Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལས་རྒྱུ་འབྲས།

Posted on 2020-03-12 By ཁ་བརྡ 1 Comment on ལས་རྒྱུ་འབྲས།

གངས་དཀར་སེམས།

སྔོན་གླེང་།

ང་དམར་པོའི་དར་དམར་འོག་འཚར་ལོང་བྱུང་བའི་གྲལ་དུ་ཚུད་མཁན་ཡིན་ཕྱིན་གཞོན་ནུ་མའི་སྐབས་སུ་ནང་ཆོས་ཀྱི་གོ་རྟོགས་ནི་ཀླད་སྐོར་གྱི་ཚད་ལས་མེད། དེར་བརྟེན། ཐོག་མའི་དུས་སུ་ལས་རྒྱུ་འབྲས་ཅེས་པ་ཞིག་ཡོད་ལུགས་ཆ་ཚང་བ་ཞིག་མི་ཤེས་མཁན་ཡིན། འོན་ཀྱང་གུས་མོའི་མ་ཡུམ་གཙོས་རྒན་རབས་འགས་དད་པའམ་དག་སྣང་དགོས་ལུགས་ཀྱི་ཤུགས་རྐྱེན་ཅུང་ཙམ་རེ་བཞག་གནང་བའི་སྟབས་ཀྱིས་མི་བཟང་པོ་ཞིག་ངེས་པར་བྱེད་ཐུབ་ན་རང་གཞན་གཉིས་ཀར་ཁེ་ཕན་ཆེན་པོ་ཡོད་པ་ཟུར་ཙམ་རེ་ཤེས་ཀྱི་ཡོད། ད་བར་ངའི་མི་ལུས་ཐོག་གོད་ཆག་གམ་རྐྱེན་ངན་འདྲ་ཐེངས་གསུམ་བྱུང་མྱོང་། ཐོག་མ་དེ་ང་ཆུང་དུས་སློབ་ཆུང་འགྲིམ་བཞིན་པའི་སྐབས་སུ་ནང་དུ་སྡོད་དུས་གློ་བུར་དུ་ན་ནས་སྐྱུག་པ་མ་ཟད། ལུས་ལ་ཚ་བ་ཧ་ཅང་རྒྱས་ཤིང་དེ་རྗེས་ཨ་མས་ང་རྒྱའི་དམག་སྒར་ཞིག་ནང་དུས་ཐོག་བསྐྱེལ་ཐུབ་པ་བྱས། དུས་དེར་གཙོ་བོ་ཨ་ཕའི་བཀའ་དྲིན་འོག་དམག་སྒར་སྨན་ཁང་དེའི་ནང་ཁ་ལ་མངར་བའི་རྒྱ་ཟས་དང་། སྨན་བཅོས་ཀྱང་ཚུལ་མཐུན་ལུགས་མཐུན་བྱུང་། སྐབས་དེ་ནི་ངའི་མི་ཚེའི་ནང་སྒེར་གྱིས་ཚོར་ཤེས་དྲན་ཐུབ་པའི་ལུས་ཀྱི་སྡུག་ཐོག་མ་དེ་ཡིན།

དེ་རྗེས་ང་རྒྱལ་ས་ལྷ་སར་སློབ་ཆེན་འགྲིམ་བཞིན་པའི་སྐབས་རྒྱ་གཞུང་གིས་ང་ལ་ནག་ཉེས་བཙུགས་ཏེ་རྒྱལ་ཁབ་ཁ་བྲལ་གཏོང་མཁན་ཟེར་བའི་ཁོངས་སུ་བཙུད་དེ་ལོ་གསུམ་ངལ་རྩོལ་བསྒྱུར་བཀོད་ཀྱི་ཁྲིམས་ཐག་བཅད་དེ་བཙོན་དུ་བཙུད། དེའི་རིང་འཆི་མིན་ནི་རི་ཕར་རྒྱབ་ཚུར་རྒྱབ་ཀྱི་གནས་སུ་གྱར་བ་ལྟར་སླར་ལུས་སེམས་གཉིས་ལ་མྱོངས་རྒྱུ་མང་པོ་བརྒྱུད་མཇུག་ཏུ་མ་ཤི་ནས་མི་ཡུལ་རི་འཁྱམ་འགྲོ་དགོས་རྒྱུའི་སེམས་ཐག་གོར་མོས་གཙང་བཅད་བྱས།
 ངའི་ལུས་ཀྱི་སྡུག་གསུམ་པ་དེ་ངའི་སེམས་ནང་འཕགས་པའི་ཡུལ་དུ་སྒོམ་མྱོང་བའི་རྒྱ་གར་བཙན་བྱོལ་ལུང་པར་རླངས་འཁོར་དང་སྦག་སྦག་བརྡུངས་རྐྱེན་སྤུས་མོའི་རུས་པ་ཆག་ནས་སྨན་ཁང་དུ་ཤི་ལ་ཁད་ཙམ་བཟོས་ཅིང་། ཐེངས་འདིར་གཞན་གྱིས་གཉའ་བཅོས་དང་རྡུང་རྡེགས་སོགས་བྱས་སོང་ཟེར་ནས་ཡུས་བཤད་ས་མེད་པའི་ལུས་སེམས་གཉིས་ལ་སྡུག་ངལ་ཧ་ཅང་ཆེན་པོ་རེད་བསམ་པ་དེ་འདྲའང་མྱོངས།

ན་ཚས་མནར་ནས་སྨན་ཁང་དུ་ལུས་པ་དང་རླངས་འཁོར་དང་བརྡུངས་ནས་རྐྱེན་ངན་དེ་གཉིས་ཕུད། འདས་སོང་ལ་ཕྱི་དྲན་བྱེད་ན་དེ་ནི་སྤྲོ་སེམས་འཕེལ་བའི་གཞོན་ནུ་མ་ཞིག་གི་མི་ཚེར་གོད་ཆགས་ཕོག་སྟེ་མུན་ནག་བཙོན་དུ་ཚུད་པའི་སྐྱོ་གདུང་གི་ལེའུ་ཞིག་ལས་གཞན་ཅིའང་མིན།འོན་ཀྱང་བཙོན་དུ་ཚུད་ཚར་རྗེས་ངའི་སེམས་ནང་མི་རིགས་རིང་ལུགས་ཀྱི་ཁེངས་སྤོབས་ཅིག་སྲ་བརྟེན་ཡོད་པའི་རྐྱེན་གྱིས་སོ་སོ་དཔའ་མོ་ལཱེའུ་ཧུའུ་ལན་ 刘胡兰 ལྟ་བུ་ཞིག་ཡིན་པ་ལས། ཚང་མས་དམན་སར་ངོས་འཛིན་པའི་བཙོན་མ་ཞིག་ལ་ཉམས་དམའ་བ་དེ་ཙམ་ཚོར་མ་མྱོང་། ངའི་ལུས་སེམས་གཉིས་ལབརྡུངས་རྡེབས་ཆེན་པོ་ཕོག་ཅིང་ཤི་ཁའི་རྟ་རྔའི་རྩེ་མོ་ཙམ་ལ་ཚེ་སྲོག་ཤུགས་ཀྱིས་འཕྲེང་ནས་ཡོད་དུས་ཀྱང་ཧ་ཅང་སེམས་ཤུགས་ཆག་མ་མྱོང་བསམ་གྱི་ཡོད།

སྐབས་དེ་ནས་བཟུང་དཀའ་སྡུག་མང་པོའི་རྗེས་སུ་ངའི་བརྩེ་ཆེན་གྱི་མ་ཡུམ་མཆོག་གིས་ང་ལ་བུ་མོ་བསོད་ནམས་དམན་པ་ཁྱོད་ཀྱིས་ཚེ་སྔོན་ལས་ངན་བསགས་ཟིན་པས་ཚེ་འདིར་མངོན་འགྱུར་བྱུང་བའི་ལས་རྒྱུ་འབྲས་རེད་ཅེས་གསུངས་སོང་། མ་ཡུམ་གྱི་བཀའ་མོལ་དེ་དག་ཐོས་རྗེས་ངས་སྔོན་སོང་གི་བྱས་རྗེས་དེ་དག་ཡག་པོ་མིན་པ་ལྟ་བུ་ཚོར་ནས་སེམས་གཏིང་དུ་ཧ་ཅང་གི་སྐྱོ་གདུང་ཞིག་འཚུབ་ཅིང་། ཅི་ཡིན་ཆ་མི་འཚལ་བའི་སྡུག་ངལ་ཞིང་རེ་ཐག་ཡོངས་རྫོགས་ཆད་པའི་སེམས་ཕོང་ཧ་ཅང་དམའ་ས་གཅིག་ལའང་ལྷུང་མྱོངས་།

ལས་རྒྱུ་འབྲས་ཟེར་བ་དུས་དེ་དུས་ངས་མ་ཡུམ་མཆོག་གི་ཞལ་ནས་ཐོག་མ་ལྟ་བུ་ཐོས་ཤིང་རྗེས་སུ་ཡིན་ཡང་དེའི་སྐོར་ཧ་ཅང་གསལ་པོ་དྲན་སོས་ཀྱི་ཡོད། སྐབས་དེར་ངས་ད་དུང་སེམས་སུ་ཕྱི་མི་སེམས་བཟང་ཅན་འགའ་ཡིས་ཀྱང་ང་ནི་མི་རིགས་འདིའི་དཔའ་མོ་བརྩི་མཁན་ཡོད་ལ། ང་བཙོན་དུ་ཚུད་པ་དེར་སེམས་གསོ་བྱེད་མཁན་ཡང་ཇི་ཉིད་ཅིག་བྱུང་། འོན་ཀྱང་ངས་བརྩེ་ཆེན་གྱི་མ་ཡུམ་མཆོག་གིས་ང་ལ་ལས་རྒྱུ་འབྲས་ཀྱི་རྒྱུ་ཐག་སྐོར་གསུངས་ཏེ་སྒེར་ངོས་ནས་ཅི་ཙམ་འདོད་མོས་མེད་བཞིན་དུ་ངའི་སེམས་སུ་མཐའ་མར་མི་རིགས་རིང་ལུགས་ཀྱི་ཁེངས་དྲེགས་དང་སྤོབས་པ་ཅི་ཡིན་མི་ཤེས་པའམ་ཡ་ང་བའི་ཆུང་ཙག་གི་ཁེངས་དྲེགས་ཏོག་ཙམ་ཡོད་པ་དེའང་རྩ་མེད་ལ་བཟོས་གནང་བྱུང་། དུས་དེ་ཙམ་ནས་བཟུང་མ་ཡུམ་མཆོག་གི་ཁོང་མོས་གང་ཤེས་ཀྱི་ཆོས་དང་ཉམས་ལེན་གཅིག་གཅིག་གཉིས་གཉིས་སོགས་ང་ལ་གསུངས་དུས་ངས་ཀྱང་དོ་སྣང་ཅུང་ཙམ་རེ་ཞུ་བའི་སྲོལ་ཞིག་ཡོད་པ་དྲན་གྱི་འདུག

འོན་ཀྱང་ད་བར་ངའི་སེམས་སུ་ཅུང་ཡ་མཚན་པ་ནི་བཙོན་དུ་ཚུད་ཤུལ་དུ་སང་ཤི་གནང་ཤི་ཟེར་ནས་སྨན་ཁང་དུ་ཆེད་ལས་སྨན་པས་ཀྱང་གཤག་བཅོས་མ་བྱས་ན་ཚེ་སྲོག་ལ་ཉེན་ཁ་ཆེ་ལུགས་བཅས་ལམ་སྟོན་པའི་སྐབས་སུ་ངའི་བརྩེ་ཆེན་གྱི་མ་ཡུམ་གྱིས་དེ་ནི་བུ་མོའི་ཚེ་སྲོག་དང་འབྲེལ་ཡོད་སྟབས་རྩ་བའི་བླ་མར་བཀའ་ཞུ་དགོས་ལུགས་གསུངས་ནས་སྨན་པའི་ལག་རྩལ་ཕུལ་བྱུང་དུ་སོན་པའི་ངའི་གཅེན་པོའི་ཁ་ལའང་རྩིས་གནང་མེད།

ངས་འདི་ནས་མ་ཡུམ་གྱི་བཀའ་མོལ་ཡོངས་གསལ་པོ་དྲན་སོས་ཀྱི་མི་འདུག་ཀྱང་ནང་དོན་གཙོ་བོ་ནི་ཁོང་མོས་བུ་མོ་མོ་རང་གི་ཚེ་སྲོག་འདི་ནས་མཇུག་བསྒྲིལ་དགོས་པའི་སྔོན་ལས་བསགས་གཏན་འཁེལ་ཡོད་ན་ཅི་ཞིག་བྱས་ཀྱང་ཕན་ལེ་མ་རེད། བླ་མའི་བཀའ་ལན་ཞུས་ནས་དེར་མཐའ་གཅིག་ཏུ་བརྩི་སྲུང་བྱེད་དགོས་རེད། མོ་རང་འཆི་བའི་དུས་ལ་སླེབས་མེད་ན་ག་ལེར་དྲག་བསྐྱེད་ཡོང་ངེས་ལ་ཡིད་ཆེས་གཙང་མ་དགོས་ལུགས་སོགས་གསུངས་ནས་བླ་མའི་བཀའ་ལྟར་ང་ལ་གཤག་བཅོས་མི་དགོས་པར་བཟོས། སྐབས་དེར་སྨན་པའི་གསུངས་པ་ལྟར་ངའི་ཚེ་སྲོག་ལ་ཉེན་ཁ་ཆེ་ལུགས་ཀྱི་ཐག་བཅད་དེར་མ་ཉན་པར་གཤག་བཅོས་མིན་པར་ག་ལེར་འཚོ་ཐབས་གཙོ་བཟུང་གིས་ལུས་སེམས་གསོས་ནས་ང་ད་ལྟའང་ཁྲ་ལམ་མེར་འཚོ་ཞིང་བཞུགས་པ་འདིའོ། ཧེ་ཧེ་ཧེ

གཅིག་བྱས་ན་ང་དེ་དུས་ཤི་མེད་པ་དེའང་ལས་རྒྱུ་འབྲས་ཅེས་པའི་ཆོས་ལུགས་ཀྱི་ནང་དོན་མིན་པར་ཕྱོགས་གཞན་ཞིག་ནས་གསོ་རིག་ཁོ་ནའི་ངོས་ནས་ཀྱང་དེ་དེ་བཞིན་པའི་རྐྱེན་གྱིས་དེ་དེ་བཞིན་ནོ་ཟེར་བ་ལྟ་བུའི་རྒྱུ་མཚན་འདྲ་བཤད་རྒྱུ་ཡོད་ངེས་རེད་དེ་སོ་སོའི་ལུས་ཐོག་བྱུང་བའི་དངོས་བྱུང་གི་གནས་སྟངས་དེར་བརྟེན། དེ་རྗེས་ངའི་སེམས་ནས་ཕྱིར་མི་མངོན་པའི་སྒོ་ནས་གཏིང་རུམ་ཞིག་ལ་ལས་རྒྱུ་འབྲས་ཤིག་ཡོད་ངེས་མ་གཏོགས་ང་སྨན་པའི་གསུངས་པ་ལྟར་དེ་དུས་ནས་ཤི་ཚར་ཡོད་རེད་ཨང་བསམ་པ་ཞིག་ཏན་ཏན་འདུག

དེ་བཞིན་ང་རང་ཅི་ཙམ་མི་འདོད་བཞིན་དུ་བརྩེ་ཆེན་མ་ཡུམ་གྱིས་གསུངས་པ་ལྟར་ང་ཚེ་འདིར་བཙོན་དུ་ཚུད་དགོས་པ་དེའང་ཚེ་སྔོན་ལས་ངན་བསགས་པ་ཞིག་ཆག་ཡོད་པ་དེར་ངོས་ལེན་དགོས་པ་དང་། ནང་པ་ཞིག་ཡིན་པའི་ངོས་ནས་ཀྱང་འདི་ལས་རྒྱུ་འབྲས་ཀྱིས་ངའི་ཚེ་སྲོག་ཉ་གར་བཞལ་བ་ཞིག་ངོས་འཛིན་ལོས་བྱེད་བསམ་གྱི་ཡོད། གང་ལགས་ཞེ་ན། གལ་ཏེ་ཕལ་པའི་ལུགས་ལྟར་འཆི་ལ་ཉེ་བའི་སྐབས་དེར་ཕྱི་ལུགས་སྨན་པ་ནི་ངའི་ཚེ་སྲོག་སྐྱབས་ཐུབ་པའི་དཀོན་མཆོག་ཉག་ཅིག་དེ་ཆགས་ཡོད་པ་རེད། ཡང་གཅིག་བྱས་ན་དེ་ནི་ང་ལ་ལམ་འགྲོ་ཙམ་རྒྱུག་པའང་ཡིན་སྲིད། འོན་ཀྱང་སུས་ཀྱང་མ་ཡུམ་མཆོག་གིས་བླ་མའི་བཀའ་ལྟར་ང་ལ་གཤག་བཅོས་མ་བྱས་ནའང་ང་སྨན་པའི་གསུངས་པ་ལྟར་ཚེ་སྲོག་སྐབས་དེ་ནས་མཇུག་སྒྲིལ་མེད་པའི་གནས་ལུགས་དེ་ས་རིས་ཐང་གསལ་ཞིག་ཆགས་ཡོད།

གོང་གསལ་ངའི་མི་ཚེའི་ནང་གི་མྱོང་བ་ངོ་མའམ་དོན་དངོས་གསོན་པོ་དེའི་ཐོག་ནས་འགྲོ་བ་ཡོངས་མཐའ་ཐུག་དེར་ཚང་མར་ལས་རྒྱུ་འབྲས་ཀྱིས་བཟང་ངན་གྱི་ས་ལ་བཞག་གི་རེད་བསམ་པའམ་དེར་རིམ་གྱིས་ཁེས་ལེན་མཁན་ཞིག་ལ་སོ་སོའི་ངོས་ནས་ངོས་འཛིན་ཡོད། འོན་ཀྱང་ངས་དུས་རྒྱུན་དུ་མིག་སྔར་བཟང་པོར་བཟང་ལན་མེད་པར་སྡུག་ངལ་ཞིང་མི་ཚེར་གྱ་གྱུར་མང་པོ་བརྒྱུད་དགོས་པ་དང་། ཡང་ངན་པར་ངན་ལན་མེད་པར་རྒྱུ་ནོར་ལོངས་སྤྱོད། གོ་ས་དབང་ཐང་སོགས་རླུང་རྟ་དར་ཐེངས་དགུ་ཙམ་རེ་ཡོང་གི་ཡོད་པའི་གནས་སྟངས་མིག་མདུན་དུ་གསལ་ཐེང་ངེར་ཡོད་པའི་ལས་འབྲས་གོ་ལྡོག་ལྟ་བུའི་དཔེ་མཚོན་གང་ཙམ་མིག་མཐོང་ལག་ཟིན་ཡིན། ནང་པའི་ལྟ་བ་ལྟར་ན་དེ་དག་ནི་གང་ཟག་དེས་ཚེ་སྔོན་ལས་བཟང་པོ་བསགས་པའི་འབྲས་བུ་རེད་ཟེར་གྱི་འདུག དེ་ཡིན་ན་ང་ཚོ་ནི་བོད་ཆོས་ལྡན་གྱི་ཞིང་ཁམས་ཟེར་བ་དེ་ཡིན་དགོས་པ་རེད་དེ་མང་པོས་ཆོས་ཇི་བཞིན་གྱི་ལས་བཟང་ཅི་ཙམ་དར་སྤེལ་བྱས་ཡོད་མེད་དང་། ཡང་དེ་མིན་རྨོངས་དད་ཀྱིས་མི་མང་གི་བདེ་དོན་ངོ་མ་ཕུང་ལ་གཏུགས་ཡོད་མེད་ནི་སོ་སོའི་སེམས་ལ་ཝ་ལེར་ཡོད་པ་དེ་རེད།

ངས་དེང་སང་རིགས་མཐུན་ལ་ལས་ངོ་ཚ་དང་བྲལ་ནས་དྲ་ལམ་དུ་ད་རྒྱ་ནག་ལ་ནད་ཡམ་ཁྱབ་ཀྱི་འདུག་དེ་ངོ་མ་ལས་རྒྱུ་འབྲས་རེད། རྒྱ་ངན་ཚོ་སྡུག་གྱོང་རེད་ཟེར། ངས་ཀྱང་དེ་ལས་འབྲས་ཡིན་པར་ཡིད་ཆེས་ཡོད་མོད། འོན་ཀྱང་ནད་ཡམ་དེ་ང་ཚོའི་ཆོས་ལྡན་གྱི་ཞིང་ཁམས་སམ་ས་ཆ་ཁག་ལའང་རེ་ཟུང་ཁྱབ་ནས་ཡོད། འོ་ན་ཁྱོད་ལ་འདྲ་མཉམ་གྱི་ལྟ་རྒྱ་ཞིག་ཁོག་ཏུ་ཡོད་ན་ད་ངོ་མ་ལས་རྒྱུ་འབྲས་འཁོར་བ་རེད། བོད་ངན་དེ་ཚོ་སྡུག་གྱོང་རེད་ཅེས་ཟེར་མི་འདོད་པ་གང་ཡིན་ནམ། ང་ཚོས་སོ་སོར་དྲང་པོ་དང་བདེན་པ་ཡོད། འཛམ་གླིང་འདིའི་ཐོག་གི་རྒྱལ་ཁབ་དང་ཚོགས་པ། སྒེར་སུ་འདྲ་ཞིག་དང་ཐུག་ཀྱང་ང་ཚོས་སོ་སོར་ངོ་གནོང་མི་དགོས་པར་བདེན་པ་ཡོད། དེར་བརྟེན། ང་ཚོ་ནམ་ཡང་དཔའ་ཞུམ་གྱི་མི་འདུག་ཟེར་སྤོབས་དམ། ཁྱོད་ལ་རྒྱའི་ཕྱོགས་ནས་སྡུག་གྱོང་གང་མང་རག་པའི་རྐྱེན་གྱིས་སྡུག་ཡུས་བཤད་རྒྱུ་ཡོད་པ་དེ་ངས་ཧ་ཅང་བསམ་གཞིགས་བྱེད་ཐུབ་ཀྱི་འདུག་སྟེ་ངན་པ་དང་སྡུག་པོ་རེད་ཟེར་ནས་མཛུབ་མོ་ཀེར་ས་དེའི་བྱ་སྤྱོད་དང་གཅིག་མཚུངས་ཀྱིས་ལས་སུ་འཇུག་ན་དགྲའི་རྗེས་འཇུག་དྭངས་མ་ཙམ་ལས་གཞན་ཅི་ཞིག་ཡིན། ཡང་གནས་ཚུལ་བཟང་ངན་གཅིག་མཚུངས་ཀྱི་གནས་སྟངས་འོག་དགྲ་ལ་ཐུག་ན་དེ་ངན་མཚང་དང་། སོ་སོར་ཐུག་ན་དེ་དགེ་མཚན་གྱུར་དགོས་པ་དེ་རྒྱུ་མཚན་ཚད་ལྡན་ཞིག་ཨེ་ཡིན་ནམ།

ཡང་རིགས་མཐུན་ལ་ལས་ང་ལ་སྤོབས་པ་དང་སེམས་ཤུགས་གཉིས་ཀ་ཡོད་ཟེར་སྲིད་པར་ང་ཐེ་ཚོམས་ཀྱི་མི་འདུག འོན་ཀྱང་གསལ་པོ་དང་དྲང་པོའི་སྐད་ཆ་བཤད་ན་ངས་དེ་འདྲ་ཟེར་མི་སྤོབས་ལ་དེ་འདྲ་ངར་ཆོག་པའི་ནུས་པ་གཅིག་ངའི་སེམས་སུ་མི་འདུག ངའི་སེམས་ཀྱི་གཏིང་རུམ་ཞིག་ནས་ང་ཚོ་བོད་པ་གྲངས་ཉུང་རེད། ཁྱབ་ཆེ་ཆུང་ལ་མ་ལྟོས་པར་ང་ཚོར་ཕྱི་ནས་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོད་ཟེར་ནས་འུར་བཞིན་པའི་སྐབས་ཡིན་ཡང་དོན་དམ་པའི་སྐབས་སུ་ང་ཚོར་བློ་གཏད་དང་ཡིད་ཆེས་གཙང་མ་འོས་པའི་རྒྱབ་རྟེན་ཞིག་ག་དུས་ཀྱང་ཡོད་མ་མྱོང་ལ། དེ་བས་ཐབས་སྐྱོ་བ་ཞིག་ལ་ནང་དམེ་དང་ནང་ཁུལ་ཁ་བྲལ་གཏོང་བྱེད་ཀྱི་ལས་ངན་ཁ་གཅིག་རྩོམ་བ་དེ་ནི་གང་འདྲ་ཐབས་སྡུག་ཅིག་རེད་ཨ་བསམ་ནས་ཕོ་རང་རང་སོ་སོས་མ་འཇོན་ན་ཆོས་འཇིག་རྟེན་གཉིས་ཀར་འཇོན་མི་ཐུབ་པ་ས་རིས་ཐང་གསལ་མཐོང་གི་ཡོད།

ཆབ་སྲིད་ཀྱི་ཕྱོགས་ནས་ང་ཚོར་གཞན་གྱི་གཉའ་གནོན་མྱོང་མི་དགོས་བསམ་པའི་གདིང་སྤོབས་གཅིག་མེད། དེང་སང་བླ་མ་དང་དགེ་བའི་བཤེས་གཉེན་རྣམས། དམིགས་ཡུལ་གཞན་ནམ་གཡོ་སྒྱུ་དང་བྲལ་བའི་དོན་དམ་པའི་སྐྱ་སེར་ཕོ་མོ་རྒན་གཞོན་གྱི་ཆོས་པ་རྣལ་མ་ཚོས་ལུས་ངག་ཡིད་གསུམ་གྱིས་འབད་བརྩོན་གནང་བར་བརྟེན་ནས་འཛམ་གླིང་ཐོག་ནང་ཆོས་ཀྱི་ཕྱོགས་ནས་ཅུང་ས་འཕྱར་གནམ་འཕྱར་བྱེད་པའི་རྒྱུ་ཆ་འདྲ་ཡོད་ཀྱང་། ནང་མཚང་དུ་ད་དུང་ལ་ལས་བླ་མ་ག་གེ་མོས་གཞན་ཕན་གྱི་བསམ་བློ་དང་། སྤྱི་འཐུས་ཀྱི་བསོད་ནམས་གསོག་སྒྲུབ་དགོས་དོན་བཅས་ལ་ངོ་པགས་ཐུག་པོའི་སྒོ་ནས་ངར་ལང་ནས་མཚན་དམད་བྱེད་ཕོད་པའི་ངན་གཤིས་དེ་ང་ཚོའི་མི་ལ་འདུག མཚམས་རེར་གནས་སྟངས་འདི་དག་གིས་ང་ལ་ངོ་མ་ངུ་ཤོར་ལ་དགོད་ཀྱང་ཤོར་དགོས་པའི་ཡ་མ་ཟུང་གི་ཚོར་བ་ཞིག་སྟེར་གྱི་འདུག

སྤྱི་ཡོངས་ཀྱི་གནས་སྟངས་ལྟར་ན་ཆབ་སྲིད་པ་ཞིག་ཡིན་ནའང་འཇིག་རྟེན་པའི་ཆབ་སྲིད་དེ་ཆོས་བཞིན་བཟང་ཕྱོགས་ནས་སྐྱོང་ཐབས་དང་། ཆོས་ལུགས་པ་ཞིག་ཡིན་ན་དེ་བས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཁ་ཙམ་མིན་པར་དགེ་ལས་ཁོ་ནར་གཞོལ་ཞིང་། སྡིག་ལས་གང་ཐུབ་སྤོང་ཐབས་དགོས་པ་སྨྲོས་མེད་རེད། འོན་ཀྱང་དེ་ལས་ལྡོག་སྟེ་དེང་གི་དུས་སུ་ཡིན་ཡང་། ཆོས་ལུགས་པ་འགའ་རེས་སྲིད་ཀྱི་གནས་ཚུལ་ལ་ཧ་ཅང་ཐུགས་བསྙེས་མགོ་གནང་སྲོལ་དང་། ཆབ་སྲིད་པ་ཚོ་ཐོག་མའི་དུས་ནས་ང་ཚོའི་རྨང་གཞིའི་གནས་སྟངས་སྐྱུར་མོར་བརྟེན། འཛམ་གླིང་གང་ས་ནས་ནང་ཆོས་ལ་དོ་སྣང་ཇེ་ཆེར་འགྲོ་བའི་གོ་སྐབས་འདི་བསྟུན། སྒེར་གྱི་དམིགས་ཡུལ་འགྲུབ་ཆེད་ཁ་ཙམ་གྱིས་ནང་ཆོས་བཙོང་གང་ཐུབ་ཀྱིས་སོ་སོའི་ཁེ་བཟང་སྒྲུབ་རྒྱུའམ་གཡོ་གར་འཁྲབ་སྟོན་ལ་ཧུར་བརྩོན་བྱེད་མཁན་འདུག འོ་ན་ཆོས་ལག་ཆར་སྤྱོད་དེ་ཆབ་སྲིད་ཀྱི་གནས་སྟངས་ལ་ཕན་སྲིད་པའི་དབང་དུ་གཏོང་ཡང་། རང་རྒྱལ་གཞན་ཕམ་གྱི་བསམ་བློའི་རྨང་གཞིར་བྱས་ཏེ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་འདི་ཧ་ཅང་ཚབ་ཆེན་གྱི་སྡིག་ལས་གཅིག་མ་ཡིན་ནམ། དེ་ནི་སྡོམ་པ་ལྡན་མཁན་ཚོས་སྡིག་ལས་སྤེལ་ན་དེ་ལ་ལྡབ་འགྱུར་གྱི་ངན་པའི་འབྲས་བུ་ཞིག་གམ་ལས་རྒྱུ་འབྲས་གཅིག་ཡོང་གི་ཡོད་པ་མ་ཡིན་ནམ།

ག་དུས་ཡིན་ཡང་སོ་སོའམ་སྒེར་གྱི་ཁེ་ཕན་ཁོ་ནའི་ཆེད་དུ་བྱ་བར་ལེགས་ཉེས་མེད་པར་ངོ་ཙམ་གནོང་མི་དགོས་པའམ་ངོ་ཚ་ཙམ་མེད་པར་གཞན་ལ་གནོད་པ་བསྐྱེལ་ཕོད་ན་གལ་ཏེ་ཁྱོད་ནང་པ་ཞིག་ཡིན་ན་ནི་སོ་སོ་རྒྱལ་འདོད་ཀྱིས་གནག་སེམས་གནོད་སེམས་ཀྱི་རྒྱུ་གང་མང་བསགས་རྗེས་དེར་བདེ་སྐྱིད་ཀྱི་འབྲས་བུ་ཞིག་ཐོབ་རེའི་ལས་རྒྱུ་འབྲས་གོ་ལྡོག་ཅིག་ཡོང་འདོད་འཆང་བ་མ་ཡིན་ནམ།

སྣ་ཚོགས།

Post navigation

Previous Post: རི་བོ་བྱ་རྐང་དུ་བསྒོམས་པ།
Next Post: ཏོག་དབྱིབས་ནད་ཡམས་དང་། འོས་བསྡུའི་གསལ་བསྒྲགས།

Comments (1) on “ལས་རྒྱུ་འབྲས།”

  1. བློ་བཟང་། says:
    2020-03-14 at 4:20 am

    ཕྱི་ལ་ཅང་བཤད་མི་ཐུབ་པར་ནང་ལ་ཅིག་ཤེས་མདོག་བསྟོན་པ་ནི་དར་དམར་འོག་འཚར་བས་དམར་ཕྲུག་ཚོས་ལས་ཀ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme