Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལངས་ཕྱོགས་མི་འདྲ་བ་དབུ་རང་གཉིས་བར་གྱི་བགྲོ་གླེང་།

Posted on 2015-11-172015-11-17 By ཁ་བརྡ 31 Comments on ལངས་ཕྱོགས་མི་འདྲ་བ་དབུ་རང་གཉིས་བར་གྱི་བགྲོ་གླེང་།

གློག་བརྙན་།

Post navigation

Previous Post: ངའི་སྙན་ངག
Next Post: ༧ སྐུའི་གྱ་སྟོན་སྲུང་བརྩི་ཆེད་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་གྱི་བགྲོ་གླེང་།

Comments (31) on “ལངས་ཕྱོགས་མི་འདྲ་བ་དབུ་རང་གཉིས་བར་གྱི་བགྲོ་གླེང་།”

  1. བསྟན་འཛིན། says:
    2015-11-17 at 11:17 am

    ཀུན་དགའ་བཀྲིས་གཙོས་པའི་བཙན་བྱོལ་གྱི་དབུ་ལམ་པ་ཚོས་ནམ་རྒྱུན་དབུ་མའི་ལམ་གྱི་གྲུབ་འབྲས་སམ་ཕན་ཐོག་སྐོར་བཤད་སྐབས་༡༩༧༩ ལོ་ནས་བོད་ཕྱི་ནང་གཉིས་དབར་ཐུག་ཕྲད་དང་འགྲོ་འདུག་གི་འབྲེལ་བ་བྱུང་བ་ནི་དབུ་མའི་ལམ་གྱིས་གྲུབ་འབྲས་ཡིན་སྐོར་བཤད། བཤད་ཚུལ་དེ་ནི་ལོ་རབས་བདུན་བཅུའི་ལོ་འཇུག་ནས་རྒྱ་ནག་གི་སྲིད་ཇུས་གུར་ཡང་དང་ལྷག་པར་དུ་རྒྱ་ནག་གིས་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བའི་སྲིད་ཇུས་ཀྱི་འོག་ཏུ་ཕྱི་རྒྱལ་བ་ནང་ལ་ཡོང་འདུག་ཆོག་རྒྱུ་དང་། ནང་རྒྱལ་བ་ཕྱི་ལ་འགྲོ་འདུག་ཆོག་རྒྱུའི་རྩ་ཁྲིམས་གཏན་འབེབ་དང་ལག་ལྟར་བྱས་ནས་བྱུང་བ་ཞིག་ལས་དབུ་ལམ་གྱིས་གྲུབ་འབྲས་སུ་བཤད་པ་ནི་རྒྱ་ནག་གཞུང་གི་སྲིས་ཇུས་འགྱུར་བ་ཇི་བྱུང་དང་ལྷག་པར་དུ་ཏིང་ཞོ་ཕེང་གིས་༡༩༧༨ ལོ་འཇུག་ཙམ་ནས་རྒྱ་ནག་གི་སྲིད་ཇུས་ལྷུབ་བཏང་གིས་དཔལ་འབྱོར་སྒེར་བདག་ཅན་དང་གྲལ་རིམ་འདྲ་མཉམ་ཅན། རྒྱལ་ཁབ་ཕྱི་ནང་གི་ཚོང་འབྲེལ་དང་མིའི་འབྲེལ་བ་བཅས་ལ་རང་དབང་ཅན་དུ་སྒྱུར་བའི་ཀྲུང་དབྱངས་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་དོ་སྣང་མེད་པའམ་ཤེས་རྟོགས་མེད་པའི་བཙན་བྱོལ་བ་མི་བུ་དག་ལ་མགོ་སྐོར་གྱིས་སྐད་ཆ་ཞིག་ལས་རྒྱ་བོད་གནས་སྟངས་སྐོར་ཐུགས་སྣང་ཟབ་མོ་ཡོད་པའི་མི་སྣ་སུ་ཡིས་དེར་ཡིད་འཇོག་མི་བྱེད། དེ་ཡང་རྒྱ་ནག་རང་གི་མི་སེལ་ལ་རང་དབང་གི་འགྲོ་འདུག་ཡོད་པ་ནང་བཞིན་ཞིག་བོད་མི་ལ་སྤྲོད་ཡོད་ནི་མ་རེད། ༡༩༧༩ ལོ་ནས་ད་ལྟའི་བར་དུ་བོད་ཕྱི་ནང་གཉིས་ཀྱི་འགྲོ་འདུག་རང་དབང་དང་ཐུག་ཕྲོད་བཅས་ལ་དོར་དམ་ནས་དམ་དུ་སོང་བ་དང་དབུ་ལམ་གྱིས་གུར་ཡང་ཇི་ཙམ་བྱས་ཀྱང་བོད་ལ་དྲག་གནོན་དང་རང་དབང་ཆུང་ནས་ཆུང་དུ་སོང་བ་རེད། དེས་ན་དབུ་ལམ་གྱིས་བོད་ཕྱི་ནང་གཉིས་ཀྱི་དབར་འགྲོ་འདུག་ལ་ཕན་མེད་སྐྱོན་དུ་སོང་བ་རེད། ཞུས་ན་མ་འགྲིག་པ་མེད་པ་རེད། ༡༩༨༠ ཙམ་ནས་བོད་ནས་གསར་དུ་འབྱོར་བའི་བོད་མི་བརྒྱ་ཆ་དགུ་བཅུ་ལྷག་ཙམ་ཞིག་ནི་རང་སྲོག་འབན་ལ་གཙུགས་བྲོས་འབྱོར་བ་རྐྱང་རྐྱང་ཡིན་པ་ལས་དབུ་ལམ་དང་འབྲེལ་བ་ཅུང་ཟད་ཙམ་ཡང་མེད། མ་གཞི་ནི་ཀུན་བཀྲ་སོགས་སྐབས་འཚོལ་བ་དག་གི་ལྟོ་རྒྱབ་དང་འབྲེལ་བ་ཡོད་པས་སྐད་ཆ་དེ་དག་བཤད་པ་ཡིན་གྱིན་རེད། ཀུན་བཀྲ་སོགས་དབུ་ལམ་པ་དག་གིས་རྫུན་སྒྲིགས་ཀྱིས་དབུ་ལམ་གྱི་གྲུབ་འབྲས་དང་འཆེ་བ་བརྗོད་བརྗོད་ཉིད་ཀྱིས་ད་ཆར་བོད་མིའི་ནང་ཁུལ་ལ་དབུ་རང་གཉིས་ཀྱི་འགལ་ཟླ་དང་རྩོད་གླེང་འདི་དག་ཡོང་གི་ཡོད་པར་ཤེས་པ་བྱོས།

  2. གཡུང་དྲུང་ says:
    2015-11-17 at 3:38 pm

    ད་ཡིན་ན་འཁྲབ་སྟོན་གནང་གི། སྐལ་ལྡན་བློ་གྲོས་ཀྱིས་དེ་སྔོན་ཀླུ་དཀར་འཇམ་གྱི་གནས་ཚུལ་རླུང་འཕྲིན་དུ་བཏང་མི་ཆོག་པ་བཟོ་བ་གོ་ཐོས་བྱུང་ ད་ཡང་བསྐྱར་རྡ་རམ་ས་ལ་རུ་ཡོང་སྟེ་ག་རེ་བྱེད་ྲཙིས་ཡོད་ན། རྡ་རམ་ས་ལར་ཐེངས་མང་ཡོང་གི་འདུག་པའི་་་དེ་འདྲའི་འགྲོ་སོང་སུའི་གཏོང་གི་ཡོད་དམ་ ཝ་ཤིན་ཀྲོན་བོད་པའི་ལས་བྱེད་ཚོས་ཧང་སང་གི་ཡོད་པའི་སྐད་ཆ་གོ་རྒྱུ་འདུག། སྐུ་མདུན་གྱི་མཚན་མ་འཛད་པའི་རེ་བ་ཡོད། རྡ་རམ་ས་ལ་རུ་སྐད་ཆ་མང་པོ་གོ་རྒྱུ་འདུག། ་རྒྱ་མོ་ཞིག་ཡར་མར་འཁྲིད་འཁྲིད་དེ་ད་ཆ་གཞུང་ཞབས་ལས་བྱེད་མང་པོས་མི་དགའ་བ་དང་མི་མཛེས་པ་མཐོང་ཆོས་སུ་གྱུར།

  3. མེ་ལྕེ་ says:
    2015-11-17 at 5:51 pm

    ཀུན་དགའ་བཀྲིས་ལགས་ཁྱེད་དབུས་ལམ་བ་ཚོ་རྒྱ་ནག་ལ་ཕྱིར་ལོག་གནང་ན་འགྲིག་གི་རེད་པར་ མ་ཕེབས་རོགས་རྒྱ་གར་ནང་སྡོད་རོགས་ལབ་མཁན་ཨེ་ཡོད་

    ཁྱེད་ལ་ཡང་ཨ་མི་རི་ཀར་ཁང་པ་ཉོ་རྒྱུའི་རོགས་དངུལ དགོས་ཀྱི་འདུག གས་

    ཨེ་རླུང་གི་གྲཱ་ཟུར་དེའི་དམིགས་ཡུལ་དེ་ཨ་མི་རི་ཀའི་གྲོས་ཚོགས་ལ་ཨེ་རླུང་གིས་རང་བཙན་ལངས་ཕྱོགས་འཛིན་མཁན་གྱི་འབོད་སྒྲ་འགོག་གི་མེད་ཚུལ་གྱི་ལན་འདེབས་ཐུབ་ཐབས་ཀྱི་འཁྲབ་ཚན་ཞིག་མིན་ནམ་ཉམ་
    མདོར་ན་གདོང་དྲེད་དེ་གཉིས་ལ་བསམ་རྒྱུ་དྲན་རྒྱུ་ཡོད་པ་གཅིག་སྟེ་དེ་ནི་སོ་སོ་སྒེར་ལ་ཐོབ་གོ་ས་དང་རྒྱུ་དཔལ་འབྱོར་དེ་བཞིན་བེུད་བླུ་འབྲིད་དང་བཙན་གཡེམ་གཏོང་རྒྱུའི་གོ་སྐབས་ཨེ་ཐོབ་བལྟ་ནས་སྡོད་མཁན་ཞིག་ཡིན་པ་ཡོངས་གྲགས་རེད་

  4. ཀརྨ་བློ་གསལ་ says:
    2015-11-17 at 7:05 pm

    དགའ་ལྡན་ཕོ་བྲང་དང་ལྷ་མི་སྲུང་སྐྱོབ་ཚོགས་པའི་བར་དུའང་འདི་འདྲའི་བགྲོ་གླེང་ཞིག་བཀོད་སྒྲིག་གནང་འོས། དེ་ནས་མི་ཚོས་སུ་ལ་གནས་ལུགས་ཡོད་མེད་ཤེས་ཡོང་།

  5. སྐལ་ཚེ། says:
    2015-11-17 at 9:32 pm

    བཀའ་མོལ་གནང་དགོས་ན་ཀུན་དགའ་བཀྲ་ཤིས་ལགས་ཡག་གི་འདུག འོན་ཀྱང་རྒྱ་ནག་གིས་ཕྱི་ཕྱོགས་སྒོ་དབྱེ་བྱེད་པ་དེ་དབུ་མའི་ལམ་གྱི་ནུས་པ་རེད་གསུངས་སོང་། དེ་ནི་ཀུན་དགའ་བཀྲ་ཤིས་ལགས་ཀྱི་གཏན་ནས་ཤེས་མི་འདུག ཕྱི་ཕྱོགས་སྒོ་དབྱེ་སྐབས་སུ་རྒྱ་རིགས་དང་། སོག་པོ། ཤན་ཅང་། བོད་སོགས་ཚང་མ་ལ་གཅིག་མཚུངས་སུ་གོ་སྐབས་སྤྲད་ཡོད། དེ་དུས་མི་རིགས་གཞན་པར་ལག་ཁྱེར་སྤྲད་པ་ལས་བོད་ཀྱི་ས་ཁུལ་ཁ་ཤས་སུ་ལག་ཁྱེར་གཏན་ནས་སྤྲད་མྱོང་མེད། གསར་འབྱོར་མང་ཆེ་བ་རྣམས་རི་ལུང་བརྒལ་ཏེ་ཡོང་བ་ཤ་སྟག་ཡིན། དེ་ལས་ལྡོག་སྟེ་བོད་དང་ཤན་ཅང་གཉིས་སུ་དམ་དྲག་ཆེ་རུ་བཏང་ཡོད།

  6. མངོན་སུམ་སྨྲ་བ། says:
    2015-11-17 at 10:05 pm

    ཁ་ཐུར་ལ་འཁོར་བཞིན་པའི་བཙན་བྱོལ་བ།

  7. ཨ་ཁུ་ནོར་བུ་ says:
    2015-11-17 at 10:57 pm

    ཞོང་པ་སྟོང་པའི་ཞོང་རྩེད་ སྐལ་ལྡན་ཉི་མ་འཁྱོལ་སོང་
    ཀུན་དགའ་བཤད་བཟོ་དོད་ཀྱང་ བརྩོན་འགྲུས་རྒྱལ་ཁ་ཐོབ་སོང་

  8. དྲང་བདེན says:
    2015-11-18 at 12:09 am

    དེ་ནི་ཀུན་དགའ་བཀྲ་ཤིས་ལགས་ཀྱི་གཏན་ནས་ཤེས་མི་འདུག ཕྱི་ཕྱོགས་སྒོ་དབྱེ་སྐབས་སུ་རྒྱ་རིགས་དང་། སོག་པོ། ཤན་ཅང་། བོད་སོགས་ཚང་མ་ལ་གཅིག་མཚུངས་སུ་གོ་སྐབས་སྤྲད་ཡོད། དེ་དུས་མི་རིགས་གཞན་པར་ལག་ཁྱེར་སྤྲད་པ་ལས་བོད་ཀྱི་ས་ཁུལ་ཁ་ཤས་སུ་ལག་ཁྱེར་གཏན་ནས་སྤྲད་མྱོང་མེད། གསར་འབྱོར་མང་ཆེ་བ་རྣམས་རི་ལུང་བརྒལ་ཏེ་ཡོང་བ་ཤ་སྟག་ཡིན། དེ་ལས་ལྡོག་སྟེ་བོད་དང་ཤན་ཅང་གཉིས་སུ་དམ་དྲག་ཆེ་རུ་བཏང་ཡོད།

  9. ལུང་རྟོགས། says:
    2015-11-18 at 12:32 am

    བགྲོ་གླེང་ཡག་པོ་ཞེ་དྲག་གནང་འདུག འདི་ལྟར་ཡང་ཡང་གནང་ཐུབ་ན་དབུ་རང་གཉིས་ཀྱི་ནང་རྩོད་ཇེ་ཉུང་དང་དཔུང་པ་མཉམ་གཤིབ་ཀྱིས་བོད་དོན་འཐབ་རྩོད་བྱེད་ཐུབ་པར་ཕན་ཐོག་ངེས་ཅན་ཡོང་ངེས་རེད། འདིར་དྲ་འབུ་ཚོས་སྡུག་སྐད་ཤོར་སྟངས་ལ་ལྟས་ན་ཡང་གྲུབ་འབྲས་ཡོད་པ་གསལ་པོ་རེད།

  10. ཀརྡོ་གཉེར་ཕྱག་པ་ says:
    2015-11-18 at 12:57 am

    ལངས་ཕྱོགས་གཅིག་དང་། འཐབ་རྩོད་པ་གཅིག་གི་བར་གྱི་བགྲོ་གླེང་ལས། བོད་གཞིས་བྱེས་གཉིས་སུ་ལངས་ཕྱོགས་གཅིག་དབུས་ལམ་ཉིད་ལས། ལངས་ཕྱོགས་མི་འདྲ་བ་གཉིས་མེད།

  11. རྒྱ་གར་རྨ་བྱ། says:
    2015-11-18 at 1:11 am

    བགྲོ་གླེང་འདི་ཡག་པོ་འདུག

    ཉམས་ཞིབ་པའི་སྐད་ཆར་གནས་ལུགས་མང་པོ་མཐོང་སོང་།

    བསྟན་འཛིན་བརྩོན་འགྲུས་ཀྱིས་སྐད་ཆ་རྙིང་པའི་ཚོར་བ་རྙིང་པ་རྣམས་ཨུ་ཚུགས་ཀྱིས་བཟློས་བཟློས་བྱས་པ་ལས། དྲི་བ་དྲིས་པའི་ལན་འདེབས་མ་བྱས་པ་དང་ལན་འདེབས་མ་ཐུབ་པ་དེ་ཁོང་གི་ཆབ་སྲིད་གཏིང་ཚད་ངོ་མ་དེ་མཐོང་མཁན་འདྲ་ཞིག་བྱས་སོང་།

  12. དྲི་མེད་ལྷག་བསམ། says:
    2015-11-18 at 2:31 am

    རྣམ་པ་ཚོའི་ཀུན་སློང་ལ་དོགས་པ་མེད། འགན་ཞིག་བླང་སྟེ་གནས་ཚུལ་གླེང་པར་ཡིན་ཐག་ཆོད། གནས་ལུགས་རྒྱུ་མཚན་གོ་རིམ་མཐར་ཆགས གཏན་ཚིག་བཙན་པོ་ཆེར་མ་བྱུང་བས་བློ་ཕམ་བྱུང་། ཤར་ཕྱོགས་ཁུག་རྟའི་རྒྱ་ནག་ཡིག་ཆ་མ་མཐོང་བའམ་མཐོང་ཡོད་ཚེ་འཁྱོག་བཤད་བྱས་པས་དེ་ལ་ཡང་བློ་ཕམ་བྱུང་། རྒྱ་ནག་གིས་བོད་ཀྱི་ལས་འགུལ་རིམ་པ་གསུམ་མམ་བཞི་བྱུང་བ་ཏེ་ཕྱི་རྒྱལ་ཁ་བྲལ་སྟང་འཛིན་པའི་ངན་བསྐུལ་འོག་རང་བཙན་དྲིལ་སྒྲགས་བྱས་པར་ངོས་ལེན་གནང་འདུག ། གལ་སྲིདབཤད་སྲོལ་དེ་ཁ་ཁོག་མི་མཚུངས་པའི་ཆབ་སྲིད་ཡིན་ན་བཤད་དཀའ། ཞིབ་འཇུག་གིས་ངོས་ནས་བཤད་ན་སྐྱོན་ཆེ།

  13. རང་བཙན་བུ། says:
    2015-11-18 at 2:48 am

    ངས་འདིར་བལྟས་རྗེས་དངོས་གནས་བློ་ཕམ་བྱུང་། བསྟན་འཛིན་བརྩོན་འགྲུས་གྱིས་ཀླུ་མཁར་བྱམས་རྦད་དེ་བཙོང་སོང་། བརྩོན་འགྲུས་ཀྱིས་ཀླུ་མཁར་སྲིད་སྐྱོང་དུ་ལངས་པ་དེ་རང་བཙན་དང་འབྲེལ་བ་མེད་མདོག་དང་། དེར་བརྩོན་འགྲུས་ཁོ་རང་འབྲེལ་པ་མེད་མདོག ད་དུང་གཞོན་ནུ་ལྷན་ཚོགས་དང་། སློབ་ཕྲུག་རང་བཙན་ཚོགས་པས་ཀླུ་མཁར་དངོས་སུ་རྒྱབ་སྐྱོར་བྱས་མེད་སྐོར་བཤད་པ་དེར་ང་བློ་ཕམ་ཚད་མེད་བྱུང་། ད་རེས་ཨེ་རླུང་ཚང་གིས་བརྩོན་གྲུས་མགྲོན་འབོད་བྱས་པ་དང་། བརྩོན་འགྲུས་ཀྱིས་ཀྱང་སྤོབས་པ་ཆེན་པོས་སྡིང་ཆ་དེའི་སྟེང་བསླེབས་པ་དེར་མཐའ་བསྡོམས་བྱས་ན། བརྩོན་འགྲུས་རང་བཙན་བརྩོད་མཁན་ངོ་མ་དེ་ཡིན་པ་དང་། གཞན་རྣམས་རང་བཙན་ཁ་ལ་འཁྱེར་མཁན་ཡིན་པ། ད་དུང་ཀླུ་མཁར་བྱམས་ཁེར་རྐྱང་དུ་བཞག་ནས་གཞོན་ལྡན་དང་སློབ་ཕྲུག་རང་བཙན་ཚོགས་པར་དག་ཕུད་བྱེད་རྒྱུ་དེ་རེད་འདུག འདི་ནི་བོད་རང་བཙན་འཐབ་རྩོད་པ་གཞན་ལ་སྨྲ་འབེབས་དང་། བརྩོན་འགྲུས་ལ་དཀར་འདོན་བྱས་པ་ཞིག་རེད་འདུག་པས་ཧ་ཅང་བློ་ཕམ་བྱུང་། ང་དངོས་ནས་བརྩོན་འགྲུས་ཀྱི་འཁྲབ་རྩལ་ལ་ཧང་སང་སོང་། དངོས་གནས་ཧང་སང་སོང་། སྐུ་ཞབས་འཇམ་དབྱངས་ནོར་བུམ་ལྷ་བཟང་ལགས་ལྟ་བུ་ཅིའི་ཕྱིར་མགྲོན་འབོད་མ་བྱས་པ་རེད་དམ།

  14. རང་བཙན་བུ། says:
    2015-11-18 at 3:01 am

    ད་དུང་བློ་ཕམ་པ་ཞིག་ལ་བརྩོན་འགྲུས་ཀྱིས་ཤར་ཕྱོགས་ཁུག་རྟས་ཉེ་རབས་ཀྱི་སྲིད་དོན་གནད་འགག་ཡིན་ཟེར་བའི་དྲི་བ་གསུམ་པོ་དེར་ལན་མ་བརྒྱབ་པར། ཁུག་རྟས་མཁས་དབང་ཡིན་མདོག་བྱེད་ཀྱི་འདུག་ཟེར་ནས་ལན་མེད་ཀྱི་རྣམ་འགྱུར་བསྟན་པ་དེ་རེད། ཁུག་རྟས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་མཛད་པར་ཕྲ་དོགས་བྱེད་པ་རྒྱུན་གཏན་རེད། རང་བཙན་འཐབ་རྩོད་པ་ཞིག་གི་ངོས་ནས་ཁོའི་དྲི་བ་གསུམ་པོ་དེར་ལན་འདེབས་ལས་སླ་པོ་རེད། ཡིན་ནའང་བརྩོན་འགྲུས་ལ་ལན་རྒྱག་ཡག་མེད་པ་གང་བྱས་པ་རེད། གལ་སྲིད་སྐུ་ཞབས་འཇམ་དབྱངས་ནོར་བུ་དེར་ཡོད་ན་ལན་ལས་སླ་པོར་རྒྱག་གི་རེད། བརྩོན་འགྲུས་ཀྱིས་རང་བཙན་འཐབ་རྩོད་པའི་གདོང་ཆུ་ལ་དབྱུག་སོང་། དེ་སྔོན་སྤྱི་འཐུས་ཤིག་གིས་གིས་གྲོས་ཚོགས་ནང་རང་བཙན་འཐབ་རྩོད་པ་དངོས་གནས་དེ་བསྟན་འཛིན་བརྩོན་འགྲུས་དང་། རྡོ་རྗེ་ཚེ་བརྟན་རེད་གསུངས་སོང་། དེ་ནས་བཟུང་བརྩོན་འགྲུས་ཀྱིས་ཀྱང་ཡིན་མདོག་བྱས་ནས་རང་ཉིད་དཀར་པོ་ཡིན་མདོག་དང་། གཞན་རྣམས་ནག་པོ་རེད་མདོག་མདོག་བྱེད་ཀྱི་འདུག ཡང་རང་བཙན་འཐབ་རྩོད་པ་དཀར་ནག་གཉིས་སུ་ཁ་བྲལ་འགྲོ་བའི་སྔ་ལྟས་མངོན་ཡོང་གི་འདུག ད་དེ་འདྲ་གང་འདྲ་ཡིན་ནམ།

  15. མེ་ལྕེ་ says:
    2015-11-18 at 6:50 am

    སྐབས་ལཚོལ་བ་གཉིས་ཀྱིས་འཁྲབ་ན་འདི་འདྲ་འཁྲབ།
    ཀླུ་སྒར་དང་འཇམ་ནོར་བསྟན་རྡོར་ལ་སོགས་པའི།
    གཏམ་དང་ལངས་ཕྱོགས་ལ་མངོན་པར་སྟོད་མཁན།
    ཇེ་མང་འགྱུར་བ་ན།
    སྲས་མོ་སྐུ་ཞོག་བསྟན་པ་ཚེ་རིང་ལ་སོགས་པ།
    ངུ་སྐད་ཤོར་བཞིན་སྙིང་རེ་རྗེ།

  16. ལྷ་སྲས་དར་མ། says:
    2015-11-18 at 8:29 am

    བརྩོན་འགྲུས་ལགས་མིང་ཆེ་བ་ཙམ་ལས་དོན་ལ་བབས་ཡོང་དུས་སྐྱོ་སེ་འདུག ཤར་ཁུག་གིས་རྒྱ་དམར་ནག་གཉིས་ཁུངས་ལ་གཏུགས་སའི་དྲི་བ་དེ་འདྲ་ལའང་ལན་སྐུབ་ཚིག་ཡ་ཞིག་མ་རྒྱབ་ནས་ཁོ་རང་མཁས་དབང་ཡིན་མདོག་ཟེར་བ་དེ་ལན་དུ་ཇི་ལྟར་འཐད། ལན་དེ་ཤར་ཁུག་རྒྱབ་ཁུལ་ཡང་རང་ཉིད་ཀྱི་མགོ་ཐོག་ཏུ་རང་བབས་རེད། ཁོ་རང་མཁས་མིང་ཞིག་དང་མཁས་ཚུལ་ཞིག་མིན་ན་ལྡིང་ཆ་དེར་སྐྱག་གཅིན་གཏོང་ག་ཡོང་ཡོད་དོགས་མེད། ལྡིང་ཆ་དེ་ལ་འཁོད་ཚར་དུས་གད་སྙིག་ལྟ་བུའིགནམ་ས་དྲི་ངན་ཐུལ་བའི་དྲི་ངན་དེ་ལ་ལན་ངན་ཞིག་ཀྱང་སྤྲད་མ་སོང་། སྐལ་ལྡན་ལགས་ནས་གོ་སྒྲིག་ཡག་པོ་ཞིག་གནང་འདུག་ཀྱང་རང་བཙན་པའི་སྐུ་འགྲོན་དེ་ནོར་འདུག ཀུན་དགའ་ལགས་ནས་བཤད་སི་དོད་པའི་བཀའ་མོལ་མང་ཆེ་བ་ལེགས་མོད་དབུ་མའི་ལམ་གྱི་བཀའ་དྲིན་ལ་གཞིས་བྱེས་འབྲེལ་ལམ་བྱུང་བ་དང་བོད་མི་མང་རྒྱ་གར་ལ་འབྱོར་ནས་བྱས་རྗེས་བླ་མེད་བཞག་ཡོད་སྐོར་བརྗོད་པ་དོན་དངོས་མིན། སྐབས་དེ་དུས་བོད་ནས་ཡོང་མཁན་མང་ཆེ་བ་བྲོས་བྱོལ་བ་ཡིན་ལ་དེ་དག་གི་སེམས་ནང་ལ་སླར་ཡང་རྒྱ་འོག་འགྲོ་རྒྱུའི་ཆབ་སྲིད་ཤིག་གོང་ས་མཆོག་གིས་འདོན་གནང་མཛད་ཡོད་པ་ཞེ་ལ་མེད། ཀུན་དགའ་ལགས་ཀྱི་རང་ཉིད་ལན་དེས་རང་ཉིད་ལ་དྲི་བ་ཞིག་རང་འཁོར་རེད། ཉེ་བའི་ལོ་ཤས་ནང་བོད་ནས་ཡོང་མཁན་ཇེ་ཉུང་ཕྱིན་ནས་གདན་ས་ཁག་གྲྭ་བརྒྱུན་ཆད་པའི་མཚམས་ལ་ཐུག་པ་དེ་དབུ་མ་པའི་ཐུགས་ནས་འདོར་བ་འདོད་དམ? ཡང་ན་དབུ་མའི་བལྟ་བ་འགྱུར་བ་ཡིན་ནམ???? གང་ལྟར་དེ་འདྲ་མང་ཙམ་གནང་ན་ཡག་པོ་འདུག་ལ་སྐལ་ལྡན་ལགས་ནས་སྟངས་འཛིན་ཡག་པོ་གནང་སོང་བར་དམིགས་བསལ་བཀྲིན་ཆེ་ཞུ།

  17. ལོ་ཡག says:
    2015-11-18 at 9:11 am

    ༑ རྣམ་པ་ལྷན་རྒྱས་གསུམ་ནས་ཁ་རེས་ཁ་གཏུགས་དང་ཕྱི་གསལ་ནང་གསལ། གནད་ལ་འཁེལ་བའི་བགྲོ་གླེང་རྣོ་ངར་ཅན་འདི་ལྟ་བུ་གནང་བར་ཞེ་ཐག་པ་ནས་ཐུགས་རྗེ་ཆེ། སྐལ་ལྡན་ལགས་ཀྱིས་བྱེད་སྒོ་འདི་མུ་མཐུད་དེ་རྒྱ་བསྐྱེད་གནང་སྐྱོང་འོང་བའི་རེ་བ་སྙིང་ནས་ཞུ། ཞུ།

  18. བཙན་རུས་མདངས་ཅན་ says:
    2015-11-18 at 10:12 am

    ཁུག་རྟ་ལགས་ཀྱིས་གནད་འགག་རྐྱང་བྲིས་འདུག བསྟན་འཛིན་བརྩོན་འགྲུས་ལ་ལན་མེད་ན་སྡུག་གྱོང་རེད།

  19. བཙན་རུས་མདངས་ཅན་ says:
    2015-11-18 at 10:14 am

    ཁུག་རྟའི་སྐད་ཆེ་དེ་གོ་རྒྱུ་ཡོད་པ་རེད། བརྡ་ཞིག་སྟོན་གི་ཡོད་པ་རེད། མི་མང་ལ་དངོས་ཡོད་གནས་ཚུལ་མུ་མཐུད་ནས་གསུང་རོགས། བསྟན་བརྩོན་ནས་ལོ་རྒྱུས་ཀྱི་གནད་འགག་དེ་དག་ལ་ཐུགས་སྣང་གནང་མེད་པ་ཅི་རེད། མཁས་པ་ནི་བསྟན་བརྩོན་ལས་ཤར་ཁུག་ཡིན་པ་ཚད་མས་གྲུབ།

  20. སྤྱང་ཀི་སྔན་པོ་ says:
    2015-11-18 at 11:24 am

    རང་བཙན་གྱི་སྐུ་མགྲོན་དེ་ནོར་འདུག་ཀླུ་མཁར་བྱམས་སྐད་གཏང་ན་ཡག་སེ་་་་་་

  21. སྤྱང་ཀི་སྔན་པོ་ says:
    2015-11-18 at 12:08 pm

    ཨོ་ཧོ་་་་་ལྷ་དང་བླ་མ་མཁས་མི་མཁན་གྱི་ནང་ཆོས་ཉམས་ལེན་པ་་བསྟན་འཛིན་བཙོན་འགྲུས་ད་གང་དྲག་ག་་་་་་་

  22. ཚ་ཕྲུག་རྒྱལ། says:
    2015-11-18 at 12:42 pm

    ཀུན་དགའ་བཀྲིས་ལགས་ཀྱིས་ཁ་བཟང་དང་ཚིག་སྙན་གྱིས་དབུ་མའི་ལམ་གྱི་འཆེ་བ་རྐྱང་བརྗོད་སྡོད་པ་ནི་ཁོང་གིས་རྒྱ་རིགས་དང་མཉམ་དུ་དབུ་ལམ་གྱི་སྦྱངས་བཤད་བྱས་པས་གོམས་གཤིས་ཞིག་ཡིན་ན་ཆོག། འོན་ཀྱང་བོད་མི་ཕྱི་ནང་དབར་ཐུག་འཕྲད་དང་རྒྱ་གར་ལ་གསར་དུ་བོད་མི་མང་པོ་འབྱོར་བ་སོགས་ནི་དབུ་མའི་ལམ་གྱིས་གྲུབ་འབྲས་ཡིན་ཚུལ་བཤད་པ་ནི་རྒྱ་ནག་གི་བོད་ལ་འཛིན་པའི་སྲིད་ཇུས་དང་ཏིང་ཞོ་ཕིན་གྱིས་རྒྱ་ནག་མཁྱོན་ཡོངས་ལ་སྒྱུར་བཅོས་སྒོར་འགྱེད་ཀྱི་སྲིད་ཇུས་ཀྱི་བྱུང་རིམས་དང་ལག་ལྟར་བཅས་ལ་གོ་རྟོགས་མེད་པའི་རྣམ་པ་ཞིག་རེད། བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་དྲི་ལན་ཐད་ཀར་རྒྱབ་ཐུབ་ཀྱི་མི་འདུག། ཁོང་གིས་དྲི་ལན་མང་ཆེ་བ་སྐོར་ནས་སམ་འབྲེལ་མེད་རིགས་ཡང་མང་པོ་འདུག། ཕྱོགས་ཡོངས་ནས་ལྟོས་ན་བགྲོ་གླེང་འདིའི་རིགས་མང་ཙམ་སྤེལ་ཐུབ་ན་དགེ་མཚན་འདུག་བསམ་གྱིན།

  23. སྤྱང་ཤོག says:
    2015-11-18 at 1:47 pm

    བོད་པས་ཡིད་ཆེས་ཞུ་ཡུལ། ལམ་དབུ་མའི་ལས་འགུལ་ཁང་གི་ཚོགས་མི་ཤར་ཁུག་གི་་གསུང་བཤད་ལ་ཉན་དུས། ལངས་ཕྱོགས་གསལ་ཁ་མེད་པའི་ལམ་དབུ་མ་གང་འདྲ་ཡིན་པ་གཞི་ནས་ཤེས་སོང། རྒྱ་ནག་གཞུང་གི་བཀོད་པའི་འོག་ལམ་དབུ་མས། བོད་ཀྱི་ལོ་རྒྱས་ལ་འདྲེ་ལག་འཆང་རྒྱུ་མགོ་བརྩམས་འདུག དེ་ནི་དངོས་མེད་ལྷ་འདྲེ་དོལ་རྒྱལ་ཞེས་པ་ཞིག བོད་བསྟན་སྲིད་ལ་གནོད་པ་སྐྱེལ་མཁན་ཞིག་ཡོད་ཚོད་འདུག་པ་དེ་དངོས་སུ་རྡ་སའི་བཞུགས་སྒར་ཕོ་བྲང་མདུན་དུ་སླེབས་ཡོད་ས་རེད། ངས་དེ་སྔོན་དོལ་རྒྱལ་་ལ་ཕན་གནོད་ཀྱི་ནུས་པ་ཡོད་པ་ཞིག་ལ་ངོས་འཛིན་གྱི་མེད་ན་ཡང། བོད་ཀྱི་བདེན་དོན་བོད་རང་དབང་རང་བཙན་ལ་བོད་མི་ནང་ནས་འདི་འདྲ་སྡང་ཟུག་འཛིན་ཡོང་དུ་དོལ་རྒྱལ་ལ་ནུས་པ་གང་འཚམ་མེད་འགྲོ་བསམ་ཡོང་གི།

  24. ལྷ།བྱ་འཕུར་མ། says:
    2015-11-18 at 3:27 pm

    ང་དེ་རིང་ཕྱི་དྲོར་གཙུག་ལག་ཁང་ཏུ་མཆོད་མཇལ་སོང་བ་ཡིན། སྲུང་མ་དམར་ནག་གཉིས་ཀྱིས་གང་མགྱོགས་བོད་ལ་རང་བཙན་འཁྱེར་ཡོང་ངེས་ཡིན་པས།ཚང་མས་རང་བཙན་ཆེད་ཀླུ་གཏོར་དང་བསྒྲགས་གཏམ་མང་ཙམ་དང་། ཆོལ་ཁ་ཆོས་ལུགས་མཐུན་པོ་བྱ་རོགས་གནང་ཞེས་སོང་།

  25. ལྷ།བྱ་འཕུར་མ། says:
    2015-11-18 at 3:35 pm

    འོ་རེད། སྐབས་དེར་ང་ལ་ཨ་རི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་ལྕམ་ལེ་བྷེ་ལེ་ཡི་ཁྱོ་ཟླས་ཁ་པར་ཡོང་སྟེ། ཨ་རིར་ཡོད་པའི་བོད་རིགས་གསར་འགོད་པ་ཞིག་གིས་ཁོ་རང་གི་བཟའ་ཟླ་ལེ་བྷེ་ལེ་ཡང་ཡང་ཁྲིད་ཀྱི་ཡོད་པས་གཟབ་གཟབ་གནང་རོགས་ཞེས་ལན་བསྐུར་སོང་། ངས་གསར་འགོད་པ་དེ་སུ་ཡིན་ཤེས་མ་སོང་པས་ཤེས་མཁན་ཡོད་ན་ལན་འདི་སྤྲོད་རོགས། ཧ་ཧ་ཧ།

  26. ཐོ་བ། says:
    2015-11-18 at 3:52 pm

    རྒྱ་མིི་ཀུན་བཀྲས་སྐྱག་རྫུན་རི་སྤུངས་སོང་། བོད་མི་གསར་འབྱོར་བ་སླེབས་ཐུབ་པ་འདི་དབུ་ལམ་ཚང་གིས་རེད་ཟེར་ཧཧཧ། སྨྱོན་པ། གསར་འབྱོར་དེ་དག་བརྒྱ་ཆ་དགུ་བཅུ་ཚེ་སྲོག་དམར་པོ་འབེན་ལ་བཙུགས་ནས་རི་ཆུ་གྲངས་མེད་བརྒལ་བ་རྐྱང་ཡིན་པ་ལས་དབུ་ལམ་གི་ནུས་པ་ཞིག་གང་ན་ཡོད། ༡༩༧༨ལོར་རྒྱ་ནག་ཁྱོན་ཡོངས་ནུབ་ཕྱོགས་སྒོ་དབྱེ་ལས་འགུལ་སྤེལ་ནས་དཔལ་འབྱོར་སོགས་ལ་གུ་ཡངས་བྱས་པས་བོད་སོག་ཤར་ཏུ་ཁི་སོགས་ཀྱང་དབུགས་ངལ་ཏོག་ཙམ་སོས་པ་ལས་དབུ་ལམ་ལ་ཕན་ནུས་ཤིག་ཅི་ཡོད།

  27. སྐལ་ཚེ། says:
    2015-11-19 at 3:33 am

    ཁམས་དང་ཨ་མདོ་མི་རིགས་སུ་ཡིན་ན་ཡང་ད་ལྟ་ལྷ་སར་གནས་སྐོར་དུ་འགྲོ་དགོས་ཚེ་རང་ཉིད་སྡོད་སའི་ས་གནས་དང་། རྫོང་གཉིས་ཀྱི་ཆོག་མཆན་དགོས་ཀྱི་ཡོད། དེ་མིན་ལྷ་སར་འགྲོ་ཐབས་མེད། དེ་ནི་གྲངས་ཉུང་མི་རིགས་ཁམས་དང་ཨ་མདོ་གཉིས་ལྷ་སར་འགྲོ་སྟངས་ཤིག་རེད། དེ་ལས་གཞན་པ་རྒྱ་རིགས་དང་སོག་རིགས་སུ་འགྲོ་ཡང་ཆོག་མཆན་དགོས་ཀྱི་མེད།

  28. ཅོ་རི་ཉི་མ། says:
    2015-11-19 at 1:20 pm

    བསྟན་འཛིན་བརྩོན་འགྲུས་ལ་ཆ་བཞག་ན་བོད་ཀྱི་རིག་གནས་དང་རྒྱལ་རབས་ལོ་རྒྱུས་སོགས་ཡག་པོ་མི་ཤེས་མཁན་ཞིག་རེད། ཨེན་ཡིག་ཐོག་ནས་རྩོམ་བྲིས་པ་ཞིག་རེད། བོད་ཀྱི་རིག་གནས་ཐོག་ཏུ་ཅང་ཤེས་ཀྱི་མ་རེད། བོད་རང་བཙན་གྱི་ཁུངས་དང་ལུང་གསལ་པོ་ཞིག་ཅང་བཤད་ཤེས་ཀྱི་མ་རེད། དེ་ལས་རྒྱལ་གཅེས་པ་ཀླུ་བྱམས་གདན་འདྲེན་ཞུས་ཡོད་ན་དབུ་མ་ཚང་གིས་ཁ་བདེ་བདེ་དང་ལྕེ་རྣོ་རྣོ་བྱེད་ས་ཅང་རེག་གི་མ་རེད་་་ཧཧཧ ཀླུ་བྱམས་གདན་འདྲེན་ཞུ་མ་ཕོད་ཡང་་་ཁྱོད་ཚོ་ལ་ཁག་མེད་་་ཧཧ

  29. ཅོ་རི་ཉི་མ། says:
    2015-11-20 at 4:44 am

    བོད་རང་བཙན་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཕྲོག་པ་རེད་མ་གཏོགས། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་འཕྲོག་ཡོད་པ་མ་རེད། དེ་ཡིན་ཙང་རྩོད་ས་དེ་རྒྱ་ནག་ལ་འགྲོ་དགོས་པ་རེད་མ་གཏོགས། ང་རང་ཚོ་ནང་ཁུལ་རྩོད་རྒྱབ་བསྡད་ན་ཕན་ཐོག་གལ་ཡོད་པ་མ་རེད།”ཅེས་ཟམ་གདོང་བླ་མས་བཤད་འདུག

    གོང་དུ་ཀུན་འགལ་བཀྲ་ཤིས་ཀྱིས་ཀྱང་གཅིག་མཚུངས་འདྲ་ཞིག་བཤད་འདུག དབུ་མའི་ལམ་པ་བ་ཚོས་འགོ་ནས་མར་སྐད་ཆ་དེ་འདྲ་བཤད་ཀྱི་ཡོད་དུས་ལན་ཞིག་རྒྱབ་འདོད་ཀྱི་བློ་ཞིག་སྐྱེས་བྱུང་

    ༡་་་་༧གོང་ས་ཏྭ་ལའི་བླ་མ་དང་བཙན་བྱོལ་སྒྲིག་འཛུགས་གཉིས་ཀྱིས་བོད་རང་བཙན་འཕྲོག་སོང་ཟེར་ནས་ལབ་མཁན་སུ་ཡང་མེད། བོད་རང་བཙན་འཐབ་རྩོད་ཀྱི་མདུན་ལམ་བཀག་སོང་ཟེར་གི་ཡོད། བོད་རང་བཙན་འཐབ་རྩོད་ལ་བཀག་འགོག་བྱེད་ཀྱི་འདུག་ཟེར་གི་ཡོད།

    ༢་་་རང་བཙན་མ་དངུལ་ལག་དེབ་དང་བླང་དཔྱ་ཁྲལ་ལ་བསྒྱུར་ནས་དབུ་མའི་མ་དངུལ་བཟོས་སོང་། དེ་འདྲ་བྱས་ན་འགྲིག་གི་མི་འདུག་ཟེར་གི་ཡོད། བོད་རང་བཙན་འཐབ་རྩོད་བྱས་པ་ལ་མ་དངུལ་དགོས་ཀྱི་འདུག བཙན་བྱོལ་སྒྲིག་འཛུགས་ཀྱིས་ངོས་ནས་བོད་རང་བཙན་འཐབ་རྩོད་ལ་འགྲོ་སོང་བཏང་གི་མེད། དབུ་མའི་ལམ་ལ་རྒྱབ་སྐྱོར་འཚོལ་ཆེད་དུ་འགྲོ་སོང་བཏང་གི་ཡོད། གོ་རྟོགས་སྤེལ་ཆེད་དུ་འགྲོ་སོང་བཏང་གི་ཡོད།

    ༣་་་་བོད་རང་བཙན་འཐབ་རྩོད་ཀྱི་ཆེད་དུ་ངོ་རྒོལ་ལས་འགུལ་སྤེལ་སྐབས་བཀག་འགོག་བྱས་ཀྱི་ཡོད། རྒྱུད་སྐུལ་བྱས་ནས་བཀག་འགོག་བྱེད་ཀྱི་ཡོད། གདན་ས་ཁག་གིས་གཞུང་འབྲེལ་གྱི་ངོ་རྒོལ་ལས་འགུལ་སྤེལ་སྐབས་མཉམ་ཞུགས་བྱས་པ་ལས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་གཞོན་ལྷན་སོགས་ཀྱི་ངོ་རྒོལ་ལས་འགུལ་སྤེལ་སྐབས་མཉམ་ཞུགས་མི་བྱེད་ཀྱི་གདན་ས་ཁག་གིས་གྲོས་ཆོད་བཞག་སོང་། ད་དུང་མང་པོ་བཤད་ཀྱི་ཡོད། རིམ་པའི་ཧམ་བཤད་དང་ལོག་བཤད་དེ་དག་མཚམས་མ་འཇོག་ན་རྗེས་སུ་ཞུ་ཆོག

  30. ཅོ་རི་ཉི་མ། says:
    2015-11-20 at 6:11 am

    བཤད་ན་ཁ་མེད་ནི་ཞིག་དང་འཛིང་ན་ལག་མེད་ནི་ཞིག་མིན་པར་ཤེས་ན་ཧྲག་ཁུ་མོ། མིང་ལྷག་ཞིག་གི་འོག་ནས་དཔའ་གླུ་ལེན་བསྡད་ནི་ཅན་པོ་ཁྱོད་འདྲ་ནིའི་མྱི་ཟིག་ད་་་འདུལ་གཏོང་ནི་སླ་ཁུ་ཡ།

  31. བསམ་འཕེལ་ says:
    2015-11-20 at 6:46 am

    ཨ་ཕོ་ཅོ་རི་ཉི་མ་ལགས་

    ཁྱེད་ལ་བཤད་བཟོ་འདུག། དྲི་རྒྱུར་ཚིག་ཚོར་པོ་འདུག།
    མང་འཚམ་བྲིས་ན།་ རང་མགོ་རང་གི་རྡུང་མཁན་བོད་མི་བླན་ལྐུག་ཚོར་བསམ་བློ་གཏོང་རྒྱུར་ཏན་ཏན་ཕན་གྱི་རེད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme