Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལུག་ཞོ་པོ་དང་ལུག་ཞ་ཡི་བརྩེ་དུང་གི་གཏམ་རྒྱུད། བོད་འགྱུར་མ།

Posted on 2010-11-172010-11-17 By དབང་ཕྱུག་ 8 Comments on ལུག་ཞོ་པོ་དང་ལུག་ཞ་ཡི་བརྩེ་དུང་གི་གཏམ་རྒྱུད། བོད་འགྱུར་མ།

རྟ་ནག་སྐལ་བཟང་ལུང་རིགས།

201010090923061

ལུག་ཞོ་པོ་དང་ལུག་ཞ་ཡི་མཉམ་པར།

ལུག་ཞོ་པོ་ལ་ཞི་བདེ་གཟེངས་རྟགས་ཐོབ་པ་ཐོས་པས་ལུག་ཞའི་སེམས་པ་སྤྲོ་བས་རབ་ཏུ་མྱོས་སོ།། ཁོ་མོའི་སེམས་སུ་ལུག་ཞོ་པོ་སྔ་མོ་ནས་ཕྱིར་ནང་དུ་ལོག་པའི་རེ་སྒུག་ཟབ་མོ་བྱས་ཡོད་སྐད། སེམས་སུ་འདི་ལྟར་སྟ་གོན་བྱས་ཡོད་དེ། ལུག་ཞོ་པོ་ནང་དུ་ལོག་ཚེ་ཆེས་ལྕི་བའི་འཐམ་འཁྱུད་ཅིག་གི་རྗེས་སུ་ཞིམ་པོའི་འོ་ཞིག་བྱས་ནས། “ཁྱེད་ལ་གཟེངས་རྟགས་ཐོབ་ཐལ།” ཞེས་བཤད་པ་དེའོ།།

༼ཀུ་ཤུའི་ཉིན་རེ་ཚགས་པར༽གྱིས་བསྒྲགས་དོན། ལུག་ཞོ་པོ་དེ་སྔ་པེ་ཅིན་དགེ་འོས་ཆེད་སྦྱོང་སློབ་གྲྭའི་རྒྱའི་སྐད་ཡིག་སྡེ་ཚན་གྱི་དགེ་རྒན་བྱས་མྱོང་ཡོད་ཅིང་། སྤྱི་ལོ༡༩༨༩ལོའི་དྲུག་བཞིའི་དོན་རྐྱེན་མ་བྱུང་བའི་སྔ་ནུབ་ཏུ་ཁོ་རང་ཨ་རིའི་ཀི་ལོན་པེས་ཡ་སློབ་གྲྭ་ཆེན་མོར་མཚམས་འདྲི་སློབ་གཉེར་བའི་ལས་རིམ་དུ་ཞུགས་ཡོད། ཕྱིར་རང་རྒྱལ་ཏུ་ལོག་ནས་མི་དམངས་ལས་འགུལ་གྱི་ནང་དུ་ཞུགས། ཁོང་དང་ཧོ་དི་ཅན། ཀྲུའུ་དོ། གོ་ཞིན་བཅས་བཞི་ལ་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྱི་རྒྱལ་སྲས་བཞི་ཞེས་འབོད། ཁྲི་མུན་ལས་གློད་པ་ཐོབ་རྗེས་ཁོས་རྒྱུན་བསྲིངས་ནས་སྐྱོན་བརྗོད་དགག་སྒྲུབ་གྱི་བྲིས་རྩོམ་མང་དུ་སྤེལ་ཞིང་། གཞུང་གིས་ཁོ་རང་མིང་ཐོ་ནག་པོའི་མི་སྣ་རུ་བདམས་ནས་ཡུན་རིང་བོར་ཚོད་འཛིན་བགྱིས་པ་རེད་དོ།།

ལུག་ཞོ་པོ་ཡི་ཆུང་མ་ནི་སྒྱུ་རྩལ་ལས་རིགས་ཁྲོད་དུ་སྙན་གྲགས་ཡོད་པའི་བཟའ་ཟླ་ཞེ་འདང་ཅན་ཞིག་རེད། ཁོ་གཉིས་ཀྱིས་ངོ་ཤེས་པའི་དུས་ཚོད་ནི་གྲོགས་པོ་མཉམ་འཛོམས་ཀྱི་འདུ་ཚོགས་ཤིག་སྟེ། སྙན་ངག་ལ་མོས་པ་ཡོད་པ་དག་བརྩེ་བ་ཡིས་འདུས་པའི་དུས་ཚིགས་ཤིག་གོ།།

རང་ལོ་ཞེ་དགུ་ཡིན་པའི་ལུག་ཞ་ལ་ཡོན་ཏན་གྱིས་ཀུན་ནས་ཕྱུག་ཅིང་། མི་རྣམས་ལ་ཆེས་ཟབ་ཤོས་ཀྱི་བག་ཆགས་ཤིག་ནི་མཉམ་གཏུབ་བྱས་ཡོད་པའི་སྐྲ་ལོ་དེ་དང་། འགོག་རྒོལ་བུད་མེད་ཅིག་དང་མཚུངས་པ་དེའོ།། ཁོ་མོ་ནི་སྙན་ངག་རྩོམ་པ་མོ་ཞིག་ཡིན་པ་ལས་གཞན་ད་དུང་། རི་མོ་བ་དང་། བརྙན་ལེན་པའང་ཡིན་ནོ།། ཁོ་མོས་བཤད་རྒྱུར། ཆེས་དགའ་ས་ནི་ལུག་ཞོ་པོ་ཡི་བརྟན་བརླིང་རང་བཞིན་དང་། སྙོམས་ལས་དབེན་ཞིང་བརྟུན་པ་ཆེ་བའི་སྙིང་སྟོབས་དེ་ཡིན། ང་རང་ལུག་ཞོ་པོ་དང་གཉེན་བསྒྲིགས་པའི་(འགྱོད་པ་གཏན་ནས་སྐྱེས་མྱོང་མེད)རྒྱུ་མཚན་ནི་ཤིན་ཏུ་ནས་ལས་སླ་བོ་ཞིག་སྟེ། ཕན་ཚུན་ལ་བདེ་སྐྱིད་སྦྱིན་ཐུབ་པས་སོ།།

ལུག་ཞོ་པོ་ཁྲི་མུན་དུ་བཙུད་རྗེས། ལུག་ཞ་ཡིས་སེམས་བཏང་སྙོམས་སུ་བཞག་སྟེ་མི་རྣམས་ལ་འཛུམ་ཁ་སློང་བ་དང་། དུས་རྟག་ཏུ་ལུག་ཞོ་པོ་ལ་སྐོེར་བ་བྱེད་པ་དང་། དེབ་སྐྱེལ་བ་སོགས་བྱས་པ་རེད་དོ།། སྔ་ལོའི་སྤྱི་ཟླ་གཉིས་པའི་ནང་ལུག་ཞོ་པོ་ལ་བགྲང་བྱ་བཅུ་གཅིག་གི་ཁྲིམས་ཐག་བཅད་རྗེས། ལུག་ཞ་ལ་སྐར་མ་ཉི་ཤུའི་རིང་ལུག་ཞོ་པོར་སྐད་ཆ་བཤད་རྒྱུའི་གོ་སྐབས་ཐོབ་ཅིང་། ཁྱོ་ཤུག་གཉིས་ཀྱི་བར་དུ་ཆོད་པའི་མདུན་ཅོག་དེར་དམ་དུ་འཁྱུད་དེ། མགྲིན་པ་མཆི་མས་བརྣངས་ཞོར། “ཡང་བསྐྱར་ལོ་བཅུ་གཉིས་འཁྱོལ་ཐུབ་ཀྱིན་མི་འདུག”ཟེར།

“གལ་སྲིད་ཁོ་བོ་སྲེག་བཅད་བརྡར་གསུམ་བགྱིས་པའི་ཕྱེ་མ་ཞིག་ཏུ་གྱུར་སོང་ཡང་། མེ་མདག་དེས་ད་དུང་ཁྱེད་ལ་དམ་དུ་འཁྱུད་ངེས”འདི་ནི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་རྗེས་ཀྱི་ལུག་ཞོ་པོ་ཡིས་བཙོན་ཁང་དུ་ལུག་ཞ་ལ་བྲིས་པའི་སྙན་ངག་ཅིག་གོ། (བརྩེ་དུང་གི་འཕྲིན་ཡིག་ནང་གི་དུམ་ཚན་ཞིག་རེད)སྙན་ངག་ཐུང་ངུ་འདིས་ཁྱོ་ཤུག་གཉིས་བར་གྱི་ཤི་ཡང་མི་འགྱུར་བའི་བརྟན་བརླིང་གི་བརྩེ་དུང་མཚོན་ཡོད་པ་ཡིན་ནོ།།

ལུག་ཞོ་པོ་ཡི་འགྱུར་བ་མེད་པའི་དམ་བཅའ་ཉག་གཅིག་ནི། ཅི་དང་གང་ལའང་འཛེམ་པ་མེད་པར་རྒྱ་ནག་མི་དམངས་ལ་དམངས་གཙོ་ཡི་ལེགས་སྐྱེས་ཤིག་བསྟབ་རྒྱུ་དེ་ཡིན་ཅིང་། ཁོང་གི་སྐད་ཆ་བཤད་སྟངས་ལྟར་བཤད་ན། སྲིད་དབང་སྒེར་གཅོད་པས་ཁོང་གི་ཞུམ་མེད་ཀྱི་སྙིང་སྟོབས་འགོག་དཀའ་བ་ཡིན་ནོ།། (ཁོང་ལ་ཡེས་གོང་གི་རི་བོ་སྤར་བའི་སྙིང་སྟོབས། ཅང་ཝེ་ཡིས་རྒྱ་མཚོ་བསུབ་པའི་སྙིང་སྟོབས། རྦབ་རྡོ་གྱེན་དུ་འདྲིལ་བ་ལྟ་བུའི་སྙིང་སྟོབས་ཡོད་དོ། )ལུག་ཞོ་པོ་ལ་འདི་ལྟར་རྒྱུན་སྲིང་གི་སྙིང་སྟོབས་ཤིག་ཞིག་བདོག་པའི་རྒྱུ་མཚན་གཙོ་ཆེ་བ་ཞིག་ནི་ལུག་ཞ་ཡི་རྒྱབ་སྐྱོར་བླ་མེད་ཡོད་པས་དེས་སོ།།

སྤྱི་ལོ༡༩༩༣ལོར་གྲོགས་པོ་མཉམ་འཛོམས་ཀྱི་འདུ་ཚོགས་ཤིག་ཏུ་ལུག་ཞོ་པོ་ཡིས་ལུག་ཞ་ཐོག་མར་ངོ་ཤེས། ལོ་ངོ་གསུམ་གྱི་དཀའ་སྡུག་གི་བརྩེ་བ་བརྒྱུད་མཐར། ༡༩༩༦ལོར་གཞི་ནས་གཉེན་བསྒྲིགས། བརྩེ་དུང་གི་སྒུལ་ཤུགས་ཀྱིས་རབ་ཏུ་བསྐུལ་བའི་ལུག་ཞོ་པོ་ཡི་སེམས་ཚོར་ཆུ་རྒྱུན་བཞིན་བར་མེད་དུ་བཞུར་ཏེ། དུང་བ་དང་བརྩེ་བས་ཀུན་ནས་གཏམས་ཤིང་། ཚོར་བ་ཕྱི་རུ་ལུད་པའི་བརྩེ་དེབ་མཐུག་པོ་ཞིག་པར་དུ་བཏབ། དེབ་མིང་ལ༼ལུག་ཞོ་པོ་དང་ལུག་ཞ་ཡི་སྙན་ངག་གཅེས་བཏུས༽ཟེར།

ལུག་ཞ་ཆེས་མཐོའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་ཤིང་། དེ་སྔ་རྒྱལ་ཁབ་ཁྲལ་དོན་ཅུའུ་རུ་བྱ་བ་མོད་མི་དམའ་ཞིག་ཡོད་ནའང་། ལུག་ཞོ་པོ་ཡི་སླད་དུ་ལས་གནས་ཀྱང་རྩིས་མེད་དུ་བཏང་སྟེ། ལས་མེད་མི་འཁྱམས་པ་ཞིག་གི་ལས་སྐལ་དང་དུ་བླངས། ཅི་དང་གང་ལའང་འཛེམས་པ་མེད་པས་ལུག་ཞོ་པོ་ཁོ་ན་ནི་མོའི་ཡོད་ཚད་ཀྱི་ཡོད་ཚད་དུ་གྱུར་སོང་བ་ཡིན་ནོ།།

ལུག་ཞ་ཅིའི་ཕྱིར་དུ་ལུག་ཞོ་པོ་ཁོ་ནར་དགའ་བ་རེད་དམ། དེའི་ལན་དུ་མོས། ལུག་ཞོ་པོ་ཡི་རྒྱུན་སྲིང་ལྷོད་མེད་ཀྱི་བསམ་བློ་དང་། མི་ལྡོག་བརྟན་པའི་བརྩོན་སེམས་དེ་ལ་བདག་ཅི་ནས་ཀྱང་དགའ་འོ་ཞེས་ཟེར་རོ།། ཁྱོ་ཤུག་གཉིས་ཀྱིས་ད་བར་དུ་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་། སྡུག་གི་ཁུར་བོ་མཉམ་ཁུར་བགྱིས་ནས་ཡོང་བ་ཡིན་ནོ།། ལོ་འདི་འགའི་རིང་ལ། ལུག་ཞོ་པོ་ཡི་སླད་དུ་ལུག་ཞ་ལ་གཉིད་བྲལ་གྱི་ནད་ཀྱིས་གདུངས་པས། གྲོགས་པོ་རྣམས་ཀྱིས་མོའི་ལུས་ཕུང་གི་གནས་སྟངས་ལ་སེམས་ཁྲལ་བྱེད་ཀྱིན་འདུག་ལ། ལུག་ཞོ་པོ་ལ་ཡང་སེམས་ངལ་རི་རབ་ལས་ལྕི་བ་འདུག་གོ།

རྒྱ་ནག་སྲིད་གཞུང་གི་ལྟ་བ་དང་མི་མཐུན་པའི་མི་སྣ་མང་བོ་ཞིག་གི་ཁྲོད་དུ། ཆབ་སྲིད་ཉེས་ཅན་པར་གྱུར་པའི་རང་ཉིད་ཀྱི་ཁྱོ་གའི་དཀའ་སྡུག་དང་། ཡུན་རིང་བོའི་ཚེ་སྲོག་གི་གནོན་ཤུགས་ལ་བཟོད་སྒོམ་བྱེད་ཐུབ་མཁན་གྱི་བུད་མེད་ཤིན་ཏུ་ནས་ཉུང་བ་ཡིན་ནོ།། དེ་ལྟར་ཡིན་ནའང་། ལུག་ཞོ་པོ་དཀའ་ངལ་དང་ཇི་ལྟར་འཕྲད་ནའང་། ལུག་ཞའི་སེམས་སུ་བདོག་པའི་སྐྱིད་ན་མཉམ་སྐྱིད་དང་། སྡུག་ནས་མཉམ་སྡུག་གི་འདུ་ཤེས་དེ་སུས་ཀྱང་གཞོམ་མི་ཐུབ་པ་ཡིན་ནོ།།

ལུག་ཞ་ཡིས་བྲིས་པའི་སྙན་ངག་ཅིག་གི་ཁྲོད་དུ། “འགྲུལ་ལམ་གྱི་ཕྱོགས་སུ་སྐྱོད་པའི་མེ་འཁོར་དེས། ངུ་ཤུམ་གྱིས་འཚོ་བའི་བདག་གིས་ལུས་པོ་ལེབ་ཀྱིས་གཅུར་སོང་། ངས་ཁྱེད་ཀྱི་ལག་པར་གཏན་ནས་འཇུ་མ་ཐུབ།”སྙན་ངག་འདིའི་ཁྲོད་དུ་ཁོང་གི་བརྩེ་བའི་སྡུག་བསྔལ་གྱི་ཟབ་ཚད་མཐོང་མི་ཐུབ་ནའང་། དཀའ་སྡུག་དང་བླང་གི་སྙིང་སྟོབས་དེ་མཐོང་ཐུབ་པ་ཡིན་ནོ།། ཁོ་གཉིས་ཀྱི་ནང་སེམས་འཇིག་རྟེན་གྱི་རྒྱུན་རིང་བརྟན་བརླིང་གི་བསམ་བློ་དང་། བརྩེ་དུང་གི་གཏམ་རྒྱུད་འདིས་མི་རྣམས་ཡིད་འགུལ་ཐེབས་སུ་འཇུག་པ་ཡིན་ནོ།།

http://news.creaders.net/headline/newsViewer.php?nid=447458&id=1014112དྲ་ཚིགས་འདི་ལས་བདམས་བསྒྱུར་བྱས།

འགྱུར་རྩོམ།

Post navigation

Previous Post: བཙན་བྱོལ་སློབ་གསོ་ལས་དགེ་རྒན་དག་ལ་བསྡིགས་པ།
Next Post: ང་ཚོས་འཐུས་ཤོར་ལ་བཏང་པའི་བོད་སྐད་ཡིག་གི་རྩ་གནད་སྐོར།

Comments (8) on “ལུག་ཞོ་པོ་དང་ལུག་ཞ་ཡི་བརྩེ་དུང་གི་གཏམ་རྒྱུད། བོད་འགྱུར་མ།”

  1. ཧོར་བུ་ཡེ་ཤེས says:
    2010-11-17 at 10:16 am

    བུད་མེད་དེ་ལ་གདོང་མཛེས་མོ་ཞིག་མེད་ཀྱང་བརྩེ་དུང་མཛེས་མོ་ཞིག་ཡོད་པ་འདྲ།ཁོང་གཉིས་མྱུར་དུ་བདེ་སྐྱིད་དཔལ་ལ་རོལ་བའི་སྨོན་ལམ་ཡོད།

  2. ཤ་རུས་གཅིག་པ། says:
    2010-11-17 at 12:20 pm

    ཁོང་གཉིས་བདེ་སྐྱིད་ཀྱི་དཔལ་ལ་རོལ་དགོས་ན་དང་རྒྱ་ནག་དམངས་གཙོ་ཅན་དུ་བསྒྱུར་ཐོབ་པར་བྱེད་དགོས་པར་འདོད།

  3. བོད། ལྷ་ཀླུ་གཉན་གསུམ། says:
    2010-11-17 at 4:32 pm

    http://www.youtube.com/watch?v=9TXXkacf-Ls

    སྤུན་ཟླ་ཚོ། དྲ་ཐག་འདི་ལ་ཡིན་གཅིག་གཟིགས་རོགས་ཞུ།

  4. རང་བཙན་ལྡེའུ་ says:
    2010-11-18 at 1:22 am

    ལུག་ཞ་དང་ལུག་ཞོ་ ཡི་བརྩེ་དུང་དེར་མགོ་ཡུག་འཁོར་ནས་གཟི་ཐོམ་ཐོམ་བཟོས་སོང་
    ད་དེ་ལས་ཝ་ཞ་མགོ་ལ་གྱོན་ནས་ལུག་ཤ་ཁྱག་ཤ་་ཁམ་བུ་གང་བཟའ་དགོ་ཞི་་བདའ་།

  5. རྟ་ནག་སྐལ་བཟང་ལུང་རིགས། says:
    2010-11-18 at 6:02 am

    ལུག་ཞོ་པོ་དང་ལུག་ཞ་ཡི་བརྩེ་དུང་གི་གཏམ་རྒྱུད་འདིའི་ཁྲོད་དུ་བུད་མེད་ཅིག་གི་སྙིང་སྟོབས་མངོན་ཡོད་པ་ཡིན། ང་དགའ་ས་ཡང་དེ་ཡིན། བོད་དུ་འགྱུར་དོན་ཡང་དེ་ཡིན།

  6. རྡོ་རྗེ་ངང་དཀར། says:
    2010-11-18 at 8:54 am

    དྲ་གྲོགས་རྣམས་ལ་རེ་བསྐུལ་ཞིག
    དཔལ་ན་ལེནྡྲའི་གཙུག་ལག་ཁང་དང་བི་ཊ་མ་ཤི་ལིའི་གཙུག་ལ་ཁང་ཞེས་རྒྱ་གར་གྱི་གནའ་བོའི་མཐོ་སློབ་ཁང་ཆེན་མོ་གཉིས་ཡོད་པར་ང་ཚོའི་རྒྱལ་རབས་དང་ཆོས་འབྱུང་ཁག་དག་ལས་ཡོངས་སུ་གྲགས་ན། ད་ལྟའི་སྐབས་བི་ཊ་མ་ཤི་ལིའི་གཙུག་ལག་ཁང་དེ་ཉིད་དེང་དུས་ཀྱི་རྒྱ་གར་མངའ་སྡེ་གང་དང་ས་ཆ་གང་ལ་ངོས་འཛིན་བཞིན་ཡོད་པ་དང་། དེའི་རྨང་ཤུལ་འདྲ་མཇལ་རྒྱུ་ཡོད་མེད་ཤེས་མཁན་ཡོད་ན་གསལ་བཤད་ཅིག་ཅི་ནས་ཀྱང་གནང་རོགས་ཞུ།

  7. འབྲོང་བུ་སོག་ཚ། says:
    2010-11-21 at 11:34 am

    ༈ ཁོང་གི་སྐུ་ཚེ་དེ་རང་གཅིག་པུའི་ཆེད་མིན་པར་རྒྱ་རིགས་ཡོངས་ཀྱི་དོན་དུ་ཡིན་པས། ད་དུང་ཡང་ཁོང་འཚོ་ཞིང་གཞེས་རྒྱུ་དང་ལས་ཀ་རྣམས་གོང་འཕེལ་ཡོང་བ་དང་། དེའི་ངང་ནས་རང་ཉིད་ཀྱི་ཕ་ས་བོད་དེའང་གང་མགྱོགས་རང་བཙན་ཡོང་བའི་སྨོན་ལམ་ཡང་ཞུ།

  8. འབྲོང་བུ་སོག་ཚ། says:
    2010-11-21 at 11:43 am

    ཁོང་དང་ཁོང་གིས་ལས་དོན་ལ་དངོས་ཤུག་བརྒྱུད་གསུམ་ནས་ངོས་ལེན་དང་རྒྱབ་སྐྱོར་ཡོད་ལ། ད་དུང་ཡང་ཁོང་གི་རྒྱ་རིགས་གཅིག་པུའི་དོན་དུ་མ་ཡིན་པར་རང་རེ་བོད་རིགས་ཡོངས་ཀྱིས་རེ་བའི་འབྲས་བུ་དག་ལག་ལེན་དུ་ཡོང་བར་འབད་བརྩོན་གནང་དགོས་ལ་དེ་ལྟ་བུ་བྱུང་ཚེ་བོད་རྒྱ་མི་རིགས་གཉིས་མཛའ་མཐུན་ཡོང་བར་ཕན་པ་ལས། དེ་མིན་གྲུབ་འབྲས་དག་ཆུ་ཡི་སྦུ་བ་བཞིན་ཡལ་ནས་འགྲོ་ཐལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (73)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme