Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལས་དབང་གིས་སྤྲད་པའི་བརྩེ་དུང་དངོས་མ།

Posted on 2013-05-252013-05-25 By ཁ་བརྡ་ 5 Comments on ལས་དབང་གིས་སྤྲད་པའི་བརྩེ་དུང་དངོས་མ།

གསོན་པོ།

འགལ་འདུའི་ཚོར་བ།

བདེ་སྐྱིད་དང་སྐྱོ་གདུང་ནི་སེམས་ཀྱི་མྱོང་ཕྱོགས་ཙམ་ཞིག་ཡིན་པས། སྐད་གཅིག་ལའགྱུར་འགྲོ་ཤིང་བརྩེ་དུང་དང་མཛའ་བརྩེ་ཡང་རྟག་བརྟན་འགྱུར་མེད་ཀྱི་གཤིས་སུ་མ་གྲུབ་པས་འགྱུར་ལྡོག་གི་ཆོས་ཉིད་ལ་བཅོས་བཟོ་བྱེད་ཐབ་ག་ལ་ཡོད། དགའ་འོས་པ་ཞིག་ལ། ཁོ་མོའི་ལུས་ཀྱི་ན་ཟུག་དང་ཁྱད་མཚར་བའི་རྟགས་མཚན་རྣམས་གློ་བུར་དུ་འཇགས་ཤིང་དམར་ལ་མདངས་འཚེར་བའི་ཟླ་མཚན་གྱི་ཆུ་མོ་ག་ལེར་བཞུར་འོང་བའི་གསང་གནས་ཐོས་བའི་དགའ་ཤིང་སྤྲོ་བ་འམ་སེམས་ནད་གྱི་རྡོག་ཁྲེས་ཕབ་པའི་མྱོང་སྣང་དེས་བདག་དང་ཁོ་མོའི་ཡིད་སེམས་ལ་དགའ་བའི་རྒྱ་མཚོ་སྐྱིལ་ཞིང་བཟོད་དཀའ་བའི་བདེ་སྣང་དེ་ནི་ཕལ་ཆེར་མི་ཚེ་འདིའི་ཁྱད་མཚར་བའི་མྱོང་བ་དང་པོ་དེ་རེད།  དུས་ཚོད་ཀྱི་ཐག་སྒྲ་དང་བསྟུན་ནས་ཟླ་བ་དང་ཉིན་ཞག་ཡུན་གྱིས་བཞུད་པས་ང་དང་ཁོ་མོའི་བར་གྱི་བརྩེ་དུང་གི་མེ་ཏོག་ལ་བར་ཆད་ཀྱི་སད་སེར་སྔ་རྗེས་སུ་བྱུང་བའི་བརྒྱུད་རིམ་ཁྲོད་ནས་གདུང་ཡུས་དང་བཟོད་དཀའ་བའི་མནར་གཅོད་དག་གིས་ང་རང་འཆི་བདག་གི་ཁ་སྒོར་སྐྱེལ་གྲབ་ཐེང་མང་བྱས་མྱོང་།  ཉིན་དེར་ཁོ་མོས་བརྗོད་པའི་སྐད་ཆ་ཞིག་སྟེ“ང་ཁྱོད་ལ་དགའ་མ་མྱོང་ལ་ད་ལྟ་འང་དགའ་ཡི་མི་འདུག་ངས་ཁྱོད་ལ་དགའ་བའི་འཛུམ་བསྟན་ཞིང་བརྩེ་བའི་དུང་སེམས་བརླན་པའི་བྱ་སྤྱོད་དེ་ནི་ཕྱི་ཚུལ་ཙམ་ཡིན།   དེ་སྔོན་ང་རང་དགའ་སའི་གྲོགས་པོ་ཞིག་ཡོད། འདིས་ངེད་གཉིས་ཀྱི་སྐོར་ཤེས་རྟོགས་བྱུང་འདུག་པས་ད་ངེད་གཉིས་ཀྱི་འབྲེལ་བ་འདི་མཚམས་འཇོག་མ་བྱས་ན་རྙོག་དྲ་ཆེན་པོ་ལྷག་གི་རེད”  ཁོ་མོས་འདི་ལྟར་བརྗོད་སྐབས་ངའི་སེམས་ནང་ལ་ཤུགས་དྲག་པའི་སྡུག་བསྔལ་དང་དོག་པ་སྣ་ཚོགས་ཀྱི་རྦ་རླབས་ཆེས་ཆེར་གཡོ་ཞིང་། ཕུགས་བསམ་དང་རེ་སྙེག་ཡོད་ཚད་བཞག་སྟེ་འཇིག་རྟེན་གཞན་ཞིག་ལ་འགྲོ་འདོད་བར་མེད་སྐྱེས།  འོན་ཀྱང་ངས་ཡང་དང་བསྐྱར་དུ་བསམ་གཞིག་བྱེད་སྐབས་ཁོ་མོའི་སྐད་ཆ་འདིར་ཡིད་ཆེས་གཏན་ནས་མ་རྙེད།  ཁོ་མོ་ནི་ནམ་རྒྱུད་ནས་ཡ་རབ་ཚུལ་མཐུན་གྱི་བུ་མོ་མཛངས་མ་ཞིག་ཡིན་པ་ལས་གཡོ་འཁྲུལ་ཅན་གྱི་བུད་མེད་ཁོག་རུལ་ཞིག་གཏན་ནས་མིན།  ད་དུང་ཁོ་མོས་བསྐུར་བའི་ཡིག་གེའི་ནང་དུ་འདི་ལྟར་བྲིས་ཡོད།  “སྙིང་སྡུག་ལགས།  ངེད་གཉིས་ཕན་ཚུན་དགའ་བའམ་དུང་བ་ནས་བཟུང་གུས་མོའི་སེམས་ཁོང་གི་བརྩེ་དུང་དངོས་མ་དེ་ཁྱེད་ཁོ་ནས་ཕྱོགས་སུ་ཤོར་ཟིན་པ་འདྲ།  སྙིང་སྡུག་ལགས། གང་ལྟར་ཡང་གུས་མོ་ང་ཡི་སེམས་ལ་བུ་ཆུང་ཁྱེད་རང་མ་གཏོགས་སྔོན་ནས་ཀྱང་འཁོར་མྱོང་མེད་ལ་ད་ལྟ་ཡང་འཁོར་གྱི་མི་འདུག”  ཁོ་མོས་བདག་ལ་འདི་ལྟར་སེམས་བསམ་པའི་བརྩེ་དུང་ཡིག་ཐོག་ཏུ་ཕབ་ནས་བསྐུར་མྱོང་ལ་བརྗོད་ཐབས་མེད་པའི་དུང་བརྩེའི་རེག་མཆོག་གིས་ང་རང་ལྷ་ཡུལ་ལྟ་བུའི་འཇིག་རྟེན་ཁྱད་འཕགས་རེར་ཐེངས་མང་བསྐྱལ་མྱོང།  ད་དུང་ཁོ་མོས་བདག་ལ་འཚོ་བའི་འགྲོ་གྲོན་ལ་ཁ་བསབ་ཐེངས་མང་བྱས་མྱོང་ལ་ངའི་ཆེད་དུ་དཀའ་ཚག་ཆེ་བའི་ལས་བྱ་མང་བོར་ཁྱད་བསད་དང་ལེན་བྱས་མྱོང་།  བསྡོམས་ཚིག་འདི་དག་ལ་ཞིབ་ཏུ་བསམ་དུས་ཁོ་མོ་ང་ལ་བརྩེ་དུང་མེད་མི་སྲིད་ལ་ཁོ་མོ་ལ་བརྩེ་བའི་སྙིང་སྡུག་གཞན་ཞིག་ཡོད་ག་ལ་སྲིད།   ཁོ་མོས་འདི་ལྟར་ཕྱི་ཚུལ་གྱི་རྣམ་འགྱུར་བསྟན་པ་ནི་ངེད་གཉིས་ཀྱི་མ་འོངས་པའི་ཆེད་ཡིན་སྲིད་ལ་གནས་སྐབས་ཀྱི་བདེ་ཚོར་ཉི་ཚེ་བ་ཞིག་གི་ཆེད་དུ་ཕུགས་བསམ་བློས་གཏོང་བྱེད་འདོད་མེད་པས་ཡིན་རྒྱུ་རེད།  ངས་འདི་ལྟར་བསམ་བློ་བཟང་ཕྱོགས་སུ་བཏང་སྟེ་རང་ཉིད་ལ་སྒྱུར་བཅོས་བྱེད་ཐབས་ཐེངས་མང་བཙལ་ཡང་ཁོ་མོའི་རྣམ་འགྱུར་དང་བྱེད་སྟངས་ལ་འགྱུར་བ་མ་བཏང་བ་མ་ཟད་ཁོ་མོའི་ཕྱོགས་ནས་བརྩེ་དུང་གི་འབྲེལ་ཐག་ལྷོད་དུ་འགྲོ་བཞིན་པའི་སྣང་ཚུལ་དག་གི་ངའི་སེམས་ཁོང་ལ་སྡུག་བསྔལ་དང་སྐྱོ་གདུང་གི་རི་རབ་བརྩེགས་ཤིང་རེ་ཆད་དང་བློ་ཕམ་གྱི་རྒྱ་མཚོ་བསྐྱིལ། ངས་སྐྱོ་གདུང་གིས་མནར་བའི་མི་ཚེ་འདིར་གྱེས་བྲལ་བྱེད་འདོད་སྐྱེས་ཤིང་།  རང་ཀྱི་ཕུགས་བསམ་སྟེ་སྤྱི་ཚོགས་དང་འཚོ་བ་ལ་ཕན་པའི་སློབ་སྦྱོང་གི་གོ་སྐབས་ཀྱང་བརྩེ་དུང་གི་མནར་གཅོད་འདིས་རྨེག་མེད་དུ་བཅོམ་པས་ང་འཇིག་རྟེན་འདིར་འཚོ་འདོད་ཀྱི་ཡི་ག་གཏན་ནས་མེད་པར་གྱུར།  ངས་འདི་ལྟར་ཆེས་ཐ་ཤལ་གྱི་ལམ་ཁ་སྐྱུག་བྲོ་བ་ཞིག་བདམས་དུས་མི་གང་མང་ཞིག་གིས་ང་རང་ཀླད་མེད་ཅོར་ཆུང་ཞིག་ཏུ་བསམ་སྲིད་ལ། བུད་མེད་དཀྱུས་མ་ཞིག་གི་བརྩེ་དུང་ཆེད་དུ་རང་སྲོག་གཏོང་བའི་ང་ནི་ཀླད་རྒྱ་ཆུང་བའི་ཆེས་མི་ཐ་ཤལ་བ་ཞིག་ཏུ་བརྩི་སྲིད་མོད། ང་རང་ཉིད་ལ་མཚོན་ན་རང་ཉིད་ཆེས་དགའ་བའི་མི་དེ་ནི་རང་ཉིད་ཀྱི་ཡོད་ཚད་ཡིན་ལ་རང་ཉིད་ཀྱི་ཡོད་ཚད་གཞན་ལ་ཤོར་བའི་ཚེ་སྲོག་འཁྱམས་པོ་ཞིག་ལ་ཚེ་སྲོག་གི་རིན་ཐང་ངོ་མ་ཞིག་ག་ལ་ཡོད།   བསྡོམས་ཚིག་འདིའི་འོག་ནས་ངས་རང་ཉིད་དུར་སར་སྐྱེལ་རྒྱུའི་སེམས་ཐག་བཅད་ཅིང་ཁོ་མོར་འཆི་ཁའི་ཁ་ཆེམས་ཞེས་བའི་དེབ་ཆུང་ཞིག་ཏུ་རང་ཉིད་ཀྱི་གདུང་སེམས་དང་སྡུག་བསྔལ་ཡོད་ཚད་བྲིས་ཏེ་ཆེས་མཐའ་མའི་ཁོ་མོའི་ཐུག་འཕྲད་དུ་འགྲུལ་བཞུད་བྱས་པ་ཡིན།   འགྲུལ་བཞུད་འདི་དི་ཆེས་ཡིད་མུག་པའི་འགྲུལ་བཞུད་ཅིག་རེད་ལ།   འགྲུལ་བཞུད་དེ་ནི་མི་ཚེ་འདིའི་ཆེས་མཐའ་མའི་འགྲུལ་བཞུད་ཅིག་ཡིན་སྲིད།  འགྲུལ་བཞུད་དེ་ནི་མིག་ཆུ་དང་སྐྱོ་དུང་གིས་སྐྱེལ་བའི་འགྲུལ་བཞུད་ཅིག་དང་།  བློ་ཕམ་དང་འཁང་ར་ཡིས་བདས་བའི་འགྲུལ་བཞུད་ཅིག་རེད།  ངེད་གཉིས་ཐུག་འཕྲད་སྐབས་སུ་དབུགས་རིང་སྦྱིན་བཞིན་ཕན་ཚུན་འཚམས་འདྲི་མདོར་བསྡུས་རེ་བྱས་རྗེས་སླར་ཡང་ཁུ་སིམ་མེར་གྱུར།  དེ་སྔོན་བརྩེ་བའི་འཛུམ་གྱིས་ཕན་ཚུན་བསུ་ཞིང་དགའ་བའི་སེམས་ཀྱིས་ཕན་ཚུན་འཁྱུད་པའི་ང་དང་ཁོ་མོ་དེ་རིང་ཆེསསྙིང་དུ་སྡུག་པའི་བརྩེ་བའི་བུ་ཕྲུག་འདས་གྲོང་དུ་ཕྱིན་པའི་ཕ་མ་གཉིས་དང་འདྲ་པར་སྐྱོ་གདུང་གི་མིག་ཆུ་ལྷུང་ལྷུང་དུ་བཞུར་ཞིང་ཕན་ཚུན་ལྟ་ཙམ་བྱེད་བཞིན་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་ཡུད་ཙམ་ལུས།   ངས་སེམས་ཀྱི་སྡུག་བསྔལ་ཅུང་འགོ་ནོན་ཐབས་བྱས་ཏེ། ངའི་གང་གིས་ཕྱོགས་ནས་ཁྱེད་རང་མགུ་ཡི་མི་འདུག་ཁྱེད་ཀྱིས་ང་རང་འདི་ལྟར་སྡུག་བསྔལ་གྱི་གནས་ལ་བསྐྱལ་དགོས་དོན་གང་ཡིན།   དྲི་བ་འདི་དྲིས་རྗེས་བཟོད་མ་ཐུབ་པར་ཤུགས་དྲག་པའི་ངུ་སྐད་རྒྱབ་ཅིང་འཁང་རའི་ཚིག་ཁ་ཤས་ཀྱང་དབང་མེད་དུ་ཤོར།   ཁོ་མོས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་ཧ་ཀྱང་སྐྱོ་བའི་གདོང་པ་ཐལ་མདོག་ཅིག་བསྟན་ཏེ་ཤུཊ་ཆེན་པོས་ངུས་བྱུང་།   ངས་དེ་སྔོན་ཁོ་མོས་ང་ལ་སྤྲད་པའི་འདྲ་པར་དང་འཕྲིན་ཡིག་སོགས་ཁོ་མོའི་ལག་པར་འཇོག་སྐབས་བློས་གཏོང་མི་ཐུབ་པའི་བརྩེ་བའི་ལག་སྐྱེས་དེ་དག་ལ་ཞེན་ཆགས་ཆེན་པོ་ཞིག་སྐྱེས་ཏེ་དེ་དག་ཁོ་མོའི་ལག་ནས་ཕྱིར་ཏེ་འཕྲོག་སྟེ་འདི་དག་དུར་སར་མཉམ་དུ་འཁྱེར་བཅུག་རོགས་ཞེས་ཞུ་བ་འཐེན་པ་ཡིན།    མཐའ་མ་དེར་ཁོ་མོས་ང་ལ་དུར་སར་འགྲོ་རྒྱུའི་བསམ་བློ་དེ་མེད་པར་གཏོང་དགོས་པའི་ཞུ་བ་ཡང་ཡང་བྱས་ཤིང་དེའི་ཆེད་དུ་ཆ་རྐྱེན་འགའ་ཞིག་ཀྱང་ཁས་ལེན་བྱས་བྱུང་།     འོན་ཀྱང་དེ་དག་ལས་ང་ལ་དགོས་པའི་ཆ་རྐྱེན་ནི་ངས་ཁྱོད་རང་དུས་ན་ཡང་མི་བརྗེད་ཅེས་པ་འདི་ཙམ་ཞིག་རེད།      ངས་ཁོ་མོའི་རེ་བ་དང་ལེན་མ་བྱས་པར་ཁ་བྲལ་གྲབ་བྱེད་སྐབས་ཁོ་མོས་ཤུགས་དྲག་པའི་ངུ་སྐད་དང་ལྷན་དུ་ངའི་ལག་པར་དམ་དུ་འཇུས་བྱུང་།       བྱེད་སྟངས་དེས་ང་ལ་སེམས་འགུལ་དང་དྲོད་ཁོལ་སྟེར་བར་མ་ཟད་ཁོ་མོའི་སེམས་ནང་དུ་ངའི་ལང་ཚོའི་གཟུགས་རིས་ཡོད་པའང་ཤེས་བྱུང་། ཡིན་ན་ཡང་ངས་སྐྱོ་གདུང་གི་མནར་གཅོད་ལྕི་དྲགས་པས་སྐབས་དེར་ཁོ་མོའི་རེ་བ་ཁས་ལེན་བྱེད་ཐབས་བྲལ་སོང་། དགོང་མོ་དེར་ངས་ངེད་གཉིས་ཀྱི་གནས་ཚུལ་ཆ་ཚང་ཤེས་པའི་ཁོ་མོའི་གྲོགས་མོ་ཞིག་ཡོད་པ་དེར་ཁ་པར་བཏང་སྟེ་ངེད་གཉིས་ཀྱི་བརྩེ་དུང་གི་གོད་ཆག་ལ་གླེང་བ་ཡིན།   ཡ་མཚན་པ་ཞིག་ལ་མོས་ཁོ་མོར་དགའ་རོགས་གཞན་ཞིག་གཏན་ནས་ཡོད་མི་སྲིད་ལ་གནས་སྟངས་འདི་འདྲའི་འབྱུང་རྐྱེན་ནི་ཁྱེད་གཉིས་ཀྱི་མ་འོངས་པའི་ཕུགས་བསམ་གྱི་ཆེད་དང་ཁྱེད་རང་ཨུ་ཚུགས་ཚ་དྲགས་པས་རེད་ཟེར།  ངས་ཡང་བསྐྱར་བསམགཞིག་བྱེད་སྐབས་མོས་བཤད་པའི་རྒྱུ་མཚན་རྣམས་ལ་དོན་དངོས་དང་མཐུན་པའི་ཆ་གང་མང་ཡོད་པ་རྟོགས་ཤིང་ངའི་སྙིང་གི་ཚུལ་ལུ་ཁོ་མོར་སྙིང་གཏིང་ནས་དགོངས་དག་ཞུ་དགོས་བསམ།  ངས་ཁོ་མོར་སྤྲད་རྒྱུའི་ཁ་ཆེམས་དེབ་ཆུང་དེར་གནས་ཚུལ་འདིའི་སྐོར་བསྐྱར་བསྣོན་བྱས་ཤིང་ང་ཁྱོད་ལ་དགའ་ཞེས་པ་དང་ང་མ་བརྗེད་རོགས་ཞེས་པའི་ཡིག་འབྲི་དག་གི་སྟེང་དུ་ཁྲག་གི་མཛུབ་ཐེལ་བརྒྱབས་ཏེ་ཁོ་མོར་སྤྲད་ཅིང་ཁོ་མོའི་རེ་འདུན་ཁས་ལེན་བྱས་པ་ཡིན།  ངེད་གཉིས་ཁ་བྲལ་ཁར་སྔར་བཞིན་བརྩེ་བའི་འོ་སྤྲད་ཅིང་དུང་བའི་ལག་འཇུ་བྱས་ཏེ་སོ་སོར་གྱེས་པ་ཡིན་ལ་ཁོ་མོས་ང་རང་དུས་ནམ་ཡང་མི་བརྗེད་པའི་ཁས་ལེན་ཡང་ཡང་བྱས་པ་དེས་ང་ལ་དགའ་སྤྲོ་དང་བདེ་སྐྱིད་ཚད་མེད་སྤྲད་བྱུང་།  དེ་ལྟར་ངེད་གཉིས་གདུང་བའི་ཐུག་འཕྲད་དང་དགའ་སྤྲོའི་གྱེས་བྲལ་བྱས་ནས་མི་ལོ་ཧྲིལ་བོ་གཅིག་འཁོར་ལ་ཉེ་ཡང་དེའི་རིང་དྲ་རྒྱ་བརྒྱུད་འཕྲིན་ཐུང་ཕར་གཏོང་ཚུར་གཏོང་འགའ་ཤས་ལས་དེ་ལས་ཟབ་པའི་འབྲེལ་བ་ཆེར་མ་བྱུང་ཡང་ཁོ་མོས་སྔར་ལྟར་ཡ་རབ་ཚུལ་མཐུན་གྱི་བཟང་སྤྱོད་མ་དོར་བར་སློབ་སྦྱོང་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོས་པའི་ཁོ་མོར་ཕྱོགས་པའི་བདག་གི་བརྩེ་སེམས་དང་ཡིད་ཆེས་ཇེ་བརྟན་དང་ཇེ་ཆེར་གྱུར།   མཚམས་རེར་ཁོ་མོའི་མཛེས་སྡུག་མེ་ཏོག་དྲན་གདུང་གིས་གཟིར་ཏེ་སློབ་སྦྱོང་དང་མདུན་སྙེག་གཡུག་ནས་སྐྱོ་གདུང་གིས་ངུས་ཤིང་བརྒྱལ་ལ་ལན་རེར་རེ་བ་དང་ཡིད་ཆེས་ཀྱིས་ཁོ་མོའི་དུང་སེམས་དང་བརྩེ་དུང་སྒུག་སྟེ་ཁོ་མོར་ཁས་བླངས་པའི་དམ་བཅར་ཤུགས་ཀྱིས་འཐམ་བཞིན་མདུན་སྙེག་བྱེད་བཞིན་ཡོད།

མུ་འགོད་་་་་་་་་་་་་་་་་་་་་་་་་་་་་་་་་

བརྩམས་སྒྲུང་།

Post navigation

Previous Post: ང་ཚོས་བོད་ནང་གི་བོད་མི་ཚོའི་ཆེད་དུ་དམངས་གཙོ་རྩོད་ཀྱི་མེད།
Next Post: ས་ཟླའི་ཚེས་བཅོ་ལྔ།

Comments (5) on “ལས་དབང་གིས་སྤྲད་པའི་བརྩེ་དུང་དངོས་མ།”

  1. དོན་ཡོད་མཁས་གྲུབ། says:
    2013-05-25 at 6:00 am

    སྙན་པ་ལ།

  2. གནམ says:
    2013-05-25 at 6:43 am

    ཁྱི་རྒན་ཁྱི་མོ་ལ་ཐོགས་བ་ནི་བརྩེ་བ་ནམ་ཡང་མིན། ཧ་ཧ། རང་ལོ་ག་ཚད་ཡིན་པ་ཨ། རྒྱ་མཚོའི་ནང་ན་ཉ་མང་། འཇིག་རྟེན་འཁམ་ན་མོ་མང་ཟེར་ནི་རེད། སྐྱེས་ཕོ་ཡག་ཞིག་ཡིན་ན་བུ་མོ་མེ་ཏོག་འཐུ་འཐུ་བྱེད་དགོས་ནི་རེད། གྲོགས་པོ།

  3. ཐུབ་འཕེལ says:
    2013-05-25 at 7:02 am

    དེ་འདྲ་སྡུག་བསྔལ་ལ

  4. ཞུས་ཆེན་པ། says:
    2013-05-28 at 8:12 am

    ཨ་རོགས་དྲ་གྲོགས་གསོན་པོ་དངོས་ནས་ཁྱོད་མྱི་གསོན་པོ་ཏོག་པོ་རེད། སྐད་ཆ་གསོན་པོ་བཤད་འདུག ཁྱོད་ཀྱི་བརྩེ་དུང་གི་སྒྲུང་ཧ་ཅང་སྙན་མོ་བྱུང་། སྒྲུང་ཟེར་བ་དེ་ཇི་ཙམ་ཞིབ་འབྲི་བྱས་ན་དེ་ཙམ་གསོན་ཉམས་འཐོན་རྒྱུ་རེད། ཁྱོད་ཀྱི་ཚིག་སྦྱོར་དང་སྐབས་ཐོག་གི་ཚོར་བ་སོགས་ཅུང་ཞིབ་འབྲི་བྱས་ནོ་ཡག་པོ་འདུག བརྩེ་དུང་གི་སྐོར་འབྲི་དུས་ངོ་ཚ་སྤངས་ཏེ་སེམས་ཚོར་དངོས་གནས་པ་དེ་བྲིས་ན་འདི་ལྟར་སྒྲུང་ཧ་ཅང་སྙན་མོ་ཡོང་གི་རེད། ངོ་བསྟོད་མིན་མུ་མཐུད་དུ་ཕྲིས། གནས་ཚུལ་དངོས་གནས་ཡིན་མིན་ང་ཡིད་མི་ཆེ་བས། གནས་ཚུལ་དངོས་གནས་ཡིན་ན་རང་སྲོག་གཅོད་རྒྱུའི་བསམ་བློ་རྩ་བ་ཉིད་ནས་གཏོང་མི་ཉན་འདི་རྒད་པོའི་བསླབ་བྱ་ཡིན། བརྩེ་དུང་གི་ཆག་འཇིག་ཟེར་བ་དེ་ཁྱོད་གཅིག་བུའི་མགོ་ཐོག་ལ་ལྷུང་བ་མ་རེད། འཇིག་རྟེན་གྱི་སྐྱེས་ཕོ་མོ་ཕལ་ཆེར་བར་གཞོན་ནུའི་དུས་ཀྱི་ལང་ཚོ་དར་ལ་བབ་པའི་སྐབས་སུ་སེམས་ཚོར་དྲག་པོའི་དབང་གིས་གནས་ལུགས་ལ་དཔྱོད་པ་མེད་པར་ཚོར་བ་ཁོ་ནའི་དབང་དུ་ཕྱིན་ན་འདི་འདྲའི་འགོག་ཐབས་མེད་པའི་སྐྱོ་གདུང་གི་ཚོར་བ་འཇིག་རྟེན་གྱི་མི་ཕལ་མོ་ཆེའི་མྱོང་གི་ཡོད་པ་རེད། ཚོར་བ་ལ་ཤུགས་ཆེ་བའི་དབང་གིས་གནས་ལུགས་ལ་དཔྱོད་པའི་རིག་པ་ཉམས་བསྡད་ཡོད་པ་རེད། ག་ལེའི་མཐོང་ཐོས་མྱོང་གསུམ་གྱི་བསླབ་བྱ་བླང་། སློབ་སྦྱོང་བྱས་ནས་རིག་པ་འཕེལ་བའི་སྐབས་སུ་ཡག་ཉེས་བླང་དོར་ལ་དཔྱོད་ཤེས་ཀྱི་རིག་པ་ཞིག་རྒྱས་རྒྱུ་ཡོད་པ་རེད། དེ་དུས་ཁྱོད་ལ་གཞི་ནས་ངེས་ཟིན་འཐོབ་རྒྱུ་ཞིག་ཡོད་ངེས། རང་ཉིད་ལ་གང་ཞིག་དགོས་པ་དང་དགའ་བའི་བསམ་པ་དེ་མ་འགྲུབ་ན་རྦད་དེ་རང་ཉིད་མེད་བརླག་གཏོང་བའི་བསམ་བློ་དེ་ནི་ཆེས་གུ་དོགས་པའི་བྱིས་པའི་བསམ་བློ་ལྟ་བུ་ཞིག་ཡིན་པ་ཧ་གོ་བར་གྱིས། །དོན་ཆུང་ཆེད་དུ་རང་ཉིད་བརླག་པ་རྣམ་དཔྱོད་མེད་པའི་གླན་རྟགས་ཡིན། །བརྩེ་དུང་ཆེད་དུ་རང་སྲོག་ཤོར་ན་རང་གཞན་གཉིས་ཀའི་ཕམ་ཁ་ཡིན། །འཆི་བ་ལས་ཀྱང་གསོན་པོར་འདམས་པ་འཇིག་རྟེན་མི་ཡི་རྒྱལ་ཁ་ཡིན། །འཁྲུལ་ཤེས་བཙན་པོའི་ལོག་ལམ་ཞིག་ལས་དཔྱོད་ཤེས་རིག་པའི་ལམ་ཁྲིད་དགོས། །

  5. ཞུས་ཆེན་པ། says:
    2013-05-28 at 8:28 am

    གསོན་པའི་རེ་བ་ཁོག་ན་ཡོད་ན་ཁྱོད་ནི་དགའ་མའི་བདག་པོ་ཡིན། །གོང་གི་ཚིག་བཅད་དེའི་འཕྲོ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme