Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལམ་རྒྱག་རང་འཁུར་དང་རང་འགན་རང་འཁུར།

Posted on 2012-03-252012-03-25 By འདྲེ་རིག་ལྡན 10 Comments on ལམ་རྒྱག་རང་འཁུར་དང་རང་འགན་རང་འཁུར།

ཨ་རིའི་ཡུལ་གྲུ་གང་སར་དར་སྲོལ་ཆེ་བ་ལྟར།  བྱང་ཨ་རིའི་ལྷོ་རྒྱུད་དུ་ཆགས་པའི་ཇོར་ཇི་ཡ་མངའ་སྡེ་དེར་ཡང་ལོ་རེ་དང་ཟླ་རེའི་ནང་གི་དམིགས་བསལ་གྱི་ཉིན་མོ་དག་ལ་རྒྱང་སྐྱོད་རྒྱུགས་འགྲན་དེ་ཡོད་འདུག་པ་དང་།  ས་གནས་དེར་གནས་བཞུགས་བོད་ཀྱི་བུ་མོ་བསྐལ་བཟང་སྒྲོལ་དཀར་ལགས་ཀྱང་ནམ་རྒྱུན་ནས་རྒྱུགས་འགྲན་དུ་ཞུགས་ཀྱིན་ཡོད།

ཨ་རི་བ་གཞན་དག་ལ་མཚོན་ན་དེ་ནི་གཟུགས་པོའི་བདེ་ཐང་གཙོ་བོར་དམིགས་པའི་ལས་འགུལ་ལམ་རྒྱུགས་འགྲན་ཞིག་ཡིན་མོད།  ཨ་རིའི་བོད་མི་སྐལ་བཟང་སྒྲོལ་དཀར་ལགས་ལ་མཚོན་ན་དེ་ནི་བོད་ཀྱི་སྣང་བརྙན་རྒྱལ་སྤྱིའི་མིག་ལམ་དུ་མངོན་པར་བྱེད་རྒྱུ་དེ་དམིགས་ཡུལ་གཙོ་བོ་རེད།

ཁོང་མོར་མཚོན་ན་དེ་ནི་རང་ཉིད་རྒྱལ་ཁོངས་ཨ་རིར་གཏོགས་ཀྱང་ལུས་ངག་ཡིད་གསུམ་བོད་ཡིན་པའི་དན་རྟགས་ཤིག་དང་།  རང་འགན་རང་འཁུར་དང་ལམ་རྒྱག་རང་འཁུར་རང་རེད།

གལ་སྲིད་ང་ཚོ་བོད་མི་མི་རེ་ངོ་རེ་ནས་འདི་ལྟར་ལམ་རྒྱག་རང་འཁུར་སྒོས་རང་འགན་རང་འཁུར་བྱས་ནས་བོད་ཀྱི་རྩ་དོན་རྩོད་པ་ཡིན་ན། མ་མཐའ་སར་ཡང་ཚོགས་པ་སྐྱིད་སྡུག་གི་འགྲན་བསྡུར་དང་རྩིས་ཁྲ་དངུལ་ཁྲའི་ནང་འཁྲུག་འདི་དག་མེད་པའི་སྒོ་ནས་བོད་ཀྱི་རྩ་དོན་ལ་གཞོལ་ཆོག་རྒྱུ་རེད་འདོད་དོ། །

གསར་འགྱུར།

Post navigation

Previous Post: ས་རཱ་མཐོ་སློབ་ཀྱི་མཐོང་ཐོས།
Next Post: ལྡི་ལི་ནས་བོད་མི་ཞིག་གིས་མེར་བསྲེཊ།

Comments (10) on “ལམ་རྒྱག་རང་འཁུར་དང་རང་འགན་རང་འཁུར།”

  1. གཅན་བཟོད་རྒྱམ། says:
    2012-03-26 at 2:37 am

    ཨ་རོད་འདྲེ་རྒན། འདི་ཁྱོའི་ངོ་ཤེས་ཤིག་ཡིན་ནི་མ་ར།
    ཨ་ལ་ཀུ་རེ་ཡིན། ངོ་ལ་བུ་མོ་ངར་མ་ཞིག་རེད། བོད་ཀྱི་རྩ་དོན་དེ་མི་རེ་ངོ་རེར་འགན་འཁྲི་ཡོད་པ་ཞིག་ཡིན་པས་ན་སུས་ཀྱང་གང་དུང་བོད་དོན་ཐད་ལ་ལས་ཀ་བྱེད་ཐུབ་ཀི་རེད། བུ་མོ་་སྐལ་བཟང་སྒྲོལ་དཀར་ལགས་ལ་བཀའ་དྲིན་ཆེ་ཞུ།
    རྒྱང་རྒྱུགས་བྱས་ན་གཟུགས་པོའང་ཡག་པོ་ཆགས་ཀྱི་རེད།

  2. ཀརྡོ་གཉེར་ཕྱག་པ་ says:
    2012-03-26 at 3:15 am

    རྒྱང་རྒྱུགས་བྱས་ན་གཟུགས་པོའང་ཡག་པོ་ཆགས་བགྱི་རེད།
    རྒྱང་རྒྱུགས་བྱས་ན་བོད་དོན་ཡང་བསོས་པ་ཆགས་ཀྱི་རེད།
    རྒྱང་རྒྱུགས་བྱས་ན་དགའ་རོགས་ཀྱང་ཡག་པོ་རག་བགྱི་རེད།
    རྒྱང་རྒྱུགས་བྱས་ན་མི་ཚེ་ཡང་ཡག་པོ་ཆགས་བགྱི་རེད།
    བུ་མོ་སྐལ་བཟང་སྒྲོལ་དཀར་ཡང་སྐད་གྲགས་ཆགས་བགྱི་རེད།

  3. སེང་གེ། says:
    2012-03-26 at 3:52 am

    བུ་མོ་སྐལ་བཟང་སྒྲོལ་དཀར་གྱི་གནས་ཚུལ་སྔར་ནས་གོ་མྱོང་ལ། སེམས་གཏང་ནས་དགའ་བོ་ཡང་ཡོད། ད་དུང་མུ་མཐུད་ནས་་་་་་་་

  4. བསོད་ནམས།། says:
    2012-03-26 at 7:17 am

    མི་རིགས་ཀྱི་དཔའ་བོའམ་ཕོ་རྒོད་ཁྱེད་རང་ལས་གཞན་གཅེས་ཀྱི་རྒྱལ་སྲས་བྱང་ཆུབ་སེམས་པའི་སྤྱོད་པར་ཞུགས་སྟེ་བོད་མི་རིགས་ཀྱིས་སྡུག་བསྔལ་དང་སྡུག་སྦྱོང་མནར་གཅོད་ཇི་ལྟར་མྱོང་བཞིན་ཡོད་པར་འཛམ་གླིང་ཐོག་བདེན་དཔང་དུ་ཐོན་པར་བདག་གིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུའོ། ། ཁྱེད་ཀྱི་གཟུགས་གཞི་སྔར་བཞིན་གསལ་ཐང་ཡོང་བའི་སྨོན་ཚིག་དང་བཅས་སོ། 

  5. དཔྱིད་འགོའི་མེ་ཏོག་ says:
    2012-03-26 at 7:32 am

    བོད་མི་རིགས་ཀྱི་ཤ་ཞེན་ཞིག་ཡོད་ན་དངོས་གནས་རྗེས་སུ་ཡི་རངས་ཞུ།

  6. ལྷོ་མཐའི་ཕོ་ཉ says:
    2012-03-26 at 9:34 am

    བུ་མོ་སྐལ་བཟང་སྒྲོན་དཀར་ལགས་སྔོན་མ་ངས་རྒྱུགས་རྩལ་འགྲན་ཚོགས་ཤིག་ཏུ་མཐོང་མྱོང་ཡོད་ལ། དེ་རིང་ཡང་མཇལ་བྱུང་། ཐུགས་རྗེ་ཆེ་ངོ་མ་ཡུལ་སྲོལ་གོམས་གཤིས་མི་འདྲ་ས་ཞིག་ནས་བོད་དོན་ཆེད་རང་གིས་རང་ནུས་གང་ཐུབ་བྱེད་པ་འདི་གལ་ཆེན་ཞིག་རེད། ད་རུང་མུ་མཐུད་དུ་ཤུགས་རྒྱག་རོགས་གནང་།

  7. ཚེ་རིང་ says:
    2012-03-26 at 2:27 pm

    རང་ནུས་ཅི་ཡོད་ཀྱིས་བོད་དོན་ལས་འགུལ་སྤེལ་པ་་ཐུགས་རྗེ་ཆེ་

  8. རག་ཕྱགས་རྡོར says:
    2012-03-27 at 10:16 am

    བུ་མོ་དེ་ལ་ལྟས་ན་བོད་མི་རིགས་ཀྱི་འདུན་པ་དང་བོད་མི་རིགས་ལ་ཞན་ཁོག་ཞིག་ཡོད་པ་འདྲ་དེ་འདྲ་ནང་བཞིན་བོད་མི་ངོ་རེས་དོ་སྣང་དང་སྤྱེད་སྐྱོང་ནས་ན་ཏེན་ཏེན་བོད་དོན་དེ་ལ་འབྲས་བུ་ཞིག་ཐོན་སྲིད་།།

  9. རག་ཕྱགས་རྡོར says:
    2012-03-27 at 11:21 am

    རྒྱལ་ཁོང་ཨ་རི་ཡིན་ན་ཅི་ཕན་སོ་སོའི་ཤ་དང་ཁྲག་རུས་དག་ནི་བོད་མི་ཡིན་ང་ཚོའི་བོད་མི་འགའ་ཤས་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་འགའ་ལ་སྐྱབས་བཅོལ་དུ་འགྲོ་ས་རེག་དུས་ཕྱི་རྒྱལ་མི་ཆགས་སོང་བསམ་ནས་སྣང་བ་མཐོ་པའི་ངང་ནས་ཕ་མ་དང་སྤུན་ཁྱེད་གྲོགས་པོ་ཡ་ལེན་ཡང་བྱེད་དཀའ་བས་སོ་སོའི་མི་རིགས་དང་རིགས་གཞུང་དག་རྗེད་ཟིན་པས་ཐ་ན་བོད་སྐད་ཡང་འཆད་མི་ཤེས་པ་དེ་དག་ཧ་ཅང་བློ་འཕམ་པ་དང་སྙིང་རྗེ་བའི་ཡུལ་རེད་

  10. རྒྱལ་བསྟན། says:
    2012-03-27 at 12:05 pm

    ལས་འགུལ་དེ་ལྟར་སྤེལ་ན་དངོས་གནས་ཡག་པོ་འདུག དེ་ཡང་ཨེ་གསར་ཙམ་མ་ཡིན་པར་དུས་ཡུན་བསྲིངས་ནས་སྤེལ་རྒྱུ་གལ་ཆེན་རེད། རང་གང་དུ་ཡོད་པའི་ས་གནས་དེར་ཐབས་ཤེས་གང་ཡོད་ཐོག་རང་ནུས་ཀྱི་ལས་འགུལ་སྤེལ་བ་དེ་མིག་དཔེར་འོས་པ་ཞིག་རེད། བུ་མོ་སྐལ་བཟང་སྒྲོལ་དཀར་ལགས་ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme