞིག་ཡོད་པ་མི་གཅིག་གིས་བརྗོད་བྱུང་། ༢༠༡༦ལོར་དངོས་སུ་མཐོང་མཁན་ཞིག་གིས་བརྗོད་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme