Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལས་ཀྱི་ཕྱག་རྒྱ་མ།

Posted on 2011-08-19 By ཁ་བརྡ་ 6 Comments on ལས་ཀྱི་ཕྱག་རྒྱ་མ།

༼གསང་བ་རྒྱ་ཅན་གྱི་རིག་མའི་ལེའུ་ལས་ཁོལ་དུ་ཕྱུང་བའི་གསང་ཆོས་གཅེར་རྗེན་མ་ཞིག་ཡིན།༽

རྣལ་འབྱོར་རློན་པས།
ནམོབཛྲཌཱཀིནཱི
༡༽སྲོག་འཛིན་རླུང་གི་སྒྱུ་འཕྲུལ་སྒྱུ་མའི་གར།།
ཉི་མ་ཟླ་བ་བཞུས་པའིོ་དྭངས་མའི་ཁམས།།
གསང་བའི་དཔྱིད་ཀྱི་ཐིག་ལེར་ཟགས་པ་མོ།།
བདེ་ཆེན་ལས་ཀྱི་ཕྱག་རྒྱ་ཨེ་མ་ཧོ།།

༢༽བཅུ་དྲུག་སྨིན་པའི་ནུ་འབུར་ཁུར་འཆང་མ།།
རོལ་བའི་གར་དུ་འཁྱུད་པའི་སྟངས་སྟབས་ཅན།།
དྲུག་ཅུ་རྩ་བཞིའི་སྒྱུ་འཕྲུལ་སྟོན་ལ་མཁས།།
རྣལ་འབྱོར་ལམ་གྱི་གྲོགས་མཛད་ཕྱག་རྒྱ་མ།།

༣༽སྟོང་ཕྲག་བརྒྱད་ཅུའི་རྩ་ཁམས་རབ་འབྱེད་ཅིང་།།
ལས་རླུང་ལས་རུང་བྱེད་པའི་ཕོ་ཉ་མོ།།
ལང་ཚོའི་དཔྱིད་དུ་སྒེག་པའི་གར་སྟབས་རེས།།
དགའ་བཞིའི་དབབ་ལྡོག་རྩོལ་མེད་དབྱིངས་སུ་འཁོར།།

༤༽བཟི་བའི་དབྱིངས་སུ་སྤྲོས་པའི་སྣང་བ་འཕྱོ།།
སྤྲོས་མེད་ངང་ནས་རྣལ་འབྱོར་གར་དུ་རོལ།།
བདེ་ཆེན་ཤུགས་ཀྱིས་འབར་བའི་སྙིང་བོའི་ཁམས།།
སྟོང་བཞིའི་དབྱིངས་སུ་མེ་སྟག་བཞིན་དུ་མཆེད།།

༥༽ཨེ་ཧོ་ང་ཁྱོད་ཐ་མི་དད་པའི་ངང་།།
གཅིག་ཏུ་སྦྱོར་ཞིང་གཅིག་ཏུ་འཐིམ་པ་འདི།།
སྟོང་བའི་ངང་དུ་སྟོང་བ་ཉིད་གྱུར་པའི།།
དོན་དམ་དབྱིངས་སུ་སྤྲུལ་པའི་ཟློས་གར་འཁྲབ།།

༦༽ཉི་ཁྲི་ཆིག་སྟོང་ཀུན་རྟོག་བཞོན་པའི་རླུང་།།
ཨ་ཝ་དྷཱུ་ཏཱིར་འདྲེན་པའི་ལམ་གྱི་གྲོགས།།
བསྣོལ་སྟབས་ཕྱག་རྒྱས་དམ་དུ་འཁྱུད་པ་མོ།།
ལྷན་སྐྱེས་དགའ་མའི་དགའ་སྟོན་ཁྲིལ་ལི་ལི།།

༧༽ལང་ཚོའི་སྟངས་སྟབས་གར་གྱིས་འཁྱུད་ཐེངས་རེར།།
ཟུང་འཇུག་བདེ་ཆེན་གློག་དམར་ཅིག་ཅར་འཁྱུགས།།
ཉི་ཟླའི་ཁམས་སུ་ཆུ་ལ་ཆུ་བཞག་བཞིན།།
དབྱེར་མེད་དབྱིངས་ཀྱི་ངོ་བོར་སིམ་སིམ་འཐིམ།།

༨༽བདེ་ཆེན་བདེ་བའི་དབྱིངས་སུ་དབྱེར་མེད་ཅིང་།།
ཧ་ཧ་ཧོ་ཧོའི་བཞད་པ་རབ་བཞད་མ།།
རྣལ་འབྱོར་རྣམ་རྟོག་འགགས་པའི་ཕ་རོལ་ན།།
ལས་ཀྱི་ཕྱག་རྒྱ་མ་ཁྱོད་ཨེ་མ་ཧོ།།

༩༽སྟོང་བའི་ངང་དུ་ཆུ་རྐྱལ་བྱས་པ་འམ།།
སྟོང་ཁམས་དབྱིངས་སུ་འཕུར་མཆོང་བྱས་པ་བཞིན།།
ང་ཁྱོད་དམིགས་མེད་དབྱིངས་ཀྱི་རོལ་རྩེད་འདི།།
ཁྱོད་ཞབས་པདྨོའི་བཀའ་དྲིན་ཉིད་ལས་བྱུང་།།

༡༠༽ཀུན་གྱི་གཙོ་མོར་བཞེངས་པའི་ཡཱོ་གྷི་ནཱིའི།།
ངོས་དབང་བྱིན་རླབས་དྲོད་ཀྱིས་འབར་བ་བདག།
རྟོགས་སྣང་ཟ་ཟིའི་ཀློང་གི་ལྡབ་ལྡིབ་ངག།
ཐོལ་བྱུང་ཡི་གེར་འཁྱུགས་པ་རྒྱ་རྒྱ་རྒྱ།། །།
༢༠༡༡ ༨ ༡༨

སྙན་ངག

Post navigation

Previous Post: རྔ་པ་ཀིརྟི་དགོན་གྱི་གནས་སྟངས།
Next Post: རླབས་ཆེན་ཚེ་སྲོག་མེ་རུ་བསྒྲོན་པ།

Comments (6) on “ལས་ཀྱི་ཕྱག་རྒྱ་མ།”

  1. ཨ་ར་དཀར་པོ says:
    2011-08-19 at 5:09 am

    ཡིག་བརྒྱ་བཏོན་ནས་བཤགས་པ་ཕུལ་མ་གཏོགས་རྣལ་འབྱོར་བ་ལ་མཁའ་འགྲོའི་བཀའ་ཆད་ཕོག་ཡོང་། ང་སྐྲག་ནི་ཟིག་རེད་ཀོ

  2. བོད།སྤྲང་པོ་ says:
    2011-08-19 at 9:39 am

    མཁའ་འགྲོའི་ཆད་པ་ཕོག་ནས་ཕོ་རོག་དཀར་པོ་ནས་ནག་པོར་གྱུར་ཉེན་ཆེ་བས་བཤགས་པ་གང་མགྱོགས་བགྱིས་ཤིག་ཨ་རོག

  3. ཨ་ར་དཀར་པོ says:
    2011-08-19 at 2:30 pm

    ཁོ་རེ་སྤྲང་པོ། ཕོ་རོག་དཀར་པོ་ནག་པོ་སུ་ལ་ཟེར་བ་ཡིན་ནམ། རྩོམ་འབྲི་མཁན་རྣལ་འབྱོར་བ་རློན་པ་ཞིག་རེད་ཡ།

  4. མེ་ཏོག་མཚོ says:
    2011-08-20 at 4:05 am

    རྣལ་འབྱོར་དོན་མེད་ཁེར་རྐྱང་དུ་རློན་པ་བྱས་པ་ལས་ཨ་རག་དཀར་པོ་ངེད་གཉིས་རུབ་ནས་ཁོ་རློན་པར་བྱེད་ན་གང་འདྲ་འདུག་ལགས།

  5. མེ་ཏོག་མཚོ says:
    2011-08-20 at 4:08 am

    བཀྲིས་བདེ་ལེགས

  6. བཙན་སྨྱོན་ནས་། says:
    2011-08-22 at 8:03 am

    ང་ཚོའི་བོད་པའི་སྤྱི་ཚོགས་འདི་ལྷ་གནོད་ཀླུ་གནོད་ཟེར་ནས་རྗེས་ལུས་ལྷག་ཡིན་པ་འདྲ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme