Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རླུང་རྟའི་སྐོར་གྱི་འགྲེལ་བཤད་གསར་པ།

Posted on 2013-08-022013-08-02 By ཁ་བརྡ་ 26 Comments on རླུང་རྟའི་སྐོར་གྱི་འགྲེལ་བཤད་གསར་པ།

དགེ་བཤེས་ཆོས་འཁོར་ཚང་ཉི་མ་འོད་ཟེར་ལགས་ཀྱིས་རླུང་རྟའི་སྐོར་གྱི་འགྲེལ་བཤད་གསར་པ་ཞིག་གནང་འདུག་པ་གཤམ་གྱི་དྲ་ཐག་ན་འདུག རླུང་རྟའི་སྐོར་ལ་ཉམས་ཞིབ་གནང་མཁན་དང་ཐུགས་སྣང་གནང་མཁན་དག་གི་དགོངས་ཚུལ་དང་བསམ་ཚུལ་བསྡུ་རུབ་ཆེད་འདིར་བཀོད་པ་ཡིན། ཁ་བརྡས།

http://www.youtube.com/watch?v=azYsnV6co5M

གློག་བརྙན་།

Post navigation

Previous Post: ཁ་པར།
Next Post: ཁ་ཚ་དགོས་གཏུགས་ཀྱི་ལན།

Comments (26) on “རླུང་རྟའི་སྐོར་གྱི་འགྲེལ་བཤད་གསར་པ།”

  1. བསྟན་འཛིན་རྒྱལ་པོ། says:
    2013-08-02 at 2:19 am

    འདི་ “རླུང་རྟའི་སྐོར་གྱི་འགྲེལ་བཤད་གསར་པ་” གང་ཡང་མ་རེད། བོན་པོའི་སྤྱི་ཚོགས་ནང་ཡོངས་གྲགས་ཡིན་ས་རེད། དགེ་བཤེས་ལགས་ཀྱིས་འཛམ་གླིང་མི་གཞན་ཚང་མས་ཀླུང་རྟའི་སྐོར་ཤེས་ན་ཡག་པོ་འདུག་གསུང་གིན་འདུག
    ང་ལ་དྲི་བ་ཞིག་ཡོད། རླུང་རྟའི་ནང་དུ་ནམ་རྒྱུན་ “ཨོཾ་མ་མ་་་་་་་” ཅིག་ཅིག་མི་མིག་གི་བསྔགས་འགའ་ཡོང་གིན་འདུག བོན་པོའི་ལུགས་ལ་རླུང་རྟའི་བསྔགས་ཟེར་བ་དེ་འདྲ་ཡོད་རེད་པས།

  2. ལ་དྭགས་ངག་དབང་རྒྱ་མཚོ། says:
    2013-08-02 at 8:58 am

    བསམ་དོན་གྲུབ་མ་གྲུབ་དང་། རླུང་རྟ་རྒྱུག་མ་རྒྱུག་གཉིས་དོན་གཅིག་ཡིན། ཐབས་མཁས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཐུབ་པ་ཆེན་པོ་དེའི་ཞལ་དངོས་ནས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་གསུངས་པ་ལྟར། རླུང་རྟ་དང་བསམ་དོན་ཡག་ཤོས་དེས་འགྲུབ་པ་རྒྱལ་བ་རང་ཉིད་ཀྱིས་ང་ཚོ་ལ་བཀའ་བསྩལ་ཏེ་ཡོད་ན། དེ་ལས་ལྷག་པ་ཞིག་གཞན་ཅི་དགོས། གཞན་ཡང་། སེམས་ཅན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་འབྱུང་། །སེམས་ཅན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་འབྱུང་། །ཞེས་སོགས་ནི་རླུང་རྟ་བརྒྱུག་བྱའི་རྒྱུ་གཙོ་བོ་ཡིན།

  3. བློ་བཟང་། says:
    2013-08-02 at 9:17 am

    བསྟན་རྒྱམ་ནས་གསུངས་པ་བཞིན་དེ་འགྲེལ་བཤད་གསར་པ་ཡིན་པར་མི་འདོད། དེང་སང་རླུང་རྟའི་དར་ལྕོག་ཐོག་སྒྲོལ་མ་དང་། རྒྱུལ་མཚན་རྩེ་མོའི་དཔུང་རྒྱན་སོགས་དཔར་བ་ནི་བོན་ཆོས་གཉིས་མཉམ་བསྲེས་སུ་སོང་བ་རེད། དེ་བོན་ལགས་ཆོས་ལ་ཁ་བསྒྱུར་བ་རེད། དེ་སྐྱོན་རེད་མི་བསམ། གང་ལ་གང་འདུལ་གྱིས་འཇིག་རྟེན་པའི་དགོས་འཁོ་དང་བསྟུན་པར་འདོད།

    ཆོས་ཕྱོགས་ནས་རླུང་རྟ་དར་ཞེས་པ་རྣལ་མའི་གོ་དོན་དགེ་བ་འཕེལ་བ་ལ་འགྲེལ་བཞིན་ཡོད། ཚུལ་མིན་ཡིད་བྱེད་ཀྱི་རླུང་ཕྱིན་ཅི་ལོག་དེ་བཀག་ནས་ཚུལ་བཞིན་ཡིད་ལ་བྱེད་པ་དེ་རེད་ཞེས་བླ་མ་ངག་དབང་ཚེ་རིང་ནས་གསུངས་ཡོད། ཁོང་གི་གསུང་པོད་གཉིས་པའི་ནང་གཟིགས།

  4. བློ་བཟང་། says:
    2013-08-02 at 9:24 am

    བོན་ལུགས་

  5. འོད་གསལ says:
    2013-08-02 at 12:35 pm

    རླུང་རྟ་དང་ཀླུང་རྟ་ཞེས་དག་ཆ་གཉིས་བྱུང་འདུག །དེ་གཉིས་གང་རུང་ལ་ངེས་ཚིག་ཡོད་མེད་དཔྱད་པ་གནང་དགོས། ཐུགས་འཆར་འདྲ་ཡོད་ན་གསུང་རོགས་ཞུ།

  6. ཀླུ་སྨྱོན། says:
    2013-08-02 at 12:45 pm

    རླུང་རྟ་དང་དར་ལྕོག་གི་ཁྱད་པར་ག་རེ་ཡིན་ནམ།

  7. ཀླུ་སྨྱོན། says:
    2013-08-02 at 12:46 pm

    ༡ དར་ལྕོག་གི་ངོས་སུ་རྟའི་གཟུགས་བརྙན་དཔར་བ་ཡིན་ན་རླུང་རྟ་ཆགས་འགྲོ་བ་ཡིན་ནམ།
    ༢ རླུང་རྟ་དང་ཀླུང་རྟ་གཉིས་ཀྱི་གང་དག་པ་ཡིན།

  8. ཀླུ་སྨྱོན། says:
    2013-08-02 at 12:50 pm

    སྟོན་པའི་མཛད་བཟང་དབྱར་གྱི་སྤྲིན་ཚོགས་ལས། །བྱུང་བའི་འབྱུང་ལྔ་སྦྲང་ཆར་ཟེགས་མའི་བཅུད། །བཞི་བསྡུས་ཕུང་པོ་འཛིན་མའི་ལྟོ་བ་རུ། །ཐིམ་དང་ལྷན་ཅིག་ཕུང་ཁམས་འདབ་སྟོང་བཞད། །འདི་ལྟའི་ལུགས་བཟང་མཁའ་དབྱིངས་སྤྲིན་བྲལ་ལས། །ཐོག་མར་འདྲེན་མཛད་མཁྱེན་བརྩེའི་འོད་སྟོང་ཅན། །རབས་བརྒྱད་སྟོན་པ་དམུ་སྲས་མགོན་པོ་སོགས། །འདྲེན་པ་མཚུངས་མེད་རྣམས་ལ་ལན་བརྒྱར་བསྟོད། །ཅེས་མཆོད་བརྗོད་བྱིན་རླབས་སྤྲིན་སྤུངས་ཀྱིས་མདུན་བསུས་ཏེ། སྐབས་འདིར་གླེང་བར་བྱ་བ་ནི། གནའ་བོའི་ཡབ་མྱེས་ཀྱི་ཐུན་མིན་རིག་གཞུང༌། དེང་དུས་ཕྱི་ནང་ཡུལ་གྲུ་ཀུན་ཏུ་ཆེས་དར་ཁྱབ་ཆེ་བའི་རླུང་རྟའི་སྐོར་རགས་ཙམ་བརྗོད་པ་ལ་ལྔ་སྟེ། མིང་དང༌། ངོས་འཛིན། ཁ་དོག གོ་རིམ། ཕན་ཡོན་བཅས་སོ།
    དང་པོ་རླུང་རྟ་འདི་ལ་་ རླུང་རྟ་་དང་་ ཀླུང་རྟ་་ ཞེས་པ་འབྲི་སྲོལ་གཉིས་སུ་ཡོད་པའི་སྔ་མ་དེ་ནི། འབྱུང་བ་ལྔའི་ནང་ནས་རླུང་དེ་རྟ་ལྟ་བུར་དཔེ་རུ་མཚོན་ཏེ། དེར་ཤོག་བུ་དར་སོགས་སུ་རང་རྒྱུད་ལ་བརྟེན་པའི་ཤ་ཁྲག་དྲོད་དབུགས་དང༌། ཚེ་བསོད་དབང་ཐང་རྣམས་གསོ་བའི་ཕྱིར། འབྱུང་བ་ལྔ་ཡི་མཚོན་དོད་སྟག་དང༌། སེང་གེ། ཁྱུང༌། འབྲུག རྟ་ལ་སོགས་ཀྱི་གཟུགས་རིས་དང༌། གཟུངས། ཤམ་བསྒྱུར་བཅས་བཀོད་པའི་དངོས་པོ་བཏེགས་ན་གཡོ་བསྐྱོད་བྱེད་པ་སོགས་བསྐུར་ཡུལ་རྟེན་གྱི་ཆ་ནས་དེ་ལྟར་བཏགས་པར་སེམས་ལ། ཡང་ཀླུང་རྟ་ཞེས་པ་དེ་ནི། རང་གི་ཁ་རྗེ་དབང་ཐང་ཚེ་བསོད་ལོངས་སྤྱོད་སོགས་ལ་གོ་ཞིང༌། དེ་དག་ཉམས་རྒུད་དུ་འགྲོ་བ་ལ་ཀླུང་རྟ་མི་འདུག་ཅེས་པའི་བཤད་ཚུལ་དེ་ནི་རྒྱུན་དུ་བེད་སྤྱོད་གཏོང་བཞིན་པས། འགྲེལ་བཤད་གསར་དུ་མི་དགོས་སོ།
    གཉིས་པ་རླུང་རྟའི་སྐབས་འབྱུང་བ་ལྔ་ངོས་འཛིན་ཚུལ་ལ། ནམ་མཁའ་སྔོན་པོ་དང༌། སྤྲིན་པ་དཀར་པོ། མེ་དམར་པོ། རླུང་ལྗང་ཁུ། ས་སེར་པོ་སོགས་ཀྱི་བཤད་སྲོལ་འདི་དེང་དུས་ཡོངས་གྲགས་ལྟར་འདུག་ལ། དེ་ཡང་ཆུ་འབྱུང་བའི་ཁོངས་སུ་མི་བཤད་པར། སྤྲིན་པ་འབྱུང་བའི་ཁོངས་སུ་བཤད་པ་སོགས་འདུག་མོད་ཀྱང༌། བཤད་སྲོལ་དེ་དག་ཕུགས་ཐག་རིང་ཐུང་ག་ཚོད་ཡོད་མེད་ནི་ཆ་མ་འཚལ་ཡང༌། བོན་རང་ལུགས་ཀྱི་འབྱུང་བའི་གྲངས་འདྲེན་ཚུལ་ལ་དེ་ལྟར་མེད། འོ་ན་གྲངས་འདྲེན་ཚུལ་ཇི་ལྟར་ལགས་ཤེ་ན། འབྱུང་བ་ལྔ་ནི་ས་ཆུ་མེ་རླུང་ནམ་མཁའ་དང་བཅས་ལྔ་ལ་ངོས་བཟུང་ན་འཐད་ཚུལ་དེ་གཤམ་དུ་གོ་རིམ་གྱི་སྐབས་སུ་འབྱུང་བས་འདིར་མ་སྤྲོས་སོ།
    གསུམ་པ་འབྱུང་ལྔའི་ཁ་དོག་ངོས་འཛིན་ཚུལ་ལ། གོང་དུ་བཤད་པ་བཞིན་ནམ་མཁའ་སྔོན་པོ་དང༌། སྤྲིན་པ་དཀར་པོ། མེ་དམར་པོ། རླུང་ལྗང་ཁུ། ས་སེར་པོ་སོགས་སུ་གསུངས་པ་ནི་རང་གཞན་གཉིས་ཀའི་སྡེ་ལ་འདུག་ཀྱང༌། རང་ལུགས་ཐུན་མིན་ཞལ་འདོན་ངན་སོང་སྒོ་མོ་གཅོད་པའི་མདོ་ལས་ཇི་ལྟར་གསུངས་པ་བཞིན་འདིར་འགོད་པ་ལ། དེའང་དེ་ཉིད་ལས། སེར་པོ་གསེར་མདོག་ས་ཡི་དར། ། ལྗང་ཁུ་འཕེན་དར་རླུང་གི་དར། ། དམར་པོ་ལེབ་རྒན་མེ་ཡི་དར། ། སྔོན་པོ་གཡུ་མདོག་ཆུ་ཡི་དར། ། དཀར་པོ་ཤེལ་མདོག་ནམ་མཁའི་དར། ། ཞེས་སོགས་འབྱུང་ལྔའི་དར་གྱི་ཁ་དོག་སོ་སོ་ནས་བསྟན་ཞིང༌། དེ་ཡང་དཀར་པོ་ཤེལ་མདོག་ནམ་མཁའི་དར་ཞེས་ནམ་མཁའི་དར་ལ་ཚོན་མདོག་དཀར་པོ་གསུངས་པ་ལས། དཀར་པོ་ཤེལ་མདོག་སྤྲིན་པའི་དར་མ་གསུངས་པ་དང༌། སྔོན་པོ་གཡུ་མདོག་ཆུ་ཡི་དར་གསུངས་པ་ལས། སྔོན་པོ་གཡུ་མདོག་ནམ་མཁའི་དར་མ་གསུངས་པས། བདག་གིས་ནི་སྟོན་པ་ཐུགས་རྗེ་ཅན་གྱིས་ཇི་ལྟར་གསུངས་པའི་རྗེས་སུ་འབྲངས་ཏེ་དེ་དག་ལ་མངོན་པར་བསྟོད་དོ།
    བཞི་པ་གོ་རིམ་ལ་དཔྱད་པ་ནི། ཁ་ཅིག་གིས་ཐོག་ནས་རིམ་བཞིན་ནམ་མཁའ་དང་སྤྲིན་པ། མེ་རླུང་ས་སོགས་སུ་གོ་རིམ་བཤད་པ་ནི་ལུང་དང་འབྲེལ་མིན་དཔྱད་རྒྱུ་གལ་ཆེན་དུ་སྣང༌། ཁོ་བོས་མཐོང་བའི་ལུང་དང་འབྲེལ་བའི་གོ་རིམ་ཅན་ནི་འདི་ལྟར་ཏེ། སྤྱིར་འབྱུང་བ་ལ་ཕྱི་སྣོད་འཇིག་རྟེན་ལ་བརྟེན་ཚུལ་དང༌། ནང་བཅུད་སེམས་ཅན་ལ་བརྟེན་ཚུལ་གཉིས་ལས། དང་པོ་ནི། མས་ནས་ཡར་ནམ་མཁའ་དང་རླུང་མེ་ཆུ་ས་སོགས་རིམ་བཞིན་དུ་འཇོག་དགོས་ཏེ། ཕར་རྱཧན་སྐབས་གཉིས་པའི་ཡི་ཆར་ལས། ནམ་མཁའ་སྤྱིར་རྒྱུར་བསྟན་པ་དང༌། དེ་ལས་བྱུང་བའི་རླུང་དང་མེ་དང་ཆུ་དང་ས་ཡི་ཁྱད་པར་གྱི་སྒོ་ནས་བཤད་པའོ། ཞེས་དང༌། ཡང་དེ་ཉིད་ལས། ནམ་མཁའ་ལས་རླུང་ངད་ཙམ་དུ་བྱུང༌། ། རླུང་དེ་ལས་མེ་ཡི་དཀྱིལ་འཁོར་དུ་བྱུང་ཞིང༌། དེ་ལས་ཆུ་ཡི་དཀྱིལ་འཁོར་དུ་བྱུང༌། དེ་ལས་འབྱུང་བ་ས་ཡི་རང་བཞིན་དུ་བྱུང༌། ཞེས་སོགས་དང༌། སྒྲོན་མ་ལས། ཕྱི་སྣོད་འཇིག་རྟེན་སེམས་ལ་ཤར་ཚུལ་ནི། ནམ་མཁའི་འོད་དང་རིག་པ་འབྲེལ་བ་ལས། གྱ་གྱུར་རླུང་ཏེ་ཕྱད་དང་ཕྱེད་དུ་བྱུང༌། སྐྱོད་པའི་ཤུགས་ལས་ཚ་བའི་མེ་རུ་བྱུང༌། མེ་རླུང་ཚ་གྲངའཐབ་པས་རླན་ཏེ་ཆུ་རུ་བྱུང༌། ཆུ་ཡི་བཅུད་ལས་བསྐྱེད་པའི་ས་གཞིར་གྱུར། སྣོད་ཡི་འཇིག་རྟེན་ཐམས་ཅད་དེ་ལས་ཆགས། ཞེས་གསུངས་པས་སོ། འོ་ན་འོག་ནས་རིམ་བཞིན་ནམ་མཁའ་སོགས་མི་འཇོག་པར་ཐོག་ནས་ནམ་མཁའ་སོགས་རིམ་བཞིན་མར་བརྩིས་ན་སྐྱོན་ཅི་ཡོད་ཅེ་ན། བཤད་པར་བྱ་སྟེ། དེ་ཡང་སྲིད་པའི་མཛོད་ཕུགས་ལས། གནས་པ་ཀུན་གྱི་འོག་འདི་ན། མཁའ་ལ་ཞེས་པའི་ལུང་འདི་སྟོན་པ་ཐུགས་རྗེ་ཅན་གྱི་ཞལ་གསུང་ཡིན་པས། འོག་ནས་ནམ་མཁའ་སོགས་ཡར་རིང་བཞིན་ཆགས་པར་ངེས་དགོས་སོ། གཉིས་པ་ནི། བཞི་བསྡུས་ཀྱི་ཕུང་པོས་བསྡུས་པའི་ནང་བཅུད་སེམས་ཅན་ལ་བརྟེན་པའི་འབྱུང་བའི་གོ་རིམ་ཡང་གོང་དུ་ཕྱི་སྣོད་ཀྱི་སྐབས་སུ་བཤད་པའི་གོ་རིམ་བཞིན་འཐད་པར་སེམས་ཏེ། སྒྲོན་མ་ལས། བཞི་བསྡུས་ཀྱི་ཕུང་པོ་ནམ་མཁའ་ནས་ཡར་ཆགས་ཏེ། ནམ་མཁའ་ལས་རླུང་བྱུང༌། རླུང་ལས་མེ་ མེ་ལས་ཆུ་ ཆུ་ལས་ས་ཆགས། ཞེས་སྒུངས་པ་འདི་རྣམས་ཡར་ཆགས་ཚུལ་དང་བསྐྱེད་ཚུལ་གྱི་དབང་དུ་བཏང་ནས་གོ་རིམ་བསྟན་པས། དེས་ན་རླུང་རྟ་འཛུགས་པ་པོ་སུ་ཞིག་ཡིན་ཡང༌། རླུང་རྟ་དེས་རང་རྒྱུད་ལ་བརྟེན་པའི་འབྱུང་ད་སོགས་ཡར་བསྐྱེད་པའི་ཆེད་དུ་ཡིན་ལས། མར་འཇིག་པའི་ཆེད་དུ་མིན་པས་གོ་རིམ་འདི་ཉིད་ཤིན་ཏུ་འཐད་པར་སེམས་སོ། ཡང་དར་ཆེན་དབུས་སུ་བྱས་ནས་ཕྱོགས་བཞིར་དར་ཐག་འཐེན་པར་འདོད་ན། དེ་ཡང་གོ་རིམ་སྒྲིག་ཚུལ་དབུས་ནས་མཐར་ཁྱབ་པའི་ཚུལ་ཏེ་གཙོ་འཁོར་གྱི་ཁྱད་པར་བཞིན་སྤྱི་འགྲོས་སུ་རིག་པར་བྱའོ། ཡང་དར་ཆེན་ཐོག་གི་རྒྱལ་མཚན་གྱི་ཚོན་མདོག་དེའི་གོ་རིམ་ཡང་གོང་ལྟར་རྒྱུ་འབྲས་བསྐྱེད་རིམ་བཞིན་བྱ་སྟེ། ཕུང་ཁམས་སྐྱེ་མཆེད་ཡར་བསྐྱེད་ཀྱི་ཆེད་དུ་ཡིན་པས་སོ། ཡང་ཁ་ཅིག་གིས་དར་ལྕོག་རྩེ་ཡི་རྒྱལ་མཚན་དེའི་ཚོན་མདོག་སྒྲིག་སྟངས་མགོ་འཇུག་ལོག་འདུག་སོགས་ཟེར་བ་ལ། འབྱུང་རྩེག་དཔེ་བྱས་ཏེ་འབྱུང་ལྔའི་འགྲོ་སྟངས་ཟུར་ཙམ་ཞུས་ཀྱང༌། འབྱུང་བརྩེགས་ནི་སའི་འོག་ཏུ་ཡོད་པ་ལ། ཁྱོད་རང་གི་དར་ལྕོག་ནི་སའི་ཐོག་ཏུ་འདུག་སོགས་ས་ཐོག་ཏུ་ཡོད་པའི་རྒྱུ་མཚན་བྱས་ནས་ནམ་མཁའ་ཐོག་ཏུ་དགོས་ཚུལ་སོགས་གསུངས་པ་དག་ལ་སྤྱིར་གོང་གི་ལུང་དེ་དག་གིས་མཐུས་མོད་ཀྱང༌། དགོས་དབང་གིས་ཅུང་ཟད་ཞུས་ན། གལ་ཏེ་ས་ཐོག་ཏུ་འབྱུང་བའི་འགྲོ་སྟངས་དེ་ལྟར་དགོས་པ་ངེས་ཅན་ཡིན་ན། ས་ཐོག་ཏུ་མཆོད་རྟེན་སོགས་བཞེངས་ཚེ་བཞེངས་བཀོད་ལག་ལེན་དང་མཐུན་པར་བཞེངས་དགོས་སྟབས། དེ་ཡང་ཐོག་མར་ནམ་མཁའི་དཀྱིལ་འཁོར་ནས་བྱ་རུ་བྱ་གྲི་བར་དུ་རིང་བཞིན་བཞེངས་དགོས་ཕྱིར། ནམ་མཁའི་དཀྱིལ་འཁོར་ཐོག་ལ་བྱས་ཏེ། བྱ་རུ་བྱ་གྲི་ས་ལ་འཛུགས་དགོས་པ་སོགས་ཇི་ལྟར་བཟོ་མིན་སྐོར་ལ་མནོ་བསམ་གཏོང་གལ་ཆེ། དེས་ན་བདག་གིས་ནི་སྟོན་པ་ཐུགས་རྗེ་ཅན་གྱིས་གསོལ་རས་སུ་བསྩལ་བའི་བགོ་སྐལ་འདི་དག་ལག་ཏུ་བླངས་པའི་སྐལ་བཟང་ཐོབ་པ་འདི་ཉིད། བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་རྣམས་ལ་མཆོད་སྤྲིན་དུ་འབུལ་ལོ། ལྔ་པ་རླུང་རྟ་བཙུགས་པའི་ཕན་ཡོན་ནི། དེ་ཡང་ཤོག་བུ་དང་དར་སོགས་ཁ་དོག་དཀར་པོ་ཅན་གྱི་རླུང་རྟ་བཙུགས་ན། རང་རྒྱུད་ཀྱི་འབྱུང་བ་ནམ་མཁའི་ཁམས་ཉམས་པ་རྣམས་གསོ་ཞིང༌། སེམས་ཁམས་བདེ་བར་བྱེད་པ་དང༌། ཁ་དོག་ལྗང་ཁུ་ཅན་གྱི་རླུང་རྟ་བཙུགས་ན་རང་རྒྱུད་ཀྱི་འབྱུང་བ་རླུང་གི་ནུས་པ་རྒྱས་ཤིང༌། དབུས་འབྱུང་རྔུབ་སོགས་བདེ་བར་བྱེད། ཁ་དོག་དམར་པོ་ཅན་གྱི་རླུང་རྟ་བཙུགས་ན་རང་རྒྱུད་ཀྱི་འབྱུང་བ་མེ་ཡི་ནུས་པ་བསྐྱེད་ཅིང༌། བདེ་དྲོད་སྨིན་པར་བྱེད། ཁ་དོག་སྔོན་པོ་ཅན་གྱི་རླུང་རྟ་བཙུགས་ན་རང་རྒྱུད་ཀྱི་འབྱུང་བ་ཆུ་ཡི་ནུས་པ་གསོ་ཞིང༌། ཁྲག་གི་འཁོར་རྒྱུག་ཚད་ལྡན་དུ་བྱེད། ཁ་དོག་སེར་པོ་ཅན་གྱི་རླུང་རྟ་བཙུགས་ན་རང་རྒྱུད་ཀྱི་འབྱུང་བ་ས་ཡི་ནུས་པ་བསྐྱེད་ཅིང༌། ལུས་ཁམས་བདེ་བར་བྱེད་པའི་ཕན་ཡོན་བཅས་ཡོད་དོ། དེ་ལྟར་ཕན་ཡོན་ཡོད་ཚུལ་དང༌། འབྱུང་ལྔ་དེ་རྣམས་ཤ་ཁྲག་དྲོད་དབུགས་རྣམ་ཤེས་སོགས་ལ་འབྲེལ་ཚུལ་དང༌། དེ་བཞིན་དོན་ལྔ་དང༌། སྣོད་ལྔ། དབང་ལྔ་སོགས་ལ་འབྲེལ་ཚུལ་བཀའ་ཝང་གི་རྒྱབ་རྟེན་ཚད་མ་བསམ་གྱིས་མི་ཁྱབ་ཀྱང༌། ཡིག་ཚོགས་མང་དོགས་ཀྱིས་གནས་འདི་ཙམ་དུ་འགྲིག་པར་བྱས་སོ།དེ་ལྟར་འབྱུང་ལྔའི་རིམ་འགྲོ་ཆུ་གཏེར་ལས། །ལུང་དོན་སྙིང་པོ་རྩྭ་མགོའི་ཟིལ་པ་ཙམ། །བརྗོད་པའི་དགེ་དེས་བཞི་བསྡུས་སེམས་ཅན་རྣམས། །འབྱུང་ལྔ་འཁྲུགས་མེད་བདེ་བའི་ངང་གནས་ཤོག །
    ་་་་་་་་་་་་་འདི་ནི་གཞན་རྩོམ་ཡིན་གྱི་རང་རྩོམ་མིན།

  9. དགེ་འདུན་རྒྱ་མཚོ། says:
    2013-08-02 at 1:40 pm

    རླུང་རྟ་ནི་འགྲོ་བ་མིའི་རིགས་ཀྱི་བསོད་ནམས་དང་དབང་ཐང་། སྙན་གྲགས་རྒྱས་ཐབས་ཀྱི་ལས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་རེད། ཀླུང་རྟ་དང་རླུང་རྟ་གཉིས་དེང་སང་བརྡ་གསར་རྙིང་ལྟ་བུར་གྱུར་འདུག རླུང་རྟའམ་དར་ལྕོག་གི་ཐོག་མའི་འབྱུང་ཁུངས་འདི་རེད་ཟེར་བ་ཞིག་འཇོག་དཀའ། བཤད་པ་འགའ་རེ་མཐོང་ཡང་ཡིད་ཆེས་དཀའ། རླུང་ནི་མཐའ་དབུས་ཁྱད་པར་མེད་པར་ཀུན་ལ་ཁྱབ་པ་དང་། རྟ་ཡི་མིང་ལ་མགྱོགས་འགྲོ་ཟེར་བ་བཞིན་བསོད་ནམས་དང་དབང་ཐང་རྟ་བཞིན་རྒྱུག་པའི་རེ་བ་བྱེད་ཀྱིན་ཡོད་རེད། མདོར་ན་རང་གི་བསམ་དོན་མྱུར་དུ་འགྲུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད་རེད། དེ་འདྲའི་དབང་གིས་རླུང་རྟ་བསྐྱོན་པའམ་གཏོར་བཞིན་ཡོད་རེད། དེར་ལྕེ་ནི་དར་མཚོན་སྣ་ལྔ་རེད། དེ་ནི་བཀྲ་ཤིས་བའི་དོན་རེད། ཁ་དོག་གིས་གནམ་ས་བར་སྣང་མཚོན་པར་འགྲེལ་མཁན་ཡང་འདུག དོན་ལ་ཁྱད་པར་ཆེན་པོ་ཡོད་མ་རེད། གནམ་ལ་དབང་བསྒྱུར་ན་ནི་ཁྱུང་འབྲུག་གཉིས་གྲགས་ཆེ་བས་དེ་ལྟར་བཞག་་པ་དང་ས་ལ་སྟག་སེང་གཉིས་གཟི་ཆེས་པས་ཡིན། སྟག་སེང་ཁྱུང་འབྲུག་གཉིས་ཀྱི་བར་ན་རྟ་ནི་གཡང་རྟ་ཡིན་པས་འདོད་དོན་མྱུར་དུ་འགྲུབ་པའི་མཚོན་དོན་ནོ། དེའི་སྟེང་དུ་ནོར་བུ་འབྲི་བ་ནི་དགོས་འདོད་ཡིད་བཞིན་དུ་འགྲུབ་པའི་རྟེན་འབྲེལ་ཡིན་ནོ།
    གནའ་བོའི་རྒྱ་གར་དུ་ཅི་ལྟར་དར་མིན་མི་ཤེས་ཀྱང་སངས་རྒྱས་ཀྱི་སྐབས་སུ་ཡོད་ངེས་རེད། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གསུངས་བ་ལ་བལྟས་ན་ཤེས། 
    བོད་དུ་རྒྱལ་བོའི་དམག་དེར་ལས་བྱུང་བ་རེད་ཟེར་བ་བདེན་ཤེས་ཆེས། འོན་ཀྱང་ཕྱིས་སུ་ནང་ཆོས་དར་བ་ནས་ནང་བའི་དར་བཙུགས་ཏེ་སྟེང་དུ་རྒྱལ་མཚན་རྩེ་མོ་སོགས་བྲིས་པ་རེད། དེས་སང་སྒྲོལ་མ་སོགས་འདྲ་མིན་དཔར་བཞིན་ཡོད་རེད། འདི་ཡང་མ་འགྲིག་པ་གང་ཡང་ཡོད་མ་རེད་སྙམ། ཤིང་དང་རྡོ་སོགས་ལ་བྲིས་པ་ནང་བཞིན་དགོས་པ་ཡོད་ངེས་རེད། འབྲི་ཀློག་འཆང་འཆད་ཁ་བཏོན་སོགས་ལ་གཅིག་མཚུངས་ཀྱི་དགོས་པ་དང་ཕན་ཡོན་སྣ་རེ་འབྱུང་གི་རེད། རླུང་རྟ་རླུང་གིས་བསྐྱོད་པ་ལས་ཡིག་འབྲུ་རེ་རེ་བཞིན་རྩྭ་དང་རྩི་ཤིང་སེམས་ཅན་ཆེ་ཆུང་གང་གི་ལུས་ལ་ཕོག་ན་ཡག་པོ་ཡོད་རེད་སྙམ། 
    ཡ་ཡ་་་དེ་རིང་དེ་འདྲ་ཞིག་བྲིས་ཞོག་་་

  10. ཨོ་རྒྱན་ཉི་མ། says:
    2013-08-02 at 3:46 pm

    གོ་རྒྱུ་ཅང་མེད་ཁི།

  11. ཨོ་རྒྱན་ཉི་མ། says:
    2013-08-02 at 3:47 pm

    ཧ་དང་ཧུ་བཏབ། ཧཧཧཧཧ

  12. སྤོབས་པ་མཐའ་ཡས། says:
    2013-08-02 at 10:10 pm

    ད་ལྐུག་བཤད་རྒྱག་མ་འདུག་དར་ལྕོག་འཕྱར་སྲོལ་འཛམ་གླིང་གི་རྒྱལ་ཁབ་ཚང་མ་ལ་འདུག་ག

  13. སྤོབས་པ་མཐའ་ཡས། says:
    2013-08-02 at 10:11 pm

    འདི་བོད་ཀྱི་བན་དེ་དང་བོན་པོ་ལ་ཁུངས་གཏུག་དགོས་དོན་ག་ལ་ཡོད

  14. ཨོ་རྒྱན་ཉི་མ། says:
    2013-08-03 at 12:04 am

    ཆོས་འཁོར་ཚང་འདི་ཤ་ཚ་དང་པོ་ལམ་ག་ནོར། བར་དུ་ལམ་ནོར་ལ་ཞེན། ད་ནོར་བ་ཡིན་པར་རྟོགས་ཀྱང་རྡུག་མཆོང་བྱེད་བཞིན་པ་རེད་ལྟོས་དང་།

  15. ལ་དྭགས་ངག་དབང་རྒྱ་མཚོ། says:
    2013-08-03 at 1:11 am

    བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ལ་སྐྱབས་བཅོལ། ལས་འབྲས་ལ་ཡིད་ཆེས། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སྲུངས། བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོས་ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་དེ་དག་ནི་གཙོ་བོ་རླུང་རྟ་རྒྱུག་པའི་རྒྱུ་གཙོ་བོར་གཟིགས་ནས་གཏན་འབེབས་གནང་བ་ཡིན། དེ་མིན་རི་རྩེ་དང་། ལུང་པའི་ཕུ་དང་། ཆུ་འགྲམ་དང་། ཁང་པའི་ཐོག་ཟུར་ལ་དར་ཚོས་སྣ་ལྔ་སོགས་ལས་རླུང་རྟ་སྤར་ནས་ལྷ་གསོལ་བ་སོགས་ལས་བསམ་དོན་གྲུབ་ཡོད་ན། འཛམ་གླིང་ནང་ལ་ལྷ་གསོ་མཁན་དང་། རླུང་རྟའི་དར་ཅོག་བཙུག་མཁན་ཤུགས་ཆེ་ཤོས་བོད་པ་ཡིན། དེ་ལྟར་ཡིན་བཞིན་དུ་ང་ཚོར་རླུང་རྟ་མ་རྒྱུག་པར་རང་གི་ཕ་ཡུལ་དང་ཁ་བྲལ་ནས་མི་ལོ་༥༠ ལྷག་ཕྱིན་སོང་། བོད་ལ་མི་རེ་རེས་ལྷ་བརྒྱ་རེ་བསྟེན་ན་ཡང་ལྷ་གཅིག་གྲུབ་མ་ཐུབ། རྒྱ་གར་བ་ཚོ་མི་བརྒྱ་སྟོང་གི་བར་ལ་ལྷ་གཅིག་ལས་བསྟེན་རྒྱུ་མེད་ན་ཡང་ལྷ་ཡི་ཞལ་མཇལ་ནས་དངོས་གྲུབ་ལེན་ཐུབ་པ་དེ་ཡ་མཚན་རེད། མདོར་ན་ངས་བསམ་དོན་མྱུར་དུ་འགྲུབ་པ་ལ་ལས་འབྲས་དང་བླ་མ་དཀོན་མཆོག་གསུམ་ལ་མ་གཏོགས་གཞན་རླུང་དར་སོགས་ལ་ཡིད་ཆེས་རྩ་བ་ནས་མེད།

  16. ཀརྡོ་གཉེར་ཕྱག་པ་ says:
    2013-08-03 at 2:40 am

    ་་་་་་ སྒྲོན་མ་ལས། བཞི་བསྡུས་ཀྱི་ཕུང་པོ་ནམ་མཁའ་ནས་ཡར་ཆགས་ཏེ། ནམ་མཁའ་ལས་རླུང་བྱུང༌། རླུང་ལས་མེ་ མེ་ལས་ཆུ་ ཆུ་ལས་ས་ཆགས། ཞེས་སྒུངས་པ་འདི་རྣམས་ཡར་ཆགས་ཚུལ་དང་བསྐྱེད་ཚུལ་གྱི་དབང་དུ་བཏང་ནས་གོ་རིམ་བསྟན་པས། དེས་ན་རླུང་རྟ་འཛུགས་པ་པོ་སུ་ཞིག་ཡིན་ཡང༌། རླུང་རྟ་དེས་རང་རྒྱུད་ལ་བརྟེན་པའི་འབྱུང་ད་སོགས་ཡར་བསྐྱེད་པའི་ཆེད་དུ་ཡིན་ལས། མར་འཇིག་པའི་ཆེད་དུ་མིན་པས་གོ་རིམ་འདི་ཉིད་ཤིན་ཏུ་འཐད་པར་སེམས་སོ། ་་་་་་་ཟེར།

  17. སྤོབས་པ་མཐའ་ཡས། says:
    2013-08-03 at 2:59 am

    ངས་དགེ་བཤེས་ཚང་གི་གསུང་བཤད་ལ་ད་ལྟ་གཞི་ནས་ཉན་པ་ཡིན། མཁས་པ་ཞིག་གི་ཚུགས་ཀ་འདུག བོན་གྱི་ཁྲོད་ནས་མཁས་པའི་རྩེ་ཕུད་དུ་བརྩི་བ་ཞིག་ཡིན་པ་ཐོས་མྱོང་། རླུང་རྟ་ཟེར་བ་དེ་ནི་དམག་དར་ཡིན་པ་ཕྱིས་སུ་ཆོས་ཀྱི་ལས་སུ་སོང་ནས་འཛུགས་སྲོལ་ཆེར་དར་བ་ཞིག་ཡིན་པ་གསལ་པོ་རེད། འོང་ཀྱང་མཁས་པ་ཆོས་འཁོར་ཚང་གིས་གསུང་པའི་ཆོས་ཕྱོགས་ཀྱི་མཚོན་དོན་དེ་ཚོ་ཡང་འདྲ་ཆགས་པོ་འདྲ་ཞིག་འདུག

  18. ཨ་ནུ་ཐང་བསོད་ནམས says:
    2013-08-03 at 1:16 pm

    དོན་དངོས་རླུང་རྟའི་འབྱུང་ཁུང་དེ་བན་བོན་གཉིས་ལས་སུ་ཞིག་ཡིན་ནམ། གཅིག་བྱས་ན་ཁོ་གཉིས་ཀྱང་མ་ཡིན་པ་ཆོས་ལུགས་གཞན་ཞིག་ཡིན་ཤས་ཆེ། རྒྱུ་མཚན་ནི། བན་བོན་གཉིས་ཀྱི་གང་ཞིག་ཡིན་ཡང་ཆོས་ལུགས་གཞན་གྱིས་ཤུགས་རྐྱེན་ཐེབས་འདུག དཔེར་ན། གཡུང་དྲུང་རི་མོ་ལྟ་བུ་རེད།

  19. BONPO says:
    2013-08-03 at 7:58 pm

    ལ་དྭགས་ངག་དབང་རྒྱ་མཚོ་ལགས།
    གཡུང་དྲུང་གི་རིས་མོ་རྙིང་པ་ཞིག་འདིར་ཡོད་པ་འདྲ་པོ་འདུག། གཅིག་གཟིགས་གནང་དང་།
    http://www.balkantravellers.com/en/read/article/1975

  20. ཅོ་རི་ཉི་མ། says:
    2013-08-06 at 4:59 am

    དགེ་བཤེས་ལགས་འདི་དྲ་གྲོགས་བན་དེ་བ་ཡིན་ན་དེ་རིང་ཞལ་མཇལ་ཙམ་བྱུང་བར་དགའ་པོ་བྱུང་།

  21. བན་དེ་བ། says:
    2013-08-06 at 1:06 pm

    དྲ་གྲོགས་རྣམ་དཔྱོད་ཡངས་པ་སྐུ་ཞབས་ཅོ་རི་ཉི་མ་ལགས།
    དགེ་བཤེས་ཆོས་འཁོར་ཚང་དང་ངེད་གཉིས་མི་གཅིག་མིན་ལགས་ཞུ་རྒྱུ་དང་དགེ་བཤེས་ཆོས་འཾཁོར་ཚང་ནི་ད་ལྟ་ཡུ་རོབ་ཞིག་ཏུ་ཡོད་སྐད་ཐོས། འོན་ཀྱང་མི་ངན་ཨ་ཨོ་མིང་ཅན་ཚོས་མ་ཉེས་ཁག་འདོགས་ཀྱིས་ངེད་གཉིས་མི་གཅིག་ཡིན་པར་བཤད་པར་ཡིད་ཆེས་མི་གནང་རོགས། ངས་བློ་ཐུབ་ཀྱི་གྲོགས་པོ་ཁྱེད་ལ་རྫུན་ཤོད་མི་སྲིད་པ་ཞིག་ཡིན། མ་ཟད་ང་དང་ཆོས་འཁོར་ཚང་གཉིས་མི་གཅིག་ཡིན་མིན་དེ་ཁ་བརྡའི་སྟངས་འཛིན་པས་གསལ་པོར་མཁྱེན་ངེས་རེད། ཉིན་ཤས་རིང་་་མི་འགའ་ཞིག་གིས་མཚམས་ལ་སྡོད་ཀྱི་ཡིན་ཟེར་ན་ས་བསྒྲག་གནམ་བསྒྲགས་བྱས་སོང་་་འོན་ཀྱང་དེ་མ་ཐག་ནས་དུག་གསུམ་དུག་ལྔའི་རྩོམ་མཆན་རྐྱང་སྤེལ་སོང་དེ་ལ་བལྟ་དུས་ཾོས་ཉམས་ལེན་བྱེད་པའི་གདམས་པ་དེ་ཚོར་རྣམ་དོག་ཆེན་པོ་མི་སྐྱེ་རང་སྐྱེ་རེད། ངོས་རང་ཉིན་ཤས་རིང་ཁ་བརྡའི་དྲ་བར་ཡོང་ཐུབ་མ་སོང། གཅིག་ནི་ཁ་བརྡའི་ནང་དུ་མི་ངན་ལས་འབྲས་ལ་མི་བརྩི་ཞིང་སྟེང་ཕྱོགས་ལྷ་ནས་འོག་ཕྱོགས་ཀླུ་ཡི་བར་དུ་རྒྱུ་མཚན་སྣེ་གཅིག་མེད་པར་སྒྲོགས་འདོགས་ཀྱིས་སྐད་ཆ་བཤད་དང་ཤོད་བཞིན་པར་ཡིད་ཐང་ཆད་ནས་བསྡད་ཡོད། མ་གཞི་ནས་ངོས་རང་ཁ་བརྡའི་དྲ་བ་ནས་དགོངས་པ་ཞུ་དགོས་ན་བསམ་ནས་བསྡད་ཡོད། འདི་ལས་རིག་པ་དང་ལུང་གིས་བསྒྲུབ་སྟེ་སྐད་ཆ་ཤོད་མཁན་ཉུང་བ་དང། གཉིས་ནས་མི་ངན་འདི་རིགས་ཀྱིས་རང་མེད་མི་མེད་བཟོ་མཁན་གྱི་རིགས་ཤིག་ཏུ་མཐོང། འོན་ཀྱང་ཁ་བརྡའི་དྲ་བར་མི་བཟང་ལུང་རིགས་ཀྱིས་ཕྱུག་པ་འགའ་ཞིག་འདུག དེའི་ནང་ནས་གཅིག་ནི་ཁྱ྄ེད་ཉིད་དང་གཞན་ཀླུ་སྨྱོན་དང་སྤོབས་མཐའ་སོགས་འགའ་ཞིག་གི་རྩོམ་མཆན་ལ་དུས་ཚོད་ཡོད་དུས་ངས་བལྟ་བཞིན་ཡོད། དྲ་གྲོགས་ཁྱེད་ནི་བསམ་ཕོད་པ་དང། བཤད་ཕོད་པོ། བྱེད་ཕོད་པ་བཅས་ཕོད་པ་གསུམ་ལྡན་གྱི་མི་བུ་ཞིག་ཏུ་མ་ཟད། དྲང་མཁན་གཟུ་དཔང་གི་ཾ་ཁ་བརྡའི་ནང་གི་དཔའ་བོ་གཅིག་པོ་དེ་རེད་ཟེར་ནའང་མི་ཆོག་པ་མེད། ངས་ཾཁྱེད་ལ་གུས་བརྩིས་ཆེན་པོ་ཡོད་ལ་་མ་འོངས་པར་གོ་སྐབས་བྱུང་ཚེ་མཇལ་འཕྲད་ཡོང་བའི་རེ་བ་ཆེན་པོ་ཡོད།
    དེ་ཙམ་ཡིན།

  22. ཅོ་རི་ཉི་མ། says:
    2013-08-06 at 3:51 pm

    སྙིང་ཉེར་བའི་དྲ་གྲོགས་བན་དེ་བ་ལགས། ཨོ་ཉིས་ཁྱོད་དགེ་བཤེས་ཆོས་འཁོར་ཚང་རེད་ཅེས་དྲ་ཐོག་ཏུ་བྲིས་སོང་། དེ་འདྲ་རྫུན་བཤད་ཀྱི་ཡོད་པར་ཤེས་མ་སོང་། མིན་ནའང་སྐྱོན་མི་འདུག ངོ་མ་ཁྱེད་དང་མཇལ་འཕྲད་ཀྱི་གོ་སྐབས་རེ་བྱུང་ན་དགའ་པོ་ཡོང་བ། རྗེས་སུ་ཁྱོད་རང་སུད་སི་ཡོང་བའི་དུས་འདྲ་བྱུང་ན་ཕེབས་བསུ་ཞུ་གི་ཡིན།

    གཉིས་ནས་་་དྲ་གྲོགས་སྤོབས་པ་མཐའ་ཡས་ལགས་ཀྱིས་འདི་འདྲ་ཞིག་གསུངས་བྱུང་།

    ༡༤༠༽ སྤོབས་པ་མཐའ་ཡས་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༥ གི་ཆུ་ཚོད་ ༥ སྐར་མ་ ༥༠
    འདི་ཚོས་སྤྱི་ཚོགས་དཀྲུག་ཐུབ་གི་མ་རེད། ཆོས་ལུགས་ལ་དམའ་འབེབས་ཐུབ་གི་མ་རེད། ཐུབ་ངོ་མ་དེ་རང་རང་ལ་ཕ་མ་དང་། དགེ་རྒན། སྤྱི་ཚོགས་ཀྱིས་སྤྲད་པའི་ཡིག་འབྲུ་ཁ་ཤས་ཤིག་འབྲི་ཤེས་པ་དང་ལས་རྒྱུ་འབྲས་དང་ཡ་རབ་བཟང་སྤྱོད་ཟེར་བའི་བསླབ་བྱ་ཉུང་ཉུང་དེ་ལ་ངོ་ལོག་རྡོག་རྫིས་བྱེད་ཀྱིན་ཡོད་པ་རེད། འདིས་ཆོས་ལུགས་ཤིག་གི་སྤྱི་ཚོགས་ཀྱི་མགྲིན་ཚབ་པ་ཡོང་གི་མ་རེད། འདི་འདྲ་བ་ལ་ལན་འདེབས་མཁན་ཚོས་གཟབ་མ་ཤེས་ན་ནོར་འཁྲུལ་ཤོར་གི་རེད།ཅེས་གསུངས་པ་ལྟར་ཨ་ཨོ་འདི་ཚོས་ཆོས་ལུགས་ཤིག་གི་མགྲིན་ཚབ་པ་ཅང་མི་འོང་དུས་དེ་ཙམ་རྩོད་དགོས་པའི་གནད་དོན་མི་འདུག

    སྤོབས་པའི་སྐད་ཆ་འདི་ལ་བདེན་ཁ་སྤྲད་ཀྱི་ཡོད། འདི་ཚོ་ལ་ལན་འདེབས་དགོས་ཀྱི་མ་རེད་ཅེས་གསུངས་བྱུང་། གདམས་ངག་ཞིག་རེད་བསམས་ནས་བསྡད་ཡོད།

    ཁྱོད་ཁ་བརྡའི་ཐོག་ནས་བྲོས་འགྲོ་མི་ཉན། སྡོད་དགོས་པར་འདོད། ང་རང་ཚོས་ཉམ་ཆུང་གི་རྒྱབ་སྐྱོར་བྱེད། ཉམ་ཐག་བོད་མི་ལ་ཕན་ཐོགས་ཡོང་ཆེད་དུ་སྐད་ཆ་བཤད། ཁྱོད་ལ་ཡིག་རྩ་ཡག་པོ་འདུག་ལ་རིག་ལམ་ཡོད་པའི་མི་རེད་འདུག འགན་ཁུར་དགོས་རེད།

    ངས་སློབ་སྦྱོང་བྱས་མྱངས་བའི་ཤྭཀྱའི་ཆོས་ལུགས་ཀྱི་དམིགས་ཡུལ་གཙོ་བོ་ནི་དྲང་བདེན་དང་རྒྱུ་འབྲས་གཞིར་བཞག་གི་ཐོག་ནས་ཉམ་ཐག་སེམས་ཅད་སྐྱོབ་ཆེད་དུ་རེད་འདུག འདི་ནི་ངའི་ཆོས་ལུགས་ཀྱི་ལྟ་གྲུབ་ཤིག་ཡིན། འཇིག་རྟེན་མི་ཆོས་ཀྱི་ཕྱོགས་ནས་བཤད་ན་ཉམ་ཆུང་རྒྱབ་ལང་དང་དཔང་རོགས་བྱེད་དགོས་པ་ནི་སྐྱེས་ཕོ་རབ་ཤིག་གི་མཚན་ཉིད་རེད་བསམས་ཀྱི་ཡོད།།

    ངའི་མི་ཚེ་འདི་ལ་་་་་ཉམ་ཆུང་མི་ཡི་གཉའ་ནས་མི་གནོན་ཞིང་། སྒེར་གཅོད་མདུན་དུ་པུས་མོ་མི་འཛུགས་པ། འདི་ནི་ཅོ་རིའི་དམ་ཚིག་དང་པོ་སྟེ། སྲོག་ལ་འབབ་ཀྱང་འབད་པས་སྲུང་ངེས་ཡིན། འགྱུར་བ་མེད།
    བོད་བཙན་པོའི་མི་རིགས་ཉམ་འདི་ལས་ཆུང་ན་དུར་འགྲོ་དང་སྐེ་འདི་ལས་ཕྲ་ན་ཡི་དྭགས་ཡིན་པའི་དེང་རབས་འདི་ལ་ང་རང་ཚོ་སེམས་ཤུགས་འཆག་མི་ཉན་བསམས་ཀྱི་འདུག ང་རང་ཚོ་ཡང་མི་རེད། མི་ལུས་ལེན་པ་འདྲ་འདྲ་རེད། འབད་བརྩོན་བྱེད། འཐབ་རྩོད་བྱེད། དྲང་བདེན་ལ་ཡིད་ཆེས་བྱེད། དངོས་ཡོད་རྒྱུ་འབྲས་ལ་བློ་བརྟེན་བྱེད་ནས་ཡིན་ད་་་་་་་ཤུགས་རྒྱོབ་ཤོག་ཨ་་ཧཧཧ

  23. བན་དེ་བ། says:
    2013-08-06 at 11:08 pm

    དྲ་གྲོགས་ཅོ་རི་ལགས་ཁྱེད་ནས་ངོས་ལ་གོ་བཀོན་སློབ་གསོ་གནང་བར་བཀའ་དྲིན་ཆེ། ང་འདི་ནས་བྲོས་རྩིས་དེ་འདྲ་གང་ཡང་མིན། ལྷག་པར་དུ་ལུང་དང་རིགས་པ་ལ་ཅུང་ཙམ་སྦྱང་ཁུལ་ཡིན། རྩོམ་འཁྱོག་ཅུང་ཙམ་རེ་ཡང་ཤེས། ཡིན་ནའང་འདི་ནས་བློ་བསྐྱེད་གསར་པ་དེ་འདྲ་གང་ཡང་མི་ཐོབ་པར་མ་ཟད། འདི་ན་མི་རིགས་དང་ཆོས་ལུགས་དབར་ལ་འགལ་ཟླ་བཟོ་མཁན་མང་བས་མ་ཟད། སྐད་ཆ་མཐོ་དམན་གང་བཤད་ཀྱང་རུང་བའི་སྨྲ་བརྗོད་ཀྱི་རང་དབང་ཞེས་མི་སྨྲ་དགུ་སྨྲ་ཞིང་དེ་དག་ལ་སྟངས་འཛིན་གནང་མཁན་དང་ཁ་བརྡའི་རྩ་ཾ་ཁྲིམས་ཞེས་སྒྲོགས་པ་ལས་དེ་ཚོར་སུ་ཞིག་གིས་ཀྱང་ལེགས་ཉེས་བདེན་རྫུན་གྱི་དབྱེ་འབྱེད་གཟུ་དཔང་མི་བྱེད་པ་འདི་ལ་ཅུང་བློ་འགྱོད་ཡོད། དེ་མིན་བོད་ཡིག་གི་ལམ་ནས་བགྲོས་གླེང་ཞུ་རྒྱུར་དགའ་བསུ་ཡོད་ལ་རྗེས་སུ་ཡི་རངས་ཀྱང་ཡོད།
    བོད་ཀྱི་གཏམ་དཔེར། ཉ་མོ་ཆུ་ཡིས་འཚོ། གྲྭ་བ་སྒྲིགས་ཀྱིས་འཚོ། ཞེས་དང། སྤྲང་པོའི་དབྱུག་པ་ལའང་མགོ་གཞུག་ཡོད་ཅེས་བཤད་པ་རེད། ལེགས་སྤེལ་ཉེས་འགོག་གི་སྐོས་བྱེད་པོ་དང་ལུགས་དང་མཐུན་པའི་བགྲོས་གླེང་གནང་ན་བོད་ཡིག་ཙམ་དུ་མ་ཟད་རང་གཞན་ཀུན་ལ་བློ་བསྐྱེད་དང་ཡར་རྒྱས་དང་ཡོང་རྒྱུ་ཉག་ཅིག་རེད།

  24. བདག་མེད། says:
    2013-08-07 at 7:20 am

    ད་ཡིན་ན་དགེ་བཤེས་ཆོས་འཁོར་ཚང་གིས་དྲྭ་འབུ་ཁ་ཤེས་ཤིག་གི་མིག་ལ་ཐལ་རྡུལ་བཏབ་འདུག་ཧཧཧ།

  25. རྒྱལ་མཚན། says:
    2014-11-01 at 2:10 am

    འཚོ་བ་འདི་ཅི་ཞིག་གི་གྲུབ་ཆ་ནས་དངོས་འཛིན་དགོས་བ་དང་། གྲུབ་ཆ་དེ་དག་གི་ང་ཚོའི་ལས་དབང་ལ་སྟངས་འཛིན་ཅི་ལྟར་བྱེད་པ་ཡིན་ནམ། ང་ཚོའི་གྲུབ་ཆ་དེ་དག་སྟངས་འཛིན་ཅི་ལྟར་བྱེད་ཐུབ་གི་རེད་དམ། མཐོང་བའམ་མྱོང་བའི་རང་བཞིན་ལ་གནས་བའི་ཚོར་སྣང་དེ་གྲུབ་ཆ་དེ་དག་གིས་སྟངས་འཛིན་ལ་དངོས་འཛིན་བྱེད་རིགས་གམ། ཡང་ན་རང་བྱུང་བའི་གྲུབ་ལུགས་ཀྱི་གནས་གཞི་ཕྲ་མོ་ཞིག་གི་གནས་ལུགས་ལ་སྦྱོར་རྒྱུ་རེད་དམ། ཡང་ན་ལྟོས་འཇོག་གི་གཞི་ཚད་ཞིག་ལ་སྦྱོར་རྒྱུ་ཡིན།

  26. ནགས་ཆོས་དུང་དཀར་པོ། says:
    2021-02-23 at 3:53 am

    དཔེ་ཡག་པོ་འདུག་ད་དུང་མང་ཙམ་གསུངས་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (78)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (7)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme