Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལ་ཁའི་ཆིག་ལབ།༼ཚན་པ་བཅུ་གཅིག་པ༽

Posted on 2013-08-032013-08-03 By ཁ་བརྡ་ No Comments on ལ་ཁའི་ཆིག་ལབ།༼ཚན་པ་བཅུ་གཅིག་པ༽

དགེ་འདུན་རྒྱ་མཚོ།

གནས་ཚུལ་དེ་གོ་ནས་དོན་འགྲུབ་འཚོ་ནི་བདུད་མོ་རེད་ཟེར་ནས་ཕྱོགས་ཀུན་ལ་གྲགས། ངོ་ཤེས་མིན་སྐོར་ཅིག་གིས་མོ་ནི་ཨ་སྟག་ལྷ་མོ་རེད་ཟེར་ནས་སྡིགས་སྨོད་བྱེད་བཞིན་པ་ངས་ཀྱང་ཐོས་མྱོང་། མོ་ལ་དགའ་མཁན་གྱི་མི་དེ་ཚོའི་སེམས་ནང་གི་དགེ་རྒན་དོན་འགྲུབ་འཚོ་ནི་ད་གཟོད་འཇིགས་སུ་རུང་བ་ཞིག་ཏུ་གྱུར། ངས་དོན་འགྲུབ་ཚོའི་ལོ་རྒྱུས་ཁྲོད་ཀྱི་མཐོང་ཐོས་མྱོང་གསུམ་ཚང་མ་བློ་ཐོག་ནས་ཆུ་བཞུར་བ་བཞིན་ཤར་ཤར་དུ་བཤད། སྤྲོ་སྣང་དང་བཅས་གད་མོ་དགོད་ཀྱིན་བཤད། ངོ་མ་ང་ནི་དགའ་བའི་ཡང་རྩེར་སོན་ཡོད། ངས་འདི་ལྟར་བཤད་དོན་ཡང་བསམ་ཁོའི་བསམ་བློ་ཅུང་གུ་ཡངས་སུ་གཏོང་ཆེད་ཡིན།
བསམ་ཡུལ་ལས་འདས་པ་ཞིག་ལ། ལྷ་སའི་འོས་ལངས་ཀྱི་སྐབས་དང་ཁེལ་བས་མོ་ཡང་བཟུང་ནས་བཙོང་ཁང་དུ་བཅུག་པ་རེད་། བུད་མེད་ཞིག་བཙོན་ཁང་དུ་འདུག་དགོས་ན་དེ་ནི་རྩ་མོ་ཞིག་གཏན་ནས་མ་རེད། ལོ་གསུམ་གྱིས་རྗེས་སུ་ཅུང་བདེ་འཇགས་ཀྱི་སྐབས་དང་བསྟུན་ནས་མོ་ཡང་ཕྱིར་གློད་གྲོལ་ཐོབ། ཡིན་ན་ཡང་་་་་་་།
ངས་བཤད་ནས་མ་ཚར་གོང་བསམ་ཁོ་ལ་ཅིག་བལྟས་པ་ན་ངོ་ངུས་ནས་མིག་ཆུ་ཡང་བཞུར་གྱིན་འདུག ཚུལ་དེ་མཐོང་ནས་ང་ལ་དོགས་མ་བདེ་བ་དང་ཡིད་ལ་འགྱོད་པ་ཚད་མེད་ཅིག་སྐྱེས་བྱུང་། རང་གི་སྐད་ཆ་ལ་རང་གིས་ཚོད་འཛིན་ཤེས་ཀྱི་ཡོད་ནི་མ་རེད། ང་ནི་མི་ཅི་འདྲའི་བསམ་མེད་ཅིག་དང་། ཅི་འདྲའི་གླེན་པ་ཞིག་རེད། རང་གིས་སྨྱོ་གཏམ་བཤད་ཀྱིན་ཡོད་པ་ཤེས་དུས་ཅུང་འཕྱིས་དྲགས་འདུག ཞིབ་ཏུ་བསམ་བཞིན་ང་ཡང་སེམས་གཏིང་ནས་ངུ་རྒྱུ་ཞིག་བྱུང་།
ང་ཚོ་སྟོན་ས་འདིར་བབས་ནས་བདུན་ཕྲག་གཅིག་འགོར་མེད། ནོར་ནག་རྣམས་ལྷས་དཀྱིལ་ལ་བསྡུས་པ་དང་ཨ་མ་ཀླུ་མཚོས་འོ་མ་བཞོ་བཞིན་ཡོད། ས་རུབ་ནས་རྒྱང་མདོག་ཀྱང་ཆད་འདུག ལྟག་རྒྱབ་ཀྱི་བྲག་མགོ་ནས་འུག་ཆུང་ཞིག་གིས་ཐན་སྐད་ཡང་ཡང་སྒྲོག འུག་སྐད་འབྱིན་པ་དེར་རྣམ་རྟོག་ཟ་བཞིན་ཨ་མ་ཀླུ་མོ་འཚོ་ཡར་ལངས་ཏེ་རྒྱང་ལྟ་བྱས། མཚམས་དེར་རུ་འདབས་ལ་མི་འགའ་ཤས་ཞིག་འབྱོར་བྱུང་། དེའི་ནང་ནས་མི་གཅིག་ཅུང་ཐག་ཉེ་སར་བཅར་ནས་བསམ་ཁོའི་མིང་ནས་འབོད། ཁྱི་སྐད་མེད་ན་ཡང་རྒྱུས་མེད་ཀྱི་མི་སྐད་དེ་སུའི་ཡིན་མ་ཤེས།
བསམ་ཁོ། མྱི་ཞིག་གིས་འབོད་ཀྱིན་ཡོད་པ་ཨེ་གོ་ཐལ། ཨ་མ་ཀླུ་མོ་འཚོས་བསམ་ཁོ་ལ་དྲན་གསོ་བཏང་། བསམ་ཁོའི་སེམས་ལ་ཟོག་ལུག་བོར་ནས་བཙལ་མཁན་ཞིག་ཡིན་ནམ་སྙམ་པ་ལས་གཞན་ཡིད་ལ་ཅི་ཡང་མ་འཁོར། དེས་རྐྱེན་གྱིས་ཁོས་ལག་ཆ་གྲིའུ་ཙམ་ཡང་བཟུང་མེད་ལ་མེ་མདའ་ནི་དེ་བས་ཀྱང་འཛིན་དོན་མེད། ཁོས་ཚར་རྙིང་ལྭ་རིང་དེ་ཡར་བསྡོགས་ཙམ་ཅིག་བྱས་པ་དང་འགྲུལ་བ་སུ་ཡིན་བསུ་བར་སོང་།
ནོར་ལྷས་དང་ཉེ་བའི་གོང་ན་ཡོད་པའི་མི་དེའི་མདུན་ལ་བསླེབས་དུས་མི་དེ་ཚེ་ཚེ་ཡིན་པ་གཞི་ནས་ཤེས། བསམ་ཁོས་རང་གིས་ད་ཐེངས་གློ་གྲི་ཙམ་ཡང་འཁྱེར་མེད་པ་ལ་འགྱོད་པ་སྐྱེས་ཡོད་ཀྱང་སྲིད། ནམ་རྒྱུན་གྲི་དང་ཁ་བྲལ་མ་མྱོང་། དེ་རིང་ཅི་བྱུང་བ་ཡིན་ནམ།
ཡིན་ན་ཡང་སྟག་ཤར་བ་ཞིག་ཡིན་པས་ཕྱིར་འབྲོ་བའི་ལུགས་སྲོལ་ག་ལ་ཡོད། ཁོ་གཉིས་ཀྱིས་སྐད་ཆ་བཤད་པའི་བར་དེར་ཨ་མ་ཀླུ་མོ་འཚོ་ལ་དོགས་པ་འདྲ་མིན་སྐྱེས་ཡོད་མོད། ཡིན་ན་ཡང་མོས་བུ་ལ་གསལ་འདེབས་བྱེད་རྒྱུ་བརྗེད་པ་རེད། མོས་འོ་མ་བཞོ་མཚམས་བཞག་ནས་ཁོ་གཉིས་ཀྱིས་ཅི་བྱེད་ལ་བལྟས་ནས་བསྡད། བར་ཐག་དེ་འདྲའི་རིང་བོ་ཞིག་མེད་ན་ཡང་མུན་འཐིབས་པས་ཐག་རིང་ཅུང་མཐོང་དཀའ་བ་ལྟར་སྣང་།
བར་མཚམས་དེར་ཁོ་གཉིས་ཀྱིས་ཚིག་རྩོད་ཅི་ཞིག་བྱས་པ་སུས་ཀྱང་མི་ཤེས་མོད། སྐད་མགོ་ཇེ་མཐོར་སོང་བ་དང་བསྟུན་ནས་འོག་ན་ཡོད་པའི་མི་དེ་ཚོས་ཀྱང་ཀི་ལྡིར་བྱེད། ཨ་མ་ཀླུ་འཚོས་ཡག་རྟགས་ཤིག་མིན་པ་ཤེས་ཏེ་བཞོ་ཟོའུ་ས་ལ་གཡུགས་ཏེ་བར་འབྱེད་ལ་བརྒྱུགས། མོ་མ་ཐོན་པའི་གོམ་པ་འགའ་ཤས་ཀྱི་མཚམས་དེར་བསམ་ཁོས་ཨག་རྒྱང་ཅིག་བྱས་པ་དང་མཉམ་དུ་མདུན་ལ་བརྒྱུགས་སོང་། གོམ་པ་བཅོ་ལྔ་ཙམ་གྱི་ས་ནས་ཁོ་ས་ལ་འགྱེལ་སོང་། ཚེ་ཚེ་ཡིས་ཨ་མ་ཀླུ་མོ་འཚོ་བརྒྱུགས་ནས་ཡོང་གི་ཡོད་པ་ལ་ཕྱི་མིག་ལྟ་བཞིན་མྱུར་མགྱོགས་གྱིས་བྲོས་སོང་། ཁོ་ཚོ་ཚང་མ་སྐྱ་མི་ཡིན་པས་མོས་ཁོ་ཚོ་སུ་ཡིན་ཡང་གསལ་བོར་ཤེས་མེད་ལ། རྗེས་ལ་ནི་དེ་བས་ཀྱང་ཆོད་མི་སྲིད།
ངའི་བུ་བསད་ཐལ། ར་མདའ་རྒྱགས་ཡ། ངའི་བུ་བསད་སོང་། སྡེ་བ་དེ། ངའི་བུ་བསད་སོང་ཡ།
མོས་བསམ་ཁོ་བསྐྱོར་ནས་བོས་ཀྱང་དབུགས་རྟ་རྔ་ཙམ་ཡང་མེད། བསམ་ཁོ་ནི་འཇིག་རྟེན་འདི་དང་གཏན་དུ་ཁ་བྲལ་ཟིན། རྣམ་ཤེས་སྦྲང་མ་འདྲ་བོ་དེ་སྐད་ཅིག་ལ་འཇིག་རྟེན་གཞན་དུ་བརྫངས་ཟིན་པས་ཕྱིར་འོང་བྲལ། སྟབས་ཉེས་པ་ཞིག་ལ་གློ་གྲི་གཡོན་གྱི་མཆན་ཁུང་ལ་བཙུགས་ཡོད་པས་རྩེ་མོ་སྙིང་དཀྱིལ་དུ་ཟུག་ཡོད་པ་འདྲ། སྙིང་རྩ་བཅད་པས་སྐད་ཅིག་ཀྱང་བཟོད་དབང་མེད་པར་བརྒྱུགས་པ་ལོས་ཡིན། གང་ལྟར་དུས་ཡུན་སྐར་ཆ་འགའ་ཤས་ཞིག་གི་བར་ནས་ཕོ་གསར་སྟག་འདྲ་ཞིག་གི་མི་ཚེ་ནི་འདི་ལྟར་རྫོགས་སོང་།
དགོང་མོ་དེར་ང་ལ་རྨི་ལམ་རབ་བེ་རིབ་བེ་ཞིག་རྨིས། བསམ་ཁོའི་ཨ་ཕ་བཙོན་ཁང་ནས་གློད་གྲོལ་ཐོབ་ན་ཡང་དེའི་ཚབ་ལ་བསམ་ཁོ་འགྲོ་དགོས་ནི་རེད་ཟེར། ང་སྐྲག་སྣང་གིས་སྙིང་ལྡིང་བཞིན་གཉིད་ལས་སད། ནངས་ཇ་འཐུང་དུས་དེ་སྐོར་སྐྱག་ཁ་མ་ལ་ཡང་བཤད་པ་ཡིན། མོ་རྨི་ལམ་ཁས་ལེན་མཁན་ཞིག་མིན། ཁྱད་པར་དུ་ང་དང་ངའི་རྨི་ལམ་ལ་ཡིད་ཆེ་གཏན་ནས་བྱེད་མི་སྲིད།
སྐྱ་མི་མང་བོ་ཞིག་བཤར་འགྲོ་གིན་འདུག འདི་ཚོ་གང་དུ་འགྲོ་བ་ཡིན་ནམ། སྐྱག་ཁ་མས་སྦྲའི་སྒོ་ལམ་ནས་དེ་ལྟར་བཤད་ཀྱིན་འདུག ཤམ་བྷ་ལའི་དམག་འཁྲུག་ལངས་པ་ཡིན་རྒྱུ་རེད། ངས་དོན་མེད་ཀྱི་སྐད་ཆ་ཞིག་གི་འགོ་གླེང་བཞིན་སྐྱག་ཁ་མར་མི་འདོད་པའི་ཚིག་མདའ་ཞིག་འཕངས་པ་ཡིན།
ཨ་ཙི། བསམ་ཁོ་ཚང་ལ་རྐྱེན་ངན་འདྲ་བྱུང་བ་མིན་ནམ། ཚིག་དེ་གོ་ནས་ངས་སྐེ་རགས་ཀྱང་བཅིང་ཁོམ་མ་བྱུང་པར་མོས་ཅི་བཤད་ལ་ལྟ་བར་སོང་བ་ཡིན། སྐྱ་མི་གཅིག་རེ་དང་གཉིས་རེ་བྱས་ཏེ་བྲེལ་བའི་ངང་འཇོ་གིན་འདུག་ལ་དོན་དག་ཅི་ཡིན་སུས་ཤེས། ཚང་མ་འགྲོ་ས་དེ་བསམ་ཁོ་ཚང་གི་ལུང་བའི་སྦུགས་གྱེན་ལ་རེད། གནས་ཚུལ་ཅི་ཡིན་མ་ཤེས་པས་ངའི་སེམས་པ་རི་མགོ་སྨུག་པས་གཡོགས་པ་བཞིན་དུ་ནག་འཐོམས་མེར་བཏང་སོང་།
གློ་བུར་དུ་འོག་ནས་སྐྱ་མི་ཞིག་གིས་སྐད་ཤུགས་ཆེན་པོས་བོས་བྱུང་། ངའི་མིང་ནས་ཀྱང་བོས་བྱུང་། བརྡ་བརྒྱག་གིན་ཡོད་པས་བྲེལ་བ་ཡོད་པའི་རྣམ་འགྱུར་རེད། རྟ་ཁ་ངེད་ཚང་གི་སྒོ་ལམ་ལ་བསྙེགས་ནས་བསླེབས་བྱུང་།
ཀི་་་་བསོད་བྷེ། སྐད་མགོ་མཐོ་ན་ཡང་རླུང་གིས་དུམ་བུ་དུམ་བུར་བཅད་ནས་གསལ་བོ་ཞིག་གོ་དཀའ།
ཀི་་་་་་་བསོད་བྷེ། བསམ་ཁོ་མདང་དགོང་མ་འཚམས་ཟིག་ཡ། ཚིག་དེ་འདྲ་ཞིག་རྣ་ལམ་ལ་ལྷུང་ནས་ཡོང་སོང་།
མི་དེ་རབ་བརྟན་རྒྱལ་རེད། གསལ་བོ་ཞིག་བཤད་ཀྱང་མ་བཤད་པར་རྟ་ཁ་གཅུས་ཏེ་ཕྱིར་འཁོར་སོང་། སྐད་ཆ་དེ་གོ་བ་དང་ངའི་སྙིང་ཏུག་སེ་ལྡིང་སོང་ལ་ཀླད་པའི་ནང་ལ་ཡང་ཙག་ཤད་ཅིག་བརྒྱབ་སོང་། སྐྱག་ཁ་མས་ང་ལ་བལྟས་ཏེ་ཧ་ལས་པའི་རྣམ་འགྱུར་སྟོན། ད་དུང་མོས་ཁྱོད་ལ་ཅི་བྱུང་ངམ་ཟེར། དོན་མེད་ཀྱི་དྲི་བ་དེར་ལན་འདེབས་འདོད་མེད། ངས་མགོ་འཕྲེད་དུ་གཡུགས་ཙམ་བྱས་པ་ཡིན།
མོས་ཁྱོད་ཀྱི་ངོ་མདངས་གློ་བུར་དུ་འགྱུར་ནས་དམར་བོར་གྱུར་སོང་ཟེར། ཡིན་སྲིད་ཀྱི་མ་རེད། གཅིག་བྱས་ན་ཁྲག་མ་རྒྱུག་ཚེ་ངོ་མདངས་དམར་བོར་འགྱུར་སྲིད་སྙམ། མོས་ལག་པའི་མདུབ་མོ་ཀེར་ནས་ངའི་གདོང་ལ་ཐུག་རྩིས་བྱེད། ངས་མོ་ལ་ཐུག་གི་བཅུག་མེད། མོས་ད་དུང་ཁྱོད་སྐྲག་མི་དགོས། ཤི་སྐད་གོ་བ་ནི་ཚེ་རིང་བོར་འདུག་རྒྱུའི་རྟགས་དང་རྟེན་འབྲེལ་ཡིན་ན་ཐང་། ཡང་གཅིག་བཤད་ན་བསམ་ཁོ་ཚེ་རིང་བོར་འདུག་རྒྱུ་རེད། སྐད་ཆ་དེ་འདྲ་ཞིག་གིས་ང་ལ་སེམས་གསོ་ཐེབས་རྒྱུ་མ་རེད།
རབ་བརྟན་རྒྱལ་གྱི་སྐད་ལོག་དེ་ད་དུང་ངའི་རྣ་ལམ་ན་གྲག་གིན་འདུག ཡིན་ན་ཡང་ངས་་ཡིད་ཆེས་བྱེད་ཐུབ་མ་སོང་། གང་ལྟར་མི་འགྲོ་ཐབས་མེད་རེད།
ང་བསམ་ཁོ་ཚང་ལ་ཅི་ལྟར་བསླེབས་པ་ངས་མ་ཤེས། ངའི་ཨ་ཕ་སོགས་སྔར་ནས་འབྱོར་ཟིན་འདུག ཁོས་ང་ལ་བལྟས་ཏེ་ཁྱོད་ལ་ཅིག་བྱུང་ཡོད་པ་འདྲ། ངོ་མདངས་སྐྱ་བོ་རེད་ཟེར། གཅིག་གིས་དམར་བོ་རེད་ཟེར། གཅིག་གིས་སྐྱ་བོ་རེད་ཟེར། སུ་བདེན་ནམ།
ངོ་མ་ཉིན་དེར་ང་ཅིག་བྱུང་སོང་བ་འདྲ། གང་ལྟར་ཀླད་ལྡིབ་ཟེར་བ་དེ་ང་ལ་བྱུང་ཡོད་ངེས་རེད། ངའི་སེམས་ནས་ཅི་དྲན་འདི་དྲན་མེད་པ་ཞིག་ཏུ་གྱུར་སོང་། བསམ་ཁོ་ཤི་སོང་ནི་རེད་ཟེར་ན་ངས་ཡིད་ཆེས་བྱེད་ཐུབ་ས་མ་རེད། གཞན་གྱིས་བསད་བཏང་ནི་རེད་ཟེར་ན་དེ་བས་རྣ་ལ་འགྲོ་ནི་མ་རེད། རྒྱུ་མཚན་ཅི་ཡིན་ཟེར་ན། ངའི་སེམས་ན་ཁོ་ད་དུང་གསོན་པོར་གནས་ཡོད། སང་ཉིན་རི་སྒང་ལ་ཉུལ་ནས་ངེད་གཉིས་ཀྱིས་བུ་མོ་ཚོར་ཁ་སློང་གིན་འགྲོ་རྒྱུ་བྱས་ཡོད། ངོ་མ་ང་ལ་མཚོན་ན་འདི་ནི་རྨི་ལམ་ཞིག་རེད།
དགོང་མོ་དེར་ཕྱིར་ཡོང་ནས་ཀྱང་ཞིབ་འདང་བརྒྱབ་པ་ཡིན། ང་ལས་སྐྱག་ཁ་མ་སེམས་ཁྲལ་ཆེ་བ་ཡོད་པ་འདྲ། ངས་བསམ་ཁོ་གཏན་ནས་འཆི་མི་སྲིད། ཁོ་ང་ཚོའིརྩྭ་ཐང་གི་ཕོ་རྒོད་ཡིན། ཁེར་ལབ་དེར་སྐྱག་ཁ་མ་གཏིང་ནས་གད་མོ་ཤོར་གྱིན་འདུག
གཅིག་བྱས་ན་ཁྱོད་དགའ་ཡོད་རྒྱུ་རེད། གོ་སྐབས་འདི་གོ་སྐབས་དགའ་ཟིག་རེད། སྒྲོལ་ལེ་ཐོའུ་མ་ལ་སེམས་གསོ་གཏོང་དུ་རྒྱུགས། མོ་སེམས་སྡུག་གི་ནང་དུ་ལྷུང་ཡོད་སྲིད། དེའི་གོ་དོན་ཅི་རེད་དམ། ཁྱོད་ཀྱི་ནད་རྙིང་དེ་ཡང་བསྐྱར་འཕར་ནི་ཨེ་རེད། མ་ཤེས་ཁུལ་མ་བྱེད། བྱ་ཡི་སྒོང་བ་གཉིས་རེ་དང་། འོ་མ་དཀར་ཡོལ་དོ་རེ་མ་རེད་དམ།
སྐྱག་ཁ་མ་ད་ཁྱོད་སྨྱོས་བཏང་ཟིག ཧིན། ང་ངོ་མ་ངུ་རྒྱུ་ཡོང་གི་ཡ། ནམ་མཁའི་བྱ་ཡི་ཕོ་མོ་མི་ཤེས་རུང་། མགོ་ནག་མི་ཡི་རྣམ་འགྱུར་ངས་ཀྱང་ལོས་ཤེས། ཧོ་ཧོ་ཡ། སྐྱག་ཁ་མའི་བཟའ་འཁོན་འདིར་ང་ངོ་མ་སུན་སོང་། ངས་རྩག་པ་མགོ་ལ་གོན་ནས་གཉིད་ཁུལ་བྱས་པ་ཡིན།
བྱ་གཏོར་གྱི་ཞོགས་པ་དེར་སྐྱག་ཁ་མས་ངའི་སྐེ་རགས་བསྡམས་ཏེ་ཁྱོད་འབྱུང་བོ་རོ་ལངས་ཞིག་དང་འདྲ་བོ་རེད། སྐེ་རགས་ཀྱང་བསྡོམ་ཐུབ་ཀྱི་མི་འདུག རིག་པ་ཅུང་ཞིག་སྒྲིམ་ན་མི་ཆོག་ནི་ཨེ་རེད། དེ་རིང་གི་རྟ་ཁ་ཁྲིད་མཁན་ཁྱོད་རེད་ཟེར།
རྟ་ཁ་ཁྲིད་མཁན་ང་ཡིན་དགོས་དོན་ཅི་ཡིན་ནམ། སྡེ་བ་འདིའི་ཕོ་གསར་ཚོ་ཚར་སོང་ནི་ཡིན་རྒྱུ་མ་རེད། ངས་ག་ལ་ཤེས། ཤེས་འདོད་ན་རང་གིས་ཨ་ཕ་ལ་དྲིས།
གང་ལྟར་ང་རི་མགོའི་དུར་ཁྲོད་ནང་དུ་སོང་བ་ཡིན། རི་མགོར་བསླེབས་དུས་ད་དུང་ནམ་ལངས་མེད། ཞོགས་པའི་སྐྱ་མདའ་དྭངས་པ་དང་བསིལ་རླུང་ཞིག་ལྡང་མགོ་བརྩམས་བྱུང་། བོད་རྩིས་ཀྱི་སྟོན་ཟླ་མགོ་མ་ཚེས་ཙམ་ཡིན་ན་ཡང་ཅུང་འཁྱག་པའི་སྣང་བ་སྟེར། གསར་བུ་ཚོས་ཚ་གསུར་ཕུལ་བ་དང་མ་ཎི་འུར་འདོན་བྱེད་ཀྱིན་འདུག
ཨ་མྱེས་གདུགས་དཀར་སྐྱབས་ཀྱིས་ང་ལ་བལྟས་ཏེ་དེ་རིང་ཉི་མ་ཡག་པོ་ཤར་རྒྱུ་ཡིན་ས་རེད། སྔ་དྲོ་སྨུག་པ་ས་ལ་འཁྱིལ་ན། ཕྱི་དྲོ་ཙད་ནག་ཀླད་ནས་འཁོར་ར། ཁོས་ད་དུང་གཏམ་དཔེ་རྙིང་བ་དེ་ཚོ་བསྐྱར་བཟློས་བྱེད། ཁྱོད་དེ་རིང་ཁ་གྲགས་རྒྱུ་མེད་པ་ཅི་རེད་ཟེར། དེའི་ལན་དུ་ངས་མགོ་འཕྲེད་དུ་གཡུགས་གཡུགས་བྱས་པ་ཡིན།
ཁྱོད་མ་འཇོ། འགྲོ་མི་ཉན། འདིར་སྡོད། འུ་ཚོས་རུས་པ་བཏུས་ནས་བདག་གཉེར་བརྒྱག་དགོས་ཟེར། གདུགས་དཀར་སུག་རིང་འདིས་ང་ཤུལ་དུ་འགོག་དོན་གཞན་ཅི་ཡང་མིན། རོགས་པ་ཚོ་སྐོར་དང་སྐོར་བྱས་ཏེ་ཕྱིར་བུད་ཐལ། ང་འདུག་དགོས་དོན་ཅི་ཡིན་ངས་ལོས་ཤེས། གཞུག་ནས་ཚང་མ་མཉམ་དུ་འགྲོགས་ནས་སོང་ན་མི་འགྲིག་པ་ཅི་ཡིན་ངའི་སེམས་ནས་འདི་ལྟར་བསམ་ཀྱང་འདྲི་མ་ཕོད། ཕུང་བོ་འགེལ་བྱེད་ཀྱི་རྟ་རྒན་དེ་ཡང་འཁྲིད་ནས་བུད་སོང་། ཤུལ་དུ་མི་བདུན་བརྒྱད་ཞིག་ལས་ལྷག་མ་སོང་།
ཚེ་རིང་མཆུ་ནག་གིས་སྨུགས་པ་ཐིབས་ན་བྱ་རྒོད་ཀྱི་ཐག་རིང་ནས་མཐོང་ནི་ཨེ་རེད། ཞེས་དྲིས་སོང་། ཨ་མྱེས་གདུགས་དཀར་གྱིས་ལོས་མཐོང་། རྟ་ཞོན་གྱི་ཉིན་ལམ་བཅོ་བརྒྱད་ནས་མཐོང་ནི་རེད། ངས་བལྟས་ན་དེ་རིང་གནམ་གཤིས་ཧ་ཅང་བཟང་གི་ཡ། ཉི་མ་ཤར་བ་དང་བྱ་འབབ་རྒྱུ་རེད་ཟེར། དེ་རིང་རྒད་པོ་བསམ་ཤེས་ཁོ་གཅིག་པུ་མ་གཏོགས་ཡོང་མེད། ཁོས་ཚ་གསུར་གྱི་དུ་སྣེ་འགྲོ་བའི་ཕྱོགས་སུ་ཁ་གཏད་ཏེ་ལག་པ་གཉིས་བཤིབས་ནས་ཡར་བཀྱགས་པ་དང་ཁ་ནས་དམུར་དམུར་གྱིས་ཅིག་འདོན་གིན་འདུག དེ་ནི་བྱ་འབོད་ཟེར་བ་དེ་བཏོན་ནི་ཡིན་རྒྱུ་རེད། ་་་་་

བརྩམས་སྒྲུང་།

Post navigation

Previous Post: རྒྱ་ནག་གི་གད་སྙིགས་ཁྲོད་ཀྱི་བོད།༼སྔོན་མའི་འཕྲོས༽
Next Post: གཞུང་གི་འཐུས་ཤོར་དང་གསར་འབྱོར་ཚོའི་དཀའ་ངལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (15)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme