Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལས་འགུལ་ལ་མ་ཞུགས། ཕ་ཡུལ་དུ་འགྲོ་མི་ཐུབ།

Posted on 2012-03-15 By ཁ་བརྡ་ 15 Comments on ལས་འགུལ་ལ་མ་ཞུགས། ཕ་ཡུལ་དུ་འགྲོ་མི་ཐུབ།

ཙ་ཡུས་ཕུན་ཚོགས།

དེང་གི་བོད་ཀྱི་ཛ་དྲག་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར། བོད་རིགས་འདུས་སྡོད་བྱེད་སའི་རྒྱལ་སྤྱིའི་ས་ཁུལ་མང་བོར་བོད་ནང་གི་ཛ་དྲག་གནས་བབ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་མོད། ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་གྱི་མི་གྲངས་ནི་ཧ་ཅང་ཉུང་ཞིང་ཤིན་ཏུ་ཉུང་སྟབས། འདི་ནི་ཁོ་བོར་མཚོན་ན་ཅུང་བློ་ཡུལ་ལ་མི་འཚམས་པའི་དྲི་བ་ཞིག་ཏུ་གྱུར། དེ་བས་ཉིན་ཤས་གོང་ཁོ་བོས་གནས་སྟངས་འདིར་རྒྱུས་ལོན་བྱ་ཆེད་ཡུལ་འདིར་སྡོད་པའི་བོད་མི་ཁ་ཤས་ཤིག་གི་བསམ་ཚུལ་བླངས་པ་ཡིན། གཤམ་ནས་བོད་མི་ཁ་ཤས་ཀྱི་བསམ་ཚུལ་མུ་མཐུད་འགོད་རྒྱུ་ཡིན་ལ། དོ་བདག་གི་རེ་སྐུལ་ལྟར་ས་གནས་ཙམ་ལས་མིང་སོགས་གསལ་བོ་འགོད་རྒྱུ་མིན།
༡ སུད་སི་གྲོང་ཁྱེར་ཛོ་རིག་ནང་སྡོད་མཁན་བོད་མི་ཞིག་གིས་ང་ལ་འདི་ལྟར་བརྗོད་བྱུང་། ང་ལ་སེམས་ཤུགས་ཡོད། བོད་ནང་གི་གནས་ཚུལ་ཤེས་འདོད་ཀྱང་ཆེ། འོན་ཀྱང་ངས་བོད་ཡིག་མི་ཤེས་པས་བོད་ནང་གི་གནས་ཚུལ་ཤེས་ཐབས་མི་འདུག་ཟེར། ངས་ཁོ་ལ་ཁྱོད་ཀྱིས་བོད་ནང་གི་ད་ལྟའི་གནས་བབ་ཤེས་ཀྱིན་ཡོད་དམ་ཞེས་དྲིས་སྐབས། ‘བོད་ནང་ལ་ཅི་བྱས་པ་རེད། རྒྱ་མིས་ང་ཚོའི་རང་བཙན་འཕྲོག་པ་རེད་ཟེར་བ་དེ་ཨེ་’ ཞེས་ཟེར།
༢ ཡང་སུད་སི་གྲོང་ཁྱེར་འོལ་ཏན་ལ་གནས་སྡོད་བྱེད་མཁན་བོད་མི་ཞིག་གིས་ཟེར་ན། ‘ང་བོད་ནས་ཡོང་བ་ཡིན། ངས་བོད་ཀྱི་གནས་སྟངས་ཧ་གོ་གི་ཡོད། འོན་ཀྱང་ལས་འགུལ་ལ་ཞུགས་ཐུབ་ཀྱི་མི་འདུག ང་རང་ལོ་རྗེས་མར་ཕ་ཡུལ་ལ་འགྲོ་གི་ཡིན། ལས་འགུལ་མང་པོར་ཞུགས་ན་ཁོ་ཚོས་ཐོངས་མཆན་སྤྲོད་གི་མ་རེད། ང་དེར་ཞེད་སྣང་སྐྱེས་ཀྱི་འདུག’ཅེས་ཟེར། ངས་ཁོ་ལ། བོད་ནང་གི་ད་ལྟའི་གནས་སྟངས་ལ་ལྟ་ཚུལ་ཇི་ཞིག་ཡོད་ཅེས་དྲིས་པར། ‘ངས་བོད་ནང་ནས་སྐུ་ལུས་མེ་བསྲེགས་གཏོང་མཁན་དཔའ་བོ་ཐུབ་བསྟན་དངོས་གྲུབ་ནི་ངོ་མ་དཔའ་བོ་རེད་བསམ་གི དེ་མིན་བོད་པ་སུ་ཞིག་གིས་ཀྱང་དེ་ལྟར་གནང་ཐུབ་རྒྱུ་མ་རེད་བསམ་གྱིན་འདུག’ ཅེས་ཟེར།
༣ ཡང་གྲོང་ཁྱེར་འོལ་ཏན་ལ་སྡོད་མཁན་བུ་མོ་ཞིག་གིས་ཟེར་ན། ‘ང་རང་ལས་འགུལ་ལ་ཞུགས་རྒྱུ་འདོད་པ་ཧ་ཅང་ཆེ། འོན་ཀྱང་ཨ་མ་ལགས་ཀྱིས་གཏོང་གི་མི་འདུག ངས་བོད་མི་མང་པོས་སྐུ་ལུས་མེར་བསྲེགས་གནང་བ་མཐོང་སྐབས་མིག་ཆུ་ཤོར་གྱིན་འདུག ངོ་མ་སེམས་པ་སྐྱོ་གི’ཞེས་ཟེར། ངས་ཁོ་མོར་ཁྱོད་ཀྱིས་ཨ་མ་ལགས་ཀྱིས་ལས་འགུལ་སྤེལ་སར་མི་གཏོང་དོན་ཅི་རེད་ཅེས་དྲིས་པར། ‘ངའི་ཨ་མ་ལགས་ཀྱིས་ཟེར་ན་ལས་འགུལ་ལ་ཞུགས་རྒྱུ་མང་ན་ལས་ཀར་ཆད་འགྲོ་གི་འདུག ལས་ཀར་མང་པོ་ཆད་ན་ལས་ཀ་ཤོར་ཉེན་ཆེ། ང་ཚོ་རྗེས་མ་རྒྱ་གར་ལ་སོང་ནས་སྐད་འབོད་ལ་འགྲོ་ཆོག་གི་རེད་ཟེར་གྱིན་འདུག’ ཅེས་ཟེར།
༤ གྲོང་ཁྱེར་སོ་ལོ་ཏོན་ལ་སྡོད་མཁན་གྲོགས་མོ་ཞིག་གིས་ཟེར་ན། ‘ཁྱོད་རང་སྐད་འབོད་ལ་ཞེ་བོ་འགྲོ་གི་འདུག ངས་བསམ་ན་ཁྱོད་ཚོ་མ་སོང་ན་ཡག་པོ་ཡོད་པ་རེད། ངས་གོ་བ་ལྟར་ན་སྐད་འབོད་ལ་ཞེ་བོ་སོང་ན་རྗེས་མ་བོད་ལ་འགྲོ་ཐུབ་གི་མ་རེད་ཟེར་གྱི་འདུག ཁྱོད་ཚོ་བོད་ནས་ཡོང་མཁན་ཚོ་སྐད་འབོད་ལ་མ་སོང་ན་ཡག་པོ་འདུག’ ཅེས་ཟེར། ངས་ཁོ་མོར་དེས་ན་ཁྱོད་སྐད་འབོད་ལ་མི་འགྲོ་དོན་གང་ཡིན། ཁྱོད་རྗེས་མ་བོད་ལ་འགྲོ་དགོས་དོན་མེད་པས་གཞན་ཞེད་སྣང་ག་རེ་འདུག་ཅེས་དྲིས་པར། ང་ལ་ལས་ཀ་མ་རག་བར་དུ་སྐད་འབོད་འདྲ་བོ་དེ་འདྲ་མང་པོ་འགྲོ་གི་མིན། དངུལ་མང་པོ་འགྲོ་གི་འདུག’ ཅེས་ཟེར།
༥ ཡང་གྲོང་ཁྱེར་སོ་ལོའོ་ཏོན་ལ་སྡོད་མཁན་བོད་མི་ཞིག་གིས་ཟེར་ན། ང་ཁ་སང་གསོལ་སྟོན(party)ལ་སོང་ཡིན་པས་སྐད་འབོད་ལ་འགྲོ་ཐུབ་མ་སོང་། དེང་སོང་བོད་ནང་གི་གནས་ཚུལ་ཛ་དྲག་འདུག་ག’ ཅེས་ཟེར། ངས་ཁོ་ལ་བོད་ནང་གི་གནས་བབ་ལ་བསམ་ཚུལ་ག་རེ་ཡོང་གི་འདུག་ཅེས་དྲིས་པར། ‘ཕ་རོ་ཟ་རྒྱུ། རྒྱ་མི་འདི་ཚོ་རེ་རེ་བཞིན་གསོད་དགོས་རྒྱུ་རེད་བསམ་གི དེ་མིན་ན་རང་བཙན་ཐོབ་གི་མ་རེད།’ ཅེས་ཟེར། ཡང་ངས་ཁོ་ལ་དེང་སྐབས་རྒྱ་བོད་གཉིས་ཀྱི་གྲོས་མོལ་དང་བོད་གཞུང་གི་ལངས་ཕྱོགས་སོགས་ཧ་གོ་གི་ཡོད་དམ། ཞེས་དྲིས་སྐབས། ‘ངས་ཧ་གོ་གི་ཡོད། ང་རྡ་ས་ནས་ཡུན་རིང་བསྡད་ཡིན། བོད་གཞུང་གི་བཀའ་བློན་སོགས་ཀྱི་ལས་ཁང་གངས་སྐྱིོད་ན་ཡོད་པ་རེད། དེ་ངས་གསལ་བོ་ཤེས་གི་ཡོད། ཅེས་ཟེར།
༦ ཡང་གྲོང་ཁྱེར་ཤ་ཕོའོ་སེན་ལ་སྡོད་མཁན་གྱི་བོད་མི་ཞིག་གིས་ཟེར་ན། སུད་སིར་གནས་སྡོད་བོད་མི་མང་ཆེ་ཤོས་ས་འདིར་སླེབས་ནས་ཡུན་རིང་སོང་བ་ཤ་སྟག་རེད། དེ་བས་ཁོ་ཚོར་དངུལ་གྱི་ཕྱོགས་ནས་དཀའ་ངལ་ཡོད་པ་མ་རེད། འོན་ཀྱང་ལས་འགུལ་སོགས་ལ་མཉམ་ཞུགས་བྱེད་མཁན་ཉུང་ཉུང་ལས་མེད། རྒྱུ་མཚན་ལས་འགུལ་སྤེལ་བ་མང་དྲག་པ་རེད། ཅེས་ཟེར། ངས་ཁོ་ལ་བོད་དོན་ལས་འགུལ་སྤེལ་ཕྱོགས་ག་འདྲ་ཞིག་བྱེད་དགོིས་ཀྱིན་འདུག་ཅེས་དྲིས་པར། རྣམ་པ་གསར་བ་དང་མི་རིགས་གཞན་གྱི་དོ་སྣང་འདྲེན་པའི་ལས་འགུལ་སྤེལ་ན་མ་གཏོགས། སྐད་འབོད་གཅིག་བུ་བྱས་ནས་བསྡད་ན། བོད་མི་རྣམས་ཉོབ་སྣང་སྐྱེས་པ་མ་ཟད་། མི་རིགས་གཞན་གྱིས་མཐོང་ན་སུན་སྣང་སྐྱེས་གི་རེད། ཅེས་ཟེར།
གོང་གསལ་གནས་ཚུལ་འདི་དག་ནི་ལམ་བར་ངོ་ཕྲད་ཙམ་གྱི་སྐབས་བོད་མི་ཁ་ཤས་ཤིག་གི་བསམ་ཚུལ་བསྡུས་པ་ཁོ་ན་ཡིན་ཞིང་། བསམ་ཚུལ་འདི་བརྒྱུད་དེ་རྒྱུས་ལོན་བྱེད་ཐུབ་པ་ནི་སུད་སི་གཙོས་པའི་ཡོ་རོབ་རྒྱལ་ཁབ་ཁག་གི་བོད་མི་མང་པོ་ཞིག་ནི་བོད་དོན་ལས་འགུལ་ལ་མཉམ་ཞུགས་གནང་སྲོལ་མི་འདུག་ལ། བོད་ཀྱི་གནས་སྟངས་དང་དང་བོད་ཀྱི་དཀའ་ངལ་སོགས་ཀྱང་ངོས་ཟིན་གྱི་མི་འདུག དེ་ལས་ཀྱང་རྒྱ་གར་གཞིས་ཆགས་ཁག་ནས་ཡོང་བའི་བོད་མི་གཞོན་སྐྱེས་མང་དག་ཅིག་ནི་བོད་དོན་ལས་འགུལ་ལ་དོ་སྣང་དང་སེམས་ཤུགས་དེ་ཙམ་བསྐྱེད་ཐུབ་ཀྱི་མི་འདུག་པ་དེ་ཡིན།
ངས་འདིར་ཁོ་ཚོ་བོད་དོན་ལས་འགུལ་ཐད་ཞུགས་མིན་ལ་སྐད་ཆ་འདྲི་དགོས་དོན་ནི། ཡོ་རོབ་ཁུལ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་སུ་ཞིག་ཡིན་ཀྱང་བོད་ཀྱི་མིང་ཆས་ཁུར། བོད་ཀྱི་ཆབ་སྲིད་དཀའ་སྡུག་ལ་ཁ་གཡར་ནས་སྐྱབས་བཅོལ་རག་ཅིང་འཚོ་བ་རོལ་བཞིན་པའི་བོད་མི་ཤ་སྟག་ཡིན་སྟབས། བོད་ནང་གི་སྡུག་སྦྱོང་མནར་གཅོད་ཀྱི་གནས་བབ་བེད་སྤྱད་དེ་ཁེ་བཟང་བླངས་ཤིང་ཁེ་ཚང་རྒྱག་གིན་པའི་བོད་པ་འདི་རྣམས་ནི་དམིགས་བསལ་བོད་དོན་ལ་འགན་ཡོད་པ་གསལ་འདོན་བྱ་ཆེད་ཁོ་ན་ཡིན།
༢༠༡༢། ༣། ༣། ཉིན་སུད་སི་གྲོང་ཁྱེར་སོའོ་ལོ་ཏོན་ནས།

སྣ་ཚོགས།

Post navigation

Previous Post: དེ་རིང་ཡང་བསྐྱར་རེབ་གོང་དུ་སློབ་མས་ངོ་རྒོལ་གནང་འདུག
Next Post: མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་དྲུག་པའི་རྩོམ་རིག་འགྲན་བསྡུར་གྱི་ཨང་རིམ་གསལ་བསྒྲགས།

Comments (15) on “ལས་འགུལ་ལ་མ་ཞུགས། ཕ་ཡུལ་དུ་འགྲོ་མི་ཐུབ།”

  1. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-03-15 at 11:08 am

    ༄༅།། སྐྱོ་སྣང་གི་འཕར་ལྡང་། ༼གསེར་རྟ་བསོད་ནམས་ཕུན་ཚོགས།༽
    མི་རིགས་ཤིག་གི་ལོ་རྒྱུས་ལ་ཚེ་སྲོག་གི་མཆོད་འབུལ་བྱེད་པའི་
    གདོང་དམར་དབའ་བོའི་རྒྱུན་འཛིན་ཞིག་དུར་སར་ནས་འགྱེལ་བའི་ལོ་ཟླ་
    འདི་འུ་ཅག་གི་མགོ་སྟེང་ལ་ལྷུང་བའི་སྐྱོ་སྣང་གི་དུས་ཤིག་རེད། ཕ་ཁྱིམ་གྱི་བཙན་རྫོང་ན་འགྱེང་བའི་སྤུན་ཟླའི་ཟུང་ཁྲག་དམར་པོ་དེ་
    སྣང་མེད་དུ་བཞུར་བའི་ལོ་ཟླ་རེ་རེ་མཐོང་གྱིན་མཐོང་གྱིན་ཞེ་མཁོན་གྱི་
    ཁ་རླང་ནག་པོ་ཁོག་གཏིང་ནས་མཆེད་པའི་དུས་ཚིགས་གྲངས་ཀྱི་
    ག་ལ་ཆོད། ཕ་ཁྱིམགཅིག་མཆེད་དང་ཟུང་ཁྲག་གཅིག་འདྲེས་ཀྱི་སྤུན་སྲིང་ཚོའི་
    རླབས་ཆེན་གྱི་མཛད་ཆེན་རེ་རེ་བསྐྲུན་སྐབས་མ་འོངས་གངས་ཅན་གྱི་
    གཞིས་ཁྱིམ་ལ་དྲོན་སྣང་གསར་བའི་ཁ་ཕྱོགས་དང་གཞིས་ཁྱིམ་
    བསྐྱར་གསོས་ཕུགས་ནོར་བསྐྲུན། ཆད་མ་མྱོང་བའི་ཚེ་སྲོག་གི་མཆོད་མེ་རེ་རེ་དམར་ལྷམ་ལྷམ་
    གངས་འགྲམ་ན་འབར་གྱིན་འདུག། འོད་སྣང་ལ་རེ་བའི་སྤུན་ཟླ་འདི་ཚོས་མིག་ཆུའི་ངོ་གདོང་རླན་ཅང་
    དྲན་གདུང་གི་དབྱངས་རྟ་རི་ཆུ་ལ་འཐེན་པའི་ལོ་ཟླ་མང་། གསེར་མདོག་གི་ཉི་སྣང་ཤར་ཉིན་འུ་ཅག་གི་ལས་དབང་སྨག་རིམ་ན་
    ད་དུང་ལས་ཚེ་སྲོག་གཏའ་མར་འཇོག་པའི་དབའ་རྒོད་ཚོས་
    སྙིང་སྟོབས་ཀྱིས་ཆོད་སེམས་བཞེངས་ཏེ་སྤོབས་སྟོབས་ཀྱིས་
    རོ་བོ་གྲངས་མེད་ཁུར། ཤུལ་ལས་ཀྱི་སྤུན་ཟླ་ཚོས་ཁྱེད་ཅག་གི་གཟི་བརྗིད་གླེང་བཞིན་
    འཇིགས་གཞོམ་བྲལ་བའི་མེ་དཔུང་ཁྲོད་ཀྱི་དབའ་བོ་དང་དབའ་མོ་ཚོའི་
    སྣང་བརྙན་ལ་ཅེར་གྱིན་ཁྱེད་ཅག་གི་རྗེས་སུ་བསྙེག་འདོད་ཀྱིས་དམ་བཅའ་སྦྱང་བཞིན་ཡོད་ཡ། ད་དུང་རྫོགས་མ་ཚར་བའི་གཏམ་རྒྱུད་དང་བཤད་ཚར་བའི་སྙིང་གཏམ་
    སོགས་སུ་གླེང་སྙིད་འོདད་དེས་ཕྱིར་ད་དུང་གསོན་དགོས་་་་་་་་་་་་་་་
    ་ད་དུང་་་་་་་་་་་་་་་་་་་་་་ད་དུང་་་་་་་་་་་་་་་་་་་ད་དུང་་་་་་་་་་་་་་་མིག་ཆུའི་ལོ་རབས་དང་སྐྱོ་སྣང་གི་དུས་རབས་སོགས་ཀྱི་ལོ་རྒྱུས་ངའི་སྙིང་ག་ནས་མཆེད་བཞིན་རྨི་ལམ་ན་འཔར་བཞིན་ཡོད་སུ་ལ་གླེང་དགོས་་་་་་་་་་་
    ད་དུང་ཚར་མེད་་་་་་་་་་ད་དུང་རྫོགས་མེད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གསེར་རྟ་བསོད་ནམས་ཕུན་ཚོགས་ཀྱིས་རྡ་ས་ནས་སུག་བྲིས་སོ། 2102 3 15

  2. འཇམ་དཔལ་ཚུལ་ཁྲིམས། says:
    2012-03-15 at 11:14 am

    གནས་ཚུལ་འདི་ཕྱོགས་གང་སར་བདེན་པ་རེད། ང་ལྟ་བུབོད་ལ་ཐད་ཀར་འབྲེལ་བའི་བོད་དག་ལ་དམིགས་བསལ་གྱི་དཀའ་ངལ་ཡོད།

  3. རག་ཕྱགས་རྡོར says:
    2012-03-15 at 11:53 am

    ཚ་ཡུས་ཕུན་ཚོགས་ལགས་ཀྱིས་མི་འདི་དག་གི་བསམ་ཚོར་ཡག་པོ་བྲིས་འདུག་དངོས་གནས་རེད་གཞིས་པ་དང་བྱེས་པ་གཉིས་ནི་ཚོར་བ་དང་བདེ་སྡུག་བོད་ཀྱི་ལ་རྒྱ་མི་རིགས་ཀྱི་ཞེན་ཁོག་ཕྱི་དངོས་པོའི་དཔལ་འགྱུར་ནང་བསམ་ནོ་ཡི་ཤེས་ཡོན་ཐ་དད་རེད་དཔེར་ན་བོད་ནང་གཞོན་ནུ་ལོ་བཅུ་བདུན་ཞིག་གིས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ཡོངས་སུ་བློས་གཏོང་ཐུབ་པའི་གནང་སྤྱོད་དགོངས་པ་ཧ་ཅང་མཐོ་པས་བཙུན་བྱོལ་ལ་ཡོད་པའི་ལོ་བཅུ་བདུན་བཅོ་བརྒྱད་ཀྱིས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ཡོངས་སུ་བློས་གཏོང་ཕར་ཞོགས་སོ་སོའི་མི་རིགས་ཀྱི་རྒྱུ་མཚན་དང་ལུགས་གསོལ་གོམ་ཤེས་ཀྱང་ཤེས་ཀྱི་མ་རེད་ཐ་ན་སོ་སོའི་ཡུལ་སྐད་ཀྱང་ཤེས་ཀྱི་མ་རེད་སྙིང་རྗེ་ཁེ་ཚོང་ཕར་ཞོགས་མི་རིགས་ཀྱི་ངོ་བོ་ཡང་ནུབ་ལ་ཁད་རྗེས་ལུས་རང་རེད་གང་ཅིའི་ཐད་ནས་།།།།

  4. རྡུལ་ཕྲན། says:
    2012-03-15 at 12:04 pm

    གནས་ཚུལ་འདིར་རྒྱུས་ལོན་ཞིབ་ཙམ་བྱ་རྒྱུ་དང་། ད་དུང་འདིར་ཐེར་འདོན་བྱ་རྒྱུ་མང་ཙམ་ལྷག་ནས་ཡོད། རྒྱ་གར་གཞིས་ཆགས་ཁག་ནས་ཡོང་མཁན་གྱི་བོད་མི་འདི་ཚོར་ཁ་ཕྱོགས་ཤིག་བསྟན་ན་རེད།

  5. ཀིརྟི་སྐྱབས། says:
    2012-03-15 at 12:17 pm

    བོད་མི་ཚང་མའི་བོད་དོན་སྒྲུབ་གྱིན་མེད།།བོད་མི་ཚང་མའི་བོད་ཡིག་ཤེས་ཀྱིན་མེད།།
    བོད་མིའི་ནང་ན་རྒྱ་མའི་ཉུལ་མ་མང་།།དོན་གྱིས་བོད་དོན་བསྒྲུབས་མཁན་ཉུང་ཉུང་ཡིན།།

  6. རུ་ཤུལ‚ཆོས་གྲུབ་ says:
    2012-03-15 at 12:34 pm

    དོན་ངོ་མའི་སྐད་ཆ་རེད། ཕུགས་ཚོགས་ལགས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། རང་རང་གི་ཐད་ནས་ཅི་འཇོན་རེ་བྱེད་རྒྱུ་ལས་གཞན་གྱིས་ཅིག་བྱེད་ཀི་མི་འདུག ཉིག་བྱེད་ཀི་མི་འདུག་ཅེས་བཤད་བསྡད་ན་ནང་མི་འཆམ་པའི་རྐྱེན་མ་གཏོགས་མེད།

  7. རྒྱ་མཚོ་ཆེན་པོ་ says:
    2012-03-15 at 1:10 pm

    གཞིས་ཆགས་ཀྱི་བོད་མི་དང་ལྷག་པར་གཞོན་སྐྱེས་ཚོ་ལ་དམིགས་བཀར་གྱིས་ཟུར་ཟའི་སྐྱོན་འདོགས་ཁོ་ན་གླེང་བཞིན་བསྡད་ན་སྤྱི་ཡོང་ནས་གནོད་ཆེ། སྤྱིར་བཏང་ཞིབ་ནས་བཤད་ན་གཞིས་ཀྱི་བོད་མི་རྣམས་བོད་དོན་སྐོར་སྒྱུས་ལོན་ཆེ་བས་སེམས་ཤུགས་སོགས་ལྷག་པར་ཡོད་བསྡད་པ་མཐོང་ཐོས་གུས་བརྩི་ཡོད། བྱེས་པའི་བོད་མི་དག་གིས་བོད་དོན་ཕར་ཟད་བོད་ཀྱི་སྐད་ཡིག་ཀྱང་ཤེས་ཐུབ་ཀྱི་མེད་སོགས་མཐའ་གཅིག་ཏུ་བརྗོད་མི་ཐུབ་གང་ཡིན་ཞེ་ན་བོད་དོན་ལས་འགུལ་སོགས་ལ་གྲུབ་འབྲས་འཐོན་པ་མིང་མཐོང་ལག་ཟིན་རེད། འོན་ཀྱང་རྒྱ་ཆ་མང་ཉུང་ཁྱད་ཤིག་ནི་གཏན་གཏན་ཡོད་པར་ངེས། དཔེར་ན་བྱེས་ཀྱི་གཞོན་སྐྱེས་ཕོ་མོ་མང་པོ་ཞིག་དངོས་གནས་དྲང་གནས་ཀྱི་སེམས་ཤུགས་ཧ་ལས་པ་ཡོད་པ་དངོས་ཡོད་གུས་པ་བདག་གི་གྲོགས་པོ་དང་ངོ་ཤེས་གྲངས་མི་ཉུང་བ་ཞིག་འདུག་ཅེས་སེམས་ཐག་ཆོད་པོས་བཤད་ཀྱང་སྤོབས་པས་བརྗོད་ནུས་སོ།

  8. ཁ་བའི་སྒྲོལ་མ། says:
    2012-03-15 at 2:13 pm

    བོད་ལ་འགྲོ་མཁན་ཚོར་དཀའ་ངལ་འཕྲད་ངེས་པ་གཏན་འཁེལ་རེད། ཡིན་ཡང་། དེར་ཁག་བཞག་སྟེ་ཁ་བཙུམ་ལག་སྐུམ་ཏེ་བསྡད་ན་འགྲིག་ནི་མ་རེད། བོད་དོན་ལས་འགུལ་ནང་ལ་གཟུགས་པོ་དངོས་སུ་འཛུལ་ཞུགས་མ་ཐུབ་ཀྱང་ཐབས་རྒྱ་ཇུས་སྟོང་གིས་རོགས་འདེགས་བྱེད་དགོས་པ་རེད།

  9. ལྷ་རིག says:
    2012-03-15 at 4:03 pm

    ༣༣༣༣༤

  10. ཨ་རུ་ར། says:
    2012-03-15 at 5:57 pm

    བོད་མི་རིགས་ལ་ནམ་ཡང་རིགས་ཀྱི་དབྱེ་བ་བྱེད་མི་རུང་། དཔེར་ན། གསར་རྙིང་དང་། ཆོལ་ཁ། ཆོས་ལུགས། གཞིས་བྱེས་སོགས་དབྱེ་འབྱེད་ཀྱི་བཀའ་མོལ་དང་བགྲོ་གླིང་གནང་ན་རྡོག་རྩ་གཅིག་སྒྲིལ་གྱི་འགག་རྡོ་རུ་འགྱུར་ཉེན་ཆེ་བའི་ཐུགས་གཟབ་གནང་གལ།

  11. སྟག་སྨྱོན༎ says:
    2012-03-15 at 6:28 pm

    གོང་གི་བསམ་ཚུལ་དྲུག་པ་དེར་གོ་རྒྱུ་ཅུང་འདུག ང་དང་འདྲ་སེ་འདུག ང་ཚོས་ཕྱི་ནས་བོད་དོན་ལས་འགུལ་སྤེལ་དུས་སྒྱུ་རྩལ་རྣམ་པ་ལྡན་པའི་ཐོག་ནས་སྤེལ་ཐུབ་ན་ཡག་པོ་བྱུང་ས་རེད་དྲན་ཡོད། གཞན་ངུ་འབོད་བྱེད་སྟངས་དེ་གནས་སྟངས་དངོས་དང་མཚམས་ན་ཡང་། མི་གཞན་པ་ཚོས་དགའ་སྣང་ག་འདྲ་བྱས་ཡོང་དྲན་གི་འདུག རྒྱ་ནག་གི་སྒྱུ་རྩལ་བ་ ai wai wai གཅིག་པོས་འཛམ་གླིང་གི་མདུན་དུ་རྒྱ་ནག་གི་གདོང་པ་དམར་པོ་ཆགས་བཅུག་གི་ཡོད་པ་རེད། ང་ཚོར་རྒྱལ་སྤྱིའི་ཐོག་བག་ཆགས་འཇོག་ནུས་པའི་རི་མོ་བ་འདྲ་ཡོད་ན། ང་ཚོར་འཛམ་གླིང་ཐོག་བག་ཆགས་འཇོག་ཐུབ་པའི་གཞས་པ་དང་རི་མོ་བ་ཡང་ན་ལུས་རྩལ་བ་སོགས་མེད་པ་རེད་དམ།

  12. ཟངས་རྡོ། says:
    2012-03-15 at 10:10 pm

    བཙན་བྱོལ་ནང་ནས་སྐྱེས་བ་ཞིག་ལ་སེམས་ཤུགས་མི་འདུག དངུལ་ཁོ་ན་མ་གཏོག་རྒྱུ་ཅི་ཡང་བསམ་རྒྱུ་མི་འདུག
    འདི་ལྟར་མུ་འཐུད་དུ་སོང་ན་བཙན་བྱོལ་ནང་གི་སེམས་ཤུགས་ཚར་རྒྱུ་རེད། ཨ་ཁ་ཁ་ད་ཅི་བྱ་སེམས་པ་སྐྱོ་འདུག་

  13. དཔྱིད་འགོའི་མེ་ཏོག says:
    2012-03-15 at 10:16 pm

    སེམས་ཤུགས་སྟོང་བའི་བཙན་བྱོལ་བ།།
    དངུལ་དང་འཕྲད་ན་མི་རིགས་བརྗེད།།
    ལ་རྒྱ་ནམ་མཁའི་མེ་ཏོག་འདྲ།།
    དེ་འདྲ་མ་གནང་ཨ་མའི་བུ།།

  14. རག་ཕྱགས་རྡོར says:
    2012-03-15 at 10:31 pm

    བདག་གིས་གཞིས་སྡོད་རྣམས་ལ་བསྟོད་པ་དང་བྱེས་པ་རྣམས་ལ་སྨད་པ་རྩ་བ་ཉིད་ནས་མིན་དེ་ལས་ཀྱང་གསར་རྙིང་དངཁྱོལ་ཁ་དང་ཆོས་ལུགས་ཀྱི་སྐད་ཆ་ཡང་མིན་སེམས་གཏིང་ནས་དྲེན་པའི་སྙིང་གཏམ་དྲོད་མོ་དེ་ཡིན་བྱེས་པ་ཡི་སློབ་མ་དག་ལ་ཡང་སེམས་ཤུགས་དང་སྙིང་སྟོབས་ཅན་མང་པོ་ཡོད་དཔེར་ན་བཀའ་འཁྲི་དང་ཚོགས་རྩོ་གཙོས་པའི་གཞོན་སྐྱེས་མང་པོ་ཞིག་ཚར་ལུང་བྱུང་ཡོད་རྗེས་སུ་ཡི་རང་ཡོད

  15. ཆོས་འཕེལ་དར་རྒྱས་ says:
    2012-03-16 at 9:29 am

    དེ་ཡང་ཐོག་མར་ཆུང་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme