Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལས་རྒྱུ་འབྲས་ཡོད་མེད་དང་འབྲེལ་བའི་སྐོར།

Posted on 2013-03-232013-03-23 By ཁ་བརྡ་ 4 Comments on ལས་རྒྱུ་འབྲས་ཡོད་མེད་དང་འབྲེལ་བའི་སྐོར།

ཧི་མ་ལ་ཡའི་འཕྲུལ་སྨྱུག

དེས་ན་ལས་འབྲས་ཡོད་དང་མེད་ཅེས་རྩོད་པ་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་ལྕི་ཡང་མི་ཡིས་གཏན་ལ་ཕབ་པ་མིན་པ་ཞིག་དང༌། ས་སྨྱུག་གི་འབྲེལ་བ་ལྟར་ངོ་བོ་ཐད་ཀར་མཐོང་བར་མི་ནུས་པའི་མི་མངོན་པའི་སྟོབས་ཤུགས་ཤིག་གཞི་གྲུབ་མིན་དཔྱོད་པ་ཡིན་གྱི། འཇིག་རྟེན་ཐོག་ཏུ་རྒྱུ་འབྲས་ཀྱི་རྣམ་གཞག་མེད་ཅེས་འདི་ན་རྩོད་མཁན་སུ་ཡང་མི་འདུག་པས་དོན་མེད་ཁ་རླངས་ཕུད་ནས་ཅི་ཞིག་བྱེད། མཐོང་རྒྱུ་རིག་རྒྱུ་མེད་པའི་འབྲེལ་བ་རྙོག་འཛིང་ཅན་དེ་འདྲ་ཞིག་ང་ཚོའི་མགོ་ཐོག་ཏུ་ཡོད་པའི་ཤེས་བྱེད་ནི་ཅུང་ཙམ་ཡང་འགོད་ནུས་མེད། མེད་པའི་དབང་གིས་ལས་འབྲས་སྨྲ་བ་ཚོས་ཀྱང་ལུང་ལ་སྐྱབས་བཅོལ་ཞུ་དགོས་ཐུག་པ་རེད། ལུང་ལ་སྐྱབས་བཅོལ་ཞུ་མིན་ནི་རྨོངས་དད་བྱེད་མིན་ལ་ཐུག་ཡོད།
ལས་འབྲས་མེད་ཟེར་མཁན་ཚོས་མ་མཐོང་བའི་ཕྱིར་མེད་ཟེར་བ་ཡིན་པའི་དབང་དུ་བཏང་ན། ཡོད་ཟེར་མཁན་ཚོས་ཡོད་པར་གསུངས་པའི་ཕྱིར་ཡོད་ཅེས་ཟེར་བ་ཡིན། མ་མཐོང་བའི་ཕྱིར་མེད་ཟེར་ན་གཅིག་ཏུ་ཁྲེལ་བའི་རྒྱུ་རུ་མ་ངེས་ཏེ། རི་བོང་གི་མགོ་ལ་ཐུག་རྒྱུ་རིག་རྒྱུ་ཅན་ཞིག་མ་མཐོང་བའི་རྒྱུ་མཚན་གྱིས་དེར་རྭ་མེད་ཟེར་བ་མ་གཏོགས། དེ་ལྷག་གི་གནས་ལུགས་ཤིག་སུ་ལ་ཡང་འཆད་རྒྱུ་མེད་པའི་ཕྱིར། ཡོད་གསུངས་པ་ཙམ་གྱིས་ཡོད་པར་ཁས་ལེན་དགོས་པ་འདི་ཅུང་ཟང་ངོ་མཚར་ཆེ་སྟེ། གསུང་མཁན་དེ་ཉག་སྐེ་བུ་ལོང་མ་ལྟར་དྲག་ཆེ་བ་ལ་ཚོད་ཅིག་མི་འདུག་པས་སོ།།

རྩོམ་རིག

Post navigation

Previous Post: རྒྱ་ནག་གི་རྒྱལ་དར་འཕྱར་ན་འགྲིག་གམ།
Next Post: དེ་རིང་བལ་བོད་ཀྱི་ས་མཚམས་སུ་རི་སྐོར་དུ་བསྐྱོད་པའི་མྱོང་ཚོར།

Comments (4) on “ལས་རྒྱུ་འབྲས་ཡོད་མེད་དང་འབྲེལ་བའི་སྐོར།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-23 at 4:36 am

    ‘ལུང་ལ་སྐྱབས་བཅོལ་ཞུ་མིན་ནི་རྨོངས་དད་བྱེད་མིན་ལ་ཐུག་ཡོད།’ འདིར་རྨོངས་དད་ཅེས་པ་ཐལ་དྲག་པའི་སྐྱོན་དུ་མཐོང་སྟེ། འཇིག་རྟེན་ན་ཡིད་ཆེས་པའི་གཏམ་ལ་བརྟེན་ནས། དོན་དག་གྲུབ་པ་མངོན་སུམ་ཚད་མའམ་མྱོང་བ་མངོན་འགྱུར་གྱིས་གྲུབ་ཀྱང་། གཏམ་ཚད་མ་ལ་ཡིད་ཆེས་པ་ཡིན་ན། རྨོངས་དད་ཡིན་པས་ག་ལ་ཁྱབ། མཚན་ཉིད་དང་། ཚན་རིག་ལ་ལ་སྦྱངས་དྲག་པས་ཀླད་པ་དཀྲུགས་པ་མ་ཡིན་ནམ།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-03-23 at 9:53 am

    ལས་ཚུལ་བསམ་གྱིས་མི་ཁྱབ་པ། །
    དེ་བཞིན་གཤེགས་པ་ཁོ་ནས་མཁྱེན། །ཞེས་གསུངས་ཡོད་རེད།

  3. བསམ་ཤེས། says:
    2013-03-23 at 1:28 pm

    དེང་སང་གི་ཚན་རིག་གི་ལག་རྩལ་དང་ཤེས་བྱ་མཐོན་པོར་གཤེགས་པ། དཔེར་ན་quantum phyisics སོགས་ཀྱི་ཞིབ་འཇུག་བྱས་པའི་འབྲས་བུར། ལས་རྒྱུ་འབྲས་ཡོད་པས་མི་ཚད། ང་ཚོའི་བསམ་ཡུལ་ལས་འདས་པའི་ཤེས་བྱ་འགའ་གསར་བརྙེད་བྱུང་པ་ཁྱེད་ཀྱི་མི་མཁྱེན་ནམ། ཁོང་ཚོས་ཨེན་སི་ཌན་གྱི་འབྲེལ་བའི་གཞུང་ལུགས་ལས་གཏིང་ཟབ་པར་དཔྱད་པ་བྱས་ཡོད་པ་དང་། འབྲས་བུ་ཡང་ཉེ་བར་ཐོན་འདུག སྔོན་ལ་དེ་དག་ལ་གཟིགས་ནས་ང་ཚོ་བཀའ་མོལ་གནང་ས་ཇི་འདྲ་རེད། དཔེར་ན། ང་ཚོ་རགས་པའི་མིག་ལ་ཤིང་དུམ་བུ་གཅིག་གཉིས་ལ་བཅད་ན། དུམ་བུ་དེ་གཉིས་ཁག་ཁག་དུ་ཕྱེ་བར་འདོད། ད་ལྟ་ཚན་རིག་པ་ཚོས། ང་ཚོའི་རགས་པའི་མིག་ལ་དེ་ལྟར་མཐོང་རུང་། དངོས་པོའི་ནུས་པའི་རྒྱུ་བ་མིག་ཤེལ་དང་ནུས་པ་ཕྲ་མོའི་དཔྱད་བྱེད་ལ་བརྟེན་ནས་དཔྱད་སྐབས། ཤིང་དུམ་བུ་དེ་གཉིས་དབར་ལ་འབྲེལ་བ་མུ་མཐུད་ཡོད་པ་དང་། དེ་གཉིས་རླུང་ཁམས་དང་ནུས་པའི་ཁམས་ཀྱིས་མུ་མཐུད་འབྲེལ་ཡོད་པ་དཔང་རྟགས་བཏོན་པ་དེ་ལ་གཟིགས་དང་། 

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-25 at 4:54 am

    གཅིག་ཏུ་སྨད་པར་བྱ་བ་དང༌།
    གཅིག་ཏུ་བསྟོད་པར་བྱ་བའི་མི།
    ད་ལྟར་ཡོད་པ་མ་ཡིན་ཏེ།
    བྱུང་བར་མ་གྱུར་འབྱུང་མི་འགྱུར།། ༤༩ །། ཆེད་དུ་བརྗོད་པའི་ཚོམས་ལེའུ་ ༢༩
    ..

    ཇི་ལྟར་རི་དང་བྲག་དག་ནི།
    རླུང་གིས་གཡོས་པར་མི་འགྱུར་ལྟར།
    དེ་བཞིན་བསྟོད་དང་སྨད་པ་ཡིས།
    མཁས་པ་རབ་ཏུ་གཡོ་བ་མེད།། ༥༢ །། ཆེད་ཚོམས་ ལེ་ ༢༩

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme