Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལ་ཐེལ་སྒང་ལ་པག་ཐེལ་རྒྱབ་པ་མ་རེད་དམ།

Posted on 2024-07-10 By ཁ་བརྡ་ No Comments on ལ་ཐེལ་སྒང་ལ་པག་ཐེལ་རྒྱབ་པ་མ་རེད་དམ།

གཞུང་པ་ཚེ་དབང་བསོད་ནམས།

ཉེ་ལམ་སྤྱི་ཟླ་ལྔ་པའི་ཚེས་ ༢༩ འཁོད་པའི་སྤྱི་འཐུས་རྒྱུན་ལས་ནས་ས་གནས་འཐུས་ཚོགས་རྣམས་ཀྱི་ཆེད་རྒྱུན་མཁོའི་རྩ་འཛིན་ལམ་སྟོན་ཟེར་བའི་དོན་ཚན་ཉེར་བཞི་ཡོད་པའི་ཡིག་ཆ་་ཞིག་བོད་མིའི་གཞིས་སྒར་ས་འཐུས་ཡོད་ས་ཚང་མར་གནང་འདུག་ན་ས་གནས་འཐུས་མིའི་སྒྲིག་འཛུགས་དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བདུན་པ། བོད་མིའི་གནས་ཡུལ་ས་གནས་ཁག་གི་སྒྲིག་འཛུགས། དོན་ཚན་དོན་བརྒྱད་འོག་བཀོད་སྒྲིག་གནང་བའི་ས་གནས་ཀྱི་ཁྲིམས་བཟོ་ལྷན་ཚོགས་དེ་ཡིན་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ནུས་པ་ཐོན་ནས་ཀོ་ལི་གྷལ་དོན་གླིང་ས་གནས་འཐུས་མིའི་སྒྲིག་འཛུགས་འདི་བཞིན་སྤྱི་ལོ་ ༡༩༩༢ ལོའི་ཟླ་བ་ ༢ པའི་ནང་དངོས་སུ་བཙུགས་ནས་བཅའ་ཁྲིམས་དོན་ཚན་དོན་བརྒྱད་པའི་ནང་གསེས་ཁ་པའི་འོག་འཐུས་མི་གྲངས་བཅུ་དགུ་ལ་གཏན་འབེབས་ཞུས་ནས་ས་འཐུས་སྐབས་དང་པོ་ནས་བཅའ་ཁྲིམས་དོན་ཚན་གྱ་གཉིས་འོག་ས་གནས་འཐུས་མི་ཚོགས་འདུའི་སྒྲིག་གཞི་དོན་ཚན་ཉེར་བརྒྱད་ཅན་དང་། གཞིས་མིའི་སྒྲིག་གཞི་དོན་ཚན་ཉེར་གཅིག་ཅན་བཅས་གཏན་འབེབས་གནང་བ་དང་། ས་འཐུས་སྐབས་གཉིས་པ་ནས་བཅའ་ཁྲིམས་དོན་ཚན་དོན་བརྒྱད་པའི་ནང་གསེས་ཀ་པའི་འོག་ས་འཐུས་གྲངས་ཉི་ཤུ་རྩ་གཅིག་ལ་གཏན་འཁེལ་ཞུས་པ་དང། བཅའ་ཁྲིམས་དོན་ཚན་གྱ་བདུན་འོག་ས་གནས་འཐུས་མིའི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ལྔ་བཅུ་ང་བདུན་ཅན་གཏན་འབེབས་གནང་བ་དང་། ས་འཐུས་སྐབས་བཅུ་པ་ནས་བཅའ་ཁྲིམས་དོན་ཚན་གྱ་གཉིས་འོག་ས་འཐུས་རྒྱུན་ལས་ཀྱི་སྒྲིག་གཞི་དོན་ཚན་བཅུ་གཅིག་ཅན་གཏན་འབེབས་གནང་ནས་བཅའ་སྒྲིག་དང་མ་འགལ་བའི་ཐོག་ནས་ས་འཐུས་སྐབས་དང་པོ་ནས་ད་ལྟ་སྐབས་བཅུ་གཅིག་བར་འགྲོ་བཞིན་པ་དང་། ས་གནས་འཐུས་མིའི་ལས་དོན་ཡོངས་རྫོགས་བཅའ་ཁྲིམས་དང་། ས་གནས་འཐུས་མི་ཚོགས་འདུའི་སྒྲིག་གཞི། ས་གནས་འཐུས་མི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཁག་དང་མ་འགལ་བའི་ཐོག་ནས་དབྱར་ཚོགས་དང་དགུན་ཚོགས་བྱས་ནས་ལོ་རེར་ཚོགས་དུས་གཉིས་རེ་ལ་ལས་འབོར་ལ་ཞིག་པའི་སྐབས་རེ་ཉིན་གྲངས་བཞི་ཙམ་དང་སྐབས་རེ་ཉིན་གྲངས་གསུམ་ཙམ་བཅས་སྒྲིག་གཞིའི་ལམ་སྟོན་ལྟར་འགྲོ་བཞིན་པ་དང་། སྤྱི་འཐུས་རྒྱུན་ལས་ནས་ས་གནས་འཐུས་ཚོགས་རྣམས་ཀྱི་ཆེད་རྒྱུན་མཁོའི་རྩ་འཛིན་ལམ་སྟོན་གཏན་འབེབས་གནང་རྒྱུའི་འགན་དབང་དེ་བཅའ་ཁྲིམས་དོན་ཚན་གང་གི་ནང་གསལ་ཡོད་དེ་ཡང་གསལ་པོ་ཤེས་མ་སོང་ལ་གལ་ཆེ་ཤོས་དེ་བཅའ་ཁྲིམས་དོན་ཚན་དོན་བརྒྱད་འོག་བཀོད་སྒྲིག་ཞུས་པའི་ས་གནས་འཐུས་མིའི་སྒྲིག་འཛུགས་དེ་དག་བཙན་བྱོལ་བོད་མིའི་གཞིས་སྒར་ཚང་མའི་ནང་འཛུགས་ཐུབ་པའི་འགན་དེ་སྤྱི་འཐུས་ལྷན་ཚོགས་སམ་སྤྱི་འཐུས་རྒྱུན་ལས་ནས་བཞེས་དགོས་པ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་ཁྲིམས་ལུགས་ཡོངས་ཀྱིས་རྩ་བ་ཡིན་པ་ནས་བོད་མི་བཙན་བྱོལ་བ་ཚོའི་བླ་གནས་སའི་གོང་ན་མེད་པའི་ཁྲིམས་ལུགས་བླ་ན་མེད་པ་དེ་ཡིན་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལས་ལྷག་པའི་སྤྱི་འཐུས་རྒྱུན་ལས་ནས་ས་གནས་འཐུས་ཚོགས་རྣམས་ཀྱི་ཆེད་རྒྱུན་མཁོའི་རྩ་འཛིན་ལམ་སྟོན་གཏན་འབེབས་གནང་བ་དེ་བཅའ་ཁྲིམས་ཀྱིས་དོན་ཚན་ཁག་དང་ཕྱོགས་མཐུན་བྱུང་ཡོད་མེད་དེ་ཡང་འཐེ་ཚོམ་ནང་ལྷག་པ་དང་། ༼ ས་གནས་འཐུས་ཚོགས་རྣམས་ཀྱི་ཆེད་རྒྱུན་མཁོའི་རྩ་འཛིན་ལམ་སྟོན་ཟེར་བའི་ཡིག་ཆ་དེའི། སྔོན་གླེང་ནང་འདི་ལྟར། ༄༅ ས་གནས་འཐུས་མིའི་ཚོགས་འདུ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་བདུན་པའི་དོན་ཚན་གྱ་བདུན་ནས་དོན་ཚན་གོ་གཉིས་བར་གཏན་འབེབས་ཀྱིས་ཁྲིམས་སུ་བཅས་པའི་སྒྲིག་འཛུགས་གལ་ཆེན་ཞིག་ཡིན་པ་དང་། ༽ ཅེས་གསལ་འདུག་ན་དངོས་འབྲེལ་བྱས་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བདུན་པ། དོན་ཚན་དོན་བརྒྱད་ནས་དོན་ཚན་གོ་གཉིས་བར་དོན་ཚན་བཅོ་ལྔ་ཡོད་པ་དེ་དག་ས་གནས་འཐུས་མིའི་ཚོགས་འདུ་དང་འབྲེལ་བ་ཡོད་པའི་དོན་ཚན་ཁག་ཡིན་ཀྱང་སྤྱི་འཐུས་རྒྱུན་ལས་ཀྱི་ས་གནས་འཐུས་ཚོགས་རྣམས་ཀྱི་ཆེད་རྒྱུན་མཁོའི་རྩ་འཛིན་ལམ་སྟོན་ཟེར་བའི་སྔོན་གླེང་ནང་བཅའ་ཁྲིམས་དོན་ཚན་གྱ་བདུན་ནས་བཅའ་ཁྲིམས་དོན་ཚན་གོ་གཉིས་བར་དོན་ཚན་དྲུག་ལས་མི་འདུག་ན་དོན་ཚན་དོན་བརྒྱད་ནས་དོན་ཚན་གྱ་དྲུག་བར་དོན་ཚན་དགུ་ལ་ས་གནས་འཐུས་མིའི་ཚོགས་འདུ་དང་འབྲེལ་བ་མེད་པ་ཡིན་ནམ་དེ་ཡང་གསལ་པོ་མ་ཤེས་པ་ནས་སྤྱི་འཐུས་རྒྱུན་ལས་ཀྱི་མཚན་ཐོག་ཏུ་གནས་དོན་འདི་གསལ་པོ་ཆགས་རྒྱུའི་ཆེད་སྤྱི་ཟླ་དྲུག་པའི་ཚེས་བཅུ་ཉིན་ཚོགས་དྲུང་ལས་ཁུངས་ལ་གློག་འཕྲིན་ Email བརྒྱུད་སྙན་འབུལ་ཞུས་པའི་ངོ་ཤུས་བཀའ་ཤག་ལྷན་རྒྱས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་ལ་ཕུལ་ཀྱང་ད་བར་ཉིན་གྲངས་ཉི་ཤུ་སོང་ཡང་མང་གཙོའི་ཀ་བ་གསུམ་སུ་གཅིིག་ནས་གུས་པར་བཀའ་ལན་ཕར་བཞག་ཡིག་གེ་འབྱོར་བའི་འབྱོར་ལན་ཙམ་ཡང་ཕེབས་མ་བྱུང་ལ་མ་གཞི་ནས་སྤྱི་འཐུས་སྐབས་བཅུ་བདུན་པ་འདི་ལ་བདེ་སྙན་ག་ཚོད་ཕུལ་ཀྱང་བཀའ་ལན་གནང་བའི་ལུགས་སྲོལ་མི་འདུག་ལ་ཚོགས་དྲུང་ཡིག་ཚང་ལ་ཞལ་པར་ག་ཚོད་ཕུལ་ཀྱང་ཞལ་པར་ལེན་པའི་ལུགས་སྲོལ་མི་འདུག་ན་ཉེ་ལམ་སྤྱི་ཟླ་དྲུག་པའི་ཚེས་བཅུ་བདུན་རེས་གཟའ་ཟླ་བའི་ཉིན་དཔལ་ལྡན་ཚོགས་གཙོ་སྐུ་ངོ་བསོད་ནམས་བསྟན་འཕེལ་མཆོག་ལ་ཉིན་དགུང་ཆུ་ཚོད་དང་པོའི་ཐོག་ལག་ཁྱེར་སྐད་འཕྲིན་བརྒྱུད་ནས་གནས་དོན་སྐོར་སྙན་སེང་ཞུ་རྒྱུའི་སྒོ་སྐབས་ཐོབ་ཀྱང་ཚོགས་གཙོ་མཆོག་མཛད་བྲེལ་ཆེ་བས་ཚོགས་དྲུང་དང་རྒྱུན་ལས་མཉམ་བཀའ་བསྡུར་མ་བྱུང་བ་ཡིན་ནམ་གང་ལྟར་ད་བར་བཀའ་ལན་མ་ཕེབས་པ་ནས་གནས་དོན་འདི་བཅའ་ཁྲིམས་ཀྱི་དོན་ཚན་དང་འབྲེལ་བའི་ཁྲིམས་ལུགས་ཀྱི་དོན་གནད་གལ་ཆེན་ལ་སོང་སྣང་མེད་དུ་བཞག་ན་མ་འགྲིགས་སྟབས་ད་ལམ་དྲ་སྟེང་མ་བཀོད་ཐབས་མེད་བྱུང་བ་བཅས། ༼ སྤྱི་འཐུས་རྒྱུན་ལས་མཚན་ཐོག་ཕུལ་བའི་སྙན་ཞུ།

༄༅ དཔལ་ལྡན་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་རྒྱུན་ལས་ལྷན་དྲུང་དུ། ཆེད་ཞུ། ཉེ་ལམ་སྤྱི་ཟླ་ལྔ་པའི་ཚེས་ ༢༩ འཁོད་པའི་ས་གནས་འཐུས་ཚོགས་རྣམས་ཀྱི་ཆེད་རྒྱུན་མཁོའི་རྩ་འཛིན་ལམ་སྟོན་ཟེར་བའི་དོན་ཚན་ཉི་ཤུ་རྩ་བཞི་ཡོད་པའི་ཡིག་ཆ་དེའི་སྔོན་གླེང་ནང་ས་གནས་འཐུས་མིའི་ཚོགས་འདུ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་བདུན་པའི་དོན་ཚན་གྱ་བདུན་ནས་དོན་ཚན་གོ་གཉིས་བར། ཅེས་བཀོད་འདུག་ན་བཅའ་ཁྲིམས་ལེའུ་བདུན་པ། དོན་ཚན་བདུན་བཅུ་དོན་བརྒྱད་ནས་དོན་ཚན་གོ་གཉིས་བར་ས་འཐུས་དང་འབྲེལ་བའི་དོན་ཚན་བཅོ་ལྔ་ཡོད་ན་ཡང་སྤྱི་འཐུས་རྒྱུན་ལས་ཀྱི་ལམ་སྟོན་ནང་དོན་ཚན་གྱ་བདུན་ནས་གོ་གཉིས་བར་དོན་ཚན་དྲུག་ལས་མི་འདུག་ན་དོན་ཚན་དོན་བརྒྱད་ནས་དོན་ཚན་གྱ་དྲུག་བར་དོན་ཚན་དགུ་ལ་ས་འཐུས་ནས་འགན་འཁུར་དགོས་ཀྱི་མེད་ཡིན་ནམ་འདིར་གསལ་བཤད་ཡོང་བ་མཁྱེན། མཁྱེན། བཅས་ཀོ་ལི་གྷལ་གཞིས་གྲོང་ཨེལ་ ཁང་པ་ཨང་ ༢༩ ནང་སྡོད་ཕྲན་གཞུང་པ་ཚེ་དབང་བསོད་ནམས་ནས་སྤྱི་ལོ་༢༠༢༤ སྤྱི་ཟླ་ ༦ པའི་ཚེས་ ༡༠ ལ་ཕུལ།

ངོ་ཤུས། ༡ བཀའ་ཤག་ལྷན་རྒྱས།

༢ ཆེས་མཐོའི་ཁྲིམས་ཞིབ་ཁང་། ༽

སྤྱི་འཐུས་ཚོ་ནི་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་གི་སྐུ་ཚབ་ཡིན་པ་ནས་གཞི་རིམ་མི་མང་གི་བདེ་སྙན་ལ་འགན་འཁུར་ནས་བདག་པོ་རྒྱག་རྒྱུ་དེ་གཡོལ་ཐབས་མེད་པའི་མི་མང་འཐུས་མིའི་ལས་འགན་གཙོ་བོ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། ༼ ས་གནས་འཐུས་ཚོགས་རྣམས་ཀྱི་ཆེད་རྒྱུན་མཁོའི་རྩ་འཛིན་ལམ་སྟོན་ཟེར་བའི་ཡིག་ཆ་དེའི་དོན་ཚན་དང་པོ། ས་གནས་འཐུས་མི་ཚོགས་འདུའི་སྒྲིག་འཛུགས་དང་། ངོ་བོ། ཟེར་བའི་ནང་འདི་ལྟར།

༡ བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཀྱི་ཡན་ལག་ཁྲིམས་བཟོ་དང་། འཛིན་སྐྱོང་། ཁྲིམས་ལུགས་དབང་འཛིན་གསུམ་སྡེ་ཚན་ཐ་དད་སྟངས་འཛིན་དང་ལྗིད་མཉམ་ལྡན་པའི་ཐོག་མཐར་ཐུག་གི་དབང་ཚད་མང་ཚོགས་ཀྱི་ངོ་བོ་མཚོན་པའི་ཁྲིམས་བཟོ་ལྷན་ཚོགས་སུ་གནས་པ་བཞིན། ས་གནས་ཁག་ལའང་ཁྲིམས་བཟོ་ས་གནས་འཐུས་ཚོགས་དང་། འཛིན་སྐྱོང་ས་གནས་འགོ་འཛིན་ལས་ཁུངས་། ཁྲིམས་ལུགས་དབང་འཛིན་ས་གནས་ཁྲིམས་ཞིབ་པ་བཅས་སྡེ་ཚན་ཐ་དད་ཕན་ཚུན་སྟངས་འཛིན་དང་ལྗིད་མཉམ་གྱི་ཐོག མཐར་ཐུག་གི་དབང་ཚད་ས་གནས་འཐུས་མིའི་ཚོགས་འདུར་གནས་པ་ཞིག་དགོས་པ་དང་།༽ ཅེས་གསལ་འདུག་ན།

༡ ཁྲིམས་བཟོ་སྡེ་ཚན། Legislative ༢ འཛིན་སྐྱོང་སྡེ་ཚན། Executive ༣ ཁྲིམས་ལུགས་དབང་འཛིན། Judiciary བཅས་སྡེ་ཚན་གསུམ་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྐྱོང་མཁན་གྱི་མང་གཙོའི་ཀ་བ་གསུམ། ༼ Three Pillar of Democracy Government in Exile ༽ ཡིན་པ་ལས་སྒྲིག་འཛུགས་ཀྱི་ཡན་ལག། ༼ Branch of Organization ༽ མིན་པ་དེ་ཡང་སྤྱི་འཐུས་རྒྱུན་ལས་ནས་གསལ་པོ་མཁྱེན་དགོས་པ་དང་། བཅའ་ཁྲིམས་དོན་ཚན་སོ་དྲུག་པ། ཁྲིམས་བཟོའི་དབང་ཆ། ཁྲིམས་ལུགས་བཟོ་འགོད་དང་གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང་། ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅའ་བ་ལ་སྲིད་སྐྱོང་གི་ཆོག་མཆན་མིང་རྟགས་འགོད་དགོས། ཟེར་བ་ནས་མཐའ་མའི་དབང་ཆ་དེ་འཛིན་སྐྱོང་བཀའ་ཤག་ལ་ཡོད་པ་ནི་སྲིད་སྐྱོང་གི་མིང་རྟགས་མ་བཀོད་ན་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ལུགས་གཏན་འབེབས་མི་ཐུབ་པ་གསལ་སྟོན་གནང་མི་འདུག་གམ། བཅའ་ཁྲིམས་དོན་ཚན་ང་གཅིག་པ། ཁྲིམས་ཡིག་འཆར་ཟིན་འགོད་འབུལ་དང་། གཏན་འབེབས། ༡ སྤྱི་འཐུས་ལྷན་ཚོགས་ནས་བཀའ་ཤག་གི་རྒྱབ་གཉེར་མེད་པར་དཔྱ་ཁྲལ་འགེལ་བའམ་། འཕྲལ་སེལ་ཆག་ཡང་། རྩ་ཆག་བསྒྱུར་བཀོད། ཡང་ན་ཁྲལ་འབབ་གང་རུང་གི་སྒྲིག་གཞི་དང་། སྒྲིག་འཛུགས་ཀྱི་དངུལ་བུན་ལེན་པའམ། འགན་ལེན་བྱེད་ཕྱོགས་སྐོར་དང་འབྲེལ་བའི་ཁྲིམས་ཡིག་འཆར་ཟིན་རིགས་འགོད་འབུལ་མི་ཆོག་ཟེར་བ་དང་། ཡང་དོན་ཚན་ང་ལྔ་པ། ཁྲིམས་ལུགས་གཏན་འབེབས་། ཁྲིམས་ཡིག་དང་། སྒྲིག་གཞི་རྣམས་ཀྱི་འཆར་ཟིན་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བར་སྲིད་སྐྱོང་གིས་ལས་ཉིན་བཅུ་བཞིའི་ནང་ཚུན་ཆོག་མཆན་མིང་རྟགས་འགོད་དགོས་ཅེས་གསལ་བ་ནས་མཐར་ཐུག་གི་དབང་ཆ་དེ་འཛིན་སྐྱོང་སྡེ་ཚན་བཀའ་ཤག་ལ་ཡོད་པ་བཅའ་ཁྲིམས་དོན་ཚན་སོ་དྲུག་དང་། དོན་ཚན་ང་གཅིག དོན་ཚན་ང་ལྔ་བཅས་དོན་ཚན་འདི་གསུམ་ནས་ངོ་སྤྲོད་གསལ་པོ་གནང་མི་འདུག་གམ།

བཅའ་ཁྲིམས་དོན་ཚན་གྱ་གཉིས། ས་གནས་འཐུས་མིའི་ཚོགས་འདུའི་དབང་ཚད། ས་གནས་ཀྱི་ལས་དོན་དང་འབྲེལ་བའི་སྒྲིག་གཞི་བཟོ་འགོད་དང་གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་ས་གནས་འཐུས་མི་ཚོགས་འདུར་ཡོད། འོན་ཀྱང་མཐའ་མའི་ཐག་གཅོད་མ་བྱས་གོང་ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་ལ་གོ་བསྡུར་བྱ་དགོས། ཅེས་གསལ་བ་ནས་མཐའ་མའི་དབང་ཆ་དེ་ས་གནས་ཀྱི་འཛིན་སྐྱོང་སྡེ་ཚན་ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་ལ་ཡོད་པ་ནི་ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་ལ་གོ་བསྡུར་མ་བྱས་པར་ས་གནས་འཐུས་མིའི་ཚོགས་འདུ་ནས་སྒྲིག་གཞི་བཟོ་མི་ཐུབ་པ་གསལ་སྟོན་གནང་མི་འདུག་གམ། བཅའ་ཁྲིམས་ལེའུ་དྲུག་པ། ཁྲིམས་ལུགས་དབང་འཛིན། དོན་ཚན་རེ་དྲུག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད། ༡ ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན། ཅེས་གསལ་བ་ནས་མང་གཙོའི་ཀ་བ་གསུམ་གྱི་ནང་ནས་མཐར་ཐུག་གི་དབང་ཆ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་། Judiciary ལ་ཡོད་པ་བཅའ་ཁྲིམས་དོན་ཚན་རེ་དྲུག་ནས་ངོ་སྤྲོད་གནང་འདུག་ན་ཡང་སྤྱི་འཐུས་སྐབས་བཅུ་དྲུག་དང་བཀའ་ཤག་སྐབས་བཅོ་ལྔ་བཀའ་སྤྱི་གཉིས་ཀྱིས་ལས་དུས་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་ཁྲིམས་འགལ་གྱིས་ཐོག་ནས་ནུས་མེད་བཏང་བ་ནས་དུས་ད་ལྟ་ཡང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཅིག་བཅས་བསྐོ་མ་ཐུབ་པ་ནི་བཙན་བྱོལ་བོད་ཀྱིས་མང་གཙོའི་འཕེལ་རིམ་ནང་བསུབ་ནས་ཟུབ་རྒྱུ་མེད་པའི་ལོ་རྒྱུས་ནག་པོའི་ལེའུ་ཞིག་གསར་གཏོད་གནང་བ་མ་རེད་དམ། བཅའ་ཁྲིམས་ཀྱིས་ལམ་སྟོན་ལས་ལྷག་པའི་སྤྱི་འཐུས་རྒྱུན་ལས་ནས་ས་གནས་འཐུས་ཚོགས་རྣམས་ལ་རྒྱུན་མཁོའི་རྩ་འཛིན་ལམ་སྟོན་གནང་རྒྱུ་དེ་ལ་ཐེལ་སྒང་ལ་པག་ཐེལ་རྒྱབ་པ་མ་རེད་དམ། 

ངོ་སྤྲོད།, བསམ་ཚུལ།

Post navigation

Previous Post:  བོན་གྱི་དཔེ་དེབ་ཅིག་ངོ་སྤྲོད།
Next Post: ཞི་བདེའི་འོད་སྣང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (61)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme