Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལས་མཐའ་ཟད་པའི་གྲོས་མོལ།

Posted on 2008-11-12 By lungrik 10 Comments on ལས་མཐའ་ཟད་པའི་གྲོས་མོལ།

ཟླ་བ་ཚེ་རིང་།
ཐེངས་འདིའི་འབྲེལ་མོལ་མཇུག་སྒྲིལ་རྗེས། ངྷ་རམ་ས་ལ་དང་པེ་ཅིན་གཉིས་བར་དུ་གོ་ལྡོག་པའི་ངང་ཚུལ་གསར་བ་ཞིག་བྱུང་ཡོད། འབྲེལ་མོལ་རིམ་པའི་སྐབས། པེ་ཅིན་གཞུང་གིས་སྐབས་ཐོག་སོ་སོར་བོད་པའི་སྐུ་ཚབ་ཚུན་རྒྱ་ནང་དུ་འབྱོར་ཡོད་མེད་གསང་རྒྱ་བྱས་ཡོད་ནའང་། ཐེངས་འདིར་ཆེད་དུ་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀ་ཅན་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ་འབྲེལ་མོལ་འདིའི་ནང་དོན་ཕྱི་བསྒྲགས་བྱས་ཡོད་ལ། དེ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁ་གཏད་ནས་ཕྱི་གསལ་ནང་གསལ་བཟོས་ཡོད། འོན་ཀྱང་ཚང་མས་ཅི་ཙམ་ཁ་གདངས་ཤིང་མིག་ཅེར་ནའང་རྷ་རམ་ས་ལས་འབྲེལ་མོལ་འདིའི་ནང་དོན་ད་དུང་ནག་ཁུང་ནང་བཞག་ནས་ཕྱི་ལོགས་ལ་བཏོན་མེད། ངང་ཚུལ་གསར་བ་འདིས་མི་རྣམས་ལ་གོ་བརྡ་གསར་བ་ཞིག་སྤྲོད་ཀྱི་ཡོད། ངྷ་རམ་ས་ལར་རང་ཉིད་ཀྱིས་བཏོན་པའི་གྲོས་མོལ་གྱི་གཞི་རྩའི་དགོས་འདུན་ཁག་ལ་པེ་ཅིན་ལས་ལྷག་པའི་གདེང་ཚོད་ཅིག་མེད་པ་དེ་ཡིན་ལ། གདེང་ཚོད་འདི་ད་ལྟ་ངྷ་རམ་ས་ལ་ལས་པེ་ཅིན་གཞུང་ལ་མཐོ་ཙམ་ཡོད།

པེ་ཅིན་གཞུང་གིས་ངྷ་སའི་ཕྱོགས་ནས་བཏོན་པའི་གྲོས་མོལ་གྱི་གཞི་རྩ་ཞི་བའི་དོན་ཚན་ལྔ་ལ་ཞིབ་ཚགས་པོའི་ངེས་ཤེས་ཤིག་ཅིག་རྙེད་ཡོད་མེད་བཤད་དཀའ་ནའང་། ཐེངས་འདིར་དེ་དག་རེ་རེ་བཞིན་བཀྲམས་ནས་བརྡ་ལན་ཞིག་བྱིན་པ་ནི་བརྡ་སྤྲོད་གཞུང་ལུགས་ནང་གི་དགག་སྒྲ་སྟེ་༼ མ་མི་མེད་མིན༽བཞི་བོ་འདི་ཡིན། དགག་སྒྲ་འདིའི་ནང་དུ་གྲོས་མོལ་གྱི་གཞི་རྩའི་དགོས་འདུན་ཙམ་དུ་མ་ཟད། ངྷ་ས་རམ་ས་ལའི་ཕྱོགས་ནས་གྲོས་མོལ་འདིར་བཅིངས་པའི་ལྷག་བསམ་སོགས་ཚུད་ཡོད་ལ། དེ་ལས་ཀྱང་གནད་འགག་གསར་བ་ཞིག་ཚུད་ཡོད་པ་ནི། གྲོས་མོལ་འདིའི་ཐོག་མའི་ས་བོན་སྟེ། ཏིང་ཞོ་ཕིན་གྱི་༼ རང་བཙན་ལས་གཞན་པའི་སྐོར་གང་ཡིན་ཡང་གྲོས་མོལ་བྱ་ཆོག༽ཅེས་པ་འདི་ཡིན། སྐད་ཆ་འདི་ངྷ་རམ་ས་ལ་ལོ་ངོ་ཉི་ཤུ་རིང་གི་རྣ་འཆའ་ས་དེ་ཡིན་ལ། འབྲེལ་མོལ་བྱེད་ཐེངས་རེར་སྐད་ཆ་འདི་ཡང་ནས་བསྐྱར་དུ་པེ་ཅིན་གཞུང་ལ་གསལ་འདེབས་བྱས་ཡོད། ཡིན་ན་ཡང་། ཐེངས་འདིར་པེ་ཅིན་གཞུང་གིས་ཏིན་ཞོ་ཕིན་གྱིས་སྐད་ཆ་དེ་བཤད་མེད་པ་མ་ཟད་། གྲོས་མོལ་ལ་རང་བཙན་དང་ཕྱེད་རང་བཙན། རྣམ་པ་འགྱུར་བའི་རང་བཙན། ཐ་ན་རྒྱལ་ཕྲན་མཉམ་འབྲེལ་དང༌རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱང་སླེབས་ཐབས་མེད་པ་ཏིན་ཞོ་ཕིན་གྱི་བསམ་བློའི་མཛུབ་སྟོན་འོག་ལག་བསྟར་བྱས་པ་ཡིན་པར་བརྗོད་ཡོད།

ངྷ་རམ་ས་ལ་དང་པེ་ཅིན་གཉིས་ལ་གྲོས་མོལ་གྱི་གཞི་རྩ་གང་ཡང་ལྷག་མེད། གཞི་རྩ་དེ་གྲོས་མོལ་གྱི་ནང་དོན་ཐད་ལྷག་མེད་པ་མ་ཟད། གྲོས་མོལ་གྱི་མིང་ཚིག་བཀོལ་སྟངས་ཐད་ནས་ཀྱང་ལྷག་མེད། མིག་སྔའི་ཆར་ངྷ་རམ་ས་ལའི་ཕྱོགས་ནས་བོད་ཀྱི་ཆབ་སྲིད་རང་སྐྱོང་ལ་དགོས་འདུན་འདོན་པའི་ཚད་གཞི་རིམ་པ་ནས་མར་བབས་ནས། གུང་ཁྲན་ཏང་གི་འོག་ཏུ་བོད་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ངོས་ལེན་བྱེད་ཐུབ་པའི་གོ་བརྡ་ཞིག་སྤྲད་ཡོད་ལ། ཚད་གཞི་རིམ་པ་འདི་ཆེས་མ་མཐའ་དང་ཡང་ན་འདི་ལས་ལྷག་པའི་འདམ་ག་ཞིག་མེད་པའི་རྣམ་འགྱུར་བསྟན་ཡོད། པེ་ཅིན་གཞུང་གིས་བོད་ཀྱི་གནད་དོན་དེ་ཏཱ་ལའི་བླ་མ་སྐུ་སྒེར་དང་དེ་ལས་ཆེ་ཙམ་བཤད་ན་ཁོང་གི་མཐའ་འཁོར་གྱི་མི་སྒེར་རེ་ཟུང་གི་མདུན་ལམ་ཐག་གཅོད་ཙམ་ལས། གྲོས་མོལ་གྱི་ནང་དུ་ཆབ་སྲིད་དང་རིག་གཞུང་གི་རང་སྐྱོང་དྲུད་ཡོང་ས་མེད་པ་མ་ཟད། བོད་ལ་རང་སྐྱོང་ཞིག་དགོས་ན་ད་ལྟའི་བོད་ནང་གི་མི་རིགས་རང་སྐྱོང་འདི་ལས་ལྷག་མེད་ལ། དེ་ལག་བསྟར་བྱེད་སའི་ས་ཁོངས་ཀྱང་ད་ལྟའི་བོད་རང་སྐྱོང་ལྗོངས་ལས་གོམ་གང་མདུན་སྤོས་བྱེད་ས་མེད་པར་བཤད། དེ་བཞིན་ངྷ་རམ་ས་ལའི་དབུ་མའི་ལམ་དང་རང་སྲིད་རང་སྐྱོང་། ཚད་མཐོའི་རང་སྐྱོང་སོགས་གྲོས་གཞི་མིང་ཚིག་འདི་དག་ལ་པེ་ཅིན་གཞུང་གིས་རང་བཙན་དང་ཕྱེད་རང་བཙན། རྣམ་པ་འགྱུར་བའི་རང་བཙན་སོགས་བཀོལ་བཞིན་ཡོད་ལ། མིང་ཚིག་འདི་དག་ཕྱི་གོས་གཡོགས་པའི་རང་བཙན་གཙང་མ་དེ་རེད་ཟེར། ད་ལྟ་ཕྱོགས་གཉིས་ཀར་གྲོས་མོལ་གྱི་གཞི་རྩ་གང་ཡང་མེད་ཐོག་ཕན་ཚུན་གྲོས་མོལ་གྱི་རྨང་གཞི་སྟེ། ཕྱོགས་གཉིས་ཀས་ཕན་ཚུན་གྱི་ལྷག་བསམ་ལ་དོགས་པ་ཟ་བཞིན་ཡོད་ལ། ཡིད་ཆེས་ཀྱང་ཆུང་ནས་ཆུང་དུ་འགྲོ་བཞིན་པ་པེ་ཅིན་དང་ངྷ་རམ་ས་ལ་གཉིས་ཀས་ཁ་གསལ་ཐོག་ངོས་ལེན་བྱེད་ཀྱིན་ཡོད།

ཐེངས་འདིར་པེ་ཅིན་གཞུང་གིས་འབྲེལ་མོལ་མུ་མཐུད་ཡོང་བར་ངྷ་རམ་ས་ལར་ལམ་སྟོན་ཞིག་བྱས་ཡོད། ཏཱ་ལའི་བླ་མས་བོད་ནི་ལོ་རྒྱུས་ཐོག་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། པེ་ཅིན་གཞུང་ནི་ཁྲིམས་མཐུན་གྱི་བོད་ཀྱི་བདག་དབང་སྲིད་གཞུང་དེ་ཡིན་པ་ཁས་ལེན་ཐོག མུ་མཐུད་བོད་ཀྱི་གནད་དོན་རྒྱལ་སྤྱིའི་གནད་དོན་དུ་བསྒྱུར་མཚམས་བཞག་ནས་ཁ་བྲལ་གྱི་ལས་འགུལ་ཁག་མཚམས་འཇོག་དང་། ཏཱ་ལའི་བླ་མས་དེ་སྔ་མེས་རྒྱལ་ཁ་བྲལ་དང་གཏོར་བརླག་གང་བྱས་ཀྱི་ཉེས་འཛོལ་རྣམས་རང་སྐྱོན་ངོས་ལེན་བྱེད་རྒྱུའི་ལམ་སྟོན་བྱས་ཡོད། ལམ་སྟོན་འདི་ངྷ་རམ་ས་ལར་མཚོན་ན་སྒྲུབ་ཕྱོགས་མིན་པར་དགག་ཕྱོགས་ཤིག་ཆགས་ཡོད་ནའང་། ད་ལྟའི་ཆར་ཕྱོགས་གཉིས་ཀའི་དགོས་འདུན་རྩོད་སྒྲུབ་ཀྱི་གདེང་ཚོད་ལ་ཡང་ལྕི་དང་མཐོ་དམན་ཤོར་ཡོད་པ་དེས། ངྷ་རམ་ས་ལས་དགག་ཕྱོགས་དེ་བཞིན་མངོན་ལྐོག་གང་རུང་ནས་སྒྲུབ་ཕྱོགས་སུ་མི་བསྒྱུར་བའི་གདེང་ཚོད་མཐོང་དཀའ།

དཔྱད་རྩོམ།

Post navigation

Previous Post: བར་ལམ་བོད་ནང་གི་ཛ་དྲག་གི་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབ་འོག་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས
Next Post: སྙན་ངག་པ་དང་སྒྱུ་མ་མཁན།

Comments (10) on “ལས་མཐའ་ཟད་པའི་གྲོས་མོལ།”

  1. འབིག says:
    2008-11-14 at 3:32 am

    རྩོམ་ཡིག་འདི་ཁ་སང་དུས་བབ་ཟིན་བྲིས་ནང་མཐོང་། ད་ཡིན་ན་ངོ་མས་བོད་རྒྱ་ཞི་མོལ་ལ་རེ་བ་མེད་ས་རེད། ཆེ་ཆུང་ཚང་མས་རྩོམ་ཡིག་འདི་འདྲ་རྐྱང་རྐྱང་བྲིས་ནས་སྐད་ཆ་འདི་འདྲ་རྐྱང་རྐྱང་བཤད་ཡོང་གི་འདུག

  2. བསེ་རུ། says:
    2008-11-14 at 4:31 am

    འབིག་དང་བསེ་རུའི་མིང་གཉིས་ལ་མཐུན་པའི་ཆ་ཞིག་འདུག་པས་ང་ནི་འབིག་དང་བགྲོ་གླེངབྱ་བར་འདོད།
    བོད་རྒྱ་ཞི་མོལ་ལ་རེ་བ་ཡོད་མེད་བཤད་དུས་འདི་ནི་ནམ་ཡང་ཚོད་དཔག་དཀའ་བ་ཞིག་རེད།
    ཁྱེད་ཀྱིས་བསམ་ན་དེ་ལྟར་ཡིན་ནམ།

  3. འབིག says:
    2008-11-14 at 9:12 am

    བསེ་རུ་ལགས། ངས་ནི་བོད་རྒྱ་ཞི་མོལ་ཡོང་སྟངས་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀི་ཡོད། གོང་གི་རྩོམ་ཡིག་ནང་བཤད་པར་ལྟར་བོད་རྒྱ་ཞི་མོལ་ཡོང་མིན་རྒྱ་ནག་གཞུང་གི་ལམ་སྟོན་དེ་སྐུ་མདུན་དང་བོད་གཞུང་། དེ་བཞིན་བོད་མི་དམངས་ཀྱིས་དྭངས་ལེན་བྱེད་ཐུབ་མིན་ལ་ཐུག་འདུག མ་མཐའ་ཡང་ད་ལྟའི་ཆ་ལ་ཚད་དེ་འདྲ་ཞིག་ལྷུང་འདུག་སྙམ།

  4. རྫོང་རི་ཚང་། says:
    2008-11-14 at 12:54 pm

    འོ་རེད་ཡ། ཞི་མོལ་ཡོང་གི་མ་རེད་ཅེས་ལྷ་བཟང་ཚེ་རིང་དང་འཇམ་དབྱངས་ནོར་བུ་སོགས་མི་སྒེར་དང་། བོད་ཀྱི་གཞོན་ནུ་ཚོགས་དང་དགུ་བཅུ་གསུམ་སོགས་ཚོགས་པ་ཁག་གིས་སྔོན་ནས་བཤད་པ་རེད། སྐུ་མདུན་དང་བོད་གཞུང་གིས་རྩ་བ་ཉིད་ནས་ཉན་ཡོད་པ་མ་རེད། ད་འུ་ཐུག་དུས་ཡང་དམིགས་བསལ་ཚོགས་ཆེན་ཟེར་བ་ཞིག་འཚོགས་ཀྱི་ཡིན་ཞེས་སྤྱི་ཚོགས་འདི་དཀྲུགས་དཀྲུགས་གཏོང་གི་འདུག ད་ངོ་མས་བོད་གཞུང་ལ་དེ་ལས་གཞན་པའི་ལས་རྒྱུ་གང་ཡང་མེད་པ་ཡིན་ནམ།

  5. རྫོང་རི་ཚང་། says:
    2008-11-14 at 1:11 pm

    སྔོན་མ་རང་བཙན་འཐབ་རྩོད་བྱེད་སྐབས་དབུ་མའི་ལམ་ཡག་ཚུལ་བཤད་ནས་མར་བབ་པ་རེད། ད་ཡང་ཡོང་གི་མི་འདུག་ཟེར་གི་འདུག དོན་དག་ལྡོག་ལྡོག་གང་རྩོད་ཀྱིན་ཡོད་པ་རེད། ངས་དྲི་བ་འདི་སྐུ་མདུན་དང་བོད་གཞུང་ལ་འབུལ་རོགས།

  6. མདའ་ཚན་པ། says:
    2008-11-14 at 4:53 pm

    སྔོན་མ་རང་བཙན་རྩོད་སྐབས་ཁ་ནང་ལ་མཛུག་གུ་བརྒྱུས་ནས་འདུག་རྒྱུ་ལས་གཞན་གང་ཡང་ལས་རྒྱུ་མེད་པ་རེད། དེ་ལ་བདག་པོ་རྒྱག་མཁན་རྒྱལ་ཁབ་ག་ཚོད་བྱུང་བ་རེད། མཐའ་སྔ་མ་དབུ་མའི་ལམ་ལ་བབས་པ་རེད། དེ་ནས་གཞི་ནས་སྐད་ཆ་བཤད་ས་ཞིག་དང་འགུལ་སྐྱོད་གཏོང་ས་ཞིག་རེག་ནས་ད་ལྟ་བོད་དོན་འདི་རྒྱལ་སྤྱིའི་ཐོག་ནས་སྐྱུར་འཇོག་བྱེད་ཐབས་མེད་པ་ཞིག་ཆགས་ཡོད་པ་རེད། རྒྱ་ནག་གིས་ཀྱང་འདོད་ན་མ་འདོད་ན་འདི་ལ་རྣམ་འགྱུར་ཞིག་བསྟན་དགོས་བྱུང་པ་རེད།

  7. འབིག says:
    2008-11-14 at 5:12 pm

    མདའ་ཚན་པ་ལགས། སྐད་ཆ་གནས་ལུགས་ཡོད་ཀི ཡིན་ནའང་རྒྱ་ནག་གི་རྣམ་འགྱུར་གང་འདྲ་ཞིག་བསྟན་འདུག རིག་གི་འདུག གོ་གི་འདུག

  8. མདའ་ཚན་པ། says:
    2008-11-14 at 6:49 pm

    རྒྱ་ནག་གིས་སྔོན་མ་ཞིག་ནས་དེ་འདྲ་རྐྱང་རྐྱང་ལབ་ཡོང་བ་རེད། སང་ཉིད་བོད་ལ་རང་དབང་སྤྲད་ཀྱི་ཡོད་ན་དེ་རིང་ད་རུང་དེ་འདྲ་ལབ་ཀྱི་རེད།

  9. བསེ་རུ། says:
    2008-11-17 at 7:39 am

    དྲ་གྲོགས་རྣམས་ལ་ཆེད་དུ།
    ཀུན་ལ་མཐུན་སྣང་དུ་གྲུབ་པའི་ཆོས་ཅན་ཞིག་མི་རྙེད་པ་ལྟར།
    མཐུན་སྣང་དུ་གྲུབ་པའི་ལྟ་གྲུབ་ཅིག་རྙེད་མི་སྲིད།
    འོན་ཀྱང་ང་ཚོའི་མི་རིགས་འདི་ད་གཟོད་འདི་ལྟར་༸བོད་ནང་དུ་ཆ་མཚོན་ན་མདོ་དབུས་ཁམས་གསུམ་རྒྱ་ཡུལ་དུ་གྱུར་ཟིན་པ་རེད་ཅེས་བཤད་ཀྱང་མི་ཆོག་མེད།ང་ཚོས་སྨྲ་བཞིན་པའི་བོད་རྒྱ་ཡུལ་དུ་བསྒྱུར་རྒྱུའི་ཉེན་ཁ་ལས་སྐྱོབས་ཐབས་བྱ་དགོས་ཞེས་པའི་གཏམ་རྒྱུད་དེར་རྫོགས་ཚིག་བཀོད་ཟིན་འདུག་སྙམ།
    བོད་ཀྱི་རྒྱལ་ས་ལྷ་གཅིག་པུར་དེང་གི་ཆར་རྒྱ་ཡུལ་དུ་བསྒྱུར་ཟིན་པ་ལྟ་བུ་རེད།ཡུལ་ལུང་གཞན་རྣམས་ནི་དེ་བས་ཀྱང་སྨྲོས་མེད་རེད།ད་ལྟ་ང་ཚོ་བཙན་བྱོལ་བ་ཚོས་བོད་གཞིས་བྱེས་གཉིས་ཀྱི་མ་འོངས་པའི་མདུན་ལམ་ཐད་མནོ་བསམ་ཅི་འདྲ་ཞིག་གཏོང་དགོས་སམ།ཐབས་ལམ་གང་འདྲ་ཞིག་སྤྱད་དེ་བོད་འདི་ཉིད་སྐྱོབས་དགོས་སམ།ངས་བསམ་པར་བོད་ཀྱི་གནད་དོན་འདི་བཞིན་ལྟ་གྲུབ་གཉིས་ཀྱི་བར་ནས་ད་དུང་ལོ་ངོ་ལྔ་བཅུ་འདི་ལྟར་གཞིེས་ཁ་ཐོར་གྱི་གནས་སྟངས་འོག་གནས་ཀྱི་རེད་སྙམ་པའི་སྔོན་དཔག་བྱེད་བཞིན་ཡོད།ཁྱེད་རྣམས་ཀྱིས་སྔོན་དཔག་གང་འདྲ་ཞིག་གནང་གིན་ཡོད་དམ།

  10. བསེ་རུ། says:
    2008-11-17 at 7:46 am

    ཕྲན་གྱིས་ཀྱང་གོང་གི་བསམ་ཚུལ་ནང་ལ་དག་སྡེབ་དང་ཕྲད་སྦྱོར་ཚུལ་གཅིག་གཉིས་ནོར་འདུག་པས་དགོངས་འགལ་མེད་པ་ཞུ།
    རྗེས་སུ་གཟབ་ནན་ཞུས་ཆོག་པ་བཅས།
    ང་ཚོ་མཐུན་མོང་གིས་འོས་འགན་གལ་ཆེ་ཤོས་ཤིག་ནི་དྲ་རྒྱའི་ནང་རང་ཉིད་དགོངས་ཚུལ་ཅི་འདྲ་ཞིག་སྤེལ་ཡང་།བོད་ཡིག་གི་དག་སྡེབ་ཀྱི་ཐོག་ལ་ཚང་མས་དོ་གལ་ཆེན་པོ་གནང་ན་ང་ཚོའི་ཁ་སྐད་དང་ཡིག་སྐད་བར་གྱི་བར་སྟོང་དེ་ཡང་ག་ལེར་ཤེས་ཡོན་ཅན་ཚོས་གསབ་ཐུབ་པའི་རེ་བ་བཅངས་དགོས་པར་མཐོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme