Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལས་དབང་གིས་སྤྲད་པའི་བརྩེ་དུང་དངོས་མ།

Posted on 2013-05-172013-05-17 By ཁ་བརྡ་ 1 Comment on ལས་དབང་གིས་སྤྲད་པའི་བརྩེ་དུང་དངོས་མ།

གསོན་པོ།

རྨི་ལམ་མངོན་གྱུར་དང་གྱེས་ཁའི་སྐྱོ་གདུང་།
རླུང་བུ་བསིལ་མོོ་ཞིག་གིས་ལུས་ཁམས་ཡོངས་ལ་ཕྱིལ་ཕྱིལ་ཐེངས་གཅིག་བྱས་པས་དྲན་གདུང་གིས་ན་ཟུག་ཅིག་གིས་བདེ་སྣང་ཕྲ་མོ་དེའི་ལྡོག་ཕྱོགས་ནས་ལངས་བྱུང་ལ་དེ་ནི་ཐེངས་གཅིག་ཙམ་མིན་པར་རླུང་བུ་གཡུག་ཐེངས་རེ་དང་མེ་ཏོག་བཞད་ཐེངས་རེ། ནགས་ལོ་རྒྱས་ཐེངས་རེ། ཆར་བ་འབབ་ཐེངས་རེ། བྱིའུ་གྲག་ཐེངས་རེ། དཔེ་དེབ་སྔོག་ཐེངས་རེ། འདྲ་པར་ལྟ་ཐེངས་རེ་སྟེ་དྲན་པའི་བརྩེ་སེམས་ཀྱི་མེ་ཏོག་སེམས་ཀྱི་དབྱར་གཞུང་ནས་རྒས་མྱོང་མེད་ལ། དུང་བའི་དགའ་དུང་གི་ཁུ་བྱུག་ནམ་ཡང་སྙིང་གི་མཛེས་ལྗོངས་དེའི་ཆེད་དུ་གྲག་བཞིན་ཡོད། དྲན་པའི་གདུང་སེམས་ཀྱིས་གཟིར་ཐེངས་རེར་དུས་ཚོད་སྐར་ཆ་གཅིག་ཀྱང་འགྲོ་བར་དཀའ་མོད། ཁོ་མོའི་རེ་སྐུལ་དང་རང་གི་ཕུགས་འདུན་གྱིས་དེད་དེ་སློབ་སྦྱོང་ལ་ཤུགས་བརྩོན་བྱས་པས་དུས་ཚོད་ནི་ཡུད་ཙམ་ཞིག་ལ་ལོ་གཅིག་ཏག་ཏག་རྫོགས་སོང་། དུས་ཡུན་དེའི་རིང་ལ་ཁོ་མོའི་ཁ་པར་ཡོང་ཐེངས་རེར་སྙིང་ཁམས་སྤྲོ་སྣང་གིས་ཡོངས་སུ་ཁྱབ་འོང་། ཁ་པར་ལས་ཐོས་པའི་སྙིང་དམར་བོའི་བརྩེ་འཕྲིན་དག་གིས་ཡོད་ཚད་དབང་དུ་བསྡུས་ཏེ་ཁོ་མོའི་ཕྱོགས་སུ་འཁྱེར་འགྲོ་བས་ང་ནི་རང་དབང་མེད་པར་ལུས་སེམས་གཉིས་ཀ་ཁོ་མོའི་རྗེས་སུ་ཆགས་ཏེ་ཁོ་མོ་ངའི་སྙིང་གི་མེ་ཏོག་ནས་སྙིང་གི་གཡུ་ལོར་གྱུར་ཅིང་བརྩེ་བའི་གྲོགས་མོ་ལས་སྙིང་གི་དགའ་མར་གྱུར་སོང་།
རང་ཉིད་ལ་རིན་ཐང་ཆེ་བའི་ནོར་བུ་དེ་གཞན་ལ་རིན་ཐང་ཆེ་མིན་ཇི་ལྟར་ཡང་རང་ཉིད་ལ་རིན་ཐང་ཆེ་བས་གཞན་ལ་ཤོར་དོགས་དང་། གཞན་གྱིས་བེད་སྤྱོད་བྱེད་དོགས་ཀྱི་སེམས་ཁྲལ་ནི་རང་སེམས་ཀྱི་ཁོ་མོའི་རིན་ཐང་དང་ལྷན་དུ་ཇེ་ཆེ་ནས་ཇེ་ཆེར་གྱུར་ཅིང་ཐ་ན་ཁོ་མོ་དང་ཁ་པར་ལམ་གྱི་གླེང་མོལ་བྱེད་མཁན་རྣམས་ལ་ཡང་དོགས་ཟོན་དང་དགག་བྱ་བྱེད་དགོས་བྱུང་། ཁོ་མོ་ངའི་སེམས་ཀྱི་རིན་ཐང་བྲལ་བའི་ནོར་བུར་གྱུར་བ་ནས་ངས་ཁོ་མོ་ལ་སེམས་བསམ་པའི་ཡིད་ཆེས་བྱས། འདི་ལྟར་བྱེད་ཀྱང་འོས་ཏེ་ཁོ་མོ་ནི་སྐྱེ་གཟུགས་དང་། འབྱོར་བ་ཁོ་ན་མ་ཡིན་པར་མི་ཀུན་ལ་བསམ་ཤེས་བྱེད་ཤེས་པའི་མཛངས་མ་ཞིག་ཡིན་པ་མ་ཟད། ལ་རྒྱ་ལྡན་ཞིང་བློ་རྩ་བརྟན་ལ་བློ་གཅིག་སེམས་གཅིག་བྱེད་པའི་ཚུལ་མཐུན་སྤྱོད་བཟང་གི་བུ་མོ་གཞོན་ནུ་ཞིག་ཡིན།

ངས་ཁོ་མོ་ངོ་ཤེས་པའི་བརྒྱུད་རིམ་ནས་ཡོད་ཚད་བློས་བཏང་སྟེ་ཁོ་མོར་དགའ་བོ་བྱེད་དོན་ཡང་ཡིད་དུ་འོང་བའི་ཁོ་མོའི་གཤིས་སྤྱོད་དང་མཁས་ལ་མཛང་པའི་ཁོ་མོའིབློ་རིག་ལ་དུང་དྲགས་པ་ལས་ཕྱིའི་མཛེས་སྡུག་གི་ལང་ཚོ་གཅིག་བུ་ལ་ང་འདི་ལྟར་ཁོང་ལ་དགའ་མི་སྲིད། ཆུ་རྒྱུན་ལྟར་བཞུར་གྱིན་ཡོད་པའི་ལོ་ཟླའི་ཕྲེང་བ་རིམ་གྱིས་འདས་ཤིང་སྐོམ་པའི་ཆུ་དང་ལྟོགས་པའི་ཟས་ལྟར་གྱུར་པའི་ལྷན་འཛོམ་ཀྱི་ཉིན་མོ་དེ་ནི་ངེད་གཉིས་ཀྱིས་ཡུན་རིང་རེ་བས་སྒུག་པའི་དུས་ཚིགས་ཤིག་ཅི་ལ་མིན། ཁོ་མོས་བདག་ལ་ཁ་པར་འོང་སྟེ་བརྩེ་བའི་ཐུག་འཕྲད་བྱེད་པར་ཤོག་ཅེར་ཟེར་དུས་ངའི་ཡ་ཆུང་སྟོད་ལ་ཆེས་སྤྲོ་སྣང་དགུ་འགྱུར་གྱིས་འཕེལ་ཞིང་འཇིག་རྟེན་འདི་ལས་བརྒལ་ཏེ་ལྷ་དང་ཀླུ་ཡི་ཞིང་ཁམས་སུ་ཕྱིན་མོད། ང་ཨ་རིར་འགྲོ་རྒྱུ་ཡིན་ཟེར་བའི་ཁོ་མོའི་ངག་ཚིག་འདིས་ང་ལ་དོགས་སྣང་དང་། སུན་སྣང་མང་པོ་ཞིག་སྐྱེས་བྱུང་། ཁོ་མོ་ཨ་རིར་སོང་རྗེས་ངེད་གཉིས་སླར་ཡང་ཐུག་གམ། ཁོ་མོས་ང་སློབ་མཐར་མ་ཕྱིན་བར་དུ་ང་ཁོ་ན་སྒུག་སྲིད་དམ། ཨ་རིར་ཡོད་པའི་ཁོ་མོའི་སྤུན་མཆེད་རྒན་པ་དེས་ངེད་གཉིས་ལ་མོས་མཐུན་བྱེད་དམ་།
དོགས་འདྲི་འདི་དག་གཅིག་རྗེས་གཅིག་མཐུད་ཀྱིས་ཀླད་པའི་རྩ་སྦུགས་དུ་ཟུངས་ཁྲག་དང་ལྷན་དུ་འཕྱོ་བྱུང་བས་ཁོ་མོར་ཐུག་པར་འོང་བའི་འགྲུལ་བཞུད་དེ་དཀའ་ཚེགས་ཆེ་ལ་སྤྲོ་སྣང་དབེན་པའི་འགྲུལ་བཞུད་རིང་པོ་ཞིག་རེད། ཆར་བ་སིམ་སིམ་ཞིག་གིས་འཇིག་རྟེན་འདིར་བརླན་པར་བྱས་རྗེས་མངོན་པར་མི་གསལ་བའི་ཉི་འོད་ཅིག་གིས་གྲོང་ཁྱེར་ཡོངས་ལ་དྲོད་ཁོལ་བྱིན་འདུག་ལ། ད་དུང་ཡིད་མ་ཚིམ་པ་ལྟར་སླར་ཡང་ཆར་པ་སིམ་སིམ་ཞིག་འབབ་འགོ་བཙུག ཁོ་མོས་བཤད་པའི་ས་ཆ་དེར་སླེབ་དུས་ཆར་བ་སིམ་སིམ་དེས་ངེད་གཉིས་ཀྱི་ཡུན་རིང་སེམས་སུ་ཉར་བའི་བརྩེ་དུང་ལ་ཡིད་སྨོན་ཤོར་བ་ལྟར་ངེད་གཉིས་ཀྱི་ཕྱོགས་སུ་འཐོར་བྱུང་ལ་ཁོ་མོས་སེང་རས་དམར་པོ་ཞིག་གིས་འགོ་བོ་དཀྲིས་ཏེ་ཆར་བས་རློན་པར་བྱས་པ་ལ་ཅི་མི་སྙམ་པར་མཛེས་སྡུག་གི་ལང་ཚོ་ཡོད་ཚད་ངའི་ཆེད་ངོམ་པ་དང་འདྲ་པར་ང་ལ་སྒུག་འདུག ལང་ཚོའི་མཛེས་སྡུག་རྣམ་པར་བཀྲ་བའི་ཁོ་མོ་ནི་ཅི་འདྲའི་ཡིད་དུ་འོང་བ་ལ་ཨང་། ཁོ་མོས་ངའི་ཆེད་དུ་འདི་ལྟར་ངལ་བ་ཁྱད་བསད་བྱེད་བ་མཐོོང་དུས་ངས་ཁོ་མོའི་དྲིན་ལན་ཇི་ལྟར་འཇལ་དགོས་སམ།

འཇིག་རྟེན་འདིར་ངའི་སྙིང་ཉེ་བའི་མཛའ་མོ་ནི་ཁོ་མོ་གཅིག་པུ་ཡིན་ལ་ངས་དུས་ཇི་སྲིད་པར་ཁོ་མོ་ངའི་སྙིང་གི་ནོར་བུ་བརྩི་ངེས་ཡིན། འདི་ལྟར་བསམ་གཞིན་བསམ་བཞིན་ཁོ་མོའི་སྡོད་གནས་སུ་བསླེབས་པའང་མ་ཚོར། སྒོ་ཕྱེ་བའི་ཁྲོག་སྒྲ་དེས་ང་གློ་བར་དུ་ཧད་དུ་བཅུག ག་ལེར་ཁོ་མོའི་ལག་པར་འཇུས་ཏེ་འཐམ་འཁྱུད་ཀྱི་ཉེར་བསྡོགས་རྩོམ་པ་ན་གཟུགས་གཞི་ཡོངས་རྫོགས་དྲོད་ཀྱིས་འབར་ཞིང་ཡུན་རིང་གླེང་བའི་བརྩེ་དུང་གི་རོ་མངར་ཡོད་ཚད་མྱོང་འགོ་བརྩམས་ཤིང་འཇམ་ཞིང་མཉེན་པའི་ཁོ་མོའི་མཆུ་སྒྲོས་ཀྱི་འདབ་མ་ག་ལེར་ག་ལེར་ངའི་ཕྱོགས་སུ་བསྲིངས་འོང་། འཁྱུག་ཙམ་ཞིག་ལ་ཉིན་མཚན་བཞི་འགྲོ་སོང་། དེ་རིང་ནི་ངེད་གཉིས་ཁ་བྲལ་བའི་ཉིན་མོ་རེད། དགོང་མོ་དེར་ངེད་གཉིས་ཀྱིས་འབྱུང་འགྱུར་ལ་བསམ་གཞིག་དང་བྲལ་ཁའི་གདུང་ཚོར་ལ་མྱོང་རོལ་བྱས་ཏེ་མཚན་གང་གཉིད་སྐྱིད་པོ་ཞིག་གཏན་ནས་མ་ཁུག འོན་ཀྱང་བྲལ་དགོས་པ་ནི་འདུས་བྱས་ཀྱི་ཆོས་ཉིད་རེད་ལ་མི་རྟག་པའི་རང་བཞིན་ཡང་རེད། སེམས་པ་ཇི་ལྟར་སྐྱོ་ཡང་དེ་ནི་གཟོད་བསྲན་མི་བྱེད་ཀ་མེད་རེད། ངས་ཁོ་མོ་གནམ་གྲུའི་འབབ་ཐང་དུ་སྐྱེལ་འདོད་ཆེ་ཡང་ངས་ཀྱང་ཞོགས་ཀའི་ཆུ་ཚོད་ལྔ་བའི་ཟིན་བྱང་ཉོས་ཟིན་པས་གྱེས་ཁའི་གདུང་བ་དང་སེམས་ཀྱི་བརྩེ་འདང་མཚོན་པའི་འོ་ཞིག་བསྐྱལ་ཏེ་གྱེས་བྲལ་མི་བྱེད་ཀ་མེད་བྱུང་། ངས་གོམ་ཁ་མདུན་དུ་ཇི་ལྟར་སྤོས་ཀྱང་སེམས་པ་ཁོ་མོའི་དྲོད་སོབ་སོབ་ཀྱི་རུམ་དུ་ལྷག་སོང་ལ། གཟོད་དཀའ་བའི་གདུང་བ་ཞིག་གིས་དེད་པའི་དྲོད་མ་ཡལ་བའི་ཆུ་ཐིག་འགའ་བར་མ་ཆད་པར་ཁོ་མོའི་གནང་པའི་འདྲ་པར་དང་ལེགས་སྐྱེས་དག་གི་ཐོག་ཏུ་ལྷུང་བཞིན་འདུག །

མུ་འགོད་་་་

བརྩམས་སྒྲུང་།

Post navigation

Previous Post: བོད་དོན་དཀའ་རྙོག་སེལ་ཐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐེ་བྱུས་དགོས་སྐོར་གསུངས།
Next Post: དེ་རིང་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་གོམ་བགྲོད་ནང་སྐལ་བྷེ་ཐར་གྱིས་མཉམ་ཞུགས་གནང་འདུག

Comments (1) on “ལས་དབང་གིས་སྤྲད་པའི་བརྩེ་དུང་དངོས་མ།”

  1. དོན་ཡོད་མཁས་གྲུབ། says:
    2013-05-18 at 12:03 am

    ཚང་མ་ཀློག་པ་ཡིན། སྙན་པོ་འདུག། མུ་འགོད་ལ་སྒུག་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (33)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme