Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལས་དོན་ཚོགས་ཆུང་ནས་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་ཐབས་བྱུས་བཀའ་བསྡུར་གནང་བ།

Posted on 2013-09-072013-09-07 By ཁ་བརྡ་ 12 Comments on ལས་དོན་ཚོགས་ཆུང་ནས་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་ཐབས་བྱུས་བཀའ་བསྡུར་གནང་བ།

འདྲེན་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།

ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༧ རེས་གཟའ་སྤེན་པའི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་ནང་གསར་འགོད་པ་མི་གྲངས་ ༢༠ ལྷག་ཙམ་འདུ་འཛོམས་བྱུང་བའི་ཁྲོད་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་སྤེལ་བ་གཤམ་གསལ། ཞིབ་འཕྲོས་འབྲེལ་ཐག་འདི་ནས་གཟིགསhttp://bod.asia/2013/09/གསར་འགོད་གསལ་བསྒྲགས།-35/

གསལ་བསྒྲགས།

Post navigation

Previous Post: བོད་ཀྱི་གླུ་གཞས་ལ་དགའ་ཞེན་ཡོད་མཁན་ཚོས་ངེས་པར་དུ་བལྟ་དགོས་པའི་གསར་འགྱུར་གལ་ཆེན་ཞིག
Next Post: རྒྱ་ནག་ནི་ཤེལ་གྱི་དཀར་ཡོལ་ཞིག་དང་འདྲ།

Comments (12) on “ལས་དོན་ཚོགས་ཆུང་ནས་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་ཐབས་བྱུས་བཀའ་བསྡུར་གནང་བ།”

  1. ཤར་པ་ says:
    2013-09-08 at 7:02 am

    བཀྲ་ཤེས་པར་ཤོག།

  2. ཤར་པ་ says:
    2013-09-08 at 7:27 am

    འདས་པའི་བྱུང་རབ་ཆིང་ཡིག་དོན་ཚན་བཅུ་བདུན་དང་ཉེ་བའི་ཆར་བོད་རྒྱ་ཞི་བའི་གྲོས་མོལ་ལ་བལྟས་ཚེ་བོད་རྒྱ་ཞི་བའི་གྲོས་མོལ་ནི་རྒྱ་རོ་ལ་འཛམ་གླིང་མི་དམངས་ལ་མགོ་སྐོར་གཏང་བའི་གོ་སྐབས་ཡག་ཤོས་དང་ བོད་རེ་བའི་ཕུང་ཡག་གི་དུས་ཚོད་མང་ཤོས་དང། ཆིག་ཡིག་དོན་བཅུ་བདུན་གྱི་རྗེས་ལ་༧ རང་ཅག་ཁ་བ་ཅན་པའི་བླ་གསོག་། ཕྱི་ཡི་ལྕག་རི། ནང་གི་ནོར་བུ། གང་ཅན་པ་ཡོངས་ཀྱི་བལྟ་བའི་མིག། སའི་གོ་ལར་འདིར་བོད་པའི་མཚོན་རྟགས་། རྒྱལ་བ་ཡིན་ནོར་བུ་ཡང་ཏོག་ཙམ་མིན་ན་རྒྱ་རོས་སླུ་ཁྲིད་ཀྱིས་རྒྱ་ལག་ཏུ་ཤོར་གྲབ་བྱེད་ཚུལ་སོགས་སུམ་བཅུ་དུས་དྲན་སོགས་ལས་ཤེས་པར་བྱོས་ལ། ཉེ་བའི་བོད་རྒྱ་ཞི་བའི་གྲོས་མོལ་བྱེད་རྗེས་བོད་ནང་སྔར་ལས་སྡུག་རུ་དང་དམ་དུ་གཏང་བ་མ་ཏོག་གཞན་མེད་པ་དང་། བོད་རེ་བ་ཆེ་དྲག་ནས་བཀའ་ཤག་ནས་ཀྱང་ལྡི་ལེར་རྒྱ་རོ་ལ་ངོ་རྒོལ་མ་བྱེད་ལབ་སྨྱོང་ཡོད་པ་ཤེས་གསལ་རེད། བོད་རེ་བའི་ཕུང་། རྒྱ་དྭོགས་པས་ཕུང་ཞེས་པའི་གཏམ་དཔེ་འདི་ད་དུང་ཡང་ལོར་རྒྱ་ཕྲག་མི་འཇིགས་པར་རྒྱུན་གྱི་རྟག་པ་བ་ཞིག་ཡིན་པར་སེམས་སོ།

  3. གསར་བུ། says:
    2013-09-08 at 11:04 am

    འབྲས་བུ་ཞིག་ཐོན་ཡོང་གི་རེད་བསམ་པ་རྨི་ལམ་ཚུན་ཆད་དུ་ཡང་མེད།

  4. བདེ་གཤེགས། says:
    2013-09-08 at 11:04 am

    རྒྱ་བོད་གྲོས་མོལ་ཚོགས་མིའི་ལོ་རྒྱུས་དང་རྒྱབ་ལྗོངས་བཅས་གསལ་བོར་འགོད་ནུས་ན་ང་ཚོས་ཁོང་ཚོ་ཚོགས་མིར་འོས་མིན་ལ་བརྟག་དཔྱད་དང་བསམ་འཆར་བྱེད་ཆོག དེ་མིན་རིན་པོ་ཆེ་དང་བཀའ་ཁྲི་བློན་སོགས་ལ་ཉེ་བ་ཙམ་གྱིས་བསྐོས་པ་ཡིན་ན་བོད་རྒྱ་གྲོས་མོལ་ནི་བོད་ཕྱི་ནང་མགོ་གཡོགས་རྫུན་སྐོར་གྱི་ཚོགས་ཆུང་ཞིག་ཡིན་ལ་དེར་རེ་བ་ཆེར་མེད།

  5. རྒྱང་མིག says:
    2013-09-08 at 12:58 pm

    དེ་ཚོ་ནི་དུས་ཚོད་འཕྲོ་བརླག་དང་སྤྱང་ཀིའི་རྣ་བར་ཆོས་བཤད་རང་ཡིན། ནམ་ནམ་ཞར་ཞར་དུ་དགྱ་འོག་ནས་རང་དབང་ཚད་ལྡན་ཞིག་ཡོང་མི་སྲིད། བོད་རྒྱ་གཉིས་མཐུན་སྒྲིལ་ངང་མཉམ་གནས་གཏན་ནས་མི་ཡོང་བ་དེ་ནི། ལོ་ངོ་ཆིག་སྟོང་ཉིས་བརྒྱ་མ་ཟིན་ཙམ་གྱི་གོང་ནས་བོད་རྒྱལ་བཙན་པོ་ཚོས་སྡོམ་ཚིག་བཞག་ཟིན་ཡོད།

    བོད་དགྱ་འབྲེལ་མོལ་ཙམ་ལ་ཁ་གཡར་ནས་བོད་ཀྱི་ཡོད་ཚད་དགྱ་ཁ་དང་བསྟུན་པ་འདི་དག་མི་རིགས་ཤིག་གི་བདེན་པའི་འཐབ་རྩོད་བྱེད་སྟངས་ཤིག་རྦད་དེ་མིན་སྙམ། བོད་མ་གཏོགས་རང་ལ་བཙན་གནོན་བྱེད་མཁན་གྱི་དགྱ་གཏེ་ཞིག་རང་མགོར་བཀུར་མཁན་གྱི་མི་རིགས་ཤིག་མེད་པར་འདོད། བོད་ཀྱི་ཛ་དྲག་གི་གནས་ཚུལ་ནི་དེ་འདྲའི་ཚབས་ཆེན་ལ་གཏུགས་ཟིན་ནས་ཡུན་རིང་སོང་མོད། བོད་ཕྱོགས་ནས་ད་དུང་དུས་ཚོད་ལ་ངེས་མེད་ཡུན་ཚུལ་བརྗོད་བཞིན་ཅིག་ཅིག་མུག་མུག་གི་སྐུ་ཚབ་དང་འབྲེལ་མཐུད་པ། ཚོགས་མི་སོགས་ཀྱི་དོན་ཆུང་རྐྱང་རྐྱང་སྒྲུབ་བསྡད་ཡོད་པ་རེད།

    དུས་ཚོད་ནི་ཕར་འགྲོ་ལས་ཕྱིར་འོང་མེད་པའི་གནས་ལུགས་ཙམ་ཡང་འདི་ཚོར་ཤེས་རྟོགས་མེད་པ་འདྲ། དེ་ལྟར་དུས་ཚོད་ཇི་ཙམ་གྱིས་ཕར་འགྱངས་བཏང་ན། དེ་ཙམ་གྱིས་བོད་ཀྱི་གནད་དོན་ནི་སེལ་ཐབས་དཀའ་རུ་འགྲོ་མུར་ཡོད།
    ད་ནི་ལས་སྣེ་ཚོའི་བརྗོད་དོན་ལ་ལྟ་ཉན་བྱེད་ཀྱིན་བྱེད་ཀྱིན་མགོ་རྙོག་ཆེ་རུ་དང་བློ་དོགས་ཆེ་རུ་འགྲོ་སྣང་སྟེར།

  6. བསོད་ནམས། says:
    2013-09-08 at 3:01 pm

    རེ་བས་ཕོངས་བཞིན་དུ་རེ་བར་རེ་བའི་སེང་གེ་བཀའ་ཤག་གིས་བོད་རྒྱ་ཞི་མོལ་ཚོགས་ཆུང་ལ་་ཚོགས་མི་གསར་བསྐོས་ཀྱི་འབོད་སྒྲ་སྒྲོག་སྒྲོག་པའི་དེ་རིང་ལ། ལོ་རྒྱུས་ཀྱི་ཉེས་ཅན་ཟམ་གདོང་རུ་ཚོགས་ལ་ཐོབ་ཚར་རེད། དེ་སྔོན་ལོ་བཅུ་མུན་མག་ནང་ཁྲིད་པ་དང་ད་དུང་བསྐྱལ་ས་ཞིག་ལ་བསྐྱལ་རྒྱུ་ཡིན་པ་དེ་གཏན་ཁེལ་ཚར་འདུག

  7. བསམ་ཤེས། says:
    2013-09-08 at 3:16 pm

    དྲ་གྲོགས་ཚོས་ངའི་གཤམ་གྱི་སྐད་ཆ་འདིར་བསམ་ཚུལ་ཞིག་འདོན་རོགས། 

    བོད་གཞུང་གི་ཐུས་མི་རྒྱ་རི་རིན་པོ་ཆེ་དང་གཞན་སྐལ་བཟང་རྒྱལ་མཚན་སོགས་ཐེངས་བཅུ་ཙམ་རྒྱ་ནག་ལ་ཕྱིན་སོང་། ཕར་སྐད་ཆ་གང་བཤད་པ་དང་ཚུར་ངོ་མ་གང་བཤད་ཡོད་མེད་ད་བར་གསང་བ་ལ་བཞག་སོང་། ངས་ཤིན་དུ་གསལ་པོ་དྲན་པ་ཞིག་ལ། གོང་ས་མཆོག་གིས་སྐུ་ཚབ་ལ། ད་བར་ཕར་ཡིག་ཆ་དང་སྐད་ཆ་གང་བཤད་ཡོད་མེད། ཚུར་ལན་གང་སྤྲད་ཡོད་མེད་དེབ་ཆུང་ཞིག་བསྒྲིགས་ནས་མི་དམངས་ལ་བཀྲམས་ན་ཕན་པ་ཡོད་ཅེས་བཀའ་བསྩལ་བ་བརྙན་ཕྲིན་ཐོག་གོ་རྒྱུ་འདུག 

    ཡིན་ནའང་རྒྱ་རི་རིན་པོ་ཆེས་གོང་ས་མཆོག་གི་བཀའ་འདི་བསྒྲུབས་མེད་པ་དང་། རྒྱ་བོད་ཀྱི་སྐད་ཆའི་ནང་དོན་གསང་བ་ལ་བཞག་སོང་། གཞུང་ཞིག་གི་ལས་ཀ་དེ་ཁ་ལན་ཕར་སྤྲད་ཁ་ལན་ཚུར་ལེན་བྱེད་པ་འདི་ཤིན་དུ་ནས་ཐབས་སྐྱོ་པོ་རེད། 

    ངས་སྔོན་མ་ལས་དོན་ཚོགས་ཆུང་གི་མི་ཞིག་ལ་ད་རྒྱ་བོད་གྲོས་མོལ་འདི་ཇི་འདྲ་ཡོང་གི་ཡོད་དམ་ཞེས་སྐད་ཆ་དྲིས་པ་ཡིན། ཁོང་གིས་གསུངས་རྒྱུར། ཁྱེད་རང་མཁྱེན་གྱི་རེད། རྒྱ་རི་རིན་པོ་ཆེའི་ཞལ་ནས་བཀྲ་ཤིས་པ་དང་དོན་གྲུབ་པ་དང་ཕུན་སུམ་ཚོགས་པ་མ་གཏོགས་གསུངས་ཡས་མེད། ག་དུས་རྒྱ་ནག་ནས་ལོག་ཕེབས་ཀྱང་ཡག་པོ་བྱུང་སོང་། དཔེ་མི་སྲིད་པའི་ཡག་པོ་བྱུང་སོང་མ་གཏོགས་གཞན་གསུང་རྒྱུ་མེད། ད་འདིར་ལས་དོན་ཚོགས་ཆུང་གིས་ཀྱང་འདི་ཙམ་ཆ་འཇོག་གནང་གི་མིན་འདུག་ཟེར། 

    སྐད་ཆ་མུ་མཐུད་བཤད་མི་བཤད་འདི་སྔོན་མ་གང་བཤད་པ་དེ་ལ་བལྟ་དགོས། དེ་དག་ཡིག་ཆ་ད་དུང་མཐོང་རྒྱུ་མིན་འདུག 

  8. ཞོལ་གཡག་འབྲོང་རྒྱུད། says:
    2013-09-08 at 4:51 pm

    བསམ་ཤེས་ལགས། རྒྱ་རི་གཙོས་པའི་སྐུ་ཚབ་ཚོས་རྡ་ས་ནས་པེ་ཅིང་བར་ཕར་འགྲོ་ཚུར་འོང་གི་བརྒྱུད་རིམ་ནང་མགོ་འབུལ་ལུས་འབུལ་གྱིས། རང་སྐྱོང་མངོན་འདོད་གྱི་ཡིག་ཆ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འབྲུ་འདོན་ཟེར་བ་དེ་ཀྲུང་ནན་ཧེའེ་ལ་སྤྲད་ཡོད་ཀྱང་མིང་སྙན་མོ་ཞིག་བཏགས་ན་བཟའ་སྙིང་རྗེ་མོ་ཞིག་བསྣབས་ཏེས་ཕྱིར་བསློག་བཏང་ཚར་བ་རེད། སྐབས་དེ་དུས་རྒྱ་རི་སྐུ་ཞབས་དབུས་པའི་སྐུ་ཚབས་ཚོར་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་གསོལ་སྟོན་བཤམས་པ་མ་ཟད། ཡར་རྒྱས་ཕྱིན་ཟིན་པའི་ས་ཁུལ་ཁག་ལ་གདན་དྲངས་བཞིན་སྒང་ཡིན་ཙང་བཟང་རབས་རྒྱན་རབས་ཀྱི་རྣམ་འགྱུར་ཡོད་རབས་ལུང་པ་གང་བཤད་པ་རེད། མཐའ་མའི་མཇུག་འབྲས་དེས་ལན་པ་ཡོད་ཚད་ཀྲུང་ནན་ཧེའེ་སྲིད་གཞུང་ལ་གཡུག་ཏེས་རྐུབ་བརྡབ་བརྡབ་བཏང་ནས་ཕྱིན་པ་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་སྐབས་དེ་དུས་ཀྱི་མགོ་འབུལ་ལུས་འབུལ་གྱི་རང་སྐྱོང་མངོན་འདོད་ཡིག་ཆའི་བཀོད་འདོམས་པ་དང་སྐུ་ཚབ་མངགས་གཏོང་བ་ཟམ་གདོང་བླ་མ་ད་ཆ་སྐུ་ཚབ་དངོས་སུ་ཕེབས་འཆར་ཡོད་པ་རེད། བྱས་ན་སྟོང་ལོག་བཏང་ཟིན་པའི་ཡིག་ཆའི་བཀོད་འདོམས་པ་དང་སྐུ་ཚབ་མངགས་གཏོང་བ་དེ་ད་ཆ་སྐུ་དངོས་སུ་ཕེབས་ན་ངོས་ལེན་བྱེད་སྲིད་པ་ཨེ་རེད། ཡང་གཅིག་མིན་ན་བླར་རྒན་མཚན་བཟང་བཞེས་འདོད་དང་ན་བཟའ་གསར་པ་ཞིག་བསྣབ་འདོད་མིན་དྲོ།

  9. གསར་བུ། says:
    2013-09-08 at 6:19 pm

    དོན་དག་ཅིག་གི་སྒང་ལ་ཅི་ཞིག་བཤད་རྒྱུ་ཡིན་ན་ཤོད་ཤོག་དེ་མ་གཏོགས་གང་ཟག་སྒེར་རེ་ཟུང་གི་མི་གཞི་ལ་ཁྱད་གསོད་བྱེད་པ་ན་ཡག་པོ་ཞིག་མཐོང་མ་སོང་། ཟམ་གདོང་བླ་མའི་སྡོམ་པ་ལྟ་བུའི་སྐད་ཆ་འབྲེལ་མེད་དེ་ཚོ་རེ་ཞིག་ཕར་ལ་བཞག་ན་ཡག་པོ་མེད་འགྲོ།

  10. དྲན་དཀར་དཔལ་ཡོན་ says:
    2013-09-08 at 11:42 pm

    གསར་བུ་རྣམ་དཔྱོད་ཅན་ཉུང་། རྩམ་དྲི་མི་བྲོ་བ་ཤིན་ཏུ་མང་། མི་གཞི་ནི་འགྱིག་བྱེ་རིལ་ལས་ཀྱང་སྡིག་ག ད་གང་དྲག།
    ད་རིང་ཡང་རྩམ་དྲི་ཁ་སེ་བྱུང་ང་།

  11. ཤར་པ་ says:
    2013-09-09 at 5:07 am

    ཞི་བའི་གྲོས་མོལ་ནི་རྒྱ་རོའི་ཡ་ལན་མ་བྱེད་དུས་དེ་དང་མཚམས་པའི་འགྱུར་བ་གཏང་ནས་། དེ་ལས་གཞན་པའི་ཐབས་ཇུས་གསར་པ་གཏོན་ན་ཡག་པོ་ཡོད་པ་སྨྲོས་ཅི་དགོས། ད་ནི་གུས་པ་ལས་མ་དག་པས་ཡིན་ན་འདྲ། ཡོན་ཏན་ཞེན་པའི་ཡིན་ནའང་སྲིད། གང་ལྟར་རྒྱ་རི་དང་། ཟམ་གདོང་བླ་མ་དང། ཚེ་འཇམ་དང་། དེ་མིན་མང་པོ་ཞིག་སོ་སོའི་མིང་དང་གོ་ས་རག་ཐབས་གཙོ་འདོན་བྱེད་པ་དང་། བོད་མི་མང་པོ་ཞིག་གིས་རྟོགས་མ་ཐུབ་པའི་གསང་བ་སྤྱི་དོན་ཁ་འཁྱེར་དང་ཞེན་དོན་རང་ཉིད་བསམ་དོན་ལྟར་གྱི་ཐོབ་གོང་ས་དང་མིང་སྙན་གྲགས་དང་དེ་ལྟར་བྱུང་ན་རྒྱུ་དཔལ་འབྱོར་ལས་ཀྱིའོ་བསམ་པ་མང་ངོ་སྙམ། འདས་པའི་གྲོལ་མོལ་སྐབས་ཕར་ལ་གང་བཤད་དང་ཚུར་གང་བཤད་པ་སོགས་གྲོས་ཚོགས་དང་བོད་མི་དམང་ལ་ཡོངས་ཁྱབ་མེད་ལ་རྣམ་འགྱུར་ཡག་པ་ཙམ་གྱིས་ཚིམ་ན་། རྒྱ་རོ་ལ་ཕྱི་ཡི་རྣམ་འགྱུར་དང་གཡོག་རྒྱུ་མཁས་པ་ཡིན་པ་དང་ ད་ལྟའི་རྒྱ་རོའི་དབང་འཛིན་པ་ཞི་ཅིང་ཕིང་ལ་ཕྱི་ཡི་རྣམ་འགྱུར་བསྟན་མཁས་པས་སྔོན་ལས་ཡག་བ་ཆག་རྒྱུར་རེད། གྲོས་མོལ་ཕེབས་མཁན་ཚོ་ཡང་ནམ་བཟའ་ཡག་པོ་གྱོན་དགོས་འདུག། ད་དཀོན་མཁྱེན། རྒྱལ་བ་ཡིན་བཞིན་ནོར་བུ་མཁྱེན། གཞིས་ཆག་གི་ཕག་པ་གསྲུང་མཁན་གི་ནམ་བཟའ་འདྲ་པོ་གྱོན་ནས་རྒྱ་རོ་མཉམ་དུ་གྲོས་མོལ་ལ་མ་ཕེབས་རོག།

  12. ལུང་རྟོགས། says:
    2013-09-09 at 5:18 am

    ལྟས་ངན་དྲ་འབུ་ཁྱོད་ཚོ་རང་གིས་ཅི་ཡང་མ་བྱས་གང་ཡང་མི་འཇོན་པར། ལས་ཀ་བྱེད་མཁན་ལ་ཁ་ཀྱང་ཀྱང་གཏོང་བས་སྡོད་དང་ཕྱི་མ་ཁྭ་ཏའི་སྐྱེ་བ་ལེན་ཡོང་ངོ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme