Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལ་རྩེའམ་ལབ་ཙེ་ལས་འཕྲོས་པའི་དཔྱད་པ་མེ་སྟག་ཕྲ་མོ།

Posted on 2009-06-19 By དགེ་རབ་ 3 Comments on ལ་རྩེའམ་ལབ་ཙེ་ལས་འཕྲོས་པའི་དཔྱད་པ་མེ་སྟག་ཕྲ་མོ།

ལ་རྩེའམ་ལབ་ཙེ་ལས་འཕྲོས་པའི་དཔྱད་པ་མེ་སྟག་ཕྲ་མོ།

གཅན . བཟོད་རྒྱམ།

ཁ་ སྔོན་”རེབ་གོང་”བ་དོན་གྲུབ་བཀྲ་ཤིས་ཟེར་བས་པདྨ་འབུམ་གྱི་”ལ་རྩེ་”དཔེ་མཛོད་ ཁང་གི་སྒོ་འབྱེད་གསུང་བཤད་ཅེས་པའི་རྩོམ་ཡིག་ཅིག་ཁ་བརྡ་དྲ་ངོས་སུ་བཞག་འདུག་ པར་བསམ་ཚུལ་ཞུ་མཁན་འགའ་བྱུང་འདུག་ཀྱང༌། མགོན་ཕྱག་ལགས་ཀྱིས་མཆན་བུ་དེ་ཅུང་དྲགས་ཤོས་ཡིན་ནམ་སྙམ་བྱུང༌། གང་ཡིན་ཟེར་ན། ཁོས་”ལ་རྩེ་ནི་ལབ་ཙེའི་འབྱུང་ཁུངས་ལོ་རྒྱུས་Etymology ཡིན་པར་རྒྱུ་མཚན་ལྡན་ཡང”ཞེས་བྲིས་པ་འདིས། ཐ་སྙད་ཞིབ་འཇུག་གི་ཁ་ཕྱོགས་ཙམ་རྙེད་འདུག་པར་སེམས། དེ་ཡང་ཁོང་གིས། ” རྒྱལ་ཁབ་གང་ཞིག་ཡིན་ན་ཡང་ཐ་སྙད་མང་པོ་ཞིག་འགྱུར་གི་ཡོད་པ་དང་། ཐ་སྙད་དེ་རེ་རེ་བཞིན་དུ་དེ་ལ་ཁུངས་དང་ལོ་རྒྱུས་Etymologyརེ་ཡོད་པ་རེད། ” ཅེས་པ་འདི་ནི་ཐ་སྙད་ཞིབ་འཇུག་ལ་མེད་དུ་མི་རུང་བའི་ཤེས་བྱ་གལ་ཆེན་ཞིག་རེད་ལ། འོན་བདག་གིས་བསམ་ན། ” ལ་རྩེ་ནི་ལབ་ཙེའི་འབྱུང་ཁུངས་ལོ་རྒྱུས་Etymology “མ་ཡིན་པར། “ལབ་ཙེའམ་ལ་ཙེ་”ཞེས་པ་འདི་ལ་རྩེ་ཡི་Etymology” རེད་ཅེ་ན་དོན་ལ་གནས་པར་སེམས་ཏེ། ལབ་ཙེའམ་ལ་ཙེ་ཞེས་པའི་ཐ་སྙད་འདི་ལ་རྩེ་ཞེས་པའི་ཐ་སྙད་ལས་ཆེས་སྔ་བ་དང་”ལ་ རྩེ་”ཞེས་པ་འདི་ལབ་ཙེའམ་ལ་ཙེ་ལས་བྱུང་བ་ཧ་ལམ་ཚིག་ཐག་བཅད་ནས་བཤད་ཐུབ་སྟེ། ལབ་ཙེ་བསྟོད་པའི་སྲོལ་འདི་ནི་བོད་རྒྱལ་སྲོང་བཙན་ཡ་སྔོན་ནས་ཡོད་པ་མ་ཟད། བོན་ལུགས་སམ་བོད་ཀྱི་སྲོལ་རྒྱུན་རྙིང་པའི་བྱེད་སྟངས་ཤིག་ཡིན་པ་སོགས་འདིའི་ སྐོར་ནས་དཔྱད་རྩོམ་ཧ་ཅང་མངས་པས་ཚིག་གིས་སྤྲས་པ་མི་དགོས་སྙམ། གཅིག་ཐང་ན་”དེང་གི་བཤད་སྟངས”བཞིན་”ཞང་སྐད་”རེད་ཅེས་འགྲེལ་བཤད་གཞན་ཞིག་ཀྱང་ བརྒྱག་སྲིད།

” ལབ་ཙེ”འམ་”ལ་ཙེ་”ལ། “ལ་རྩེ་”ཞེས་འགྲེལ་ཆགས་ལ་མ་ཆགས་པ་ཞིག་བརྒྱབས་པའང་དོན་ལ། “རེབ་ཀོང་ངམ་རེབ་གོང་”ཞེས་པར་”རེ་སྐོང་”ཞེས་བྲིས་ཏེ་འགྲེལ་བཤད་ཀྱང་ཅིག་ཅིག་ ཅིག་གི་”རེ་བ་སྐོང་ཐུབ་པའི་”སྐོར་འགྲེལ་བཤད་འདྲ་ཆགས་པོ་མང་པོ་བརྒྱབས་ཡོད་ ཀྱང༌། འགྲེལ་བཤད་འདི་དག་གིས་ནི་གནའ་བོའི་ལོ་རྒྱུས་རང་བཞིན་ལྡན་པའི་”མིང་རྙིང་པ་” དག་རྩ་མེད་བཟོས་དང་བཟོ་བཞིན་པའི་སྐྱོན་ཆ་ཞིག་ངང་གིས་འབྱུང་གི དཔེ་མཚོན་ཙམ་བཀོད་ན། མདོ་སྨད་ཁྲི་ཀའི་ས་ཆར་”མོད་ཡག”་ཟེར་བའི་ས་ཆ་ཞིག་ཡོད་པ་སྒྲ་འགྱུར་བའམ་ བསྒྱུར་ཏེ་དེང་སྐབས་”མོ་ཡག་སྡེ་བ་”ཟེར་བཞིན་པ་མ་ཟད། བུ་མོ་ཡག་མ་མང་བས་ན་”མོ་ཡག་སྡེ་བ”་ཟེར་བ་ཡིན་སྐོར་གྱི་འགྲེལ་བཤད་འདྲ་ཆགས་ པོ་ཞིག་རྒྱག་གིན་འདུག་པ་དང་གཅིག་མཚུངས་རེད།

དེ་ལྟ་ན། པད་མ་འབུམ་ལགས་ཀྱིས་གསུངས་པ་བཞིན། “ཨ་མདོ་བ་རྣམས་ཀྱིས་རི་རྩེ་དག་ལ་དེ་ལྟ་བུའི་ལ་རྩེ་འཛུགས་པའི་སྲོལ་རྒྱུན་གྱི་ལས་འགུལ་དེ་”ལ་རྩེ་བསྟོད་”ཅེས་བརྗོད། འདིའི་སྐབས་ཀྱི་བྱ་ཚིག་”བསྟོད་”ནི་མཐོ་བར་བྱས་བའི་དོན་ཡིན། ལ་རྩེ་ལ་”ལབ་ཙེ”འམ་”ལ་བཙེ”་སོགས་དག་ཆ་འདྲ་མིན་ཞིག་འབྱུང་ན་ཡང་། “ལ་རྩེ་བསྟོད”་ཅེས་པ་ལ་རྩེའམ་རི་རྩེ་ཇེ་མཐོར་བཏང་བ་ཡིན་པའི་གོ་དོན་གྱི་སྟེང་ནས་བལྟས་ན། དག་ཆ་འདྲ་མིན་དེ་དག་མཆེད་ཁུངས་ངོ་མ་ནི་”ལ་རྩེ་”ཞེས་ པ་འདི་ཡིན་ལས་ཆེའོ།”ཟེར་བ་ནི་མི་བདེན་སྙམ་སྟེ། ལ་རྩེ་ཞེས་པ་ནི་མདོ་སྨད་ཕྱོགས་ཀྱི་སྐད་གདངས་དང་མི་མཐུན་པའི་ཁར། ལབ་ཙེ་ནི་ངེས་པར་དུ་རི་ཡི་”རྩེ”ལ་བསྟོད་མི་དགོས་པ་མ་ཟད། བོད་ཀྱི་གནའ་བོའི་”གླུ་”ཚིག་དག་ལས་ཀྱང་། ཁའི་ཉག་ག་གསུམ་ལ་ལབ་ཙེ་གསུམ༎ཉག་ག་མི་མཐོ་ལབ་ཙེ་མཐོ༎ཞེས་དང༌། ཡང༌། གླུ་འགོ་མ་གསེར་གི་མཆོད་རྟེན་རེད། གཅིག་མཇལ་ན་སྡིག་སྒྲིབ་དག་རྒྱུ་རེད། །གླུ་བར་མ་ཁའི་ཆེན་ལབ་ཙེ་རེད། གཅིག་བསྟད་ན་དགྲ་ལྷ་འཁོར་རྒྱུ་རེད། །གླུ་གཞུག་མ་ཆུ་ཆེན་ཟམ་པ་རེད། གཅིག་ཕངས་ན་བསམ་བློ་འཁོར་རྒྱུ་རེད༎ཅེས་འདིར་དྲངས་པ་དང་མ་དྲངས་པ་སོགས་ཧ་ཅང་ མངས་པས་ཐ་སྙད་དེ་དག་དང་། ས་གནས་སོ་སོ་ནས་ལབ་ཙེ་བསྟོད་ས་གར་ཡོད་སོགས་ལ་ཞིབ་ཏུ་སོམས་དང་གསལ་པོར་ཤེས་ ཐུབ་པ་ཞིག་རེད། ཡང་”ལབ་ཙེ་”ནི་ལ་ཡི་རྩེ་བསྟོད་རྒྱུ་ཞིག་ཡིན་པས་ཆ་ནས་མིང་དེ་ཐོགས་པ་མ་ཡིན་ པར། རི་རྩེར་ལབ་ཙེ་བསྟོད་པ་ནི། དེར་གནས་པའི་གཞི་བདག་དགའ་པར་བྱེད་ཆེད་དང༌། ཁའི་ག་ཉག་ག་སོགས་ལ་བསྟོད་པ་ནི། ཕྱིའི་དགྲ་ཇག་ཆོམ་རྐུན་དང་བགེགས་བར་ཆད་སོགས་འགོག་ཆེད་དུ་ཡིན་པའང་ལོ་རྒྱུས་ དཔྱད་ཡིག་དང་དམངས་ཁྲོད་ངག་རྒྱུན་གཉིས་ལས་གང་བྱུང་དུ་རེག་པས་ན། “ལ་ཡི་རྩེ་མོར་བསྟོད་པས་ན་ལ་རྩེ”ཟེར་ནས་འགྲེལ་བ་ནི། ཐ་སྙད་འདིའི་མ་ཚིག་དང་འབྱུང་ཁུངས་སྟེ་Etymologyཡི་དཔྱད་ཐབས་སྣང་མེད་དུ་བཞག་ པས་ཡིན་ནམ་སྙམ་སྟེ། ལབ་ཙེ་ནི་ཡིན་གཅིག་ལ་ཡི་རྩེ་མོར་བསྟོད་དགོས་པ་ཞིག་མ་ཡིན་པར། གོང་དུ་བཤད་པ་བཞིན་རི་སྐེད་དང་ཉག་ག ཐང་བདེ་སར་ཡང་ཡོད་པས་ན། “ལ་ཡི་རྩེ་མོར་བསྟོད་པས་ན་ལ་རྩེ་”ཟེར་ན་དོན་ལ་མི་གནས་པ་ཞིག་རེད་པས། དེ་ལས་ང་ཚོས་”ལབ་ཙེ”འམ་”ལ་ཙེ་”ཞེས་པའི་ཐ་སྙད་འདི་དུས་ནམ་ཞིག་གི་མི་སུ་ཞིག་ གིས་བྲིས་པའི་དཔེ་ཆའམ་ཡི་གེ་གང་དུ་ཡོད་མེད་རྩད་ཆོད་རྗེས། ད་གཟོད་འདིའི་སྐོར་ནས་སྐད་ཆ་ཞིག་བཤད་ཐུབ་ཅིང༌། དེའི་རིན་ཐང་ཡང་Etymology ཞིབ་འཇུག་གི་འབྲས་བུ་བཟང་པོ་ཞིག་རེད་སྙམ།

(གོང་ གི་རྩོམ་ཐུང་འདི་ནི་”ལ་རྩེ”ཞེས་པའི་ཐ་སྙད་ཀྱི་སྐོར་ལ་དོགས་སློང་ངམ་རང་གིས་ གང་བསམ་ཞིག་བྲིས་པ་ལས། གཞན་གང་ཞིག་ལ་འགྲན་སློང་བའམ་དམའ་འབེབས་པ་སོགས་གང་ཅི་ཡང་མིན་པས། དཔྱོད་ལྡན་ཚོས་དཔྱད་གླེང་ལྷུག་པོར་གནང་རོགས་ཞུ།)2009/06/19.ཉིན།

དཔྱད་རྩོམ།

Post navigation

Previous Post: ཨ་མ་ལགས་ང་མྱུར་དུ་གཏོང་རོགས།
Next Post: མཚར་གཏམ་

Comments (3) on “ལ་རྩེའམ་ལབ་ཙེ་ལས་འཕྲོས་པའི་དཔྱད་པ་མེ་སྟག་ཕྲ་མོ།”

  1. མགོན་པོ་ཕྱག་གཉིས་པ། says:
    2009-06-19 at 9:18 pm

    རྩོམ་རྒྱུ་མཚན་ཡོད་པ་ཞིག་བྲིས་འདུག ང་ཚོར་དཔྱད་གཞིའི་དཀའ་ངལ་ཡོད་ན་ཡང་ཕྱོགས་སོ་སོ་ནས་མི་རེ་རེས་ཅུང་ཟད་རེ་བྲིས་ཡོང་ན་དཔྱད་རྩོམ་དགའ་སེ་ཞིག་རང་བཞིན་གྱིས་འགྲུབ་ཐུབ། ཐུགས་རྗེ་ཆེ།
    ད་བར་མི་དུ་མ་ཞིག་ནས་ལབ་ཙེའི་སྐོར་རྩོམ་བྲིས་པ་དང་མཆན་བཏབ་པ་ལས་རང་གིས་མ་ཤེས་པར་ནོར་འཁྲུལ་བཟོས་ཡོད་པ་ངོ་འཕྲོད་གི་འདུག
    དང་པོར་ལབ་ཙེ་ཚང་མ་རིའི་རྩེ་ཞེས་བྲིས་པར་རྡོར་དབང་ལགས་ཀྱི་ལུང་འདྲེན་དེ་ལས་ནོར་བ་ངོས་ཟིན། དེ་ནས་ལབ་ཙེ་ཕལ་ཆེ་བ་རིའི་རྩེ་ཞེས་བཅོས་པ་ཡིན་ཡང་དེ་ཡང་ནོར་བ་འདྲ། ཁྱེད་རང་གིས་བཤད་པ་ངོ་མ་རེད། གནའ་བོའི་དམངས་གླུ་དེ་ཚོའི་ནང་། ཁས་ཀ་གསུམ་ན་ལབ་ཙེ་གསུམ་ཟེར་བ་དེ་འདྲར་བལྟས་ན་ཉག་གར་ཡོད་པ་ཞིག་ཡིན་པ་འདྲ།
    ཉིན་འགའི་སྔོན་ངས་གནས་སྔ་མོར་ལ་རུ་ཁྲལ་སྡུད་མཁན་ལ་བཙས་ཟེར་བ་ཞིག་ཀྱང་ཡོད་པ་རེད་ཟེར་ནས་ཟུར་ཙམ་བྲིས་པ་ལྟར། དེ་རིང་རྐང་རྗེན་པ་ལགས་ཀྱིས་དག་ཆ་ངོ་མ་ལ་བཙས་རེད་ཟེར་ནས་རྒྱུ་མཚན་ཡང་གང་འཚམས་ཤིག་བྲིས་འདུག་པར་གནས་ལུགས་འདུག
    ཁ་སང་དགོངས་མོ་ངས་ཀྱང་དེའི་སྐོར་བསམ་བློ་ཅུང་ཟད་བཏང་བ་ཡིན། ངེད་གཉིས་ཀྱི་བསམ་བློ་གཏོང་སྟངས་ཅུང་ཟད་མ་འདྲ་བ་འདུག ཨ་མདོའི་འབྲོག་ཁུལ་ལ་མཚོན་ན། འགྲུལ་བཞུད་ཀྱིས་ལ་རྡོ་ཁྱབ་ཅན་རེ་བརྒྱུད་སྐབས་རྟ་གོང་ངམ་གཡག་གོང་ནས་ས་ལ་བབ་ཅིང་རྡོ་རིགས་ཐུ་བ་ཉུང་ཤས་རེ་བཏུས་ནས་སྔོན་ཡོད་པའི་རྡོ་སྤུངས་དེ་ཚོའི་ཐོག་སྤུངས་ནས་འགྲོ དེ་ལྟར་བྱེད་པ་ནི་ཕལ་ཆེར་འགྲུལ་བཞུད་པ་ཚོའི་རྟའི་རྨིག་པར་མི་གནོད་པའི་ཆེད་ཡིན་པ་འདྲ། ངས་སུས་ཀྱང་མ་སྐུལ་རང་མོས་ཅེས་བྱེད་པའི་གོམས་སྲོལ་ཡག་པོ་འདི་ཅི་འདྲ་བྱས་དར་ཡོང་བ་ཡིན་ནམ་བསམས། གཅིག་བྱས་ན་དེ་ནི་གནའ་སྔ་མོའི་ཁྲལ་ལས་ཆུང་ཆུང་ཞིག་ལས་དར་བ་ཡིན་ན་ཡང་ཐང་སྙམ་བྱུང་།
    དམག་དཔུང་སོགས་འགྲུལ་བཞུད་བྱེད་མཁན་སུ་ཞིག་ཡིན་ན་ཡང་ལ་མཐོན་པོ་རེའི་མགོ་ནས་མར་བབས་ཏེ་ངལ་གསོ་རེ་བྱེད་པ་དང་། རི་རྩ་ཆེན་དེ་འདྲ་ཡིན་ན་བསང་གསོལ་བྱེད་པ་དང་རླུང་རྟ་ཡང་གཏོར་གི་རེད། དེའི་སྐབས་དམག་དཔུང་ཞིག་ཡིན་ན་ཁོ་ཚོའི་དར་མདུང་གི་རིགས་དེ་དག་གང་ལ་འཛུགས་པ་དང་ཇི་ལྟར་འཛུགས་ཀྱི་ཡོད་ན་སྙམ། ང་ལ་འཆར་སྣང་ཡན་པོ་དེ་ཚོར་ལན་ཞིག་རྙེད་པ་ནི་ཁས་ཀའི་རྡོ་སྤུངས་དེ་ཚོ་རེད།
    ལབ་ཙེའི་ཕ་ཁུངས་མ་ཁུངས་ནི་ཁས་ཀའི་རྡོ་སྤུངས་དེ་ཚོ་ཡིན་ན་ཡང་ཁྲིག་ཁྲིག་མེད་གི་མོད་བསམས་སོང་། བསམ་ཚུལ་རྐྱང་རྐྱང་བྲིས་བསྡད་ན་ཆོ་མེད་ཅིག་རེད་དེ་སུ་གང་ཞིག་ནས་བསམ་བློ་མང་ཙམ་གཏོང་བར་ཕན་རེ་ཡང་ཐོགས་ན་ཐང་།

  2. ཟླ་བ་གཞོན་ནུ། says:
    2009-06-20 at 5:38 am

    ངས་བསམ་ན། ང་ཚོས་ད་ལྟ་ལ་རྩེ་ཞེས་འབྲི་བཞིན་པ་འདིའི་དག་ཆ་ལབ་ཙེའམ་ལ་བཙེ་འདི་གཉིས་ཀྱི་གཅིག་ཡིན་ངེས་པར་འདོད་པ་སྟེ། ང་ཚོའི་ཁ་ནས་སྨྲ་དུས་ལབ་ཙེ་འདྲ་བོ་ཞིག་ཀློག་གིན་ཡོད་པ་ཕལ་ཆེར་ཚང་མ་བཞེད་པ་མཐུན་པར་འདོད། དེ་ལ་ ལབ་ཙེ་ཞེས་འབྲི་དགོས་དོན་ནི་ང་ཚོས་ཀློག་དུས་ལབ་ཞེས་ཁ་བཙུམ་དགོས་ཁེལ་གྱིན་ཡོད་པས་མི་མང་བོས་ལབ་ཡིན་པར་སྙམ་ནས་ལབ་ཅེས་འབྲི་བཞིན་ཡོད་མོད། ངས་ནི་ལ་བཙེ་ཡིན་པར་འདོད་དེ།
    དམངས་ཁྲོད་ཀྱི་ཀློག་སྟངས་ལས་ལ་རྩེ་ཞེས་མི་ཀློག་པ་ནི་ཚིག་ཐག་བཅད་ནས་བཤད་ཆོག་པར་འདོད་དོ༎ དེའི་རྒྱུ་མཚན་ནི་ལ་བཙེ་ཞེས་བརྗོད་དུས་ཡིག་འབྲུ་གཉིས་ཀྱི་བར་གླགས་དེར་ཁ་བཙུམ་གྱིན་ཡོད་པས་ཡིན།

  3. རྐང་རྗེན་པ། says:
    2009-06-20 at 12:41 pm

    འདིའི་སྐོར་རང་གི་བསམ་ཚུལ་ཞིག་ཁ་སང་པདྨ་འབུམ་གྱི་སྒོ་འབྱེད་གསུང་བཤད་ཀྱི་མཆན་དུ་བྲིས་པ་འདིར་ཡང་འབྲེལ་ཆེ་བར་མཐོང་བས་དྲ་གྲོགས་ཚོར་གཟིགས་བདེའི་ཆེད་གཤམ་དུ་དྲངས་ཡོད།

    ངས་བལྟས་ན་འདིའི་དག་ཆ་མ་ནོར་བ་ནི་ལ་བཙས་ཞེས་པ་འདི་རེད།
    རྒྱུ་མཚན་ནི། དང་པོ་ཚིག་འདིའི་སྒྲ་གདངས་ཀྱི་ཆ་ནས། ད་ལྟའི་ཨ་མདོའི་འབྲོག་སྐད་ལ་ལ་བཙས་ཞེས་པའི་ཚིག་འདི་ག་རང་ཐོན་བཞིན་པ་མངོན་སུམ་མྱོང་གྲུབ་རེད། དེའང་བཙས་ཀྱི་སྔོན་འཇུག་གི་སྒྲ་དག་པར་ཀློག་པའི་དབང་གིས་སྔོན་འཇུག་བ་དེ་སྔ་མའི་རྗེས་འཇུག་གི་ཚུལ་དུ་གྱུར་ཏེ་ལབ་ཙས་ཞེས་བརྗོད་པ་ལྟ་བུར་གོ་བ་ནི། ཁ་མཆུ་ལ་ཁམ་ཆུ་དང། ན་བཟའ་ལ་ནབ་ཟ་ཞེས་བརྗོད་པར་གོ་བ་དང་གཅིག་མཚུངས་ཏེ། དོན་དངོས་སུ་ཁམ་ཆུ་དང་ནབ་ཟ་ཞེས་རྗོད་ཀྱི་ཡོད་པ་ཞིག་མིན་པར་ཁ་མཆུ་སོགས་སུ་རྗོད་ཅིང་འབྲི་བ་ཡིན་ལ། ཕྱི་མའི་སྔོན་འཇུག་སྔ་མའི་རྗེས་འཇུག་གི་ཚུལ་དུ་ཐོན་པ་འདི་རིགས་ནི་ཨ་མདོའི་འབྲོག་སྐད་ལ་སྔོན་རྗེས་ཀྱི་སྒྲ་ཟུར་ཕྱིན་པར་འབྱུང་བའི་ཁྱད་ཆོས་ཤིག་ཡིན། དེས་ན་ལབ་ཙེ་དང་། ལབ་རྩེ། ལབ་བཙས་སོགས་སུ་བྲིས་པ་ནི་ལ་བཙས་ཀྱི་སྒྲ་ལ་འཁྲུལ་བ་སྟེ། ཁ་མཆུ་ལ་ཁམ་ཆུ་ཞེས་ནོར་བར་བྲིས་པ་དང་འདྲ།
    གཉིས་པ་འདིའི་གོ་དོན་གྱི་ཆ་ནས་བཤད་ན། བོད་རྒྱ་ཚིག་མཛོད་ཆེན་མོར་ཚིག་འདིའི་དོན་ནི་ལ་རྩེའི་བརྩེགས་ཐོ་དར་ལྕོག་ཅན་ཞེས་འཁོད་འདུག་པ་དང། ཡང་འདི་ལ་གོ་བ་གཞན་ཞིག་སྟེ། ལ་ཡི་ཤོ་ཁྲལ་ལ་གོ་བའི་སྟེང་ནས་བལྟས་ནའང་གོ་བ་ཞིག་ཡོད་བཟོ་འདུག་སྟེ། ཆུ་བརྒལ་ནས་འགྲོ་སྐབས་གྲུ་གླའམ་གྲུ་བཙས་དགོས་པ་ལྟར་ལ་བརྒལ་ནས་འགྲོ་སྐབས་ལ་ཁྲལ་ལམ་ལ་བཙས་དགོས་པས། གནའ་སྔ་མོ་ཁྲལ་དེ་རིགས་ལེན་མཁན་གྱི་ཤོ་གམ་པ་ནི་དམག་མི་ཡིན་པ་བཤད་མ་དགོས་པར་བརྟེན། དམག་མི་ཚོས་རང་ལ་དགོས་པའི་མཚོན་ཆའི་རིགས་གླ་ཁྲལ་དུ་བླངས་ཏེ་སྤུང་གསོག་བྱས་པ་དེ་ལ་བཙས་ཏེ་ལ་ཁྲལ་རང་ཡིན་པ་ཕྱིས་སུ་རིམ་པས་ལ་ཐོའམ་ལ་ཁའི་ས་རྟགས་ལྟ་བུར་འགྱུར་བར་མ་ཟད། དེ་ལ་ཡུལ་ལྷ་གཞི་བདག་གི་གནས་བཅས་ཏེ་བསྟོད་སྲོལ་དར་བ་ཞིག་ཀྱང་ཡིན་མི་སྲིད་པ་མ་རེད་སྙམ། དེ་ཡིན་ན་ད་ལྟའི་ལ་བཙས་འདིའི་མིང་དོན་གཉིས་ཀའི་འབྱུང་ཁུངས་ནི་སྔོན་གྱི་ལ་བཙས་ཏེ་ལ་ཁྲལ་ཡིན་པར་འགྱུར། གཞན་ལ་རྩེ་དང་ལ་རྫས་སོགས་ནི་སྒྲ་དོན་གཉིས་ཆ་ནས་འདིར་འབྲེལ་བ་མེད་པར་འདོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme