Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལུག་ཤ་ཚོན་པོ། (ཐོས་སྒྲུང་།)

Posted on 2019-09-14 By ཁ་བརྡ 2 Comments on ལུག་ཤ་ཚོན་པོ། (ཐོས་སྒྲུང་།)

བསྟན་འཛིན་ཡོན་ལྡན།

སྔ་མོར་སྣུམ་འཁོར་དར་ཁྱབ་ཆེན་པོ་མེད་པའི་དུས་ཞིག་ལ། མི་རྣམས་རྟ་ལ་བཞོན་ཏེ་འགྲུལ་བཞུད་བྱེད་པ་དང་། རྫ་མགོ་གྲོང་ཆུང་གི་མི་རྣམས་ཀྱིས་ཀྱང་རང་སའི་ཐོན་སྐྱེད་འབྲུ་རིགས་དང་ཤིང་འབྲས་སོགས་རྒྱལ་སའི་ཁྲོམ་གཞུང་དུ་འཚོང་དུ་འགྲོ་ཡི་ཡོད་པ་རེད། གྲོང་ཆུང་དེ་ནས་རྒྱལ་སར་སླེབས་པར་ཉིན་གསུམ་འགོར་གྱི་ཡོད་པས། ཡུལ་དེའི་བུ་སྤུན་གཉིས་ཀྱིས་འགྲུལ་པའི་ཞག་སྡོད་ཆེད་དུ། གྲོང་པ་དང་རྒྱལ་སའི་བར་དུ་ཞག་ཚུགས་མ་འདྲ་བའི་འགྲུལ་ཁང་ཁག་གཉིས་བཟོས་ཏེ་ཁོ་གཉིས་ཀྱིས་བདག་གཉེར་བྱེད་ཀྱི་ཡོད་པ་རེད། འགྲུལ་པ་རྒྱུ་ནོར་མང་པོ་ཡོད་མཁན་རིགས་དེར་སྡོད་སྐབས་མཚན་མོར་ལྐོག་གསོད་བྱས་ཏེ་རྒྱུ་ནོར་ཐམས་ཅད་བཅོམ་གྱི་ཡོད་པ་རེད། ཉིན་ཞིག་སྤྱང་གྲུང་འཛོམས་ལ་གློ་ཁོག་ཡོད་པའི་ཚོང་པ་ཞིག་རྒྱལ་ས་དེ་ནས་རིན་ཆེན་ནོར་བུ་མང་པོ་འཁྱེར་ནས་གྲོང་ཆུང་དེར་ལོག་སྐབས་ལམ་བར་ཡོད་པའི་འགྲུལ་ཁང་གཉིས་པར་མཚན་ཉལ་བྱས། སང་ཞོགས་ཚོང་པ་དེ་རྟ་ལ་སྒ་རྒྱབ་ནས་བཞོན་པའི་ཚེ་འགྲུལ་ཁང་བདག་པོས་རྟའི་སྒང་ལ་སྐྱོར་རོགས་བྱེད་པའི་ཚུལ་གྱིས་སྐེད་པར་ལག་ཉུལ་བྱས་པས་ཨམ་ཕྲག་ནང་དངོས་རྫས་མང་པོ་ཡོད་པ་ཤེས། ཚོང་མ་དེ་ཐོན་ཁར་ ‘‘ཁྱོད་རང་དོ་དགོང་འགྲུལ་ཁང་གཞན་ཞིག་ལ་སླེབས་ཀྱི་རེད། འགྲུལ་ཁང་དེའི་བདག་པོ་ངའི་གཅེན་པོ་རེད། ཁྱོད་རང་དེར་སྡོད་ཆོག་ལ་གཅེན་པོར་ངས་ལུག་ཤ་ཚོན་པོ་ཞིག་བསྐུར་ཡོད་ལབ་རོགས།’’ ཅེས་ལན་ཞིག་བསྐུར་བ་རེད། (དོན་དངོས་ལུག་ཤ་ཚོན་པོ་དེ་ནི། རྟ་ལ་བཞོན་པའི་འགྲུལ་པ་ཁོ་རང་ལ་ཟེར་བ་དང་། ཁོ་གསོད་ཅེས་པའི་གསང་བརྡ་ཞིག་བསྐུར་བ་རེད།) ཚོང་པ་དེ་དགོང་མོར་འགྲུལ་ཁང་གཞན་དེར་འབྱོར་རྗེས་བདག་པོ་དེར་གོང་ལྟར་ལན་སྤྲོད་པས། ཚོང་པ་དེ་སྔོན་ཚུད་ནས་གྲ་སྒྲིག་ཡོད་པའི་ཐོག་བརྩེགས་འོག་མའི་ཉལ་ཁང་ཞིག་ནང་ཉལ་དུ་བཅུག།ཉལ་ཁང་དེར་སྒེའུ་ཁུང་མེད་ལ། ཉལ་ཁྲི་ཡང་གྱང་གི་ཟུར་དུ་མེད་པར་ཁང་པའི་དཀྱིལ་དུ་ཡོད་པ་རེད། དེར་བརྟེན། ཁོར་ཡ་མཚན་ཆེན་པོ་སྐྱེས་ཏེ། མལ་ཆས་ནང་གོས་བཅུག་སྟེ་མི་ཡོད་པའི་རྣམ་པ་བཟོས་རྗེས་ཁོ་རང་གྱང་ཟུར་དུ་ཀེ་རེ་ལངས་ནས་བསྡད། དེ་ནས་མཚན་དཀྱིལ་ཙམ་ལ་ཁང་པའི་ཐོག་ནས་སྒྲ་གྲགས་པས། ཁོས་ཡར་བལྟས་སྐབས་བདག་པོ་དེས་ཁང་པའི་ཐོག་ཕྱེས་ཏེ་རྡོ་ཆེན་པོ་ཞིག་ཉལ་ཁྲི་སྒང་ལ་འཕངས་པ་མཐོང་བས། ཁོས་ ‘‘ཨ་རོ་’’ ཞེས་སྐད་ངན་འཆོར་ཁུལ་བྱས། བདག་པོས་ཁོ་ཤི་སོང་སྙམ་བཞིན་མར་ལྟ་བར་ཡོང་སྟེ་སྒོ་ཕྱེ་མ་ཐག་ཚོང་པས་གྲི་བསྣུན་ཏེ་སྐད་གཅིག་ཉིད་དུ་ཕྱི་མའི་ལྔ་ལམ་དུ་བརྫངས། ཚོང་པ་དེས་བུ་སྤུན་ཆུང་བ་དེ་ཡང་བསད་དེ་རྒྱུ་ནོར་ཡོད་ཚད་འཁྱེར་ཏེ་གྲོང་པར་ལོག་ཕྱིན་པ་རེད།

སྣ་ཚོགས།

Post navigation

Previous Post: གསར་འགོད་གསལ་བསྒྲགས།
Next Post: ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀིརྟིའི་བྱེས་པ་གྲྭ་ཚང་དུ་གནང་བའི་ལམ་སྟོན་གསུང་བཤད།

Comments (2) on “ལུག་ཤ་ཚོན་པོ། (ཐོས་སྒྲུང་།)”

  1. སྒྲ་དབྱངས་ལྷ་མོ། says:
    2019-09-15 at 11:20 am

    མཚར་སྒྲུང་དང་རོ་སྒྲུང་འདྲེས་མ་ལྟ་བུ་འདུག གང་ལྟར་སྙན་པོ་འདུག་ལ་ཚིག་སྦྱོར་ཡང་བདེ་པོ་འདུག

  2. ཁུ་ནུ་བསྟན་འཛིན་ཡོན་ལྡན། says:
    2019-09-26 at 12:48 pm

    ཐུགས་རྗེ་ཆེ་སྒྲ་དབྱངས་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme