Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོ་གཅིག ཡང་བཞུད་ལ་ཉེ།

Posted on 2009-12-202009-12-20 By ཡེ་ཤེས་ 118 Comments on ལོ་གཅིག ཡང་བཞུད་ལ་ཉེ།

ཀླུ་སྨྱོན།
friedrichmorning
ལོ་གཅིག ཡང་བཞུད་རན་འདུག

ལོ་གཅིག་འདིའི་ཀློང་ནས།

ངས་ཉི་མ་དྲོ་དུས་དང་སྤྲིན་པ་འཐིབས་དུས་གཉིས་ཀར།

རྒུན་ཆང་རེ་འཐུང་ཞོར་སྙན་ངག་རེ་བྲིས་ཤིང་།

ལན་རེར།

ཆུ་འགྲམ་དང་ནགས་ཀློང་དུ་སོང་ནས།

དམར་ཧྲེང་མར་གན་རྐྱལ་དུ་ཉལ་ཏེ།

མིག་གཉིས་ཀྱིས་གཡོ་བ་མེད་པར་སྔོ་བསང་གི་ནམ་མཁའི་དབུས་སུ་ཅེར་ནས་བསྡད་པ་ཡིན།

ལོ་གཅིག་འདིའི་ཀློང་ནས།

ངས་སྤུས་ཀ་དེ་ཙམ་ལེགས་རྒྱུ་མེད་པའི་རྩོམ་ཡིག་རེ་བྲིས་ཤིང་།

བྲིས་པ་དེ་དག་ཀྱང་ངོ་ཚ་མེད་པར་ཀློག་མཁན་ཚོའི་སྤྱན་སྔར་བཤམས་རྗེས།

འགྱོད་པ་ཅི་ཡང་མེད་པར་བབ་ཆགས་ཀྱི་ཏིང་འཛིན་རེ་སྒོམ་བཞིན་བསྡད།

ལོ་གཅིག་འདིའི་ནང་དུ།

ངས་སྙན་ངག་ལྟ་བུའི་སྤྱན་རས་གཟིགས་ཤིག་སྤྱི་བོར་སྒོམ་བཞིན།

རྡུལ་ཕྲན་གཅིག་གི་ཀློང་ན་ཡང་བྱེ་བ་དུང་ཕྱུར་དུ་གནས་པའི།

འགྲོ་དྲུག་སེམས་ཅན་ཐམས་ཅད་སྐྱེ་བ་སྔ་ཕྱིའི་ཕ་མ་ཡིན་པ་ངོ་ཤེས་ཤིང་།

ཕ་མའི་དྲིན་ལན་འཇལ་དགོས་པའི་དངོས་ལུགས་ཀྱང་དྲན་བཞིན་བསྡད།

ལོ་གཅིག་འདིའི་ཀློང་དུ།

ངས་སྔགས་རལ་སྨུག་པོ་ལུས་སྟོད་དུ་དཔྱངས་ནས།

ཆགས་དྲོད་འབར་བའི་མཁའ་སྤྱོད་མའི་བྷ་ག་དང་།

མི་མོ་གཞོན་ནུ་ཞིག་གི་མཁུར་ཚོས་ཡིད་ལ་སྒོམ་བཞིན།

གཉིད་མི་ཡོང་བའི་མཚན་མོ་སུམ་བརྒྱ་དྲུག་ཅུ་ཨུ་ཚུགས་ཀྱིས་བསྐྱལ་བ་ཡིན།

ལོ་གཅིག་འདིའི་ཀློང་དུ།

འགྱོད་པ་སྐྱེ་དགོས་པ་ཞིག་ནི།

རྒྱུ་རྐྱེན་སྣ་ཚོགས་ཤིག་གི་དབང་གིས།

ངས་རྒྱང་རིང་ན་ཡོད་པའི་ཕ་མ་གཉིས་ལ་ཁ་པར་ཐེངས་གཅིག་ཀྱང་མ་བཏང་བ་དེ་དང་།

དགའ་བ་སྒོམ་དགོས་པ་ཞིག་ནི།

འགག་འཕྲང་དོག་མོ་གང་མང་ཞིག་བརྒྱུད་རྗེས།

ངེད་སྤུན་མཆེད་གསུམ་གྱི་མནོ་བསམ་ཕྱོགས་བསྒྲིགས་དེ་པར་དུ་བཏབ་པ་དེའོ།།

གང་ལྟར།

ཡོད་ཚད་རབ་རིབ་ཀྱི་རྨི་ལམ་བཞིན་རྫོགས་པའི།

ལོ་འདི་ཡང་བཞུད་ལ་ཉེ་ཞིང་།

ཡོད་ཚད་ནགས་ཀློང་གི་བྱ་ཁྱུ་བཞིན་འཕུར་དགོས་པའི།

ལོ་རྗེས་མ་དེ་ཡང་བསླེབ་ལ་ཉེ་ཨང་།

གསར་འགྱུར། Tags:ཏཏཏ

Post navigation

Previous Post: ཨི་ཊ་ལིར་ཐེངས་དང་པོར་བསྐྱོད་པ།
Next Post: སྐྱ་རེངས་འཆར་དུས་གཏན་ལ་ཕབ་པ།

Comments (118) on “ལོ་གཅིག ཡང་བཞུད་ལ་ཉེ།”

  1. རི་སྤྱང་ཁེར་འགྲོ says:
    2009-12-20 at 4:25 pm

    ད་སེམས་ཁྲལ་ལངས་ཀི
    ལོ་གསར་བ་ཞིག་སླེབས་ནའང་། ན་ནིང་གི་ལས་གནས་རྙིང་བ་དེར་ན་ནིང་གི་ལས་ཀ་དེ་དང་འདྲ་བ་རྣམས་བསྐྱར་ལས་བྱས་ནས་སྡོད་དགོས་པ་རེད།

  2. བོད། ལྷ་ཀླུ་གཉན་གསུམ། says:
    2009-12-21 at 5:53 am

    ནོར་འཁྲུལ་གྱི་ལམ་ཁ་འདི་ནས་ཕྱིར་མིག་བལྟས་དུས།

    ང་རང་ནི་དེང་སང་རང་དབང་མེད་པར་སྒོར་མོའི་བྲན་གཡོག་དུ་འདུར་ཁུལ་བྱེད་ཀྱི་ཡོད་ཀྱང་། འདུར་ཁུལ་བྱེད་བཞིན་པའི་སྒོར་མོ་འདི་དག་གིས་ང་རང་གི་དམིགས་ཡུལ་གང་ཡང་སྒྲུབ་ཐུབ་ཀྱི་མེད་ལ། ཐ་ན་རང་གི་ཕ་མ་དག་ལ་རོགས་རམ་ཕྲན་པུ་ཞིག་ཀྱང་བྱེད་ཐུབ་ཀྱི་མེད།

    འདི་ནི་ང་རང་གི་ནོར་འཁྲུལ་བྱེད་སའི་ལམ་ཁ་ཞིག་འདེམ་པ་ལས། རང་གི་དམིགས་ཡུལ་འགྲུབ་སའི་ལས་ཀ་ཞིག་མིན་ན་ཡང་། ད་ནི་བྱེད་ཐབས་མེད་པ་ནི། མུ་མཐུད་དུ་སྒོར་མོའི་བྲན་གཡོག་བྱས་དེ་འགྲོ་རྒྱུ་ལས། སྒོར་མོ་ལ་གཡོག་བྱས་པའི་ངོ་གསོ་ཞིག་གཏན་ནས་མེད་པ་མ་ཟད། ཐ་ན་སྒོར་མོ་འདི་དག་ནི་རང་གི་ཁ་རྒྱབ་ཙམ་ལས་བེད་སྤྱོད་བྱེད་ས་ཞིག་མི་འདུག་པར། ཐག་རིང་གི་དམིགས་ཡུལ་དེར་འགྲུབ་པའི་ཆ་རྐྱེན་ཞིག་ལ་གཏན་ནས་ཡོང་ས་མེད་པ་གསལ་བོ་ཤེས་སུ་བཅུགས་སོང་།

    སྒོར་མོ་ཡོད་ན་ཐམས་ཅད་འགྲུབ་འདོད་ཀྱི་བློ་ཡོད་མཁན་གྱི་སྤུན་ཟླ་མི་ཉུང་བ་ཞིག་གིས་ཀྱང་། རང་གི་རིགས་རུས་དང་རང་གི་རིགས་ཀྱི་བདེན་དོན་ལ་འགན་མ་འཁུར་བར། ང་དང་འདྲ་བའི་སྒོར་མོ་ཡོང་སའི་ལམ་ཁ་ཞིག་གི་ཆེད་དུ། རང་གི་རིགས་རྒྱུད་གཙང་མ་ཞིག་སྤེལ་བར་ཡང་བློས་གཏོང་བྱེད་ཀྱི་ཡོད་པ་དང་། རང་གི་རིགས་ཀྱི་མི་རིགས་ལ་བཟའ་ཚང་བྱེད་པ་ལས། ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་ལ་རེ་བ་བྱས་དེ། རང་གི་མདུན་ལམ་ཡོད་ཚད་སྒོར་མོའི་བསླུ་བྲིད་འོག་ལ་སོང་ནས། སྒོར་མོ་འཚོལ་སའི་ལམ་ཁ་ཞིག་འཚོལ་བཞིན་ཡོད་པ་རེད།

    དེ་ལྟར་ལམ་ཁ་དེར་ཞུགས་ནས་རང་གི་ཉེ་མི་དང་སྤུན་མཆེད། གྲོགས་པོ་སོགས་ལ་རོགས་རམ་བྱེད་པའི་ཀུན་སློང་ཡོད་མཁན་ཡང་མི་ཉུང་བ་ཞིག་ཡོད་པའི་སྤུན་ཟླ་ང་དང་འདྲ་བ་དག་གིས་ཕྱི་རྒྱལ་གྱི་སྒོར་མོ་གསོག་སའི་ལམ་ཁ་འདི་འདེམ་བཞིན་ཡོད་པ་རེད། ལམ་ཁ་འདི་ལ་ཞུགས་རྗེས་སུ། རང་ཉིད་གནས་སའི་ཁོར་ཡུག་ནས་སྒོར་མོ་ཕྲན་པུ་རེ་ཐོབ་ཀྱི་ཡོད་ཀྱང་། དེ་ནི་རང་གི་དམིགས་ཡུལ་གྱི་ཕྱོགས་སུ་གཏོང་རྒྱུར་ཕར་ཞོག ནང་གི་ཟ་འཐུང་འགྲོ་བསྡོད་ཀྱི་འགྲོ་སོང་ཟླ་རེ་བཞིན་གཏོང་བཞིན་སོང་དུས། ད་གཟོད། སྒོར་མོ་རེག་སའི་ཁོར་ཡུག་ནས་ཕྱིར་སྒོར་མོ་དེ་དག་ཡང་ཁོར་ཡུག་དེ་ལ་འཐིམ་འགྲོ་རྒྱུ་ལས། གསོག་དངུལ་ཞིག་ཟུར་འཇོག་བྱེད་རྒྱུ་དཀའ་བ་དེ་ནི། ཡོང་ས་ཡོད་ཀྱང་འགྲོ་ས་མང་བའི་དཀའ་ངལ་གྱིས། ད་གཟོད་ང་དང་འདྲ་བའི་སྤུན་ཟླ་མི་ཉུང་བ་ཞིག་གིས་རང་གི་སྔར་བྱས་ཀྱི་དམིགས་ཡུལ་དེ་དག་ནི་ནམ་མཁའི་འཇའ་མཚོན་མཛེས་ཀྱང་གོན་པ་མི་ཉན་པའི་ངེས་ཤེས་ཟབ་མོ་དེ་སྐྱེ་བཞིན་ཡོད།

    འོན་ཀྱང་། ད་དུང་ཐག་རིང་གི་ཕ་མ་དང་སྤུན་མཆེད། དགའ་ཉེ་སྤུན་གྲོགས་དག་གིས་ང་དང་འདྲ་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་གནས་བསྡོད་བྱེད་མཁན་དག་ནི་ཕྱུག་བདག་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། ཁོང་ཚོ་ཡི་ཉིན་རེའི་འཚོ་བའི་ནང་གི་དཀའ་ངལ་ནི་ནམ་ཡང་ཚོད་དཔག་བྱེད་ཐུབ་ཀྱི་མེད་ལ། བྱེད་པའི་ཕྱོགས་སུ་བསམ་བློ་གཏོང་རྒྱུའི་རྒྱུ་ཆ་ཡང་རེག་གི་མེད་པ་རེད། དེ་ལྟར་ཕན་ཚུན་བར་གྱི་དཀའ་ངལ་ནི། མཐར་ཐུག་ན་སྒོར་མོ་འདིས་བཟོ་བཞིན་ཡོད་ལ། ཁྱིམ་ཚང་གི་བདེ་སྐྱིད་དང་། ཕ་མ་སྤུན་མཆེན་བར་གྱི་དཀའ་ཁག་ཡང་སྒོར་མོ་འདི་ཡིས་བཟོ་བཞིན་ཡོད་པ་རེད། སྒོར་མོ་མེད་ན་འཚོ་ཐབས་དཀའ་བར་རློམ་བཞིན་པའི་སྤྱི་ཚོགས་འདིས་ནང་དུ། ང་དང་འདྲ་བའི་སྤུན་ཟླ་མི་ཉུང་བ་ཞིག་གིས་སྒོར་མོའི་བྲན་གཡོག་བྱས་དེ། རང་གི་དམིགས་ཡུལ་དེ་ཕར་ཞོག ཐ་ན་རང་གི་རིགས་རུས་ཀྱང་གཙང་མ་གཉར་ཐུབ་ཀྱི་མེད་པ་དེ་ནི་སྒོར་མོ་ལས་ཀྱང་གལ་ཆེ་བ་དེ་ངོས་ཟིན་མ་ཐོབ་པར། ད་དུང་ཡང་། སྤུན་ཟླ་ཆེས་མི་ཉུང་བ་ཞིག་གིས་ལམ་ཁ་འདི་བཟང་རབས་དང་རྒྱན་རབས་ཀྱི་རྨི་ལམ་གཏོང་བ་དང་། སྤུན་ཉེ་དགའ་གྲོགས། ངོ་ཤེས་དང་མི་ཤེས་པའི་སྤུན་ཟླ་དག་ལ་ལམ་ཁ་འདི་འདེམ་དགོས་པར་སྐུལ་ལོངས་བྱེད་ཀྱི་ཡོད་པ་རེད།

    དོན་དངོས་སུ་ལམ་ཁ་འདི་ཉིད་འདེམ་པ་ནི། མི་རིགས་ཤིག་གི་ཆག་འཇིག་དང་། རིག་གཞུང་ཉམས་ཉེས་འགྲོ་བྱེད་ཀྱི་ལམ་ཁ་དང་བོ་དེ་ཡིན་པར་གླེང་ཆོག་པ་ཡིན། དེས་ན་དེ་རིང་བདག་གི་རང་གི་ནོར་འཁྲུལ་འདི་གཞིར་བཟུང་དེ། སྤུན་ཟླ་མི་ཉུང་བ་ཞིག་ལམ་ཁ་འདིར་ཞུགས་རྩིས་ཡོད་པ་དག་ལ་སེམས་ཁོང་རུས་པའི་གཏིང་ནས་ཞུ་འབོད་ཅིག་བྱེད་འདོད་ཡོད་པ་དེ་ནི། གལ་ཏེ། སྐུ་ཉིད་ཕྱི་རྒྱལ་གང་རུང་ཞིག་ལ་འགྲོ་རྩིས་བྱེད་ཀྱི་ཡོད་ན་ནི། རང་གི་རིགས་ཀྱི་སྤུན་ཟླ་དང་ཤ་ཉེ། དགའ་གྲོགས་ཀྱི་རོགས་རམ་ལ་བརྟེན་ཕྱི་རྒྱལ་དུ་འགྲོ་བཞིན་ཡོད་ན་ནི་མ་འགྲིག་པ་མེད་ཀྱང་། མི་རིགས་གཞན་དང་གཉེན་སྒྲིག་བྱས་དེ་འགྲོ་འདོད་བྱེད་པ་ནི་ནོར་འཁྲུལ་ཡིན་པར་ཐག་བཅད་དེ་བཤད་འདོད་བྱུང་།

    ནོར་འཁྲུལ་དང་བོ་དེ་ནི་རང་གི་རིགས་རུས་ཀྱི་འགན་མ་ཆགས་པའི་ནོར་འཁྲུལ་དང་། ནོར་འཁྲུལ་གཉིས་པ་རང་གི་རང་དབང་ཡོད་ཚད་གཞན་དབང་དུ་འགྲོ་དགོས་པའི་ནོར་འཁྲུལ། ནོར་འཁྲུལ་གསུམ་པ་རང་གི་རིག་གཞུང་གོམས་གཤིས་ལ་འགན་མི་ཆགས་པའི་ནག་ཉེས་སོགས་ནོར་འཁྲུལ་ཆེས་མི་ཉུང་བ་ཞིག་གི་ལམ་ཁ་ཡིན་པར་ཤེས་དགོས་པ་དེ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན། སྒོར་མོ་མེད་ན་འགྲོ་བ་མི་འཚོ་ཐབས་མེད་ཀྱང་། སྒོར་མོ་ལས་ཀྱང་གལ་ཆེ་བ་ཞིག་ཡོད་ན་མི་རིགས་རེ་ལ་རང་རང་གི་རིགས་གཞུང་ལས་ཀྱང་གལ་ཆེ་བ་དང་རང་གི་རིགས་རྒྱུད་ལས་ཀྱང་གལ་ཆེ་བ་ཞིག་མེད་པ་སེམས་ཁོང་ནས་ངེས་ཟིན་ཐོབ་དགོས་རྒྱུ་དེ་ནི་རང་ཉིད་སྒོར་མོའི་བྲན་གཡོག་བྱེད་རྒྱུ་དེ་ལས་ཀྱང་གལ་ཆེན་ཡིན་པ་ཤེས་པར་གྱིས་ཤིག་ཟེར་ནས་སེམས་ཁོང་རུས་པའི་གཏིང་ནས་འགྱོད་གཤེགས་དང་། ནག་ཉེས་དང་ནོར་འཁྲུལ་གྱི་ལམ་ཁ་ན་འགྲོ་བཞིན་སྤུན་ཟླ་ངས། སྤུན་ཟླ་ཁྱེད་ཅག་ལ་འབོད་སྐུལ་ཞུས་པ་ཡིན།

    སྤུན་ཟླ་སུ་ཞིག་ཡིན་ཡང་འགྲིག གོང་གི་འདི་དྲ་དེབ་སྟེང་ལ་འགོད་རོགས་ཞུ་ལགས། འདི་ནི་སྤུན་ཟླ་མི་ཉུང་བ་ཞིག་གིས་ཅིས་ཀྱང་གླེང་མོལ་བྱེད་དགོས་པའི་གནད་འགག་གཅིག་རེད་སྙམ་ནས་རང་གི་ཚོར་བ་་དང་ཉམས་མྱོང་གཞི་ལ་བཞག་ནས་བྲིས་ཡོད།

  3. རྩམ་དགའ་ says:
    2009-12-21 at 1:16 pm

    གྲོགས་པོས་སེམས་གཏམ་གླེང་བར་ཐུགས་རྗེ་ཆེ།
    ངས་བལྟས་ན་རང་ཉིད་སྒོར་མོའི་བྲན་གཡོག་ལ་མ་རྒྱུགས་པའི་ཐོག་ནས་སྐད་ཆ་འདི་འདྲ་ལབ་ན་འོས་པར་མཐོང་། རང་ཉིད་སྒོར་མོའི་གཡོག་འོག་ལ་རྒྱུགས་བཞིན་དུ་སྒོར་མོའི་ཆེད་དུ་འགྲོ་མི་ཉན་ཚུལ་བཤད་ན་དེ་ཙམ་འོས་པར་མ་མཐོང་། དཔེར་ན་ཨ་རི་རང་གིས་འབར་གས་བཟོ་བཞིན་ཏུ་འབར་གས་བཟོ་མཁན་གྱི་རྒྱལ་ཁབ་དག་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་འདི་དང་གཅིག་མཚུངས་རེད། ཡང་གཞན་ཞིག་ནས་བཤད་ན་འདི་འདྲ་རེད།
    རང་ཉིད་དཔར་འབྱོར་ལ་མགོ་མ་འཁོར་བའི་ཐོག་ནས་སྣེ་འཁྲིད་ཐུབ་ན་གཞན་རང་ཤུགས་ཀྱིས་འདུ་ཡོང་གི་རེད། དཔེར་ན་གན་དྷི་རྗེས་རྒྱ་གར་རང་བཙན་སྣེ་འཁྲིད་གནང་བ་དང་གཅིག་མཚུངས་མ་ཡིན་ནམ།
    འདི་ངའི་བསམ་ཚུལ་བཤད་པ་ཙམ་ཡིན་པ་ཐུགས་འཇགས་ཞུ།

  4. གླག་རྒོད་ says:
    2009-12-21 at 1:10 pm

    གྲང་ཤུར་ཤུར་གྱི་ལྷག་རླུང་དང་མཉམ་དུ་འབབ་པའི་རྒུན་ཟླ་དང་པོའི་ཁ་ཆར་གྱིས་ངའི་མིག་ལམ་སྒྲིབ་བྱུང་།། སྐད་གཅིག་ཀྱང་མི་སྡོད་པའི་ཨ་སྒོར་ལ་འཕྲེང་བའི་མི་ཚོགས་ཀུན།། གཅིག་རྗེས་གཅིག་གིས་སྙགས་བཞིན་ས་འོག་ཀྱི་ལྕགས་ལམ་དང་ སྒོ་ཆེན་གྱི་ཚོང་ཁང་སོགས་མོག་མོག་གཡོ་ཞིང་ མ་འོང་བའི་རེ་བ་སྙིང་ལ་བཅིང་ཏེ་མི་ཚེ་འདིའི་གཡོག་ཏུ་རྒྱུག་ ངའི་ཁ་རླུང་དྲོད་མོའི་ལག་པ་གཉིས་ལ་ཕུ་རྒྱབ་བཞིན་སྒོ་ཆེན་རྒལ་ཏེ་ཚོང་ཁང་ཆེན་མོའི་ནང་ལ་འཛུལ་ གློ་བུར་དུ་ངའི་སྙིང་རྩའི་འདབས་སུ་བརྗོད་མི་ཤེས་པའི་ན་ཟུག་ཤིག་བྱུང་ སུམ་བརྒྱ་དྲུག་བཅུའི་གྲང་ལས་བསྒལ་བའི་ཉི་མ་རིང་པོ་སྟོང་ཟད་དུ་སོང་བས་ཕྱིར་དྲན་ཞིག་གིས་ངས་སྒོར་ཁུག་ཀྱང་སྟོང་པ་ཡིན་པ་གཞི་ནས་ཤེས་ ཚོར་བ་ལྗི་མོ་ཞིག་གིས་ངས་འདར་སིག་སིག་གི་ལུས་ཟུང་ཡོངས་རྫོགས་ཚ་བའི་ནོན་ གཤོག་ས་གཉིས་ཆད་པའི་བྱ་ཕོ་ཇི་བཞིན་འཚང་ཁ་ཤིག་ཤིག་གི་མི་ཚོགས་ཀྱི་དཀྱིལ་དུ་དཀྲང་ངེར་ལུས་

  5. བོད། ལྷ་ཀླུ་གཉན་གསུམ། says:
    2009-12-21 at 6:27 pm

    རྩམ་དགའ་ལགས། ཁྱེད་རང་དངོས་ནས་བདེན་པ་རེད། གནས་ལུགས་ཟེར་བ་དེ་འདྲ་ལོས་ཡིན། ངས་རང་གི་ནག་ཉེས་དང་ནོར་འཁྲུལ་མཐོང་བ་ལྟར་གླེང་བ་ཡིན་ལ། དེ་ལྟར་དུ་སྤུན་ཟླ་རེ་ཟུང་གིས་ཀྱང་ལམ་ཁ་འདིར་མི་ཞུགས་རྒྱུར་རེ་སྐུལ་ཞུས་པ་དེ་ནི་བདག་གི་རེ་བ་ངོ་མ་དེ་ཡིན་ལ། ནོར་འཁྲུལ་ཤོར་བའི་རང་གི་མི་ཚེའི་འདིས་རང་གི་སྤུན་ཟླ་གཞན་དག་ལ་བདེན་དབུང་རེ་ཉན་ན་བསམ་པ་དེ་ཡིན་ལགས། གལ་ཏེ། དེ་ཡང་ནོར་ཡོད་ན་དགོངས་དག་ཞུ་ལགས།

  6. ཚེ་རིང་སྐྱིད། says:
    2009-12-21 at 8:18 pm

    ལོ་གཅིག་དེ་མི་ཚེ་གཅིག་དང་འདྲ་བར
    རེ་སྐྱིད་རེ་སྡུག་གིས་ཕྱིནསོང་ལ
    ལོ་གསར་བ་དེ་ཡང་དེ་ལས་མ་འདས་ན
    མ་གཞི་ནས་ང་ཚོ་སྟེ
    འཆི་བ་ལ་མགོ་སྒུར་བའི་འཚོ་སྟངས་ཞིག

  7. གཞོན་ནུ་ཟླ་མེད says:
    2009-12-21 at 8:31 pm

    འ་མའའའའ། བོད་ཀྱི་མཛེངས་མ་ཚེ་རིང་སྐྱིད་ལ་ཡང་སྡུག་བསྔལ་ཡོད་ཟེར། ད་ཡིན་ན་ང་མོ་ལ་ཐུག་གི་འགྲོ་གི་ཡིན། ང་ཡོད་ས་ནས་སྦ་སི་ནང་ནས་སོང་ན་མོ་ཡོད་སར་དུས་ཚོད་གཅིག་གི་ལམ་ཁ་རེད། ལོ་གསར་བའི་ནང་དུ་ཚེ་རིང་སྐྱིད་ལ་ཐུག་གི་འགྲོ་གི་ཡིན། མགོན་པོ་མགོ་ཤོ་ཕྲག་དོག་ལངས་ན་ར་སྡུག་གྱོང་རེད་ ཧཧ

  8. རྩམ་དགའ་ says:
    2009-12-21 at 9:39 pm

    ཚེ་རིང་སྐྱིད་ནས་དེ་རིང་
    འབྱུང་ལ་ཉེ་བའི་ལོ་གསར་བ་དེ་ཡང་སོང་ཟིན་པའི་སྐྱིད་སྡུག་འདྲེས་མའི་མི་ཚེ་ནང་བཞིན་ཡོང་གིན་རེད་ཅེས་ལུང་བསྟན་ཕེབས་འདུག
    མ་གཞི་ང་རང་ལུང་བསྟན་ལ་དེ་ཙམ་དགའ་བོ་མེད་ཀྱང་མོའི་ལུང་བསྟན་འདིས་སེམས་འཕྲོག་མ་སོང་ཐལ་ན་གསེར་ཡུམ་གོ །

  9. ཀླུ་སྨྱོན། says:
    2009-12-21 at 11:28 pm

    མཛངས་མ་ཚེ་རིང་སྐྱིད་སོགས་འདིར་ཕེབས་ཏེ་ངའི་སྙན་ངག་ཡིན་ཁུལ་དེ་བཀླགས་རྗེས་ལོ་གསར་བའི་སྐོར་ལ་མཆན་རེ་བཏབ་པར་བཀའ་དྲིན་ཆེ་ཞུ། ལོ་གསར་བ་དེ་ཁྱེད་ཅག་ལ་ག་འདྲ་ཞིག་ཡིན། མི་གང་མང་ཞིག་ལ་མཚོན་ན་མི་ཚེའི་དཀྱོགས་མཚམས་གནད་འགག་ཅན་ཞིག་ཏུ་ཁེལ་ཡོད་པ་རེད།

  10. ཀླུ་སྨྱོན། says:
    2009-12-21 at 11:42 pm

    བླ་རྒན། མཛངས་མ་ཟོ་ཐག་ཉེ་ན་ཡང་ཐུག་ཐུབ་མིན་སུས་ཤེས། དམར་ལྷབ་ལྷབ་ཞི་མོ་ཚོ་བསྙེགས་ནས་རྒྱུག་གིན་མ་འདུག དེ་ལས་ང་ཡོད་ས་འདིར་ཤོག་དང་གྲྭ་ས་ན་ཡོད་དུས་ཀྱི་འབྲས་ལྡ་ལི་དེ་ཙམ་རེ་ངས་ཀྱང་བསྐོལ་ལོས་ཐུབ། ཡིན་ན་ཡང་ངས་དེང་སང་སྙན་ངག་ཆ་རེ་དཀའ་ངལ་མེད་པར་འབྲི་ཆེད་གཅིག་བུར་དམིགས་ནས་རྒུན་ཆང་དམར་པོ་རེ་འཐུང་གིན་ཡོད་པས། ཁྱེད་ཀྱིས་ཀྱང་ཡར་ངོ་མར་ངོའི་ཚེས་བཅུ་རེར་སྟབས་འགྲིགས་ནི་ཤས་ཤོག་ར གུ་རུ་རིན་པོ་ཆེའི་ཚོགས་འཁོར་རེ་བསྐོར་ནས་རྒུན་ཆང་དམར་པོ་ཤེལ་ཕོར་གསུམ་བཞི་རེ་འཐུང་ན་ལོས་ཆོག སྤྱིར་ན་ཆང་ཐིགས་པ་གཅིག་ཀྱང་འཐུང་མི་ཆོག་པ་དེ་ཐེག་དམན་གྱི་སྡོམ་པ་རེད་ལ། ཆང་ངེས་པར་དུ་འཐུང་དགོས་པ་དེ་གསང་སྔགས་ཀྱི་དམ་ཚིག་རེད། ཐེག་དམན་ལུགས་ན་འཐུང་ན་མི་འགྲིག་པ་དེ་གསང་སྔགས་ཀྱི་ལུགས་ལ་མ་འཐུང་ན་མི་འགྲིག་པ་ཞིག་ཏུ་གྱུར་འདུག ཡཡ། ཕྱེད་ཀ་རྩེད་མོ་ཡིན་ཕྱེད་ཀ་བདེན་པ་ཡིན།

  11. གཞོན་ནུ་ཟླ་མེད says:
    2009-12-22 at 12:11 am

    འ་རོགས་ཀླུ་སྨྱོན། ཁྱོའི་དགོན་པ་དེ་ད་ཨ་ཁུ་སྨན་བླའི་ཁ་ཤག་ནང་གི་དགོན་པ་དེ་རེད་པ། ༼ང་དགོན་པ་ཟིག་ཡོད་ན་ད་དེ་ཆང་བཙགས་ས་ཟིག་ཡིན༽ ཅན་པོ་དེ་རེད་པ། ད་གསང་སྔགས་ལུགས་ལ་དགུན་ཆང་དམར་པོ་ངེས་པར་དུ་འཐུང་དགོས་པ་དེ་ལས། རིག་མ་མཚན་ལྡན་ངེས་པར་དུ་བསྟེན་དགོས་པ་དེ་ཅིག་ཧྲ་གི་པ། ལོ་གསར་པའི་ནང་ལ་ངེས་པར་དུ་སྡེ་འ་ཅེ་ཚེ་རིང་སྐྱིད་ལ་གཅིག་བལྟ་གི་འགྲོ་གི་ཡིན། ཁྱོའུ་རྡ་ལི་ཟོ་འཐུང་ན་མི་འདོད་ཀི

  12. གཞོན་ནུ་ཟླ་མེད says:
    2009-12-22 at 12:16 am

    ང་ཟོ་ལོ་གསར་བའི་ནང་ལ་འབོ་ར་ཨ་མཆག་གི་ཨ་ལུའུ་སྒག་ཆུ་ཟ་གི་འགྲོ་གི་ཡིན

  13. ཀླུ་སྨྱོན། says:
    2009-12-22 at 12:25 am

    ཨ་རོ། འ་ལུ་སྒོག་ཆུ་བཟའ་གི་འགྲོ་གི་ཡོད་དམ་ཨ་ལུ་སྒོག་རིལ་ལྟ་བུ་ལྡག་གི་འགྲོ་གི་ཡོད་སུས་ཤེས། སྡེས་ཚགས་འདུ་འཚག་གི་ཡིན་ན་ཅིག་ག་སོང་ཤུལ་ནས་བླ་རྒན་ཉི་མ་མ་ཐོངས་པར་ཕྱིར་ར་ཡོང་རྒྱོ་གཏུགས་ན་ཐང་ཀོ

  14. ཚེ་རིང་སྐྱིད། says:
    2009-12-22 at 6:58 pm

    ཧོ་ཧོ་ཡ། ད་ཡང་ཀླུ་སྨྱོན་གྱིས་རྟགས་བསྟན་སོང་། སྙན་ངག་འབྲི་ཆེད་རྒུན་ཆང་དམར་པོ་འཐུང་གི་ཡོད་ཟེར། མགོ་ལོག་ཟླ་བྷེ་ཡིས་ཁ་ཤགས་ནང་དུ་འཚོ་བ་དངོས་ཀྱི་སྒྱུ་རྩལ་དང་བརྗོད་བྱ་གྲུབ་ཆེད་ལྷ་ས་ནས་ནང་མ་ཁང་ཞིག་བཟུང་རབས་ཟེར། དགེ་མདུན་ཆོས་འཕེལ་གྱིས་འདོད་པའི་བསྟན་བཅོས་འབྲི་ཆེད་བུད་མེད་མང་པོ་ལ་འདྲིས་རབས་ཟེར། ད་དུང་་་་་ད་དུང་་་་་ང་ཚོའི་ཁ་བ་ཅན་གྱི་བུ་རྒོད་པོ་ཚོར་ཅི་ཞིག་བྱུང་སོང་བ་རེད།

  15. གཞོན་ནུ་ཟླ་མེད says:
    2009-12-22 at 7:10 pm

    ཚེ་སྦོ་སླེབས་སོང་། ཀླུ་སྨྱོན་གྲ་སྒྲིག་བྱས། མི་མེད་དུས་ཁྱོད་ལ་བཤད་རྒྱུ་མང་། མི་ཡོད་དུས་གྲགས་འགུལ་མེད་ནོ་ཆི་ཟིག་རེད།

  16. ཀླུ་སྨྱོན། says:
    2009-12-22 at 7:11 pm

    ཞི་མོ་ཁྱོས་ར་འདི་མོ་འདི་བྱོས་ར་རྒྱ་ནག་གིས་”ཤིས་ཐོ་”ཟེར་བ་དེ་རིགས་རྙེད་ན་ཐང་ཀོ ནང་ཆོས་དང་སྦྱར་ན་རང་གི་རྩ་མདུད་གྲོལ་ཆེད་རྒུན་ཆང་འཐུང་བ། ཞི་མོར་རྒྱོ་བ། གནམ་ལྡིང་ས་ལྡིང་བྱེད་པ་སོགས་ཐབས་ཤེས་སྣ་མང་ཞིག་ཡོད་ནི་རེད། ཤིས་ཐོ་འདི་ནི་རྩོམ་འབྲི་དུས་སུ་རིག་པ་ཀློང་དུ་བརྡོལ་བའི་བརྡ་ཆད་ཅིག་ཡིན་ས་རེད། ངས་དེ་ལོ་ཉི་ཤུའི་གོང་སྦྲང་ཆར་ཞིག་ལས་མཐོང་བ་ཡིན།

  17. ཀླུ་སྨྱོན། says:
    2009-12-22 at 7:37 pm

    ད་ང་ལྟོགས་ནས་བཟོད་ཀི་མི་འདུག་པས་ཕ་གིར་ཡོད་པའི་མེག་སི་ཁོའི་ཟ་ཁང་དེའི་ནང་དུ་ལན་གཅིག་མ་སོང་ཐབས་མེད་རེད། ཞབས་ཞུ་མ་ཞི་མོ་མཛེས་མ་ཞིག་ཡོད་པ་དེ་སྔགས་རྒན་ལ་སེམས་པ་ཤོར་ནས་ཅི་མིན་གང་མིན་རེད། ཨ་ལ་རྩེ་མོ་ཡིན། ད་དུང་ཉིན་གུང་གི་ཟ་མ་ཟོས་མེད།

  18. ཚེ་རིང་སྐྱིད། says:
    2009-12-22 at 10:24 pm

    སྔོན་མ་ཞིག་ལ་གྲྭ་རྐྱང་ང་ཟེར་གི་འདུག དེའི་རྗེས་ནས་བླ་རྫུན་ང་ཟེར་གི་འདུག ད་ཡང་སྔགས་རྒན་ང་ཟེར་གིན་འདུག ཏག་ཏག་ངོ་མ་ཁྱེད་ཅི་ཞིག་ཡིན་ནི་རེད། ངོ་མ་ཤེས་རྒྱུ་ཞིག་མི་འདུག
    ད་དུང་ཟིན་བྲིས་ཀྱི་པར་དེ་ལ་ལྟོས་ན་ཅིག་གྲུབ་རྟགས་ཤིག་ཨེ་ཡོད་འདོད་བྱེད་ཅིག་རེད། ཁྱེད་ཀྱིས་མིང་ཡ་མཚར་རེ་བཀོལ་ནས་གྲུབ་རྟགས་ཡོད་ཁུལ་གྱིས་མགོ་སེར་ཚོ་ཧད་དུ་འཇུག་གིན་མེད་ལ། ཧོ་ཧོ་ཡ། ད་ཡང་ཟ་ཁང་ནང་གི་བུ་མོ་དེ་ལ་སྔགས་འདྲ་མ་འདོན་མ་གཏོགས་་་་་

  19. ཚེ་རིང་སྐྱིད། says:
    2009-12-22 at 10:31 pm

    རིག་གནས་གསར་བརྗེ་སྐབས་སུ་ངའི་ཕ་མ་ཚོ་ལ་མཚོན་ན་གྲོད་ཁོག་རྒྱག་བྱེད་ལ་ཐ་ན་རྩ་ལྗང་ཁུ་ཚུན་ཆད་ཀྱང་འཕྲོག་རེས་བྱེད་ནས་རག་གི་མ་རེད་ཟེར་མྱོང་། སྐབས་དེ་དུས་ཀྱི་ལོ་གསར་ལ་ཨ་ལུའུ་སྒག་ཆུ་ཞིག་ཡོད་ན་བསམ་མཁན་འབོ་ར་ཨ་མཆོག་གི་མི་གཅིག་པུ་ཡིན་རྒྱུ་མ་རེད་ཡ།
    ཡིན་ཡང་རྗེས་ནས་རིག་གསར་མཇུག་རྫོགས་ནས་གྲོད་ཁོག་རྒྱག་ཙམ་བྱུང་དུས་འབོ་ར་ཨ་མཆོག་གི་གཏམ་དཔེ་ལ་སྦྱར་བ་རེད།
    ཡིན་ཡང་ང་ཨ་ལུའུ་སྒང་ཆུ་ལ་དགའ་བོ་ཡོད་ཀྱང་། གནས་འདི་ནས་ངའི་ཕ་ཡུལ་གྱི་ཨ་ལུའུ་སྒག་ཆུའི་ནང་དུ་དམིགས་བསལ་ཞིག་བླུགས་རྒྱུ་ཡོད་པ་རེད། འདིར་མེད་པས་ངས་དེ་འདྲ་བཟོ་ཤེས་ཀྱིན་མི་འདུག རྩམ་དགའ་ལགས་ལ་ངས་ཨ་ལུའུ་སྒག་ཆུས་མགྲོན་བྱ་ཐུབ་རྒྱུ་མེད་ཡ།

  20. ཚེ་རིང་སྐྱིད། says:
    2009-12-22 at 10:32 pm

    ཐུབ་རྒྱུ་མ་རེད་ཟེར་བ་ཡིན། འབྲི་ནོར་ཤོར་འདུག་་

  21. དགེ་ཆོས་རྗེས་སྐྱོང་བ།་ says:
    2009-12-22 at 10:46 pm

    པོ་མོ་ཚེ་རིང་གྱིས།ཁྱོད་ཆུག་སོང་ཟིག་།རིག་གསར་གྱི་སྐབས་ལ་ལྟོགས་ནས་ཤི་ནི་ཡོད་ནི་མ་རེད་།་ང་བརྒྱད་དང་།་ང་དགུ་།་དྲུག་ཅུ་ཐམ་པ་།་རེ་གཅིག་།་རེ་གཉིས་ལོ་ལ་ད་ཟ་མ་དཀའ་ངལ་བྱུང་ནི་རེད་།་སྐག་སྐུས་ནས་བསྡད་ནས་ལོ་རྒྱུས་བརྗེད་སོང་གཟིག་ཡ།་་

  22. ཀླུ་སྨྱོན། says:
    2009-12-22 at 10:49 pm

    ཚེ་རིང་སྐྱིད་ལགས་ཀྱིས་ཧོ་ཧོ་ཡ་ཟེར་ཐེངས་མང་པོ་འདིས་ང་རང་ལོ་ཆུང་ཆུང་ཡིན་དུས་ཀྱི་དོན་དག་ཅིག་དྲན་གསོ་བཏང་སོང་། ང་རང་ལོ་བཅུ་ཡིན་དུས་ཀྱི་དབྱར་ཁ་ཞིག་ལ། ངེད་སྡེ་བའི་བྱིས་པ་ལོ་མཉམ་བཅུ་གྲངས་ཤིག་མཉམ་དུ་བེའུ་འཚོ་རུ་ཆུ་འགྲམ་ཞིག་ཏུ་སོང་བ་ཡིན། སྐབས་ཤིག་མ་རབས་སུ་ཞིག་གི་ཀླད་པའི་ནང་དུ་ཤར་བ་ཡིན་མི་དྲན་ཡང་། གང་ལྟར་ཞི་ལི་ཚོ་ཚང་མས་གུ་ཐུང་མར་ཕུད་ནས་རང་རང་གི་ལིང་ག་ཆུང་ཆུང་མཐེའུ་ཆུང་འདྲ་བོ་ཚོ་གྱེན་དུ་འགྲེང་བཅུག དེ་ནས་ཞི་མོ་ཚོས་ཀྱང་རས་ལྭ་དང་གུ་ཐུང་མར་ཕུད་ནས་བརླ་གཉིས་བགྲད་དེ་བྷ་ག་ཆུང་ཆུང་འབུ་ཁུང་འདྲ་བ་དེ་དག་གི་ཁ་བསྟན་ནས་བསྡད། ཞ་ཞིས་རྒན་པ་དེས་ཞི་ལི་རེ་རེ་ཞི་མོ་རེ་རེའི་ཁ་གཏད་དུ་ལངས་སུ་བཅུག དེ་ནས་ཁོས་སྐད་བརྒྱབ་སྟེ། ཞི་ལི་ཚོ། མཇེ་ཚད་བྱོས། ཡང་ཞི་མོ་ཚོའི་ཕྱོགས་སུ་འཁོར་ནས། ཞི་མོ་ཚོ། གཉའ་ཚད་བྱོས། ཞེས་ལབ་རྗེས། ཡ་ད། གཅིག་གཉིས་གསུམ། འཛོགས། ཞེས་བརྗོད་མ་ཐག་ཏུ་ཞི་ལི་ཚོ་བརྒྱུགས་སོང་ནས་རང་རང་གི་ཁ་གཏད་དུ་ལངས་བསྡད་ཡོད་པའི་ཞི་མོ་ཚོ་ས་རུ་བསྒྱེལ་ནས་སྒང་ལ་འཛགས་ནས་ཅིག་ལས་ཁུལ་བྱས་པ་ཡིན། ངའི་འོག་གི་ཞི་མོ་ཆུང་ཆུང་དེས། ཧོ་ཧོ་ཡ། འདིས་ཅི་ཡང་འཇོན་གི་མི་འདུག ཧོ་ཧོ་ཡ། འདི་ཀུ་ཤུ་(མ་ནིང་)ཡིན་ས་རེད། ཅེས་ང་རང་ངོ་ཚར་གཏད་མྱོང་། རྗེས་མར་ཡང་ཞི་མོ་དེས་རྩེད་རོགས་ཚོར། ཧོ་ཧོ་ཡ། སྐལ་བཟང་ཀུ་ཤུས་དེ་དུས་ང་ལ་ཅི་ཡང་མ་འཇོན་པ་རེད། ཅེས་ལོ་ཤས་རིང་མུ་མཐུད་དེ་ང་རང་ངོ་ཚར་གཏད་པ་རེད།

  23. ཀླུ་སྨྱོན། says:
    2009-12-22 at 10:52 pm

    འཛེགས་ནས་་་

  24. དགེ་ཆོས་རྗེས་སྐྱོང་བ།་ says:
    2009-12-22 at 10:56 pm

    ཨ་རོགས་།་ཨ་ལགས་འཛབ་རྒན་ད་རུང་ར་ཀུ་ཤུ་མིན་ནོ་སུས་ཤེས་ནི་རེད་།་ངོ་མ་བོད་གི་ཨ་ལགས་འདི་ཆོ་བོའི་ཞི་མོ་ཟིག་ཁུང་དུ་ནག་ནག་རེ་མ་གཏོགས་དྲན་གིན་མེད་ས་རེད་།་

  25. ཚེ་རིང་སྐྱིད། says:
    2009-12-22 at 10:59 pm

    ཨོ་རེད་དམ། དགེ་ཆོས་རྗེས་སྐྱོང་བ།་ ་་ དེ་ཁྱེད་ཀྱི་ཕ་ཡུལ་གྱི་གཏམ་རྒྱུད་ཡིན་ས་རེད

  26. ཀླུ་སྨྱོན། says:
    2009-12-22 at 11:01 pm

    ཨ་རོགས། ཞི་མོ་ཚོའི་དེ་ལ་མཐོང་ཆུང་མ་བྱེད། གསང་སྔགས་ཀྱི་ཉམས་ལེན་མཐར་ཐུག་དེ་ཡང་འདི་ལ་བསྟེན་ནས་ཡོང་གིན་ཡོད་པ་རེད། རྒྱལ་བ་སྲས་དང་བཅས་པ་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཏེ་ཞེས་པ་ཞིག་ཡོད་པ་རེད།

  27. ཀླུ་སྨྱོན། says:
    2009-12-22 at 11:05 pm

    ཁྱོས་རྡོ་རྗེ་འཇིགས་བྱེད་དང་གསང་འདུས་ལྟ་བུ་རྒྱུད་སྡེ་བླ་མེད་ཀྱི་ཆོ་ག་ཞིག་ལ་ལྟོས་དང་། ཁྱོད་བྷ་ག་དང་ལིང་གའི་ཐ་སྙད་སྙན་མོ་ཏག་ཏག་གི་ནང་ནས་ཕྱིར་འབུད་ན་མི་འདོད་ཁོ་ཐག་ཡིན། ལྷག་པར་དུ་བདག་འཇུག་གི་ནང་ནས་དབང་བཞི་ལེན་དུས་ཀྱི་གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཐད་དུ་ལྟོས་དང་ཁྱོད་དྲན་པ་འཐོར་དགོས་པ་གང་མང་ཞིག་ཡོད། ཡིན་ན་ཡང་རྒྱུད་སྡེ་དེ་དང་དེ་དག་གི་དབང་ཆེན་ཐོབ་མེད་ན་མ་བལྟ་རོགས། ཆོས་ལ་དབང་ཟ་བའི་ཉེས་པ་འབྱུང་གི་རེད། གསོན་པོར་དམྱལ་བར་འགྲོ་ན་ཡང་ཐང་།

  28. ཀླུ་སྨྱོན། says:
    2009-12-22 at 11:11 pm

    ཚེ་རིང་སྐྱིད་ལགས། ཁྱོད་ནམ་རྒྱུན་དྲ་ཐོག་འདིར་མི་ཡོང་ནོ་ཆི་རེད། ཁྱོད་ཡོང་གིན་སྡོད། ཁྱོད་འདྲ་བོ་འདིར་ཡོང་ན་སྐྱིད་པོ་ཞིག་རེད། དེ་མིན་བླ་རྒན་མཇེ་སྐམ་པ་འདི་དག་གི་ཁ་ན་སྐད་ཆ་བསོར་མོ་ཞིག་ཡོད་ནི་མ་རེད། ཤ་ཆང་བཟའ་བཏུང་ཚོགས་ཀྱི་འཁོར་ལོ་ཡིན། །རིག་མ་བསྟེན་པ་སྔགས་ཀྱི་ཁྱད་ཆོས་ཡིན། །ཟེར་བས། ཁྱོད་ལྟ་བུ་ཞིག་གིས་བྲིས་པའི་ཡི་གེ་ཐིག་ཕྲེང་གཅིག་རེས་ཀྱང་ངའི་རྒྱུད་ལ་བདེ་སྟོང་ཡེ་ཤེས་ཀྱི་མེ་ལྕེ་གྱེན་དུ་འབར་ཡོང་གིན་འདུག

  29. ཚེ་རིང་སྐྱིད། says:
    2009-12-22 at 11:17 pm

    ཡང་ཀླུ་སྨྱོན་གྱིས་བཤད་སོང་། ཡང་ཅིག་བྱ་དགོས་ན་ཡང་ཅིག་དགོས་ཀྱིན་རེད་ཟེར།

  30. ཀླུ་སྨྱོན། says:
    2009-12-22 at 11:20 pm

    སྐྱིད་པོ་རེད། ཁྱོད་ད་དུང་དེ་ན་འདུག འདི་ལོའི་ཝ་ཤིང་ཁྲོན་གྱི་ཁ་བ་དེས་ང་བསྐྱབས་སོང་བ་ཡིན་ས་རེད།

  31. ཀླུ་སྨྱོན། says:
    2009-12-22 at 11:24 pm

    ད་ནངས་བརྙན་འཕྲིན་ལས་ཝ་ཤིང་ཁྲོན་གྱི་ཁ་བ་དང་དེའི་ཀློང་གི་མི་ཚོགས་མཐོང་སོང་། ལོ་ཤས་སྔོན་ཁྱོས་ལོན་སྒྲོན་གྱི་གནམ་གཤིས་གྲང་མོའི་ནང་དུ་བླངས་པའི་འདྲ་པར་ཞིག་མཐོང་སོང་། གནམ་གཤིས་གྲང་མོ་འདི་ཚོའི་ནང་དུ་འབྲོག་པའི་བུ་མོ་ཁྱོས་ཀྱང་ཅིག་དཀའ་རྒྱུ་རེད་ལ། དོ་དགོང་ཁ་དྲོས་ནས་བཤད་རྒྱུ་དང་མི་བཤད་རྒྱུ་གཉིས་ཀ་བསྲེས་སོང་བས། མཛངས་མའི་ཐུགས་དང་འགལ་བ་རེ་བྲིས་སོང་ན་བཟོད་པར་གསོལ།

  32. ཚེ་རིང་སྐྱིད། says:
    2009-12-22 at 11:25 pm

    ཧོ་ཧོ་ཡ། ཡང་བཤད་སོང་། ང་ནམ་རྒྱུན་དྲ་ཐོག་ལ་མི་ཡོང་དོན་ཀྱེད་མེད་པས་ཡིན་ཡ

  33. ཀླུ་སྨྱོན། says:
    2009-12-22 at 11:27 pm

    ཨེ་བདེན་ནམ། དོ་དགོང་ངའི་བླ་གཟའ་ཡིན་ས་རེད་ཀོ ཆེས་དགའ་སའི་མཛངས་མ་ཞིག་གིས་ཆེས་སྙན་པའི་སྐད་ཆ་ཞིག་བཤད་སོང་།

  34. ཀླུ་སྨྱོན། says:
    2009-12-22 at 11:31 pm

    འུ་གཉིས་ཀྱི་སྐད་ཆ་འདི་ཚོ་ཡོངས་ཁྱབ་བྱས་ནས་བཤད་རྒྱུ་ཞིག་ཨེ་ཡིན་ནམ། ང་ད་མིང་ངན་གླིང་ལ་གྲགས་བསྡད་ཡོད་པ་ཞིག་ལ་ཅི་སྐྱོན་ཏེ། ཁྱེད་ལྟ་བུའི་མི་རྐྱང་ཁྲི་འབུམ་གྱི་སྙིང་ཁ་ན་ཆུ་ཁོལ་དང་འདྲ་བར་གདུ་བཞིན་ཡོད་པ་ཞིག་གིས་འདི་ལྟར་སྐད་ཆ་བསོར་མོ་རེ་བཤད་རྒྱུའི་སྤོབས་པ་འདི། ཨཨཨ། ད་ཚ་བ་འཕར་སོང་། ཨ་ཤུ་རེ་གོ ཆང་ཟིག་ཡོད་ཀྱི་ན་རེ།

  35. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-12-22 at 11:42 pm

    ཡ་དོ་དགོང་ཚེ་རིང་སྐྱིད་དང་ྐླུ་སྨྱོན་གཉིས་ཀྱིས་མུ་མཐུད་དུ་སྙིང་གཏམ་འདྲ་ཤོད་ར། ངས་ཀྱང་ྐློག་བཞིན་ཡོད། གཅིག་ངའི་སློབ་གྲོགས་རེད། གཅིག་ངའི་དྲ་གྲོགས་རེད།

  36. ཀླུ་སྨྱོན། says:
    2009-12-22 at 11:51 pm

    ཉི་མ་གཅིག་ཁྱོས་ཚེ་རིང་སྐྱིད་དང་ཀླུ་སྨྱོན་གཉིས་ཀྱི་སྙན་ངག་གི་དགོང་ཚོགས་སྟེང་གཏམ་བཤད་རེ་བྱེད་ཐུབ་ན་ཡང་ཐང་ཀི

  37. ཀླུ་སྨྱོན། says:
    2009-12-22 at 11:59 pm

    མཛངས་མ་འདིས་བདེ་མོ་ཞིག་ཀྱང་མ་བཞག་པར་བུད་སོང་ཟིག ཡིན་རྒྱུ་རེད། བྲེལ་བ་ཡོད་རྒྱུ་རེད། ལོས་ཤེས།

  38. གཞོན་ནུ་ཟླ་མེད says:
    2009-12-23 at 12:00 am

    འ་འ་འ། སྐལ་ཆད་པོ་ང་ཁ་ལ་ཟ་གི་སོང་ཤུལ་ནས། འདི ཚོས་གསང་སྔགས་བླ་མེད་ཀྱི་ཉམས་ལེན་བྱས་ཚར་སོང་ཟིག

  39. ཀླུ་སྨྱོན། says:
    2009-12-23 at 12:03 am

    སྐལ་ཆད་པོ། ལས་ངན་པོ། སྡེ་མཛངས་མས་ང་ལ་རྩེད་མོ་ཡག་ཐག་ཆོད་ཅིག་བརྩེས་རྗེས་ཁ་ཡག་བདེ་མོ་ཞིག་ཀྱང་མེད་པར་བུད་སོང་།

  40. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-12-23 at 12:03 am

    ཨ་རོ། ྐླུ་སྨྱོན། ན་ནིང་གི་ཁྱོའི་བྱང་ཨ་རིའི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཟེར་བའི་སྐད་ཆ་དེའི་སྐོར་ལ་བསྐྱར་དུ་བསམ་བློ་ཅིག་ཐོངས་ར།
    དེ་རིང་གློ་བུར་དུ་ངའི་སེམས་ལ་ཡང་འདི་ཡང་སེ་སླེབས་ཡོང་གི་འདུག དེ་རིང་སང་ཉིན་བྱང་ཨ་རི་ན་ཡང་བོད་རིགས་རྩོམ་པ་པོ་ཉུང་ཉུང་མ་རེད། སྤུས་ཀ་ད་དུང་མི་ཤེས་ཀི་མ་གཏོགས་གྲངས་འབོར་ཉུང་ཉུང་མ་རེད།

  41. ཀླུ་སྨྱོན། says:
    2009-12-23 at 12:05 am

    ཁྱོད་འདྲ་བོ་ཡིན་ན་དེ་ནས་སྒྲེ་སེ་ལ་ཐག་ཉེ་གི ང་འདྲ་བོ་བོད་སྐད་མིན་ནི་མི་ཤེས་པ་ཞིག་ས་སྒྲེ་སེ་ཟེར་བ་དེ་ལ་གང་ནས་ཐོན། བརྒྱ་ལ་ཐོན་རུང་མཛངས་མ་འདི་རྙེད་ས་ཞིག་ན་ཡོད་མེད་ཀྱང་སུས་ཤེས། གལ་སྲིད་རྙེད་ན་ཡང་ཨ་རིའི་རླུང་འཕྲིན་ཚང་གིས་ལས་ཁུངས་ནང་ང་འཛུལ་གི་འཇུག་མིན་ཡང་སུས་ཤེས།

  42. གཞོན་ནུ་ཟླ་མེད says:
    2009-12-23 at 12:07 am

    རིག་འབྱུང་། སྡེ་མཛེས་མ་ཡོད་ས་ནས་གོ་སྐབས་དམ་འཛིན་མ་བྱས་པར། མཐུན་ཚོགས་མ་ཚོགས་གི་རོ་ཟོ་ཕར་ལ་གཡུག་ཞོག སྡེ་འ་ལགས་ཚང་ལ་རྒུན་ཆང་འཐུང་ནས་ངར་བསྡད་ཡོད་དུས་ན། ཁྱོས་

  43. ཀླུ་སྨྱོན། says:
    2009-12-23 at 12:08 am

    ཡ་ཡ། གྲངས་ཀ་ཞིག་རྒྱོབས་དང་། སྒྲེ་སེ་ན་ཅི་ཙམ་འདུག ཉིག་ཉོར་ན་ཅི་ཙམ་ཞིག་འདུག ཝིར་རྗེ་ནིས་ཡ་ན་ག་ཚོད་འདུག ཁ་ལི་ཧྥོར་ནི་ཡ་ན་ག་ཚོད་འདུག དེ་མིན་པའི་ཞིང་ཆེན་ཁག་ན་ག་ཚོད་འདུག ཁེ་ན་སྒྲ་རུ་ག་ཚོད་འདུག གྲོགས་པོ་རེར་བཅོལ་གདམས་རེ་བྱེད་རོགས།

  44. གཞོན་ནུ་ཟླ་མེད says:
    2009-12-23 at 12:13 am

    འ་ལགས་ཚང་། ཁྱོད་སྒྲེ་སེ་ལ་ཤོག་དང་ངས་ཁྱོད་ལ་རོགས་པ་བྱེད། ངེད་གཉིས་ཀྱི་ཁྲེ་གྱོག་ཀོ་སྐོར་ར་འགྱོ་ད། མོ་དེ་ཟིག་ན་ཉིན་མ་གཅིག་ལ་ཕྱི་ལ་བཏོན་ནི་རེད། དེ་ནས་བྱའི་ཕྲུག་བརླགས་གི་ཁྱེར་བ་ལྟར་བུད་སོང་ན་དེ་རེད་མོ། ང་ཚོ་ཚང་མ་འབྲོག་པ་ཡིན་ནོ་ཤེས་ཀ་ཟེ

  45. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-12-23 at 12:19 am

    གཞོན་ནུ་ལགས། དེ་རིང་སང་ཉིན་གྱི་ཨ་རིའི་རྒྱལ་སའི་གནམ་གཤིས་གྲང་མོ་འདིས་ང་ནི་སྒོ་ལ་འབུད་མི་འདོད་གི
    ནང་ལ་འཛུལ་ནས་དེབ་རྒན་ཁ་ཤས་ཕར་ྐློག་ཚུར་ྐློག་བརྒྱབ་ནས་བསྡད་ཡོད། དེའི་ཡན་ན་སྐྱིད་ཅིག་མེད་གི
    བྱང་ཨ་རིའི་བོད་རིགས་རྩོམ་པ་པོ་ཚོའི་སྐོར་ལ་སྐད་ཆ་འགའ་བསྐྱར་དུ་བཤད་ན་འདོད་སོང་།
    དྲ་ཐོག་འདིའི་བོད་རིགས་རྩོམ་པ་པོ་རྒན་པ་ཕལ་ཆེ་བ་ཡོང་ས་དེ་བྱང་ཨ་རི་རེད།
    བོད་ཀྱི་སྐད་ཡིག་ལ་རྨང་གཞི་ཡོད་མཁན། བོད་ཀྱི་རྩོམ་རིག་ལ་རྒྱུས་མངའ་ཡོད་མཁན། བཙན་བྱོལ་དུ་རྩོམ་པ་པོའི་མིང་གྲགས་ཡོད་མཁན།
    རང་གི་རིག་གཞུང་ལ་བྱས་རྗེས་ཀྱང་གང་འཚམ་ཡོད་མཁན་སོགས་བོད་རིགས་རྩོམ་པ་པོ་མང་པོ་ཞིག་དེ་རིང་སང་ཉིན་བྱང་ཨ་རི་ན་ཡོད་གི
    དེས་ན། བོད་རིགས་རྩོམ་འབྲི་བ་རྒན་པ་ཚོས་སྣེ་འཁྲིད་ནས་བྱང་ཨ་རིའི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཤིག་འཛུགས་པའི་དུས་ལ་སླེབས་ཡོད་པ་འདྲ།

  46. ཀླུ་སྨྱོན། says:
    2009-12-23 at 12:22 am

    ད་ངན་ཇུས་རྩོམ་ན་ངན་ཇུས་རྩོམ། དེ་ལས་ང་དེ་རུ་མ་ཡོང་གོང་ནས་ཁྱོད་སྒྲེ་སེར་སོང་ནས་དེ་བ་ཚང་གི་གསང་སྤྱོད་ཀྱི་ཆུ་སྦུག་གང་ན་འདུག་ལྟོས། ཁྱོད་ད་རྒྱགས་པ་ཡིན་ནོ་ཆུ་སྦུག་ནང་ང་ལུས་མ་དགོས་མགོ་བོ་ར་ཤོང་ནི་མ་རེད། ང་སྐམ་པོ་ཡིན་པས་ཆུ་སྦུག་ནང་ང་ཤོང་གི་རེད། དེ་བ་ཚང་གིས་སྒོ་བྲག་རི་འདྲ་ཟིག་གཏན་ན་ཡང་གསང་སྤྱོད་ཀྱི་ཆུ་སྦུག་འགོག་ཐབས་ཡོད་པ་མ་རེད། དེས་ན་ད་ཤེས་ཀ རྐུན་མ་རྒྱག་སྟངས། གཞན་ལ་གོ་གི་འཇུག་མི་ཉན། ཉིག་ཡོག་གི་གསར་བུ་རྐྱལ་སྟོང་ཚོས་རིགས་པ་འདི་གཅིག་ཤེས་ཚར་དུས་གཅིག་རྗེས་གཉིས་མཐུད་ཀྱིས་གསང་སྤྱོད་ཆུ་སྦུག་ནང་ང་འཛུལ་རྒྱུ་རྩོད་ནི་རེད།

  47. ཚེ་རིང་སྐྱིད། says:
    2009-12-23 at 12:24 am

    ང་སོང་མེད་ལགས། ད་སོ་མ་ཕ་ཡུལགྱི་མི་ཞིག་དང་་ཁ་བརྡ་ཞིག་བྱས་པ་ཡིན།
    སྐད་ཆ་འདི་ཚོ་མི་གཞན་གྱིས་གོ་མི་ཉན་པ་གང་ཡང་མ་རེད་བསམ་གྱིན་ཡོད། ང་ཚོས་བོད་ཡིག་གི་ཐོག་ནས་ཁ་མཚར་ཀུ་རེ་སྐད་ཆ་རེ་བཤད་པ་དེ་རྐུས་བྱས་ཏེ་རྟ་དེད་ཀྱིན་ནི་མེད། ང་ཚོས་མུན་པའི་ནང་དུ་བྱ་ངན་རྩོམ་གྱིན་ནི་མ་རེད།
    དོན་བཀྲ་ཡང་ཌི་སེ་འབྱོར་ནས་ཉིན ཤས་སོང་ཡོད་སྲིད་མོད་ལས་བྲེལ་གྱིས་ཐུག་ཁོམ་མ་བྱུང་ཡང་། ངས་ལྟོས་ན་སློབ་གྲོགས་ལ་ཐུག་མ་དགོས་པར་སློབ་གྲོགས་ལས་ཀྱང་སློབ་གྲོགས་ཤིག་གི་ཁང་ཁྱིམ་ན་སྐྱིད་པོ་བྱེད་ནས་བསྡད་འདུག་ཟེར།

  48. གཞོན་ནུ་ཟླ་མེད says:
    2009-12-23 at 12:26 am

    ལས་གཞི་རླབས་ཆེན་རེད། ལས་གཞི་རླབས་ཆེན་རེད།

  49. ཀླུ་སྨྱོན། says:
    2009-12-23 at 12:26 am

    ན་ནིང་ཞིག་ནས་དེ་འདྲ་ཞིག་དྲན་ཏེ་གྲོས་མགོ་ཞིག་བསླངས་ནས་ཨ་ཁུ་པད་མ་འབུམ་སོགས་ལ་བཀའ་འདྲི་ཞིག་ཀྱང་ཞུས་པ་ཡིན་ཏེ། འདི་དང་དེ་མིན་གྱི་ཐག་གཅོད་ཅིག་མ་བྱུང་བ་རེད། གཙོ་བོ་དེ་མཉམ་འཛོམ་བྱེད་མི་ཐུབ་ཀི་ཟེར་བ་དེ་རེད།

  50. ཚེ་རིང་སྐྱིད། says:
    2009-12-23 at 12:28 am

    ངོ་མ་འཛོམས་ནས་སྐད་ཆ་བཤད་བཞིན་པ་འདྲ་བོ་འདུག གད་མོ་ཤོར་ཏེ་གྲོད་ཁོག་ན་གིན་འདུག་་

  51. ཀླུ་སྨྱོན། says:
    2009-12-23 at 12:30 am

    བླ་རྒན་ད་རྒྱུགས་རྒྱུགས། གཟན་ཤར་ར་ཕོངས། ཤམ་ཐབས་ནུབ་བ་ཕོངས། ཁ་ཆུ་དང་མིག་ཆུ་ལྷན་དུ་བཞུར་བཞིན། གསོལ་འདེབས་དང་སྡུག་སྨྲོས་མཉམ་དུ་འདོན་ཞོར་རྒྱུགས།

  52. ཚེ་རིང་སྐྱིད། says:
    2009-12-23 at 12:31 am

    སྐྲག་ནི་ཞིག་རེད། མིག་ལམ་ལ་སྔགས་པ་ཞིག་ཤར་ནས་ཡོང་གི་

  53. ཀླུ་སྨྱོན། says:
    2009-12-23 at 12:32 am

    སང་ལོའི་ཟླ་བ་གསུམ་པའི་ནང་ཉིག་ཡོར་ལ་འཆམ་འཆམ་ཞིག་བྱེད་དུ་ཡོང་གི་ཡིན། དེ་དུས་ཞོར་དུ་སྒྲེ་སེ་ལ་ཡོང་འདོད་པས། མཛངས་མའི་ཞལ་མཇལ་ཞིག་དང་གསུང་ཐོས་ཤིག་ཡོང་བའི་སྐྱབས་འཇུག་ད་ལྟ་ནས་ཞུས་བཞག་ཡོད། དེ་ལྟར་མ་ཡོང་ན་སྡིག་པ་ཆེན་པོ་བཀའ་བསྟན་འགྱུར་ཚ་འདོན་བྱས་ན་ཡང་འདག་ཐབས་མེད་པ་ཞིག་ཡོད་ནི་རེད་ཀོ

  54. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-12-23 at 12:35 am

    ཚེ་སྐྱིད་ལགས། ངེད་ཚོ་བསྐྱར་དུ་འཛོམས་ནས་ཁ་བརྡར།
    ཁྱེད་རང་ནས་ཧོ་གོ་ཡིན་ན་ཅིག་བཟོ་ཤེས་ལབ་ཡོད་བ། ཁོམ་པ་ཡོད་ན་གནམ་གཤིས་གྲང་མོ་འདིའི་ནང་ལ་་ཧོ་གོ་བཟོས་དང་ཟ་གི་ཡོང་གི་ཡིན།
    ཧོ་གོ་ཞིག་ཟ་ན་འདོད་ནས་སྡོད་མི་ཚུགས་གི་

  55. ཀླུ་སྨྱོན། says:
    2009-12-23 at 12:36 am

    སྐྲག་མི་དགོས། བླ་རྒན་རྒྱགས་ལུག་གྲོད་ཁོག་འོག་ནས་ལིང་ག་ཆུང་ཆུང་བྱིས་པའི་ཆུ་ཆུ་ཙམ་ཞིག་མངོན་པ། ཟ་འཕྲོ་འཐུང་འཕྲོ་ཐམས་ཅད་བྲང་ཁར་འགོས་པ། མཛེས་མ་ཞིག་རིག་ནས་སྐྱབས་གནས་དཀོན་མཆོག་གསུམ་པོའི་གྲངས་ཀ་ཡང་བརྗེད་འགྲོ་བ་ཞིག་ལས་སྐྲག་ས་འཇིགས་ས་ཅི་ཡང་ཅི་ཡང་མེད། བླ་རྒན་དེའི་རེ་བ་ཅི་ཞིག་ཡོད་ན་མ་བསྐོང་ཚེ་སྡིག་པ་ཆེན་པོ་ཤིག་གི་མཇེ་མགོ་ཙམ་ཞིག་ཁྱོད་ལ་ཡོང་གི་རེད།

  56. གཞོན་ནུ་ཟླ་མེད says:
    2009-12-23 at 12:37 am

    འ་ལགས་ཚང་། ད་གསང་སྤྱོད་སྤུ་གུ་དེའི་ནང་ལ་འཛུལ་མ་ཐུབ་ན་བཀོག་བཞག་ན་འགྲིག་ནི་རེད། ངའི་ལས་ཀ་དེ་འདྲ་རེད། མར་བཀོག་ཡང་གསར་བ་ཡར་བསྒར་དེ་འདྲ་རེད། མོ་ཁང་པ་གང་ཞིག་གི་ནང་ན་ཡོད་ན་ཡང་སྐྱོན་ཡོད་ནི་མ་རེད། ངའི་མགོ་ལ་ཁང་བཟོ་ཁྲེག་ཤིན་གི་བཀོན་རྒྱུའུ་དེ་བཀོན། དེ་ནས་ལག་ཁྱེར་འདྲ་བོ་དེ་གཅིག་བསྟན་དང་ན། ལས་ཁུངས་གང་ལ་ཡང་བཏང་གི་རེད། ཁྱོད་རང་གིས་ངའི་རོགས་པ་ཡིན་མདོག་མདོག་གིས་ངའི་རྗེས་ལ་འོག་མྱིག་ལིང་ལིང་ཤོག་ད་འགྲིག་ནི་རེད་། ཧཧ

  57. ཚེ་རིང་སྐྱིད། says:
    2009-12-23 at 12:38 am

    ང་སྤྱིར་གྲྭ་ལོག་ལ་དེ་ཙམ་དགའ་བོ་མེད། ཡིན་ཡང་ཁྱེད་བླ་ལོག་གྲྭ་ལོག་སྔགས་ལོག་ཚང་མ་ཡིན་ནི་འདྲ་ཞིག་ཡང་བླ་མ་གྲྭ་བ་སྔགས་པ་ཚང་མ་ཡིན་ནི་འདྲ་ཞིག མི་ཤེས་གི གང་ལྟར་ཕ་ཡུལ་གྱི་ཨ་ཁུ་ཞིག་ཐོན་ཐལ་ཟེར་ནས་སྔུན་ལ་འབུད་ནི་རེད། གྱོན་པ་སེར་བོ་གྱོན་ཡོད་ན་ཌེ་སེ་ནང་མ་སླེབས་པའི་སྔོན་ཕུད་རོགས། གྲྭ་ཆས་གཙང་མ་ཞིག་གྱོན་ནས་ཡོང་ན་ཡག་པོ་འདུག དེ་མ་གཏོགས་བླ་མ་ཡིན་ནམ་་གྲྭ་བ་ཡིན་་་་ཡང་སྔགས་པ་ཡིན་ག་རེ་ཡིན་པ་ཧ་མི་གོ་ནི་ཞིག་བྱོས་དང་སྔགས་རེ་ཅིག་བཏོན་མི་འགྲོ་བསམ་ནས་ཞེད་སྣང་ལངས་ས་རེད

  58. ཚེ་རིང་སྐྱིད། says:
    2009-12-23 at 12:40 am

    ཡ་་་ཆོག་གི་་་་་ཐེངས་འདིའི་གཟའ་འཁོར་ལ་བཟོས་མ་ཐུབ་ན་ཐེངས་རྗེས་མར་ང་ནེའུ་ཡོག་ལ་འགྲོ་དགོས། གཟའ་ཉི་མར་ལས་ཀར་འགྲོ་མི་དགོས་ན་ངས་སྐད་ཁོ་ཐག་ཡིན། དེ་དུས་ཁྱོད་ཀྱི་མྱི་རྡང་མ་ཡང་ཁྲིད་ནས་ཤོག

  59. ཚེ་རིང་སྐྱིད། says:
    2009-12-23 at 12:42 am

    དོན་བཀྲ་ལ་ལབ་པ་ཡིན

  60. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-12-23 at 12:43 am

    ངེད་ནས་ཀྱང་བྱང་ཨ་རིའི་བོད་རིགས་རྩོམ་པ་པོ་རྒན་པ་ཚོར་འབྲེལ་བ་བྱས་ནས་བསམ་ཚུལ་འགའ་ཕུལ་ན་འདོད།
    གཞན་དེ་རིང་སང་ཉིན་འཛོམས་ཐུབ་མི་ཐུབ་ཀྱི་དཀའ་ངལ་ཞིག་ཨེ་ཡོད་སྙམ། ལོ་གཅིག་ལ་ཐེངས་གཅིག་འདྲ་བོ་འཛོམས་ཐུབ་ཀྱི་རེད་དྲན།
    གལ་སྲིད་འཛོམས་མ་ཐུབ་པའི་དབང་དུ་བྱས་རུང་། འབྲེལ་བ་ཚང་མ་གློག་ྐླད་དང་ཁ་པར་བརྒྱུད་ནས་བྱེད་བདེ། ད་དུང་དུས་ཚོད་གཅིག་ལ་བརྒྱུད་ལམ་གཅིག་གི་སྒང་ལ་འཛོམས་ནས་ཁ་བརྡ་དང་གླེང་མོལ་། གྲོས་བསྡུར་སོགས་ཅི་ཞིག་བྱེད་དགོས་ཀྱང་བྱེད་ཐུབ་ནི་རེད་དྲན། བྱང་ཨ་རི་ལྟ་བུ་ཞིག་ནས་འདི་འདྲ་མི་བ་ན་གཞན་ག་བ་ནས་ཐུབ་ཀྱི་རེད་དམ། འདིའི་སྐོར་ལ་བསམ་བློ་ཞིབ་ཕྲ་ཞིག་གཏོང་གི་ཡིན།
    དེ་རིང་ཚེསྐྱིད་ཀྱིས་ང་ལ་གོ་རྒྱུ་ཅན་ཞིག་བཤད་འདུག ཁྱེད་ཀྱིས་ཧོ་གོ་དེ་བཟོས་དང་དེ་ནས་ང་ཚོས་ཁ་བརྡ་ལྷོད་ལྷོད་བྱེད། ད་གཉིད་གི་ཡིན།

  61. ཀླུ་སྨྱོན། says:
    2009-12-23 at 12:43 am

    མཛངས་མ་ལོ་ལོ་ཁྱོད་སྐྲག་བ་ཀི་མི་དགོས། ངས་འདོན་རྒྱུའི་སྔགས་ཆ་བོ་ནུས་པ་ཅང་ཡོད་ནི་མ་རེད། རྒྱུ་མཚན་ནི་སྔགས་འདི་ཚོ་ཁྱོས་ར་འདོན་ཤེས་ནི་རེད། ཨོྃ་མཛེས་མ་མཛེས་མ། མཛེས་མ་ཡོངས་རྫོགས་ང་ལ་དགའ་ན་ཅིས་མི་ཆོག མཛེས་མ་ཚང་མ་ང་ལ་དགའ་ན་ཅི་མ་རུང་སྭ་ཧྰ། དེ་ཙམ་རེད། ནུས་པ་ཅང་ཡོད་ནི་མ་རེད།

  62. གཞོན་ནུ་ཟླ་མེད says:
    2009-12-23 at 12:50 am

    ཕོ་གསར་སྟག་འདྲ་བོ་ཧོ་ཀོ་ཟ་གི་བུད་ཐལ། བླ་རྒན་གཉིས་ཀ་སྒོ་ནས་ལྷག་ཐལ། ཁ་ལྡག་གི་ལྡག་གི་མེ་སེ་ཀོ་ཟ་ཁང་ནང་ལ་འགྲོ་པ།

  63. ཀླུ་སྨྱོན། says:
    2009-12-23 at 12:52 am

    ཁྱོས་ར་འདོན་ཤེས་ནི་རེད་ཟེར་དོན་ནི་ཁྱོད་ཨ་ནེ་བྱེད་མ་མྱོང་བའི་བུ་མོ་ཞིག་གིས་གཟུངས་སྔགས་བརྒྱད་བརྩེགས་དགུ་བརྩེགས་དེ་ཚོ་འདོན་ཆེ་ཤེས་བསམས་ནས་ལབ་པ་ཡིན། གལ་སྲིད་ཁྱོད་ཨ་ནེ་ཞིག་ཡིན་རྒྱུ་ན་ང་ཁྱོད་སྡོད་སའི་དགོན་པ་དེའི་བ་རྫི་བྱས་ནས་མི་ཚེ་སྐྱེལ་དགོས་ན་ཡང་སྐྱེལ་ཐུབ་ས་རེད་ཀོ

  64. གཞོན་ནུ་ཟླ་མེད says:
    2009-12-23 at 12:52 am

    འ་རོགས། ད་འ་ལགས་ཚང་གི་སྔགས་བཏོན་མ་བཏོན་མེད་ཀི དེ་ལས་མེ་སེ་ཀོ་ཟ་ཁང་ནང་ང་སོང་ང་ནེ། ས་པ་ཏ་ཅིག་ཟོས་ནས་གཉིད་གི་སོང་ཡ།

  65. གཅན་བཟོད་རྒྱམ། says:
    2009-12-23 at 12:53 am

    དེ་རིང་འདི་ནས་མཛེས་མ་འགུག་པའི་སྔགས་ཙ་ཡ་མེད་བརྩམས་འདུག་གཱ ད་བསྡད་ཀིན་བསྡད་ཀིན་སྔགས་ར་སྣ་མིན་སྣ་ཚོགས་འདོན་རྒྱུ་ཡོད་རྒྱུ་རེད་ཡ།

  66. ཀླུ་སྨྱོན། says:
    2009-12-23 at 12:55 am

    རྒྱ་སྐད་དུ་ཧོ་ཟེར་ན་ཚ་བོ་ཞིག་ཡིན་པ། ཀོ་ཟེར་ན་བོད་སྐད་དུ་ཀོང་ཀོང་ཞེས་པའམ་ཡང་ན་གོར་གོར་ཞེས་པ་དེ་བསྡུས་པ་རེད། ཕྱོགས་བསྡུས་བྱས་ན་ཚ་བོ་ཡང་ཡིན་པ་ཀོང་ཀོང་ངམ་གོར་གོར་ཡང་ཡིན་པ་དེ་མཛངས་མས་བཟོ་ཤེས་ཀྱི་ཡོད་ས་རེད། ཨ་ཤུ་རེ་ཁོ། ད་རེས་ཀྱི་ཚེ་འདི་ཟོ་ཆི་ཟིག་ཡིན་ན། འདི་མོའི་ཧོ་ཀོ་བཟའ་རྒྱུའི་སྐལ་བ་ཞིག་ཀྱང་འདི་ལོར་བསླེབས་དུས་མ་གཏོགས་རག་མ་སོང་། ཨ་ཆུ་ཆུ་ཆུ། གནམ་གཤིས་གྲང་མོ། ཨ་ཤུ་རེ་ཁོ། ཧོ་ཀོ་ཚ་བོ།

  67. ཚེ་རིང་སྐྱིད། says:
    2009-12-23 at 12:58 am

    དེ་ཟེར་བ་ཡིན། བསྡད་ཀྱིན་སྔགས་མིན་པ་་་བོད་ཡིག་ལ་ཡང་མི་རྩི་བ་ཞིག་ལ་ང་ཚོས་བྲིས་ནས་ཡོང་ས་རེད། ཁྱིམ་མཚེས་ཐེ་ཝན་བུ་མོ་དེ་ཡིས་དེ་དགོང་ནི་ཁོང་ཚོའི་དུས་ཆེན་ཞིག་རེད་ཟེར་ནས་ཟ་ལ་ཙག་གེ་ཙིག་གེ་མང་བ་ཞིག་ཁྱེར་ནས་ཡོང་ནས་འུར་རྒྱབ་ནས་ཉལ་དུ་ཡང་མི་འཇུག་་་་བླ་མས་ཆོས་བཏོན་ནས་་་སྔགས་པས་སྔགས་བགྲངས་ནས་་་་གྲྭ་བས་ཁ་དོན་གྱོར་ནས་དེ་དགོང་ཡིན་ན་ལྟད་མོ་མང་གི་

  68. ཚེ་རིང་སྐྱིད། says:
    2009-12-23 at 1:00 am

    ཟས་སྣ་་་བཅོས་

  69. ཀླུ་སྨྱོན། says:
    2009-12-23 at 1:02 am

    ཐེ་ཝན་བུ་མོ་དེ་ནང་ཆོས་ལ་དགའ་མཁན་ཞིག་ཨེ་རེད། ཡིན་ན་ཐེ་ཝན་བུ་མོ་ཚོ་བོད་ཀྱི་བླ་མ་སྤྲུལ་སྐུ་ཟེར་དུས་སྨྱོ་འགྲོ་ནི་རེད། དོ་དགོང་ད་ངོ་མ་མདའ་གཅིག་གིས་ཤྭ་བོ་གཉིས་གསོད་ཐུབ་ནི་མིན་ནམ། ཆོས་སྐྱོང་སྲུང་མ། ཡུལ་ལྷ་གཞི་བདག ཡོད་ན་དེ་རིང་། མེད་ན་དེ་རིང་།

  70. ཀླུ་སྨྱོན། says:
    2009-12-23 at 1:04 am

    ཐེ་ཝན་ཞི་མོ་འདི་ཚོའི་སྐོར་ཞིག་གིས་དང་པོར་ནང་ཆོས་ལ་དད་པ་ཡོད་མདོག དེ་ནས་བླ་མ་ལ་བརྩི་བཀུར་ཡོད་མདོག དེ་ནས་བླ་མ་ལ་དད་ཡོད་མདོག དེ་ནས་བླ་མ་ལ་བརྩེ་བ་ཡོད་མདོག མཐའ་མར་བླ་མའི་ལུས་ཟུངས་ཡོད་ཚད་འཇིབས་ནས་བླ་མ་ཡི་དྭགས་གསོན་པོ་འདྲ་བོ་ཞིག་བཟོས་རྗེས་ཡང་བླ་མ་གཞན་ཞིག་འཆའ་གི་འགྲོ་ནི་རེད་ཟེར་གི

  71. ཚེ་རིང་སྐྱིད། says:
    2009-12-23 at 1:06 am

    ཧོ་གོ་ཟེར་བ་རྒྱ་སྐད་རང་རེད། དེ་སྒྲ་སྒྱུར་རང་བྱས་པ་རེད་བསམ་གྱིན་འདུག 火锅ཟེར་བ་འདི་བོད་སྐད་ནང་སྒྲ་ཐད་བསྒྱུར་བྱས་པ་ཡིན་ས་རེད། 火ནི་མེ་དང་ཚ་བོའི་དོན་དང锅་ནི་སླང་ང་ལ་ཟེར་བ་ཡིན་ས་རེད། གང་ལྟར་ཁ་ཚ་བ་ཡིན་པའམ་ཡང་ན་ཚ་བོའི་དོན་གང་ཡིན་ཡང་ཁ་ཚ་ལ་དྲོད་ཚད་ཀྱང་ཚ་བོ་ཡོད་པའི་ཁུ་བའི་ནང་དུ་སྔོ་ཚལ་མང་པོ་གཡུག་ནས་ཟ་དགོས་པ་ཞིག་ལ་ནི་རེད། ཟས་རིགས་འདི་ཡིས་འཕྲོད་བསྟེན་ལ་ཧ་ཅང་གནོད་ཀྱིན་འདུག

  72. ཚེ་རིང་སྐྱིད། says:
    2009-12-23 at 1:08 am

    འུ་ཚང་གི་བླ་མར་ཉམས་མྱོང་ནི་ཡོད་ཀི་ར། ངའི་ཁྱིམ་མཚེས་ཐེ་ཝན་བུ་མོ་འདི་ང་དང་ལས་ཀ་བྱེད་སའི་ལས་ཁུངས་གཅིག་པ་རེད། ཆོས་མེད་སྨྲ་བ་བོ་ཡིན་ཟེར། ཡིན་ཡང་རྒྱ་ནག་ཟེར་ན་འདྲེ་ལྟ་བུ་ལ་བརྩི་གིན་འདུག

  73. ཀླུ་སྨྱོན། says:
    2009-12-23 at 1:12 am

    ཡ་ད་སྒྲེ་སེ་ལ་ཡོང་ནས་ཏོག་ཙམ་རེ་བསྡད་ནས་ཚེ་སྐྱིད་ཀྱི་རྩིབས་ནས་རྒྱ་ཡིག་རྒྱ་སྐད་རེ་ཡང་སྦྱོང་ན་འདོད། ཐེ་ཝན་ཞི་མོ་དེར་ཆོས་བཤད་བརྒྱབ་ནས་རང་གི་སློབ་མ་ཆགས་སུ་བཅུག་རྗེས་ཁྲིད་ནས་ཡོང་ན་འདོད། ཤུ་རེ་ཁོ། མོས་ཆང་ས་བརྒྱབ་ཨེ་འདུག ལོ་ཚོད་མ་ཚོད་ཟོ་ཤར་ར་ཧོངས། ཤ་འཇམ་པོ་ཞིག་ཡོད་ན་དེས་ཆོག

  74. གཞོན་ནུ་ཟླ་མེད says:
    2009-12-23 at 1:15 am

    ད་སྔོ་ཚལ་གཅིག་བུ་ག་ལ་ཡིན། མཚོ་ཟས་ཤ་མིས། སྤང་ཟས་ཤྭ་མོ་ཞིབ་ཞིབ། ཞིང་ཟས་སྔོ་ཚལ། ད་རུང་ཟོག་ཤ ར་ཤ་ཡང་འགྲིག ད་རུང་ཕིན། ད་དེ་རྗེས་མ་ཟིག་ཀ འཛོམས་དུས་ཟིག་ཀ ངས་ཁྱོད་ཚོ་ཚང་མ་ལོ་སྐད་གཏོང་། འ་ལགས་ཚང་གི་དེ་དུས་ད་རྒུན་ཆང་འཐུང་གི་འཐུང་གི་སྙན་ངག་ཟིག་སྐྱོར་གོ

  75. ཀླུ་སྨྱོན། says:
    2009-12-23 at 1:16 am

    སྔོན་མར་ངས་འདི་ནས་ཨ་མདོའི་གསར་རྒོད་གཡག་རྒོད་འདྲ་བོ་གཉིས་ཁྲིད་ནས་རྒྱ་རྒན་ཚང་གི་ཟ་ཁང་ཞིག་ལ་ཧོ་ཀོ་བཟའ་རུ་སོང་བ་ཡིན། ཟ་ཁང་སྦྱིན་བདག་གིས་གསར་རྒོད་གཉིས་མཐོང་རྗེས་ཧང་སངས་སོང་། ཧོ་ཀོ་ལ་སྡེབས་རྩིས་རྒྱག་པ་ཡིན་པས་རྒྱ་རྒན་གྱིས་གསར་རྒོད་འདི་གཉིས་ཀྱིས་ཆི་མོ་ཟིག་བཟའ་རྒྱུ་རེད་བསམས་ནས་སེར་སྣ་ཤོར་སོང་བ་འདྲ། ང་ཚོས་ཀྱང་དེ་ཤེས་ནས་ཆུ་ཚོད་བཞིའི་རིང་ལ་ཡང་ནས་སྐྱར་དུ་འདི་ཁྱེར་དང་གན་ཁྱེར་ཤོག་ལབ་ནས་ཅིག་ཟོས་པ་ཡིན། མཐའ་མར་ཡར་ལངས་ཐུབ་ལ་མི་ཐུབ་པའི་ཚོད་ཅིག་ནས་མཚམས་བཞག་པ་ཡིན། རྒྱ་རྒན་དེ་ཚང་ཉི་མ་དེར་བཅོམ་བཞག་པ་ཡིན་། སྡིག་པ་ཡོད་པ་རེད་ད། རྗེས་མར་དེ་ལྟར་བྱེད་ཀི་མིན། མཛངས་མའི་ཧོ་ཀོ་ཡང་ཞིམ་པོ་དང་ཚ་བོ་ཞིག་ཡིན་ན་ཞག་གང་ལ་བཟའ་གི་ཡིན་ད། དེ་དུས་སྡིག་པ་མ་པ་ཟོ་འདང་རྒྱག་གི་མིན།

  76. ཚེ་རིང་སྐྱིད། says:
    2009-12-23 at 1:17 am

    ཆང་ས་བརྒྱབ་མི་འདུག་ལ་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ནས་སློབ་མཐར་ཕྱིན་པ་རེད་འདུག
    སློབ་སྦྱོང་བྱེད་དུ་ཡོང་ཡོད་པའི་དགའ་རོགས་ཤིག་འདུག་ལ་ད་ལྟ་དགའ་རོགས་གུང་སེང་རེད་ཟེར་ནས་མོའི་འཁྲིས་སུ་ཡོང་འདུག
    དེ་ཁྱོད་ལ་ཁྱད་པར་ཅན་གྱི་སྔགས་འདྲ་བགྲངས་རྒྱུ་ཡོད་ན་ནི་གནས་ཚུལ་དམིགས་བསལ་བ་རེད་མ་གཏོགས་རེ་བ་་ཡོད་མེད་མི་ཤེས་ཀི་

  77. གཞོན་ནུ་ཟླ་མེད says:
    2009-12-23 at 1:18 am

    འ་འ་འ། དེ་རིང་ད་འ་ལགས་ཚང་ང་ལྷ་བབས་དང་ཐ། འ་ལགས་དྲིན་ཆེན་པོ། ད་མཚམས་ཟིག་མ་བཞག་དུས་ཁྱོས་སྐྱུག་རྫོགས་ས་རེད་ཀོ

  78. གཅན་བཟོད་རྒྱམ། says:
    2009-12-23 at 1:19 am

    ཧོ་ཀོ་ལ་བོད་སྐད་དུ་རྫ་ཚོད་ཟེར་གྱི་རེད། འདི་ལོ་ངོ་སྟོང་གི་བོད་ཀྱི་ཐ་སྙད་རྙིང་པ་ཡིན། འོན་ཀྱང་དེང་སང་རྟ་ཐོག་བ་མ་ཡིན་ན་ཅིག་ཟེར་གིན་འདུག་གཱ། ང་ཚོ་རྡ་སའི་ཨ་མདོ་གྲོང་ཁྱེར་དུ་འགྲོ་སའི་ལམ་ཁར་ཟ་རྒྱུ་ཡོད།

    ཨ་ཅེ་ཚེ་རིང་ལགས། དག་ཆར་ཅུང་དོ་སྣག་གནང་རོགས།

  79. ཚེ་རིང་སྐྱིད། says:
    2009-12-23 at 1:20 am

    རྒུན་ཆང་མངར་མོ་མང་པོ་འཐུང་་ཡོད་ས་རེད

  80. ཀླུ་སྨྱོན། says:
    2009-12-23 at 1:22 am

    ཡ་ད་ཡང་མོ་འགུག་གི་གཟུངས་སྔགས་ཁྱད་པར་ཅན་ཞིག་རྩོམ་དགོས་སོང་། ག་རེ་གོ ཨ་རེད། ཨོཾ་རྒྱ་མོའི་སྙིང་ལ་མ་ར་ཡ། རྒྱ་མོའི་རྐུབ་ལ་མ་ར་ཡ། རྒྱ་མོ་ཐམས་ཅད་ང་ལ་དགའ་བར་ཤོག རྒྱ་མོ་ཡོངས་རྫོགས་ང་ལ་འཁྱུད་པར་ཤོག རྒྱ་མོའི་སྙིང་རྩ་ནས་ཁུག་ཅིག རྒྱ་མོའི་བརླ་རྩ་ནས་སྡོམས་ཤིག་སྭ་ཧྰ། འདིས་མི་ཁུག་པའི་རྒྱ་མོ་ཞིག་ཡོད་ན་དེ་འདྲེ་མོ་ཞིག་ཡིན།

  81. ཚེ་རིང་སྐྱིད། says:
    2009-12-23 at 1:29 am

    རེད་དམ། གོང་ནས་བྲིས་པ་མང་པོ་ཞིག་ཁ་སྐད་རང་གི་རྣམ་པས་བྲིས་ཏེ་ཚིག་ལྷག་མང་པོ་བྲིས་ཡོད། དེ་ནི་གཞི་ནས་སྐད་ཆ་བཤད་ཀྱིན་ཡོད་པའི་ཚོར་བ་འདུག གང་ལྟར་དག་ཆར་དོ་སྣང་མ་བྱས་པས་དགོངས་དག དག་ཆར་ལྟ་མཁན་ཡོང་ཡོད་ན་ད་ང་འགྲོ་གིན་ཡིན།
    ད་རུང་སློབ་གྲོགས་དོན་བཀྲ་ཡིས་ཧོ་ཀོ་ཟེར་ནས་བཤད་སྐབས་ང་ཚོས་དེར་བརྗོད་ཀྱིན་ཡོད་པ་ལས། ལོ་ངོ་སྟོང་ཕྲག་ལ་ཡོད་པའི་བོད་པའི་ཐ་སྙད་དེའི་སྐོར་བཤད་ཀྱིན་མེད། རྫ་ཚོད་ཟེར་བའི་མིང་ཚིག་འདི་ཧོ་ཀོ་ཡིན་ན་དེ་རིང་ནས་དེ་རང་བེད་སྤྱོད་གཏོང་གི་ཡིན། མ་ཟད་ཧོ་ཀོ་ཟེར་བ་དེ་བོད་པར་ལོ་ངོ་སྟོང་ཕྲག་གི་སྔོན་དུ་ཡོད་པ་ཡིན་ན་དེ་ལས་ཀྱང་དགའ་འོས་པ་ཞིག་རེད་ལ། དེ་ན་དེ་མ་གཞི་ང་ཚོའི་ཟས་རིགས་ཤིག་ཡིན་ཡང་སྲིད། ཁྱེད་ཀྱིས་བཤད་སྟངས་ལ་ལྟོས་ན།
    ཕ་ཡུལ་དུ་ཁ་སྐད་སྲུང་སྐྱོབ་ཚོགས་པ་ཞེས་པ་བཙུགས་ནས་ས་ཁུལ་སོ་སོའི་ཡན་ལག་རྣམས་ཀྱིས་དེར་བསྟུན་གྱི་ཚོགས་འདུ་དང་ལས་འགུལ་སྤེལ་གྱིན་འདུག་ཟེར་ལ། ཡང་ནམ་རྒྱུན་གྱི་གློག་ཀླད་དང་འཕྲུལ་ཆས་ཀྱི་ཅ་ལག་མང་པོ་ཞིག་ལ་ཡང་ཐ་སྙད་གཏན་འབེབས་ཀྱིས་དེབ་བཀྲམས་ཀྱིན་འདུག་ཟེར།
    ད་སོ་མ་གྲོགས་པོ་ཞིག་གིས་བརྗོད་ན་ཁོས་ཀྱང་ཕ་སྐད་སྲུང་སྐྱོབ་ཚོགས་པ་དང་ལྷན་དུ་གཞས་ཀྱི་འོད་སྡེར་ཞིག་བཟོ་གིན་ཡོད་ཟེར། དེ་བས་ང་ཚོས་ཀྱང་འགྲོ་ཞོར་འདུག་ཞོར་ནས་ཁ་ལྟ་མིག་ལྟ་བྱ་དགོས་པ་གལ་ཆེན་པོ་ཡིན་པས་དྲ་གྲོགས་གཅན་བཟོད་རྒྱམ་ནས་དྲན་སྐུལ་གནང་བ་བཀའ་དྲིན་ཆེ

  82. ཚེ་རིང་སྐྱིད། says:
    2009-12-23 at 1:35 am

    ད་མཚན་གུང་ཆུ་ཚོད་དང་པོ་ཟིན་ལ་ཉེ། ཞོགས་པ་སྔ་བོ་ཆུ་ཚོད་ལྔ་བ་ནས་ཡར་ལངས་དགོས། དེ་དགོང་དྲ་གྲོགས་ཚོ་དང་མཉམ་དུ་སྐྱིད་པོ་བྱུང་ལ། ཉིན་རྟག་པར་གནས་ལུགས་དང་རྒྱབ་ལྗོངས་ཡོད་མེད་གང་ལྟར་རུང་མི་ཚང་མས་ཆབ་སྲིད་དང་ལྟ་བ་ཟེར་ནས་བཤད་ཁུལ་གྱིསརང་གིས་རང་ཉིད་སྡུག་ལ་གཏད་ནས་བསྡད། ་མཚམས་ལན་རེར་འདི་ལྟར་ཕན་མི་ཐོགས་ལ་གནོད་ཀྱང་མི་སྐྱེལ་བའི་ཁ་བརྡ་རེ་བྱེད་ན་སེམས་པ་ལྷོད་ཡངས་ཀྱི་ཚོར་སྣང་རེ་སྟེར་གྱིན་འདུག

    ཁ་བརྡ་ཚང་ལ་བཀའ་དྲིན་ཞུས་པ་ཡིན།

  83. རྩམ་དགའ་ says:
    2009-12-23 at 1:37 am

    མཛེས་མ་ཚེ་རིང་སྐྱིད་ནས་ང་ལ་ཅུང་མ་དགའ་བའི་རྣམ་འགྱུར་བསྟན་ཡོད་ཀིན་ར།

  84. གཅན་བཟོད་རྒྱམ། says:
    2009-12-23 at 1:37 am

    ཁ་ནང་ང་མི་བདེ་ནོ་སྔགས་འདི་མོ་འདི་བཏོན་ན་མི་འདོད་ཀི ད་དུང་རིང་དྲག་སོང་ཟིག

  85. ཀླུ་སྨྱོན། says:
    2009-12-23 at 1:40 am

    བདེ་མོ་གཅིག་ག་བདེ་མོ་བྱོས། །ཁྱོད་བོད་ཀྱི་མཛངས་མ་བདེ་མོ་བྱོས། །ངས་བདེ་མོ་འཇོག་འདོད་མེད་ན་ཡང་། །ནམ་གུང་གི་དུས་ཚོད་ཞེ་ནག་འདིས། །ངས་བདེ་མོ་མི་འཇོག་ཐབས་མེད་བཟོས། །སྨན་སྨྱུག་རྩལ་འཛོམས་པའི་ཚེ་རིང་སྐྱིད། །སྨན་འབྲུག་མོ་འདྲ་བའི་རྩེད་རོགས་སྐྱིད། །ཁྱོད་ཡང་དང་རིམ་པས་རྩེད་ཀི་ཤོག །ང་ཁ་འཁྱམ་ཞི་ལི་ཀླུ་སྨྱོན་འདི། །ནམ་ཡིན་རུང་རྩེད་ཀི་ཐོན་ན་ཡ། །

  86. ཚེ་རིང་སྐྱིད། says:
    2009-12-23 at 1:40 am

    བླ་མ་ཀླུ་སྨྱོན་ཟེར་བས་རྒུན་ཆང་མངར་མོ་འཐུང་ནས།།
    མ་ཐོས་གསང་སྔགས་གདམས་པས་ལུང་དང་བྱིན་རླབས་སྦྱིན་སོང་།།

    གཞོན་ནུ་ཟླ་མེད་ཟེར་བས་ཁ་དང་ཁུག་གི་བར་ནས།།
    ཀུ་རེ་གཏམ་ལ་འདྲེས་པའི་དགོད་ཁ་མང་པོ་བསླངས་སོང་།།

    གར་ཡོང་འདིར་ཡོང་མེད་པའི་དྲ་གཅན་བཟོད་རྒྱམ་ཟེར་བས།།
    དག་མ་མི་འདུག་ཟེར་ནས་བཀའ་སྐྱོན་བཙན་པོ་གནང་སོང་།།

  87. ཚེ་རིང་སྐྱིད། says:
    2009-12-23 at 1:43 am

    བླ་མ་ཀླུ་སྨྱོན་ཟེར་བས་རྒུན་ཆང་མངར་མོ་འཐུང་ནས།།
    མ་ཐོས་གསང་སྔགས་གདམས་པས་ལུང་དང་བྱིན་རླབས་སྦྱིན་སོང་།།

    གཞོན་ནུ་ཟླ་མེད་ཟེར་བས་ཁ་དང་ཁུག་གི་བར་ནས།།
    ཀུ་རེ་གཏམ་ལ་འདྲེས་པའི་དགོད་ཁ་མང་པོ་བསླངས་སོང་།།

    གར་ཡོང་འདིར་ཡོང་མེད་པའི་དྲ་གཅན་བཟོད་རྒྱམ་ཟེར་བས།།
    དག་ཆ་མི་འདུག་ཟེར་ནས་བཀའ་སྐྱོན་བཙན་པོ་གནང་སོང་།།

    ཁྲེལ་དང་ངོ་ཚ་མེད་པའི་བུ་མོ་ཚེ་སྐྱིད་ང་ཡིས།།
    ཁ་རྫོབ་ཚིག་རྩོག་བཤད་པར་སྙིང་ནས་ཐོ་ལོ་བཤེགས་སོ།།

  88. ཚེ་རིང་སྐྱིད། says:
    2009-12-23 at 1:48 am

    བླ་མ་ཀླུ་སྨྱོན་ཟེར་བས་རྒུན་ཆང་མངར་མོ་འཐུང་ནས།།
    མ་ཐོས་གསང་སྔགས་གདམས་པས་ལུང་དང་བྱིན་རླབས་སྦྱིན་སོང་།།

    ཨ་ལུའུ་སྒག་ཆུར་དགའ་བའི་རྩམ་དགའ་ཁ་ནག་དེ་ཡིས།།
    མོ་ཌ་ཆག་གོ་སྐོར་ནས་ཌི་སིར་ཡོང་གི་ཡིན་ཟེར།།

    གཞོན་ནུ་ཟླ་མེད་ཟེར་བས་ཁ་དང་ཁུག་གི་བར་ནས།།
    ཀུ་རེ་གཏམ་ལ་འདྲེས་པའི་དགོད་ཁ་མང་པོ་བསླངས་སོང་།།

    གར་ཡོང་འདིར་ཡོང་མེད་པའི་དྲ་གཅན་བཟོད་རྒྱམ་ཟེར་བས།།
    དག་ཆ་མི་འདུག་ཟེར་ནས་བཀའ་སྐྱོན་བཙན་པོ་གནང་སོང་།།

    ཁྲེལ་དང་ངོ་ཚ་མེད་པའི་བུ་མོ་ཚེ་སྐྱིད་ང་ཡིས།།
    ཁ་རྫོབ་ཚིག་རྩོག་བཤད་པར་སྙིང་ནས་ཐོ་ལོ་བཤེགས་སོ།།

  89. ཀླུ་སྨྱོན། says:
    2009-12-23 at 1:50 am

    མཐའ་མ་དེ་ལ་མཛངས་མའི་ཁ་པར་ཨང་གྲངས་ཤིག་སློང་ན་འདོད་ཀི དེ་ནས་ད་ཉལ་ན་འདོད་ཀི

  90. གཞོན་ནུ་ཟླ་མེད says:
    2009-12-23 at 1:51 am

    ཡ་ད་ང་བདེ་མོའི་རྗེས་ལ་ལྷག་སོང་ཟིག ལྟད་མོ་ལ་གཅིག་བལྟས་ནས་བའི་ཤུལ་ནས་གྲོགས་པོ་ཚང་མ་བུད་སོང་ཟིག་པ།

  91. གཞོན་ནུ་ཟླ་མེད says:
    2009-12-23 at 1:54 am

    འ་འ་འ་ལགས་ཚང་། ད་ཁྱོད་སྤོབས་པ་ཆེ་རུ་ཆེ་རུ་ཡིན་ནོ་ཆི་ཟིག་མ་འགྲིག་ནི་རེད། མོའི་ཁ་པར་དགོས་ན་རྗེས་སུ

  92. རྩམ་དགའ་ says:
    2009-12-23 at 1:58 am

    ཚེ་རིང་སྐྱིད་ནས་བཤད་ནོ་བདེན་ཡཱ། ང་ཧོ་གོ་ལ་དཔེ་མེད་དགའ་ནི་རེད་དེ། དེས་མི་ཉན་ཡཱ།
    ཁ་ཚ་ནོ་མི་ཚད་རྐུབ་ཚ་ནས་མི་ཉན་གོ ལྷག་པར་དུ་བུ་མོ་ཆ་བོས་ད་ཟ་མི་ཉན།
    ཧ་ཧ་ཧ།

  93. གཅན་བཟོད་རྒྱམ། says:
    2009-12-23 at 3:12 am

    ངས་ཁྱོད་ལ་དག་ཆར་ཅུང་ཙམ་གཟབ་གནང་རོགས་ཟེར་བ་ལས། བཀའ་བཀྱོན་འདྲ་བྱས་མེད་དཱ་ཡང་། མཛངས་མར་བཀའ་བཀྱོན་བྱས་ཚེ་ཨ་ལགས་བླ་མས་ཁྱོད་ལ་ལ་གཞས་ལེན་གི་མི་འདུག་གེ འདིས་ང་ལ་ངན་སྔགས་འདྲ་བཏོན་དང་ན་ཅི་ཡེད་ཀོ་ནེ། ངས་ཀྱོད་བཀའ
    ་བཀྱོན་འདྲ་གཏོང་གིན་མེད་ལོ།

  94. ཀླུ་སྨྱོན། says:
    2009-12-26 at 12:38 am

    ཁ་སང་མཛེས་མས་ང་ལ་ལན་ཞིག་སྟེར་རྒྱུ་བྱས་ཡོད་ཀྱང་དེ་རིང་གོ་ཐོས་མི་འདུག །དེབ་དེའི་སྐོར་ནས་ཡིན། གསལ་བོ་མ་བྱས་ན་ཡང་མྱི་རྐྱང་འདི་ཚོ་གཉིད་མི་ཡོང་།

  95. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-12-26 at 1:14 am

    དེབ་དེ་འབྱོར་མི་འདུག་་་

  96. ཀླུ་སྨྱོན། says:
    2009-12-26 at 1:24 am

    ཁྱོས་ཇི་ལྟར་ཤེས། མཛེས་མས་བཤད་སོང་ངམ། ཁྱོད་མཛེས་མའི་ནང་ན་ཡོད་ནི་མིན་ནམ། ཡུམ་ཕྲག་དོག་མི་ཟ་གི་ན།

  97. ཀླུ་སྨྱོན། says:
    2009-12-26 at 1:25 am

    གལ་སྲིད་ཁོ་ལ་མ་འབྱོར་ན་ཕྱིར་ཡོང་གི་རེད་དེ་ཕྱིར་ཡོང་མི་འདུག ལག་པ་རིང་བ་ཞིག་གིས་ཁྱེར་སོང་བ་ཡིན་ནམ།

  98. ཀླུ་སྨྱོན། says:
    2009-12-26 at 1:27 am

    ངའི་མྱིག་ལམ་ལ་འདྲི་མིན་མི་འཆར་གི་ན་སྡིག་པ་འཁུར་ནི། སྐྲ་ལན་བུ་རྒྱབ་ལ་འཕངས་ནས། མྱི་ཁྲ་རིལ་སྐད་ལ་འཁོར་ནས། ད་མི་བཤད།

  99. ཚེ་རིང་སྐྱིད། says:
    2009-12-26 at 11:56 am

    ཨ་ཁུ་ཁ་བ་ནག་པོ་ལགས། སློབ་གྲོགས་ངའི་ནང་དུ་ཡོད། ཧོ་ཀོ་ཟ་གིན་འདུག་་་་ཝུ་ཆང་གིས་ཀྱང་བཟི་འདུག་་
    ངས་དུས་བབ་ཀྱི་བགྲོ་གླེང་གི་ཅིག་འབྲི་ཁུལ་བྱེད་ཀྱིན་ཡོད།
    ཁོས་ཤ་ཟ་བཞིན་ཀླུ་སྨྱོན་མི་ཡོང་གཱ་ཟེར་གིན་འདུག

  100. གཞོན་ནུ་ཟླ་མེད says:
    2009-12-26 at 2:47 pm

    ཨ་རོགས་ཀླུ་སྨྱོན་དང་ཚེ་རིང་སྐྱིད། དུས་བབས་ཟིན་བྲིས་དེར་མཆན་འདེབས་སྟངས་དང་ཟིན་བྲིས་འབྲི་སྟངས་ཅིག་ཤོད་དང་། དེ་རིང་མ་གཏོགས་མཐོང་མ་སོང་། དེ་ན་ཡང་རྒྱག་རེ་རྒྱག་ས་མང་གི་ཡ། ང་དེར་རྒྱག་རེ་ཟིག་རྒྱག་གི་འགྲོ་དགོས་གི་ལ། འགྲོ་སྟངས་ཅིག་ཤོད་དང་།

  101. ཀླུ་སྨྱོན། says:
    2009-12-26 at 2:54 pm

    དང་པོར་དུས་བབ་ཟིན་བྲིས་ཚང་ལ་ཡི་གེ་བསྐུར་ནས་ཐོ་འགོད་བྱོས། དེ་ནས་མི་འགོར་བར་བརྡ་ལན་ཞིག་ཡོང་གི་འདུག ཉི་མ་དེ་ནས་བཟུང་སྟེ་དུས་བབ་ཚང་གི་མགྲོན་པོ་ཉན་སོང་ནི་རེད། དེ་རུ་སོང་ན་ཡང་མཛེས་མ་ཚེ་རིང་སྐྱིད་མ་གཏོགས་ཅང་ང་ཐུག་རྒྱུ་མི་འདུག བླ་རྒན་འདི་ནས་སྡོད་དང་ཁེ་བཟང་མང་གི་ཡ། དེ་ན་གསར་བུ་མང་དྲགས་ནས་མཛེས་མ་ཟོ་རྗེས་མ་དགོས་རྡུལ་ཡང་འདྲེས་ས་ཟིག་ན་མེད་ཀི

  102. ཀླུ་སྨྱོན། says:
    2009-12-26 at 2:56 pm

    མི་འདྲ་ས་ཞིག་ནི་དུས་བབ་ཚང་ནས་རང་གིས་ཟིན་བྲིས་གཉེར་ནས་རང་གི་རྩོམ་ཡིག་རང་གིས་སྤེལ་ཐུབ་པ་དེ་རེད།

  103. གཞོན་ནུ་ཟླ་མེད says:
    2009-12-26 at 3:02 pm

    ཀླུ་སྨྱོན་གསལ་བོ་ཟིག་ཤོད་དང་། ཡང་མིན་ན་ཁ་པར་ཟིག་ཐོང་ང་ཤོད་དང་། ང་དུས་བབ་ཚང་ང་འགྲོ་དོན་ཡང་མཛེས་མའི་ཆེད་དུ་ཡིན། དེ་ན་མཛེས་མའི་ཁྱིམ་གཞི་འདུག ཁ་བརྡ་ནང་ནས་འབྲོང་མགོར་རྡོ་དེ་ཚོས་མོ་བདའ་རྒྱུ་ནས་འདྲ་ཟིག་རེད།

  104. ཀླུ་སྨྱོན། says:
    2009-12-26 at 3:09 pm

    ངའི་ལས་འདི་ཆི་ཟིག་ཡིན་ནས་ན། གཞུང་ཆེན་བཀའ་པོད་ལྔ་ཐོགས་པ་མེད་ནས་ཡིག་ཕྲེང་གཅིག་གཉིས་ལ་གོ་བ་རྡུགས་པའི་གྲོགས་པོ་ཟོ་ར་ཡོད་ཀི ཨ་ཡོ་ཤེ། དུས་བབ་ཚང་གི་ཁ་བྱང་སྟེང་དུ་ངས་ཟིན་བྲིས་ཤིག་གཉེར་ན་འདོད་ཀི་ང་ལ་ས་མིག་ཅིག་སྟེར་རོགས་ཞེས་ཧི་གཟུགས་ཀྱིས་བྲིས་ནས་སྐུར་དང་རིང་མིན་བརྡ་ལན་ཞིག་ཁྱོའི་གློག་ཡིག་གི་ནང་དུ་ཡོང་གི་འདུག དེ་སུ་ཁྱོད་ལ་གསང་ཨང་ཞིག་སྤྲད་ཡོང་བསམས་སོང་། དེ་ནས་གསང་ཨང་དེ་བེད་སྤྱོད་ཀྱིས་དུས་བབ་ཟིན་བྲིས་སུ་སོང་ནས་རང་གི་ཟིན་བྲིས་གསར་བ་དེ་གཉེར་ཐུབ་ཀི་རེད། དང་པོར་ཁོང་ཚོར་ཡི་གེ་ཐོངས། དེ་ནས་ཟིན་བྲིས་ཀྱི་མགོ་རྔ་བར་གསུམ་ངས་ཁྱོད་ལ་གླ་ཆ་ཉུང་ཉུང་ཞིག་གི་སྟེང་ནས་རོགས་པ་བྱེད། ད་ཧྲ་ག ནང་གཏམ་བཤད་ན་ཁྱོད་ཅིག་ག་བུད་སོང་ན་ངའི་མཛེས་མ་སྐྲག་ས་འཇིགས་ས་གཅིག་ཇེ་ཉུང་དུ་བུད་སོང་ནི་རེད། འདི་ཡང་ངས་མདང་དགོང་སྔགས་ཆ་རེ་བཏོན་ནོའི་ནུས་པ་རེད། ལོས་ཡིན། ཆོས་སྐྱོང་འདི་མོ་བཙན་པོ་ཟིག་ཡོད་ནི་རེད། ད་བླ་རྒན་གྱི་སྙིང་རྩ་བསྒུལ་འདུག ཡ་ད་ཆོས་སྐྱོང་ལ་གསེར་སྐྱེམས་ཟིག་གཏོང་གི་འགྲོ་དགོས་སོང་། དེ་ནས་ཐུག་ཡ། སེམས་ཆུང་བྱོས། ཆོས་སྐྱོང་བཙན་ནི་རེད་ཡ།

  105. ཀླུ་སྨྱོན། says:
    2009-12-26 at 3:17 pm

    གལ་སྲིད་ཟིན་བྲིས་གཉེར་ན་མི་འདོད་པར་མཆན་འདེབས་པ་ཙམ་ཞིག་བྱེད་ན་འོག་གི་ཁ་བྱང་དེའི་ནང་དུ་སོང་ནས་རེའུ་མིག་དེ་ཚོའི་ནང་དུ་ཐོ་འགོད་བྱོས།
    http://www.tibettimes.net/register.php

  106. གཞོན་ནུ་ཟླ་མེད says:
    2009-12-26 at 3:34 pm

    མཆན་འདེབས་པ་མ་གཏོགས། ཟིན་བྲིས་ཉར་མི་འདོད། ཐུགས་རྗེ་ཆེ། ཨ་རི་ནས་ free རོགས་པ་ཟིག་བྱེས་ནོ་ཁྱོད་གཅིག་བུ་རེད། ཁ་སྔོན་ཟིག་ཀ་ངའི་ཚ་བོ་གུང་སང་རེད། ཁོ་དབྱིན་བོད་ཀྱི་ཡིག་རིགས་གཉིས་ཀ་ཤེས་ཚད་དཔེ་མི་སྲིད་པའི་ཡག་པོ་ཡོད་པ་རེད། ངས་སྐད་བཏང་ནས་ཨ་ལགས་ཚེ་ཏན་ཚང་གི་མཆི་ཁ་མའི་གདམས་པ་དེ་དབྱིན་ཡིག་ལ་བསྒྱུར་རོགས་ཅེས་སྐད་བཏང་ན་ཡང་། ཡིག་འབྲུ་རེ་ལ་སྒོར་ག་ཚོད་སྤྲོད་གི་ཡིན་ཟེར་ནས་ས་ལ་མི་འབབ་ཀི
    ཡིན་ན་ཡང་དུས་བབ་ཚང་གི་གསང་གྲངས་གསང་ཡུམ་གྱི་པད་མ་འདྲ་མོ་དེའི་ནང་ལ་ངའི་གསང་གནས་ཁྱོན་ནས་མི་འགྲོ་གི་ཡ

  107. རྩམ་དགའ་ says:
    2009-12-26 at 3:43 pm

    ཕལ་ཆེར་ཁྱོའི་གསང་གནས་ལ་ཤུགས་མ་ཡོད་ནི་ཡིན་རྒྱུ་རེད་ཀོ ཨ་ཤུ་རེ་གོ

  108. ཀླུ་སྨྱོན། says:
    2009-12-26 at 3:46 pm

    ད་མིན་ན་དུས་བབ་ཚང་ལ་ཡི་གེ་བསྐུར་ནས་སྐད་ཆ་དྲིས། སྔོན་མར་ཁ་ཤས་ཤིག་གིས་ཀྱང་དེ་འདྲ་ཟེར་གིན་འདུག

  109. རྩམ་དགའ་ says:
    2009-12-26 at 3:49 pm

    མཛེས་མ་ཚེ་སྐྱིད་ཁྱོས་ཧོ་གོ་ཟ་ཉན་ནོ་ཤེས་ཀ་ཟེར།

  110. རྩམ་དགའ་ says:
    2009-12-26 at 3:52 pm

    ཨ་རོག་ཀླུ་སྨྱོན་སྐུ་ཁམས་བཟང་།

  111. ཀླུ་སྨྱོན། says:
    2009-12-26 at 3:54 pm

    ཁྱོད་བདེ་མོ། ངས་ཁྱོད་བཟོད་རྒྱམ་རེད་བསམས་ནས་བསྡད་ཡོད། མིན་ན་མིན་ཟོས། ཡིན་ན་ཡིན་ཟོས། ཨོང་དོའི་མགོ་ལ་ཐལ་ལྕག་མེད་ན་ཧྲ་པ། ངས་རླིག་འཐེན་ར་རྒྱག་ནི་རེད་ཀོ

  112. གཞོན་ནུ་ཟླ་མེད says:
    2009-12-26 at 3:59 pm

    འ་རོགས་ཀླུ་སྨྱོན། བཟོད་རྒྱམ་ཟེར་ནོ་འདི་སྔོན་མ་ཟིག་ག་མའོ་ཀྲུའུ་ཞི་ཟེར་ནི་ཟིག་ཀ། ཐོད་པ་ཟོ་གྲུ་བཞི་ཟིག་ཡོད་ནོ་དེ་འེ་རེད་ཀོ

  113. ཀླུ་སྨྱོན། says:
    2009-12-26 at 4:03 pm

    སྔོན་མ་འདིས་འདྲ་པར་ཞིག་ཟིན་བྲིས་སུ་བཞག་འདུག དེ་འདྲ་བོ་ཞིག་འདུག དེང་སྐབས་གསར་བུ་ཆགས་ནས་ཞི་མོ་ཚོ་ལ་བརྡ་ལུང་བརྡ་བྱེད་མཁན་ཞིག་རེད། གང་ལྟར་འདིས་སྙན་ངག་དང་ཡུལ་སྐོར་ཟིན་ཐོ་དཔེ་མེད་སྐྱིད་པོ་རེ་འབྲི་གིན་འདུག གཙན་ཚ་ནས་ཡིན་ཟེར་བས་ཁྱོས་ཤེས་ན་ཐང་ཀི གཙན་ཚའི་མི་འདི་ཚོ་འདི་འདྲ་ཞིག་རྒྱོ་ལ་དགའ་ནི་འདི་ཆུ་ཟིག་གི་རྐྱེན་ཡིན་ནམ། ཡང་ན་་་་་་་་་་

  114. རྩམ་དགའ་ says:
    2009-12-26 at 4:12 pm

    ཐལ་ལྕག་ལ་ད་སྐྲག་ནི་མ་རེད་ཆུང་ཆུང་ཡིན་དུས་ཨ་མས་བྱིན་བྱིན་གཉིས་ཀས།
    རླིག་འཐེན་འདིས་མི་ཉན་ཨ་ཁུ་ལོ་ལོ། སྔོན་མ་ཟིག་ག་ཞི་མོ་ཆ་ཟིག་གས་ཅིག་ཅིག ་མིན་ན་འཐེན་ནས་བཅད་དང་ནོ།་

  115. གཞོན་ནུ་ཟླ་མེད says:
    2009-12-26 at 4:17 pm

    གཅན་ཚ་གི་མི་རྣམས་རྒྱོ་ལ་དགའ་བའི་རྒྱུ་མཚན་ད་ངས་ཤེས་ནི་རེད་ཡ། གཅན་ཚའི་འཐུང་ཆུའི་འབྱུང་ཁུངས་དེ་ཨ་ཆུང་གནམ་རྫོང་གི་ཨ་ནེ་ཇོ་མོ་ཚོའི་འདོམ་ལ་ཐུག་བསྡད་ཡོད་ནོ་དེའི་རྐྱེན་རེད་ཡ། ང་ཚོ་མྱིག་ནག་ཤེས་ཀ་ཟེ། ཁོ་དགོན་པ་ནས་བདའ་དང་ནོ་རྗེས་ནས་ད་གནམ་རྫོང་རྩེ་ལ་སོང་ནས་མཚམ་མ་བསྡད་བཏང་ཟིག མཚམ་ཁང་ནང་ནས་འ་ནེ་ཇོ་མོ་ཚོར་འཛགས་གི་ར་འཛགས་གི་བསྡད་ཟིག ལོ་གཅིག་མ་འགོར་གོང་ང་འ་ནེ་ཇོ་མོ་ལྔ་ལ་བྱིས་པ་འཁོར་བཏང་ཟིག དེ་ནས་འ་ནེ་དགོན་པས་ཤེས་ནས་ཚང་མས་ཁོ་ལ་རྒྱུགས་པས་རེ་རེ་བཞུས་ནས་གནམ་རྫོང་རྩེ་མ་དགོས་རྔོ་ཀྱྰའི་འགག་ལ་ཡོང་མི་ཐུབ་པ་བཟོས་འདུག ཟེར། དེ་ནས་ཨ་ནེ་གསུམ་རང་རང་གི་ནང་ལ་བུད་སོང་ཟིག ཨ་ནེ་གཉིས་ཁོ་དང་མཉམ་བོར་ཁོང་སྐྱེ་སའི་སྡེ་བར་ཡོང་ཟིག འོན་ཀྱང་ཁོང་གི་སྤུན་ཚོ་ངོ་ཚ་གི་ཟེར་ནས་རྒྱག་རེ་རྒྱབ་པས། དེའི་ནང་གི་གཅིག་ཁྲིད་ནས་ལྷ་ས་བུད་སོང་ཟིག གཞན་དེ་མོ་རང་གི་ནང་ལ་བུད་སོང་ཟིག དེང་སང་གཅན་ཚ་ནས་ངན་གསར་བ་ཟིག་ཡོད་ནོ། གྲྭ་ལོག་ལོ་རྒན་དེ་ཚོ་མནའ་མ་བཙལ་གི་གནམ་རྫོང་ཨ་ནེ་དགོན་པ་འགྲོ་གོ་གི་ཟེར་གི་ཡ། ཁྱོས་རྣ་ལ་འེ་འགྱོ་གི

  116. ཀླུ་སྨྱོན། says:
    2009-12-26 at 4:58 pm

    ལྟས་ངན་བསྟན་དང་ཟིག སྙིགས་མ་ལྔ་བདོ་ཡིན་ན་ངོ་རྫོགས་རྒྱོ་དེ་ཐོན་དང་ཟིག

  117. འཆི་བདག་ནག་པོ། says:
    2010-01-15 at 2:33 am

    ངའི་རྣ་ལ་མི་འགྱོ་གི་ཡ་་་་་་ཡུམ་འགྱོ་གི་ན་་་་་་ཨེ་རོ་ཟླ་མེད་ལགས
    སྤྱིར་ཁྱོད་ཀྱིས་སྐད་ཆ་ཡག་པོ་བཤད་མི་ཤེས་གི་ཡ།

  118. སྨྱུག་རྒོད། says:
    2010-01-17 at 5:12 pm

    ཁྱེད་ཆོ༹ས་དངོས་ནས་སྐྱིད་པོ་བཤད་ཀི་ཡ།
    ཁེར་དགོད་བྱེད་རྒྱུ་མང་དྲགས་ནས་རྒྱུ་མ་ན་གི
    དེ་རིང་མ་གཏོགས་འདི་འདྲ་ཞིག་མཐོང་མ་སོང་།
    ཨ་ལགས་སེམས་བདེ་མོ་བྱོས།ཁྱེད་ཆ༹ང་གི་གསུང་ཆོས་ལ་ཉན་གི་ཡོང་པ་ལས་གཞན་དམིགས་ཡུལ་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme