Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལས་དང་ལས་ཡག་པོ་ཀུན་སློང་གིས་བསྐྱེད་པ་རེད།

Posted on 2010-05-172010-05-17 By ཁ་བརྡ་ 14 Comments on ལས་དང་ལས་ཡག་པོ་ཀུན་སློང་གིས་བསྐྱེད་པ་རེད།

ཟླ་བ་གཞོན་ནུས་བསྒྱུར།

དཔལ་གཉིས་ཉི་མ་བདེ་བྱེད། ( श्रि श्रि रविशंकर)

ཡོད་ཚད་བསོད་ནམས་ལས་ཐོབ་ན་ང་ཚོས་ཅིག་བྱེད་པའི་དགོས་པ་ཡང་ག་རེ་ཡོད་རེད་ཅེས་རྒྱུན་དུ་དྲི་བ་འདི་འདྲི་བར་བྱེད་དུས། ངས་འདི་རང་བཤད་ཀྱིན་ཡོད་པ་སྟེ། སུ་ཞིག་གིས་ཀྱང་ལས་མ་བྱས་པར་སྡོད་ཐུབ་པ་མ་རེད། ཅི་ཞིག་གམ་གང་ཞིག་ནི་ངེས་པར་བྱེད་བྱེད་པ་རེད། ཁྱེད་རང་གི་ཕྱག་ལ་འབྲས་བླུགས་པའི་སྡེར་མ་རེ་བཞག་པ་ཡིན་ན་ཁྱེད་ཀྱིས་དེ་ལས་རྡོ་ཟེགས་ཕྱིར་འདོན་གྱི་རེད། རྒྱུ་མཚན་ནི་ལག་པས་ལས་ཅི་ཞིག་གམ་གང་ཞིག་བྱེད་འདོད་ནས་ཡོད་པ་རེད། མིའི་ཁོག་ལ་ལས་བྱེད་པའི་རླབས་དང༌། སྟོབས་སམ་ནུས་པ་གང་ཡོད་པ་དེ་ལ་ཁ་ཕྱོགས་རེ་སྟོན་དགོས་ངེས་རེད། མི་ལ་སེམས་ཡོད་པ་དེ་ལ་རྡུལ་གྱི་ཡོན་ཏན༡་ཡང་ཡོད་པ་རེད་ལ། དེ་ལ་ཁ་ཕྱོགས་རེ་བསྟན་ན་དེའི་ཕྱོགས་སུ་བཞུར་བར་རྩོམ་པར་བྱེད་པ་རེད། སྲང་ལམ་དུ་ཆར་བ་ཚད་ངེས་ཅན་རེ་བརྒྱབ་ན། ག་རེ་འབྱུང་གིན་འདུག་གམ། ཆུ་ཆ་ཚང་ལམ་ངོས་སུ་བཞུར་བར་བྱེད་མོད། དེ་ལ་ཁེ་ཕན་གང་ཡང་ཡོད་མ་རེད།
ད་རེད། ས་དེ་ག་རང་གི་འགྲམ་ཞིག་ཏུ་རྐ་ཞིག་བརྐོས་ཞོགས་དང༌། ཆུ་དེ་རང་རྐ་དེའི་ནང་བཞུར་ནས་འགྲོ་བ་རེད། ཆུ་ནི་ཕྱོགས་གང་ཞིག་ལ་བཞུར་འགྲོ་བར་ནི་ངེས་པ་དེ་བཞིན་དུ་ལས་ཀྱང་ཅི་ཞིག་གམ་གང་ཞིག་འབྱུང་བར་ནི་ངེས་པ་རེད།
འོན་ཀྱང༌། གཙོ་ཆེ་ཤོས་ནི་ལས་དེ་དོན་དང་ལྡན་པ་ཞིག་ཡོང་གིན་འདུག་གམ་མི་འདུག་པ་དེ་རེད། རང་དགར་བཙོག་ནས་བསྡད་དེ་བསམ་བློ་གཏོང་བ་དེ་ཡང་ལས་ཞིག་རེད་ལ། ལས་མ་བྱས་པར་སྡོད་ཐུབ་པ་ཡིན་ན་ནི་ཧ་ཅང་ཡག་པོ་བྱུང་བ་རེད། དེ་དུས་གྲུབ་པ་ཐོབ་ཟིན་པ་རེད། དེ་ནས་མིག་བཙུམས་ནས་སྡོད་པར་མཛོད་ལ། འདི་ལྟར་གཟུགས་པོ་གཡོ་འགུལ་མེད་པ་དང་སེམས་ལ་དྲན་རྒྱུ་ཅི་ཡང་མེད་པར་སྡོད། འདི་ལྟ་བུའི་གནས་སྟངས་ཡོང་རག་བར་དུ་ཅི་ཞིག་བྱེད་དགོས་པ་རེད་དམ། ཡུད་ཙམ་ཡུད་ཙམ་ཞིག་ལ་ཏ་ཡོང་སྲིད་ལ། ད་ལྟ་ཡིན་ནའང་དྲན་པ་རྩེ་གཅིག་ཏུ་འཇོག་མི་ཐུབ་པ་དང་བསམ་གཏན་ལ་གནས་མི་ཐུབ་པ་དེ་འདྲ་མ་རེད། ཡུད་ཙམ་ཡུད་ཙམ་ལ་གནས་པར་བྱོས་དང༌། འོན་ཀྱང༌། བསམ་གཏན་ལ་གནས་པ་ཁོ་ནས་ད་གཟོད་གྲུབ་པ་ཐོབ་ཐུབ་པ་དེ་འདྲ་མ་རེད། བྱམས་པས་ཀྱང་དེར་རེག་ཐུབ་ལ་ལས་ཀྱིས་ཀྱང་ཐུབ་པ་རེད། ལས་གང་དང་གང་ཞིག་བྱེད་ནའང་དེ་ལ་སོ་སོའི་སེམས་ཡོངས་རྫོགས་གཏད་ནས་བྱོས་དང༌། ལས་དེ་དོན་དང་ལྡན་པ་ཞིག་ཆགས་འགྲོ་བ་རེད། ཆུ་རྐའི་ནང་ནས་བཞུར་བའི་ཁེ་ཕན་ནི་ཉེ་འཁོར་གྱི་རྩ་སྔོན་དང༌། སྡོང་བོ། གསར་སྐྱེས་ལྗོན་ཤིང་དག་རྒྱས་པར་བྱེད་པ་དེ་རེད་མོད་སྲང་ལམ་དུ་བཞུར་བ་ལ་ཕན་ཐོགས་གཅིག་ཀྱང་ཡོད་པ་མ་རེད། གཟིགས་དང༌། ཡང་དེ་ག་རང་ཁེ་ཕན་གྱི་སྐོར་བཤད་ནས་སླེབས་སོང༌། འདི་ཚང་མ་སེམས་ཀྱི་ཞན་ཆ་ཞིག་རེད། ང་རང་གིས་ཁེ་ཕན་བྱུང་མི་དགོས་པར་བཤད་ཀྱིན་མེད། ཁ་རྒྱུན་ལའང་༼དམིགས་ཡུལ་མེད་ན་ལོ་མ་ཡིན་ནའང་འགུལ་བ་མ་རེད།༽ཟེར་བ་ལྟར་རེད།
ལས་ལ་ལེགས་ཉེས་ཀྱི་སྐད་ཆ་འབྱུང་བ་ཡང་ལས་འགའ་ཞིག་ལེགས་པ་དང༌། འགའ་ཞིག་ཉེས་པ་དེ་འདྲ་ཡོད་པ་མ་རེད། ལས་ནི་ལས་རེད། ཉེན་རྟོག་པ་ཞིག་གིས་ཉེས་ཅན་པ་ཞིག་ལ་དབྱུག་པས་རྡེག་གིན་ཡོད་པ་ཞིག་ལ་ཆགས་བཞག་ན། དེས་ལས་ཀ་དཔེ་ཡག་པོ་ཞིག་བྱས་སོང༌། ཉེས་ཅན་པ་ལ་ཉེས་པ་བཏང་སོང་ཟེར་གྱི་རེད། དེ་ག་ནང་བཞིན་དུ་མི་ཞིག་གིས་གཞན་ཞིག་ལ་དབྱུག་པས་རྡེག་པ་ཡིན་ན། འདིས་ཐུབ་ཚོད་བྱེད་ཀྱིན་འདུག་ཟེར་བ་རེད།
དམག་མི་ཞིག་གིས་རྒྱལ་མཚམས་བརྒལ་ནས་དགྲ་བོ་བསད་པ་ལ་རྒྱལ་ཞེན་པ་ཟེར་བ་རེད། གལ་ཏེ་འཛིང་རེས་བྱེད་ཞོར་དུ་སྲོག་ཤོར་སོང་བ་ཡིན་ན་དེ་ཞིང་གཤེགས་དཔའ་རྒོལ་དུ་བརྩི་ཞིང་དེའི་སྐུ་གདུང་ཞུགས་འབུལ་བྱེད་སར་སོང་ནས་མགོ་བོ་དུད་པ་རེད། དེ་ག་རང་མི་གཞན་ཞིག་གིས་མི་གཞན་གང་ཡང་རུང་བ་ཞིག་བསད་པ་ཡིན་ན་དེ་ལ་བཙོན་འཇུག་གི་ཉེས་ཆད་འབབ་པ་རེད། ད་གཟིགས་དང༌། བྱ་བ་ནི་གཅིག་རང་ཡིན་ལ་ལས་ནི་གཅིག་རང་རེད་མོད། ལས་ལ་བརྟེན་ནས་སུ་ཞིག་ལའང་ཐག་མི་གཅོད་པར་ཀན་སློང་ལ་བརྟེན་ནས་ཐག་གཅོད་པ་རེད། ཀུན་སློང་གཅིག་སྲུང་སྐྱོབ་ཀྱི་ཆེད་དུ་དང༌། ཀུན་སློང་གཅིག་ཞེ་སྡང་གིས་བསླངས་པ་ཡིན་པས་ཀུན་སློང་མ་འདྲ་བ་རེ་བྱུང་བ་རེད། ལས་ལ་ཡག་སྡུག་གི་དབྱེ་བ་མི་འབྱུང་མོད། ཀུན་སློང་ཡང་དག་པ་དང་མ་དག་པ་འབྱུང་གི་ཡོད་པས། ཁ་དཔེ་ལའང་༼དཀོན་མཆོག་ནི་ཀུན་སློང་ཡང་དག་པས་རྒྱགས་ནི་མ་རེད།༽ཟེར་བ་རེད། ཀུན་སློང་ཡང་དག་མ་ཡིན་པ་དེས་རྐྱེན་བྱས་ཏེ་ཚང་མ་གནས་སྟངས་འདྲ་མིན་གང་རུང་ཞིག་ཏུ་ལྷུང་དུ་བཅུག་ཡོད་པ་རེད།
ད་ཀུན་སློང་ཡག་དག་པ་ཞིག་ཏུ་བཅའ་དགོས་པ་རེད་ལ། འདི་ལ་ང་ཚོས་སྒོམ་ཟེར་གྱིན་ཡོད་པ་རེད།
ང་ཚོས་ཀུན་སློང་གི་སྐོར་ལ་སྐད་ཆ་བཤད་དུས། མཐར་གཏུགས་ན་ཀུན་སློང་འདི་ཇི་ལྟར་ཡང་དག་པ་ཆགས་པ་རེད་ཅེས་སེམས་ལ་ཤེས་འདོད་སླེབས་སྲིད་པ་རེད། ཀུན་སློང་དེ་བྱམས་པ་དང་གྲོགས་བཟང་པོ། དད་པ་སོགས་ལ་བརྟེན་ནས་ཡང་དག་པ་ཆགས་ཀྱི་རེད། དོན་དངོས་སུ་ང་ཚོ་མངལ་ལས་ཐོན་དུས་ཀུན་སློང་གཙང་མ་རེད། དཀྱིལ་མ་ནས་ཅུང་མི་གཙང་བ་ཆགས་སོང་བ་དེ་བསྐྱར་དུ་གཙང་མ་ཆགས་འགྲོ་བ་རེད། མི་གཙང་བའི་ཁྱད་ཆོས་དེ་ཁྱེད་རང་གི་རང་བཞིན་མ་རེད། ཀྱེ། ཁྱེད་རང་ཕ་ལམ་རེད། གད་སྙིགས་ནང་དུ་ཡོད་པ་ཡིན་ནའང་ཁྱེད་རང་རྡོ་རྗེ་ཕ་ལམ་རེད། ཕ་ལམ་གད་སྙིགས་ཀྱི་ཁྲོད་དུ་ཡོད་ནའང་དེའི་རིན་ཐང་ཆག་འགྲོ་བ་མ་རེད། དེ་བས་རང་གིས་རང་ཉིད་བཀྲུ་བ་དང༌། འབྱིད་པའམ། གཙང་མ་སོགས་བཟོས་དང༌།
དཀོན་མཆོག་ནི་ཚང་མ་ལ་མངའ་བ་དང༌། རྣམ་པ་འདྲ་མིན་སྣང་ཚོགས་སུ་ཡོད་པ་རེད། དཀོན་མཆོག་གིས་རྨ་བྱའི་པྲོག་ཞུ་གྱོན་ཞིང་སྲང་ལམ་གང་ཞིག་ཏུ་གླིང་བུ་འབུད་ཞོར་ཡོང་བ་ཞིག་ཁྱེད་ལ་འཕྲད་ཀྱི་མ་རེད།
དཀོན་མཆོག་འཚོལ་ནས་སྡོད་པ་དེ་ནོར་བ་རེད། རྒྱུ་མཚན་ནི་ཁྱེད་ཀྱིས་རང་ཉིད་ཀྱི་རྟོག་པའི་ཁྲོད་དུ་ཁོང་མཐོང་འདོད་ཀྱི་ཡོད་པ་རེད། དཀོན་མཆོག་འདི་ལྟར་ཡོད་རེད་ཅེས་ཁྱེད་ཀྱི་ལོ་ཐོ་ལ་སོགས་དང་རི་མོ་མཁན་གྱི་རྟོག་པས་བརྐོས་པའི་རི་མོར་བལྟས་ནས་རང་གི་སེམས་ལ་དཀོན་མཆོག་ནི་མདའ་གཞུ་བསྣམས་ནས་བཞེངས་ཡོད་པའི་རྟོག་པ་སློང་གི་ཡོད་པ་རེད། སོ་སོ་སོ་སོར་ཀུན་སློང་མི་འདྲ་བ་རེ་ཡོད་པ་རེད། སོ་སོའི་སེམས་གཏིང་ནས་རི་མོ་གང་ལ་སེམས་གཏད་པ་ཡིན་ན་དེ་རང་སོམས་དང༌། རང་ཉིད་ཀྱི་བདག་ཀུན་སློང་དེ་དང༌། རྣམ་པ་དེ་ཉིད་དུ་མངོན་པར་འགྱུར་རོ།།
མཆན།
༡། རྡུལ་གྱི་ཡོན་ཏན་ནི། ཕྱི་རོལ་པའི་གྲུབ་མཐའ་ཁག་ཏུ་བཤད་པའི་རྡུལ་མུན་སྙིང་སྟོབས་གསུམ་གྱི་ཡོན་ཏན་གྱི་ཁྱད་པར་དུ་གྱུར་བ་དེའོ།།
༡༥།༠༥།༢༠༡༠ ལ་ཞི་འཚོ་དཔེ་མཛོད་དུ་ཧིཾདཱི་ལས་རྫོགས་པར་བསྒྱུར་བ་དགེའོ།།

འགྱུར་རྩོམ།

Post navigation

Previous Post: གསལ་བསྒྲགས།
Next Post: ཝྰ་ཎའི་སློབ་ཆེན་འགྲིམས་པའི་མྱོང་ཚོར་ཡི་གེར་བཀོད་པ།།

Comments (14) on “ལས་དང་ལས་ཡག་པོ་ཀུན་སློང་གིས་བསྐྱེད་པ་རེད།”

  1. ཀརྨ་རྡོ་རྗེ་ says:
    2010-05-18 at 4:57 am

    སྒྱུར་བ་པོའི་ནང་འདྲེན་གྱི་ཀུན་སློང་ནི། རྩོམ་དང་བསྒྱུར་གཉིས་ཀ་ལས་བཟང་བ་ཡིན་པར་འདོད། དགེའོ།

  2. བོད་ཀྱི་མཛེས་མ། says:
    2010-05-18 at 5:19 am

    ཕྱི་རོལ་པས་ཡོད་ཚད་དཀོན་མཆོག་བཅོལ་ནས་རང་གིས་རང་ལ་སེམས་གསོ་བྱེད་པ་དང།་རང་གིས་གཞན་ལའང་བློ་སྤོབས་སྐྱེ་བཅུག་གི་ཡོད།

    ང་ཚོ་ནང་པས་ཡོད་ཚད་ལས་ལ་བཅོལ་ནས་རང་ཉིད་སྲུང་བ་དང་རང་ཉིད་སྐྱོབ་པ་གཞན་ལའང་དེ་ལྟར་བཤད་ནས་སེམས་གསོ་བྱེད་ཀྱིན་ཡོད།

    མདོར་དོན་འདི་གཉིས་ནི་སེམས་མ་གཞོམ་ཞིང་ཡིད་ཕམ་མ་བཅུག་པའི་ཐབས་ལམ་ཙམ་ལས་དེ་ལས་ཕྱི་རོལ་དུ་གྱུར་པ་ཞིག་ཨེ་ཡོད་སྙམ།

    ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས།་་་ཞེས་གསུངས་པ་ལྟར་དངོས་པོ་གཅིག་ལས་འབྲས་བུ་མི་འདྲ་བ་སྣ་ཚོགས་ཤིག་སྐྱེ་བ་དངོས་པོའི་ཆོས་ཉིད་ལས་དཀོན་ལས་གཉིས་ལ་འབྲེལ་བ་དེ་ཙམ་ཨེ་ཡོད་སྙམ།

    དེ་ལྟར་མིན་ན་ཆུ་བོ་ཐུར་དུ་རྒྱུགས་པ་དང།མེ་ཚ་ཞིང་བསྲེགས་པ་སོགས་ཀྱི་རྒྱུ་གཏན་ནས་འཇོག་ཏུ་མེད་པའམ་ཡང་ན་རྒྱུ་ཐུག་མེད་གྱུར་བའི་ཐལ་བ་ཨེ་ཡོད་སྙམ།

  3. ཀརྨ་རྡོ་རྗེ་ says:
    2010-05-18 at 5:37 am

    བོད་ཀྱི་མཛེས་མའི་རྣམ་པ་མཇལ་སྐལ་མི་འདུག་ཀྱང་། གསུང་ཐོས་སྐལ་ཡོད་སྟབས་བསྙད་འཚོལ་དྭོགས་སློང་བྱེ་འདོད་བྱུང་། དྭོགས་སློང་འདྲི་བ་གསུམ་ཡོད།
    དང་པོ། ཕྱི་རོལ་པས་ཡོད་ཚད་དཀོན་མཆོག་བཅོལ་གྱི་ཨ་ཡོད།
    གཉིས་པ། ང་ཚོ་ནང་པས་ཡོད་ཚད་ལས་ལ་བཅོལ་བགྱིད་མ་རེད།
    གསུམ་པ། རྒྱུ་ཐུག་མེད་གྱུར་ན་ཐལ་བའི་སྐྱོན་ཅི་ཡོད་དམ།

  4. ཀརྨ་རྡོ་རྗེ་ says:
    2010-05-18 at 5:40 am

    རྒྱུ་ཐོག་མེད་དུ་གྱུར་ན། ལ་བཅོས།

  5. བོད་ཀྱི་མཛེས་མ། says:
    2010-05-18 at 5:44 am

    ཞེ་དྲག་ཡག་པོ་བྲིས་འདུག་བསྔགས་བརྗོད་ཡོད།
    ངས་འདི་ནས་ཁྱེད་ལ་བསྟོད་ཚིག་གི་མེ་ཏོག་རྐྱང་རྐྱང་འཐུ་རྒྱུ་ལས་གཞན་ཅི་ཡང་མེད།

  6. བོད་ཀྱི་མཛེས་མ། says:
    2010-05-18 at 5:54 am

    ཀརྨ་རྡོ་རྗེ་ལགས།
    ངས་ཁྱེད་ཅག་ལ་ཕར་བསྐུལ་བའི་དྲི་བ་རྣམས་ཚུར་དྲི་ལོག་བརྒྱབ་རྒྱུའི་རེ་བ་བཟུང་མེད།
    ཁྱོད་ཀྱིས་ང་མཛེས་མའི་ཞལ་རས་དཀར་གསལ་ཟླ་བ་ལེན་གཅིག་མཇལ་རྒྱུའི་འདོད་མོས་སྙིང་ནས་ཡོད་ན་དྲི་ལོག་མ་བྱེད་པར་དྲི་ལན་ཡིད་རེ་ཚིམས་པ་གནོངས་དང།ངས་ཁྱེད་ལ་བསམ་ཤེས་བྱ་ཆོག།དེ་ལྟར་མིན་པར་དྲི་ལོག་དང་ལད་ཟློས་རྐྱང་རྐྱང་ལ་རེ་བ་མེད་པ་ཡིད་འཇགས་འཚལ།

  7. ཟླ་བ་གཞོན་ནུ། says:
    2010-05-18 at 6:20 am

    གོང་དུ་འདྲ་མིན་སྣང་ཚོགས་ཟེར་བ་དེ་འདྲ་མིན་སྣ་ཚོགས་སུ་ཀློག་རོགས་ཞུ།

  8. ཟླ་བ་གཞོན་ནུ། says:
    2010-05-18 at 6:35 am

    གོད་དུ་༼དཀོན་མཆོག་ནི་ཚང་མ་ལ་མངའ་བ་དང༌། རྣམ་པ་འདྲ་མིན་སྣང་ཚོགས་སུ་ཡོད་པ་རེད། དཀོན་མཆོག་གིས་རྨ་བྱའི་པྲོག་ཞུ་གྱོན་ཞིང་སྲང་ལམ་གང་ཞིག་ཏུ་གླིང་བུ་འབུད་ཞོར་ཡོང་བ་ཞིག་ཁྱེད་ལ་འཕྲད་ཀྱི་མ་རེད།༽
    ཟེར་བ་ནི་ཀྲྀཥྞ་སྟེ་ཁྱབ་འཇུག་ལ་བརྗོད་ཀྱིན་ཡོད་པར་འདོད།
    ཁྱབ་འཇུག་བྱིས་པའི་གཟུགས་སུ་གླིང་བུ་ཞིག་བསྣམས་ནས་ཡོད་པའི་པར་རིས་ཐེངས་མང་མཐོང་བ་ཡིན།

  9. ཀརྨ་རྡོ་རྗེ་ says:
    2010-05-18 at 8:26 am

    བོད་ཀྱི་མཛེས་མ་མགུ་བའི་ལན་འདེབས་གསུམ་པོ།

    དང་པོ། ཕྱི་རོལ་པས་ཡོད་ཚད་དཀོན་མཆོག་གིས་མ་བཟོས་ཏེ། དཀོན་མཆོག་ཁོ་རང་དཀོན་མཆོག་གིས་བཟོས་པ་མི་འདོད་པའི་ཕྱིར།
    གཉིས་པ། ང་ཚོ་ནང་པས་ཡོད་ཚད་ལས་ལ་མི་བཅོལ་ཏེ། སངས་རྒྱས་གོ་འཕང་རྒྱུ་ལས་བྱུང་ཡང་། ལས་ལས་མ་བྱུང་བའི་ཕྱིར།
    གསུམ་པ། རྒྱུ་ཐོག་མེད་གྱུར་བ་ཐལ་བའི་སྐྱོན་མེད་དེ། དངོས་པོ་ཡིན་ན། རང་གི་རྫས་རྒྱུན་ཐོག་མ་མེད་པ་ནས་ཡོད་པའི་ཁྱབ་པའི་ཕྱིར། གཞན་ཡང་མཚན་གཞི་མང་ངོ་།

  10. བོད་ཀྱི་མཛེས་མ། says:
    2010-05-18 at 8:42 am

    ཀ་རྡོ་ལགས།
    ངས་ལྟར་ན་ཁྱེད་རང་ཨ་ཕོ་ཧོ་ཡིན་པ་འདྲ།མགོ་ག་རེ་བྱས་སོང་འདྲི་དུས་རྐུབ་ལུག་གིས་བརྡུང་སོང་ཟེར་བ་དང་འདྲ་མཚུངས་བྱུང་འདུག
    དྲི་བ་རང་བཟོའི་ལན་ལ་མུ་མཐུན་གཏན་ནས་མེད།
    ངས་ནམ་ཡང་ཐམས་ཅད་ལས་དང་དཀོན་མཆོག་གིས་བཟོས་པ་རེད་ཅེས་བཤད་མྱོང་མེད།མཆན་བུ་ཆུང་ཆུང་འདི་རིགས་ལ་ལྟ་བའི་བློ་གྲོས་མེད་ན་ཁྱེད་ངོ་མ་ངོ་མི་ཚའམ།
    ཡོད་ཚད་ལས་དང་དཀོན་མཆོག་ལ་བཅོལ་བ་དེ་རང་ཉིད་ལ་སེམས་གསོ་བྱེད་འདྲ་ཞིག་མ་གཏོགས་མེད་ཚོད་ལྟར་བཤད་པ་ཡིན།
    ངས་བྲིས་པའི་ཨེ་ཡིན་ཞེས་པ་སོགས་ལ་ཡང་བསྐྱར་སེམས་པ་ལྷོད་དུ་བབ་ནས་བསྐྱར་ཀློག་ཐེངས་འགའ་ཤས་བྱས་ཏེ་འདྲི་ལན་ཐོངས།་ཤེས་སོང་ངམ།་བུ།

  11. ཀརྨ་རྡོ་རྗེ་ says:
    2010-05-18 at 10:08 am

    འདྲི་བ་ཡོད་དུས་ལན་མེད།
    ལན་ཡོད་དུས་འདྲི་བ་མེད།
    གཉིས་ཀ་ཡོད་དུས་སྙིང་པོ་མེད།
    གསུམ་ག་འཛོམས་དུས་ཧོར་རྟགས་བསྟན།

    ད་ནི་མཛེས་མའི་ཞལ་རས་ལྟ་བར་མི་འདོད་དོ།

  12. མདོ་ལྷ་ཁམས་པ། says:
    2010-05-18 at 8:02 pm

    གོང་དུ་ལ་ལ་ཞིག་གིས་ལས་དང་ལས་ཀ་གཉིས་དོན་གཅིག་ཏུ་འཁྲུལ་ན་གོ་བ་ལོག་པ་རེད། ལས་དང་ལས་ཀ་གཉིས་ཀྱི་གོ་དོན་རྦད་དེ་ལོག་ག་ཡིན་ནི་རེད།
    ལས་ཀ་ནི་གནས་སྐབས་ཀྱི་བྱ་བ་ཙག་ཙིག་ཙམ་ལྟ་བུ་ལ་གོ་ན་འགྲིག འོན་ཀྱང་ལས་ནི་དེ་འདྲ་མིན་པར་བྱ་བ་གང་དང་གང་གི་སྔ་མའི་རྒྱུ་དང་། ཕྲད་ཀྱི་རྐྱེན། མཐའ་མའི་འབྲས་བུ་བཅས་ཐུན་མོང་གི་ནུས་སྟོབས་ལ་ཟེར་ནི་རེད། དེས་ན། ལས་དང་ལས་ཀ་གཉིས་སོ་སོ་ཡིན་པ་རྟོགས་ན་ལས་དབང་གི་ནང་དོན་དེ་འདྲའི་མགོ་རྙོག་པོ་བཟོ་དགོས་དོན་ཅང་མེད།

  13. དགྲ་སྟ། says:
    2010-05-19 at 4:34 am

    གོང་དུ་ལ་ལ་ཞིག་གིས་ལས་དང་ལས་ཀ་གཉིས་དོན་གཅིག་ཏུ་འཁྲུལ་ན་གོ་བ་ལོག་པ་རེད། ལས་དང་ལས་ཀ་གཉིས་ཀྱི་གོ་དོན་རྦད་དེ་ལོག་ག་ཡིན་ནི་རེད།
    ལས་ཀ་ནི་གནས་སྐབས་ཀྱི་བྱ་བ་ཙག་ཙིག་ཙམ་ལྟ་བུ་ལ་གོ་ན་འགྲིག འོན་ཀྱང་ལས་ནི་དེ་འདྲ་མིན་པར་བྱ་བ་གང་དང་གང་གི་སྔ་མའི་རྒྱུ་དང་། ཕྲད་ཀྱི་རྐྱེན། མཐའ་མའི་འབྲས་བུ་བཅས་ཐུན་མོང་གི་ནུས་སྟོབས་ལ་ཟེར་ནི་རེད། དེས་ན། ལས་དང་ལས་ཀ་གཉིས་སོ་སོ་ཡིན་པ་རྟོགས་ན་ལས་དབང་གི་ནང་དོན་དེ་འདྲའི་མགོ་རྙོག་པོ་བཟོ་དགོས་དོན་ཅང་མེད།

    ལས་མ་ཡིན་པའི་ལས་ཞིག་ཡོད་དམ།
    མདོ་ལྷ་ཁམས་པ་ལགས།

  14. དགྲ་སྟ། says:
    2010-05-19 at 4:37 am

    གོད་དུ་༼དཀོན་མཆོག་ནི་ཚང་མ་ལ་མངའ་བ་དང༌། རྣམ་པ་འདྲ་མིན་སྣང་ཚོགས་སུ་ཡོད་པ་རེད། དཀོན་མཆོག་གིས་རྨ་བྱའི་པྲོག་ཞུ་གྱོན་ཞིང་སྲང་ལམ་གང་ཞིག་ཏུ་གླིང་བུ་འབུད་ཞོར་ཡོང་བ་ཞིག་ཁྱེད་ལ་འཕྲད་ཀྱི་མ་རེད།༽
    ཟེར་བ་ནི་ཀྲྀཥྞ་སྟེ་ཁྱབ་འཇུག་ལ་བརྗོད་ཀྱིན་ཡོད་པར་འདོད།
    ཁྱབ་འཇུག་བྱིས་པའི་གཟུགས་སུ་གླིང་བུ་ཞིག་བསྣམས་ནས་ཡོད་པའི་པར་རིས་ཐེངས་མང་མཐོང་བ་ཡིན།

    འདི་འདྲ་ཞིག་རེད་པས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme