Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རླུང་གིས་འཁུར་བའི་ལོ་མ། བསོད་ནམས་ཟླ་བ།

Posted on 2013-01-102013-01-10 By ཁ་བརྡ་ 2 Comments on རླུང་གིས་འཁུར་བའི་ལོ་མ། བསོད་ནམས་ཟླ་བ།

བུ་མོ་སྙིང་རྗེ་མོ་ཞིག་རྐུབ་སྟེགས་ཞིག་གི་སྒང་བསྡད་ཐོག་ནག་ཅིང་གསལ་བའི་མིག་གཉིས་ཀྱི་མཚོ་ཆུང་དེར་ལྟ་ནས་འདུག །ང་ཡང་ཕར་ཙམ་ཀྱི་རྐུབ་སྟེགས་ཞིག་གི་ཐོག་དེབ་ཀློག་ནས་བསྡད་ཡོད། དྲང་པོ་བཤད་ན་ང་དེབ་ཀློག་གི་མེད། ངའི་སེམས་པ་ཁོ་མོ་ཕྱོགས་སུ་ཤོར་འཚར་བ་འདྲ། ཁོ་མོའི་དཀར་མདངས་ཆགས་པའི་ཞལ་རལ་དང་སྣ་གཞུང་བཟང་པོ་ཞིག་འདུག །དེ་ཏོག་ཙམ་ཡར་བཀྱགས་ནས་འོ་དྲིའི་དྲི་ངད་ལྡང་བའི་མཁའ་རླུང་ཞིག་བརྔུབས།

ང་ཚོའི་མདུན་གྱི་མཚོ་ཆུང་དེའི་ནང་གྲུ་གཟིངས་བཏང་མཁན་ཡང་མང་པོ་འདུག །གྲུ་རེ་རེའི་ནང་ཁྱོ་ཤུག་རེ་བསྡད་ནས་དགོད་སྒྲ་དང་ཅ་ཅོས་འཁེངས་འདུག །ཁོ་མོ་ད་དུང་ཡང་མཚོ་ཆུང་དེའི་ཕྱོགས་སུ་མིག་ལྟ་ནས་འདུག །བྱ་འགུལ་དང་དགའ་སྡུག་གི་རྣམ་འགྱུར་གཅིག་ཀྱང་མངོན་རྒྱུ་མིན་འདུག །ང་དང་ཁོ་མོའི་བར་རྒྱང་ཐག་མི་ཊར་(meter)གསུམ་དང་ཕྱེད་ཙམ་ཡོད་ཀྱང་རིང་ལ་འགྱེན་དུ་འཕྱུར་བའི་རྫི་མ་དེ་དག་མངོན་གསལ་འདོད་པོ་མཐོང་ཐུབ་ཀྱི་འདུགངས་ཡང་བསྐྱར་དེབ་ཀློག་ཐབས་བྱས་ཀྱིན་མཚམས་མཚམས་བུ་མོ་དེའི་ཕྱོགས་སུ་བལྟས། ཆུ་ཚོད་ཕྱེད་ཀ་ཕྱིན་རྗེས། ནག་ཁུང་ཡང་ཆགས་གྲབ་འདུག། མཚོའི་མཐར་ལག་པ་འཐམ་ནས་འགྲོ་མཁན་ཁྱོ་ཤུག་རེ་གཉིས་དང་། དགོང་འདྲོ་མཚམས་སྤྲིན་ལ་རོལ་མཁན་འགའ་ཤས་མ་ཏོག །ད་གིན་མཚོ་ཆུང་སྒང་དུ་གྲུ་གཟིངས་བཏང་མཁན་རྣམས་ད་ཆ་མཐོང་རྒྱུ་མེད་པར་འགྱུར། ཉི་མ་ལ་ཁར་བཞུད་ལ་ཉེ་ཡང་མཚོ་ཆུང་དེའི་འཁོར་ར་འཁོར་ཡུག་དུ་སེར་མདངས་ཀྱི་འོད་ཀྱིས་འཁེངས་ཞིང་སྔར་བས་མཛེས་པར་བྱས།ངས་དེབ་དེ་རང་གི་རྒྱབ་ཁུག་ནང་བླུགས། ཡར་ལངས་ནས་མཚོ་ཆུང་འགྲམ་དུ་དེ་བས་ཉེ་བ་ཕྱིན། རྒྱབ་ལ་ཁ་བསློགས་པ་དང་བུ་མོ་དེ་ཡང་རང་གི་སྡོད་སའི་རྐུབ་སྟེགས་ལས་ལངས་ནས་གོམ་པ་གང་སྤོས་ཟིན་འདུག །ཐུར་དུ་བཅངས་པའི་ཁོ་མོའི་རྒྱ་ལྕང་ལྟ་བུའི་སྐྲ་ལོ་ནག་པོ་དང་། སྨད་ལ་གྱོན་པའི་སྦྱར་མ་སྔོ་དཀར་ཅན་དེ་གཉིས་དགོང་དྲོའི་བསིལ་རླུང་དང་བསྡེབས་ཏེ་ལྷོག་ལྷོག་ཏུ་གཡོ་བ་ནི་ཇི་འདྲའི་མཚར་བ་ལགས་ཨང་། ཡིན་ཡང་གནད་དོན་གཅིག་གིས་ངའི་སེམས་པར་ན་ཟུག་ཞིག་བཏབས་་་་་་་་ཁོ་མོའི་མིག་ཆུ།

ཁོ་མོ་མིག་ཆུ་བཏང་བཞིན་འགྲམ་པ་གཉིས་ཀ་བརླན་འདུག །ཁོ་མོ་ཡིད་སྐྱོ་བ་ཤེས་བྱུང་། ཡིན་ཡང་གནས་ཚུལ་གང་ཞིག་གི་དོན་རྐྱེན་ཡིན་ནམ།  ཁོ་མོས་རང་སེམས་གནན་ཐབས་ཇི་ལྟར་བྱས་ཀྱང་ཐབས་ཤེས་མེད་པར་དེ་ལྟར་ངུ་ཤོར་བ་འདྲ།

དེ་གར་ལངས་མུར་རྡོ་ཤེལ་གྱི་ཕྲིང་ཐག་ཆད་པ་ལྟར་མིག་ཆུ་རེ་རེ་ཁོ་མོ་མིག་ནས་འགྲམ་པར་བབས་པ་དེ་ནས་སའི་ནང་རིམ་པས་འཐིམས་ཀྱང་ཁོ་མའི་སེམས་སྡུག་དེ་གར་ལྷག །མིག་ཆུ་བཞིན་དུ་ཁོ་མོའི་སེམས་སྡུག་མ་ལུས་ཀྱང་ས་གཞི་ཆེན་པོ་དེས་ལེན་རོགས་བྱེད་ན་ཅི་མ་རུང་སྙམ།

ང་དེ་གར་ལངས་ནས་ཁོ་མོར་ལྟ་ནས་བསྡད་ཡོད། ཡིན་ཡང་ཁོ་མོས་ང་མ་མཐོང་། གཅིག་བྱས་ན་དེ་ལྟར་མ་མཐོང་བས་ལེགས། ངས་ཁོ་མའི་སྙིང་གི་རྨ་ཁ་གསོ་ཡང་ག་ལ་ཐུབ། 

 

བརྩམས་སྒྲུང་།

Post navigation

Previous Post: ༄༅། །ས་སྐྱ་ཕུན་ཚོགས་ཕོ་བྲང་བདག་ཆེན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་མཆོག་དགུང་གྲངས་གྱ་ལྔ་བཞེས་པ་ལ་བརྟན་བཞུགས་གསོལ་འདེབས་དད་པའི་ས་བོན་ཞེས་བྱ་བ་བཞུགས་སོ།།
Next Post: གང་བྱུང་ལ་དགའ་བ་སྒོམ་པའི་མན་ངག་གི་སྙིང་པོ། རྒྱལ་སྲས་ཐོགས་མེད་བཟང་པོ།

Comments (2) on “རླུང་གིས་འཁུར་བའི་ལོ་མ། བསོད་ནམས་ཟླ་བ།”

  1. བདེ་གྲོལ། says:
    2013-01-10 at 10:11 am

    སྐྱེས་པའི་མིག་ལ་བུད་མེད་ཇི་འདྲས་མཛེས་ཤིང་ཇི་ཙམ་བསྟད་ནའང་། བུད་མེད་ལ་མཐོང་ཆུང་དང་དམའ་འབེབས་ཀྱི་བསམ་བློ་དེ་ད་དུང་ཡང་དོར་ཐུབ་མེད། དེ་ནི་ཞོགས་དུང་སོགས་ཀྱིས་བཤད་པའི་བག་ཆགས་རྙིང་པ་དེ་རེད་སྙམ། བག་ཆགས་རྙིང་པ་དེས་སྐྱེ་བོ་རྣམས་བདེ་བར་འཚོ་རུ་འཇུག་གིན་མེད། འདི་ནི་ངས་ལོ་མང་རིང་བསམ་གཞིག་བྱས་པའི་གྲུབ་དོན་ཡིན་ལ། ཞོགས་དུང་གི་སྐད་ཆར་གླན་ཀ་བྱས་པའི་ནོངས་འགྱོད་ཡིན།

  2. བོད་ལ་དགའ། says:
    2013-01-11 at 11:27 am

    རྩོམ་ཡིག་འདི་སྐད་རིགས་གཞན་ནས་བསྒྱུར་བ་ཞིག་ཡིན་པ་འདྲ།་་་་འགྱུར་ཡག་པོ་བྱུང་མི་འདུག་་་་ཁ་བརྡས་ཡིག་ནོར་ཀྱང་མ་བཅོས་པར་འཇོག་དོན་ཅི་ཡིན།་་་
    གལ་སྲིད་ལོ་ཆུང་བྱིས་པ་ཞིག་གིས་བྲིས་པ་ཡིན་ཚེ།་་་་དེ་ཡང་འཇོག་འོས་པ་ཞིག་རེད།་་་ཡིན་ནའང་།་དམིགས་བསལ་ལེ་ཚན་ཞིག་བཞག་ན་ཡག་པོ་མེད་འགྲོ།་་་
    གཟེངས་སུ་ཐོན་པའི་རྩོམ་ཡིག་འདྲ་མིན་ཚེ།་སྒྱུར་མཁན་གྱིས་ཀྱང་དཀའ་ལས་རྒྱག་གི་མ་རེད་ལ།་འདིར་འགོད་དགོས་དོན་ཀྱང་མི་འདུག་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme