Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལག་འཁྱེར་ཁ་པར་ཀྱིས་ཀླད་པ་ལ་གནོད་ཀྱི་ཡོད་དམ།

Posted on 2011-02-232011-02-23 By གཡང་འབུམ་རྒྱལ་ 9 Comments on ལག་འཁྱེར་ཁ་པར་ཀྱིས་ཀླད་པ་ལ་གནོད་ཀྱི་ཡོད་དམ།

ཉེ་ཆར་ཨ་རི་རྒྱལ་ཡོངས་འཕྲོད་བསྟེན་ཞིབ་འཇུག་ཁང་ National Institutes of Health གི་ཚན་རིག་པས་ཞིབ་འཇུག་སྙན་ཐོ་བཏོན་པ་ལྟར་ན། ཁོང་ཚོས་མི་ ༤༧ ལ་ཆུ་ཚོད་སྐར་མ་ ༥༠ རིང་ལག་འཁྱེར་ཁ་པར་གཅིག་ཁ་ཕྱེས་ཏེ་རྣ་བ་གཅིག་གི་རྩར་བཞག ལག་འཁྱེར་ཁ་པར་གཅིག་ཁ་བརྒྱབ་ཏེ་རྣ་བ་གཞན་པའི་རྩར་བཞག་སྟེ་དེ་ཡིས་ཀླད་པའི་བྱེད་ལས་ལ་ཤུགས་རྐྱེན་ཇི་འདྲ་ཐེབས་ཀྱི་ཡོད་མེད་ PET (positron emission tomography) འཕྲུལ་ཆས་ཀྱིས་བརྟག་ཞིབ་བྱས་འདུག་པར། ལག་འཁྱེར་ཁ་པར་ཁ་ཕྱེས་ཏེ་རྣ་བའི་རྩར་བཞག་པ་དེས་ཀླད་པའི་བྱེད་ལས་སམ་ཀླད་རྩའི་ཁྲག་རྒྱུན་འཁོར་རྒྱུགས་ཇེ་མགྱོགས་སུ་གཏོང་གི་ཡོད་པ་ར་སྤྲོད་བྱས་འདུག

imagescac21lho

དེ་ལྟར་ལག་འཁྱེར་ཁ་པར་གྱིས་ཀླད་པའི་བྱེད་ལས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ར་སྤྲོད་བྱས་ཡོད་ནའང་། དེ་ཡིས་ཀླད་པ་ལ་གནོད་ཀྱི་ཡོད་མེད་དང་ཡང་ན་ཀླད་པའི་་འབྲས་ནད་ཀན་སར་སློང་གི་ཡོད་མེད་སྐོར་ད་རུང་ཞིབ་འཇུག་མང་བ་བྱེད་དགོས་སྐོར་བཤད་འདུག སྤྱིར་ལག་འཁྱེར་ཁ་པར་གསར་གཏོད་བྱས་པ་ནས་བཟུང་དེ་དང་ཀླད་པའི་བར་འབྲེལ་བ་ཇི་ཡོད་སྐོར་ཞིབ་འཇུག་མང་པོ་བྱས་ཡོད་པ་ནས་ཁ་ཤས་ཀྱིས་ལག་འཁྱེད་ཁ་པར་ནང་ཡོད་པའི་གློག་རྒྱུན་གྱིས་ཀླད་པའི་འབྲས་ནད་ཀན་སར་སློང་ཉེན་ཡོད་ལུགས་བཤད་ཡོད་པ་དང་གཞན་ཚོས་དེ་འདྲའི་ནད་གཞི་སློང་ཐུབ་ཀྱི་མེད་སྐོར་བརྗོད་ཡོད། ཡིན་ནའང་ད་ཐེངས་ཀྱི་ཞིབ་འཇུག་འདིས་ལག་འཁྱེར་ཁ་པར་གྱིས་ཀླད་པའི་བྱེད་ལས་ལ་འགྱུར་བ་གཏོང་གི་ཡོད་པ་བདེན་དཔང་བྱས་ཡོད། 

ཚན་རིག་པས་བྱིས་པའི་ཀླད་པ་དང་མགོ་རུས་དེ་མི་རྒན་པ་ལས་སྲབ་པ་ཡོད་པས་ཕྱིའི་གནོད་སྐྱོན་ཕོག་སླ་བ་ཡོད་པ་དང་། དེར་བརྟེན་བྱིས་པ་ཚོས་ལག་འཁྱེར་ཁ་པར་བེད་སྤྱོད་བྱ་རྒྱུ་ཉུང་དུ་བཏང་ན་ལེགས་པར་བཤད།།

གསོ་རིག

Post navigation

Previous Post: བོད་ཀྱི་གསོ་རིག་མཁས་དབང་བྱམས་པ་འཕྲིན་ལས་མཆོག་སྐུ་གཤེཊ་པ།
Next Post: བློ་བཟང་སེང་གེའི་རྫབ་ཆེན་པོའི་སྐད་ཆ་དང་བོད་གཞུང་གི་འོས་འགན།

Comments (9) on “ལག་འཁྱེར་ཁ་པར་ཀྱིས་ཀླད་པ་ལ་གནོད་ཀྱི་ཡོད་དམ།”

  1. ཤར་ཕྱོགས་ཀྱི་འོད་སྣང་། says:
    2011-02-23 at 11:03 pm

    ཚན་རིག་པས་བྱིས་པའི་ཀླད་པ་དང་མགོ་རུས་དེ་མི་རྒན་པ་ལས་སྲབ་པ་ཡོད་པས་ཕྱིའི་གནོད་སྐྱོན་ཕོག་སླ་བ་རྒྱུ་མཚན་དུ་བྱས་ཏེ་བྱིས་པ་ཚོས་ལག་འཁྱེར་ཁ་པར་བེད་སྤྱོད་བྱ་རྒྱུ་ཉུང་དུ་བཏང་ན་ལེགས་པར་བཤད་པ་དེ་ཚོད་དཔག་གི་སྐད་ཆ་རེད་འདུག་མོད། དངོས་བྱུང་མིག་ལམ་དུ་གསལ་བ་ལྟར་ན། གྲོད་ཁོག་དང་དངུལ་ཁུག་ལ་གནོད་ཚབས་ཧ་ཅང་ཆེ་བ་མངོན་གསལ་དོད་པོ་ཡིན་པས་ལས་མེད་འཁྱམས་པོ་བ་ཚོས་ལག་ཐོགས་ཁ་པར་བེད་སྤྱད་རྒྱུ་ཉུང་ན་དགེ་མཚན་ཆེ་བར་སེམས་སོ།།

  2. ཀརྡོ་རབ་འབྱམས་པ་ says:
    2011-02-24 at 4:28 am

    ལག་འཁྱེར་ཁ་པར།
    ལག་ཐོགས་ཁ་པར།
    ལག་ཕོམ།།
    ཞེ་ས། ཕྱག་ཕོམ། ཕྱག་ཐོགས་ཞལ་པར། གང་དགའ་འམ།

  3. ར་ས་ཕོ་ཉ། says:
    2011-02-24 at 9:48 am

    ཕྱག་གི་ཞལ་པར།

    ལག་ཐོགས་ཁ་པར།

  4. ར་ས་ཕོ་ཉ། says:
    2011-02-24 at 9:50 am

    གསར་གཏད་ཞུས་ན།. བདེ་སྤྱད་ཁ་པར།

  5. རྡོར་འཛིན། says:
    2011-02-25 at 7:09 am

    ངས་བྱས་ནས་ལག་ཐོག་ཁ་པར་།

  6. yangbum says:
    2011-02-25 at 10:18 am

    ང་ཚོས་དངོས་པོ་གང་ཞིག་ཚུར་རང་རེའི་སྐད་དུ་ཕབ་བསྒྱུར་བྱེད་སྐབས། དངོས་པོ་དེ་ཐོག་མར་ཐོན་སའི་མི་རིགས་དེའི་སྐད་གཙོ་བོ་དང་མི་རིགས་གཞན་པའི་སྐད་ལ་ཡང་དཔྱད་བསྡུར་བྱས་ཏེ་བསྒྱུར་གང་ཐུབ་བྱེད་དགོས་སྙམ། ལག་འཁྱེར་ཁ་པར་ལ་དབྱིན་ཇིའི་སྐད་དུ་ cell phone དང་ cellular phone ཡང་ན་ mobile phone དང་། རྒྱ་ནག་སྐད་དུ་ 手机 ཟེར། ལག་འཁྱེར་ཁ་པར་ཅེས་པའི་མིང་འདི་དབྱིན་ཇིའི་སྐད་ mobile དང་རྒྱ་ནག་སྐད་ 手机གཉིས་ཀ་ལ་གཞིར་བཞག་སྟེ་ཚུར་འགྱུར་བ་ཞིག་རེད།

  7. ཀརྡོ་རབ་འབྱམས་པ་ says:
    2011-02-25 at 11:26 am

    ལག་འཁྱེར་ཁ་པར་ཐད་ཤོས་ཡིན་ན། དེའི་ཞེས་ས་དགོས་ན། ཕྱག་འཁྱེར་ཞལ་པར་ཆགས་པ་རེད། དེང་གི་བོད་སྐད་ནང་ལ་ཕྱག་འཁྱེརདང་། ཞལ་པར་ཞེས་མིང་ཚིག་གོ་དོན་མི་འདྲ་བ་གཉིས་བྱུང་ཟིན་པ་རེད།
    ངའི་ལག་ཕོམ་དང་ཕྱག་ཕོམ་འདི་བོད་རིགས་ཕྱི་སྐད་མི་མཁན་དེ་ཚོའི་རྗེས་སུ་འབྲངས་པ་ཡིན། ཡི་གེ་ནི་སྐད་འདི་ཉིད་ཞབས་འདེགས་ཞུ་དགོས་པ་དང་།
    ཕོམ་ལས་ཕོན་དེ་ཨིན་སྐད་དང་ཉེ་ན་ནའང་། སྐད་དེ་ཡང་རང་སྐད་དང་། གང་མཐུན་ཞིག་རང་བཞིན་གྱི་བྱུང་དགོས་པས་ཕོམ་ཞེས་དགོས་རེད་སྙམ། དེས་ན། ལག་ཕོམ་མམ་ཕྱག་ཕོམ་མོ། །
    དཔེར་ན། ཁྱོད་རང་ཕར་སླེབས་པ་དང་ལག་ཕོམ་གཏོང་ཤོག་ཨ།
    ཞེས་སའི་ནང་ལ། ཁྱེད་རང་ཕར་ཕེབས་པ་དང་ཕྱག་ཕོམ་བསྐྱོན་རོགས་གནོངས། ལྟ་བུའོ། །

  8. གཞོན་ནུ་ཟླ་མེད། says:
    2011-02-25 at 12:02 pm

    ཡ་མཚན། གཡང་འབུམ་གྱི་གསལ་བསྒྲགས་འདི་ནི་ཁ་སང་ངེད་ཚོའི་འཛིན་གྲྭ་ནང་ན་ཡང་ཁྲིད་ཀྱི་འདུག ངེད་ཚོའི་འཛིན་གྲྭ་མ་གཞི་ཡིན་ན་འཕྲོད་རྟེན་སྐོར་ལ་འབྲེལ་བ་གང་ཡང་མེད། འོན་ཀྱང་ཁ་སང་ལག་ཁྱེར་ཁ་པར་སྐོར་གྱི་གནོད་སྐྱོན་འདི་ཁྲིད་སོང་། ག་རེ་ཡིན་ན་གང་ཤེས། ཁ་པར་ལ་ཡང་ཞེད་ནི་འདྲ་བོ་ཞིག་འདུག མ་གཞི་ང་ལ་ནི་བུ་མོ་དེ་འདྲ་ཁ་པར་བཏང་ན་མ་གཏོགས་ལེན་གི་མེད། བུ་དེ་འདྲས་ཁ་པར་བཏང་ན་ཡར་མ་བཀྱགས་པར་ཁ་ཐུག་ལ་སྒྲ་གསོག་སར་འགྲོ་བཅུག་གི་ཡོད། དེ་སྐད་ཆ་བཤད་རྒྱུ་ཉུང་རུ་གཏོང་གི་རེད།

  9. yangbum says:
    2011-02-25 at 8:34 pm

    གཞོན་ནུ་ལགས་ཐུགས་ཁག་མི་འདུག དེ་འདྲ་ཡིན་པ་འདྲ། ངས་ཁ་པར་ཐེངས་ཤས་བརྒྱབ་མོད་བླངས་མ་སོང་། ད་ངས་མོ་སྐད་སྦྱངས་ནས་ཁ་པར་གཏོང་དགོས་ས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme