Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྭ་རྒྱ་ཤེས་རིག་ནོར་གླིང་སྒོ་བརྒྱབ་བཅུག་པའི་གནད་དོན་གཙོ་བོ་གང་དག་ཡིན་ནམ།

Posted on 2024-08-122024-08-12 By ཁ་བརྡ་ 1 Comment on རྭ་རྒྱ་ཤེས་རིག་ནོར་གླིང་སྒོ་བརྒྱབ་བཅུག་པའི་གནད་དོན་གཙོ་བོ་གང་དག་ཡིན་ནམ།
གསལ་བཤད། (འདི་བྲིས་ནས་བདུན་ཕྲག་གཉིས་ལྷག་ཕྱིན་སོང་། )
མགོ་ལོག་དཔལ་ལྡན།
རྒྱ་ནག་གཞུང་གིས་རྭ་རྒྱ་ཤེས་རིག་ནོར་གླིང་བཙན་གྱིས་སྒོ་བརྒྱབ་པའི་མཇུག་མཐའི་མཛད་སྒོའི་ཐོག་དགེ་སློབ་རྣམས་ཀྱིས་སྐྱོ་གདུང་གི་མིག་ཆུ་ཨུ་ཚུགས་ཀྱིས་བསྲན་ཡང་འཐོར་མཐར། དགེ་སློབ་རྣམས་ཀྱིས་ལྷན་གཅིག་ཏུ་མི་ལོ་སུམ་ཅུའི་རིང་བོད་ཀྱི་སྐད་ཡིག་གི་ལོ་འདབ་རྒྱས་པའི་སློབ་གླིང་གི་རྒྱལ་སྒོ་རུ་ཁ་བཏགས་འདོགས་པ། བསང་ཕུད་པ། དེ་བཞིན་རླུང་རྟ་སོགས་མཆོད་ནས་ཆེས་མཐའ་མཇུག་གི་བདེ་མོ་བཞག་རྗེས། རྭ་རྒྱ་ཤེས་རིག་ནོར་གླིང་གསར་འཛུགས་མཁན་རྒན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བོད་རྒྱ་གཉིས་ཀྱི་ནང་གནས་ཚུལ་གསལ་བཤད་ཅིག་བྱས་པའི་ཁྲོད། རྭ་རྒྱ་ཤེས་རིག་ནོར་གླིང་ལས་མཚམས་བཞག་ཡོད་ཀྱང་། སློབ་གྲྭ་དེའི་མཐོ་འབྲིང་སློབ་མ་རྣམས་ཁུལ་གྱི་ལས་རིགས་སློབ་གྲྭ་ཞུགས་ཆོག་པ་དང་། མཐོ་འབྲིང་སློབ་མ་རྣམས་ཁུལ་གྱི་སློབ་གྲྭར་ཞུགས་ཆོག་པ། མཐོ་འབྲིང་ལ་མ་སླེབས་པའི་སློབ་མ་རྣམས་ཀྱང་ཁུལ་གྱི་ལས་རིགས་སློབ་གྲྭ་ཁག་ཏུ་གསར་ཞུགས་བྱེད་ཆོག་པའི་མིང་ཐོ་བཀོད་ཡོད། དེ་བཞིན་དགེ་རྣམས་ཀྱང་སློབ་གྲྭ་ལ་བཞག་པའི་གན་རྒྱ་ལྟར་ཁུལ་ལས་རིགས་ལས་རྩལ་སློབ་གྲྭའི་ནང་དུ་ལས་ཞུགས་བྱེད་ཆོག་པའི་ལས་གཞི་གྲོས་འཆམ་བྱུང་ཡོད། ཅེས་གསལ་འདུག
འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས། ཉེ་ལམ་རྒྱ་ནག་གཞུང་གིས་སློབ་གྲྭ་སྒོ་བརྒྱབ་པ་དེས། སློབ་གྲྭ་དེ་གའི་དགེ་སློབ་རྣམས་ཀྱི་སེམས་པ་ཟིང་ཟིང་ལང་ལོང་དུ་འགྱུར་བཅུག་ཡོད་པའི་ཁར། སློབ་མ་དག་ཀྱང་ལས་རིགས་སློབ་གྲྭ་གཞན་ལ་ཞུགས་ཀྱིན་ཡོད་པའི་གནས་ཚུལ་གང་ཡང་གོ་ཐོས་མེད་པར། སློབ་མ་རྣམས་རང་གནས་སུ་ལོག་ཟིན་ཡོད་སྐོར་དང་། སྤྱིར་ཟླ་བདུན་པར་བོད་ནང་གི་སློབ་གྲྭ་མང་དག་ཅིག་དབྱར་གནང་གཏོང་གིན་ཡོད་པས། དབྱར་གནང་ཚར་རྗེས་སློབ་མ་དེ་དག་ལ་བརྡ་རེ་ཡོང་གི་ཡོད་ན་མ་གཏོགས། ད་ལྟ་ལས་རིགས་སློབ་གྲྭ་ཁག་ལ་ཞུགས་དགོས་པའི་བརྡ་ཐོ་གང་ཡང་མི་འདུག ཅེས་དང་། དེང་གི་ཆར་བོད་ནང་གི་རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་དང་ལས་རིགས་སློབ་གྲྭ་མང་དག་ཅིག་གུང་སེང་དུ་གཏོང་མུས་ཡིན་ཡང་། རྒྱ་ནག་གཞུང་གིས་དབྱེ་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་ཁུལ་གྱི་ས་གནས་ཁ་ཤས་ཀྱི་སློབ་མ་རྣམས། སློབ་མའི་དབྱར་དུས་ཀྱི་དམག་སྦྱོང་ཟེར་བ་ཞིག་གི་སྲིད་ཇུས་འོག་ནས་དམག་སྦྱོང་བྱེད་དུ་འཁྲིད་ཡོད་པ་དང་། དེ་བཞིན་ས་གནས་གཞན་དང་གཞན་དུ་སྐྱོད་མཁན་གྱི་སློབ་མ་དག་དབྱར་སེང་སྐབས། བོད་སྐད་ཡིག་གི་གསབ་སྦྱོང་སོགས་ཀྱི་ནང་མཉམ་ཞུགས་བྱ་མི་ཆོག་སྐོར་བཤད་ཡོད་སྐོར་སོགས་བརྗོད་བྱུང་།
སྤྱིར་རྒྱ་ནག་གཞུང་གིས་ལོ་མང་རིང་ནས་མགོ་ལོག་ཁུལ་གྱི་དམར་ཤོག་དྲུང་ཆེ་ལས་ཐོག་སོགས་ཀྱིས་སློབ་གྲྭ་འདི་སྒོ་རྒྱག་ཐབས་སུ་ངན་ཇུས་ཡོད་རྒུ་བཏོན་ཏེ་ཁྲིམས་གཏུགས་དང་། དེ་བཞིན་རྭ་རྒྱ་ཤེས་རིག་ནོར་གླིང་གི་སློབ་མ་ཚོས་བཙུགས་པའི་ཕ་སྐད་གཙང་མའི་ཚོགས་པའི་ལས་རྟགས་ངོས་ཀྱི་ནོར་བུ་དང་སེངྒེ་ནི་བོད་ཀྱི་རྒྱལ་དར་གྱི་མཚོན་རྟགས་ཤིག་ཡིན་པའི་བསྙོན་འཛུགས། དེ་བཞིན་རྭ་རྒྱ་ཤེས་རིག་ནོར་བུ་གླིང་དེ་ལས་རིགས་ལག་རྩལ་གྱི་ཆེད་དམིགས་སློབ་གྲྭ་ཚད་ལྡན་ཞིག་གི་མཐུན་རྐྱེན་ཚང་མེད་ལུགས་ཀྱི་སྐྱོན་ཆ་བཏོན་མཐར། ཟླ་འདིའི་ཕྱི་ཚེས ༡༤ ཉིན་རྒྱ་ནག་གཞུང་གིས་བཙན་གྱིས་སྒོ་བརྒྱབ་བཅུག་པས། བོད་ཕྱི་ནང་གཉིས་ཀྱི་བོད་མི་དང་ལྷག་པར་བོད་ཀྱི་སྐད་ཡིག་ལ་དགའ་ཞེན་ཡོད་པའི་ཤེས་ཡོན་པ་མང་དག་ཅིག་གིས་གློ་བུར་དུ་དང་ལེན་བྱ་དཀའ་བའི་གནས་ཚུལ་ཞིག་ཏུ་གྱུར་བ་ཡོད་པས། འདི་གས་རྒྱུན་ལོན་བྱས་པ་བརྒྱུད། ཕྱི་ལོ་ ༡༩༩༣ ནས་ ༢༠༡༣ བར་ཀུན་ཕན་ཐེབས་རྩ་ཚོགས་པས་རོགས་སྐྱོར་བརྒྱུད། བོད་ནང་གི་སློབ་མ་ ༥༠༠༠ ལྷག་ལ་ཤེས་ཡོན་གྱི་ཐད་ནས་རོགས་འདེགས་བྱས་པའི་ཁྲོད་སློབ་མ་གྲངས་ ༤༧༦༤ ཡིས་ལག་ཁྱེར་ཚད་བླངས་ཡོད་ཅིང་། དགེ་རྒན་གྲངས ༣༥༠༠ ལྷག་ལ་སློབ་ཁྲིད་ཐབས་ལམ་གོང་མཐར་གཏོང་སྟངས་ཀྱི་སྦྱོང་བརྡར་སོགས་སྤྲད་འདུག་ལ། ཐེབས་རྩ་ཁང་དེས་རྭ་རྒྱ་ཤེས་རིག་ནོར་གླིང་དུ་བོད་སྐད་ཡིག་གི་སྦྱོང་སྤྱོད་སྤེལ་གསུམ་བྱས་པར་རོགས་འདེགས་སླད། རོགས་དངུལ་མང་གཅིག་སྤྲད་ནས་ཆེད་ལས་ལས་རིགས་སློབ་གྲྭ་ཚད་ལྡན་གྱི་མཐུན་རྐྱེན་བསྐྲུན་ཐབས་ཡོད་པ་མ་ཟད། ཀུན་ཕན་ཐེབས་རྩ་ཁང་གཙོས་རོགས་ཚོགས་གཞན་ནས་རོགས་དངུལ་བླངས་པ་བརྒྱུད། ཕྱོགས་ཡོངས་ནས་ཆེད་ལས་ལས་རིགས་སློབ་གྲྭའི་མཐུན་རྐྱེན་སྔར་མེད་བསྐྲུན་ཐབས་བྱས་ནའང་། ཕྱི་ལོ་ ༢༠༠༨ ཙམ་ནས་རྒྱ་ནག་གཞུང་གིས་རྭ་རྒྱ་ཤེས་རིག་སློབ་གླིང་གིས་ཀུན་ཕན་ཐེབས་རྩ་ནས་རོགས་དངུལ་བླངས་ཏེ། བོད་ཕྲུག་རྣམས་བོད་ཀྱི་སྐད་ཡིག་སོགས་ཆེད་སྦྱོང་བྱས་པའི་རོགས་དངུལ་བཀག་སྡོམ་བྱས་ནས་། ཐེབས་རྩ་ཁང་དེའི་རོགས་དངུལ་བླང་བཅུག་མེད་པས། ཉེ་ལམ་རྒྱ་ནག་གཞུང་གིས་རོགས་ཚོགས་ཀྱི་རོགས་དངུལ་བཀག་སྡོམ་བྱས་ནས། རྭ་རྒྱ་ཤེས་རིག་ནོར་གླིང་ལ་ཆེད་སྦྱོང་ལས་རིགས་སློབ་གྲྭའི་མཐུན་རྐྱེན་ཚང་གི་མེད་ལུགས་བཤད་པ་ནི་ཁ་གཡར་ཙམ་ཁོ་ན་ཡིན་པའི་ཚོད་དཔག་བྱེད་མཁན་མང་དག་ཅིག་འབྱུང་གི་འདུག
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་བཞི་པའི་ནང་། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྱད་ཆོས་དང་དགོས་མཁོ་གཞིར་བཟུང་སྟེ་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་དཔལ་འབྱོར་དང་རིག་གནས་འཕེལ་ཚད་ཇེ་མགྱོགས་སུ་གཏོང་རོགས་བྱ་རྒྱུ། མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་བའི་རང་དབང་ཡོད་པ་དང༌། ཚང་མར་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་འཛིན་སྐྱོང་ངམ་སྒྱུར་བཅོས་གང་བྱེད་ཀྱི་རང་དབང་ཡོད། ཅེས་གསལ་ཡོད་པ་བཞིན། ཕྱི་ལོ་ ༢༠༠༢ ཡས་མས་ཤིག་ནས་རྭ་རྒྱ་ཤེས་རིག་ནོར་གླིང་གི་དགེ་རྒན་ཆེན་པོ་ལྡོང་ཡོན་ཏན་རྒྱ་མཚོ་ལགས་སོགས་ཀྱིས་སྣེ་འཁྲིད་པའི་ཕ་སྐད་གཙང་མའི་སྐད་ཡིག་ཚོགས་པ་ཞིག་བཙུགས་ཏེ། ཚོགས་པ་དེས་ལོ་རེ་བཞིན་ཐ་སྙད་གསར་པའི་མིང་ཚིག་ཕྱོགས་སྒྲིག་དང་། སྐད་ཡིག་ལག་དེབ་སོགས་དཔར་སྐྲུན། སློབ་གྲྭའི་ནང་བོད་སྐད་གཙང་མ་ལས་སྦྲགས་སྐད་བཤད་རྒྱུར་ཚོད་འཛིན་ཤུགས་ཆེན་བྱས་པའི་ཕ་སྐད་གཙང་མའི་ལས་འགུལ་ཞིག་སྤེལ་གྱི་ཡོད་ཅིང་། བདུན་རེའི་རེས་གཟའ་སྤེན་པའི་ཉིན་གྱི་ཞོགས་ཚོགས་རྟག་པར། སྦྲགས་སྐད་འཆད་མཁན་མང་ཤོས་ཀྱི་འཛིན་གྲྭ་ལ་སྐད་ཡིག་ཚོགས་པའི་དར་ནག་དང་། ཕ་སྐད་གཙང་མ་འཆད་མཁན་གྱི་འཛིན་གྲྭ་ཡག་ཤོས་དེར་གཟི་བརྗིད་ལྡན་པའི་དར་དམར་ཞིག་སྤྲད་དེ། བདུན་རེ་རེའི་མཚམས་ནས་ཕ་སྐད་གཙང་མའི་གྲུབ་འབྲས་ལ་གཞིགས་ནས། ཕ་སྐད་གཙང་མའི་དར་དམར་དང་། སྦྲགས་སྐད་ཀྱི་དར་ནག་གཉིས་བླང་དགོས་ཀྱི་འདུག་ལ། འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། རྭ་རྒྱ་ཤེས་རིག་ནོར་གླིང་གི་ཕ་སྐད་གཙང་མའི་འཕྲེད་དར་དང་ཤེས་རིག་བགྲོ་གླེང་གི་དར་ཆ་གཉིས་ནི་སློབ་མ་རྣམས་ཀྱིས་རྣོ་ངར་ཆེན་པོས་འགྲན་རྩོད་བྱས་པའི་དར་ཆ་གཉིས་ཡིན་སྐོར་དང་། ཡང་འབྲེལ་ཡོད་གཞན་ཞིག་གིས། རྭ་རྒྱ་ཤེས་རིག་ནོར་གླིང་ནི་བོད་ཆོལ་ཁ་གསུམ་གྱི་སློབ་མ་མཉམ་བསྡུ་བྱེད་སའི་ཤེས་རིག་གི་སྐྱེད་ཚལ་ཞིག་ཡིན་པས། ཕྱི་ལོ་ ༢༠༠༨ རྗེས་ནས་རྭ་རྒྱ་ཤེས་རིག་ནོར་གླིང་དུ་སྦྲགས་སྐད་དོར་ནས་ཕ་སྐད་གཙང་མ་བཤད་པའི་ལས་འགུལ་དེས། བོད་ཆོལ་ཁ་གསུམ་དུ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ནས། རིམ་པས་བོད་ནང་གི་ཤེས་ཡོན་སྡེ་ཁག་དང་། རོང་འབྲོག་མང་ཚོགས་ཀྱི་ཁྲོད་ཕ་སྐད་གཙང་མ་བཤད་པའི་མི་མང་རང་བཞིན་གྱི་ལས་འགུལ་ཞིག་ཆར་རྗེས་ཤ་མོང་བརྡོལ་བ་བཞིན་སྤེལ་ཡོད་སྐོར་སོགས་བརྗོད་བྱུང་། སྤྱིར་འདས་པའི་ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་བོད་སྐད་ཡིག་སྦྱོང་སྤྱོད་བྱེད་པར་དམ་དྲག་དང་། བོད་ཀྱི་སྐད་ཡིག་ཆེད་སྦྱོང་བ་དང་། སྙན་ངག་པ། རྩོམ་པ་པོ་སོགས་ལ་སྔར་ལས་ལྷག་པའི་དམ་དྲག་དང་སོ་ཉུལ་བྱེད་མུས་ཡིན་པ་རེད།
དེ་བཞིན་རྒན་འཇིགས་མེད་རྒྱལ་མཚན་ལགས་གངས་ལྗོངས་འབྲོག་ལས་མཐུན་གཉེར་ཁང་དང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཚོང་ལས་ཚོགས་པའི་དབུ་འཛིན་ཡིན་པར་ཁ་གཡར་ཏེ་དངུལ་ལྐོག་ཟ་བྱས་ཡོད་ཚུལ་གྱི་གཞི་མེད་སྐྱོན་འཛུགས་བྱས་ཡོད་ཀྱང་། ཁྲིམས་ཐོག་ནས་ནག་ཉེས་གང་ཡང་མེད་པ་གསལ་པོ་ཆགས་ཟིན་ཡོད་འདུག ཡིན་ནའང་སློབ་གྲྭ་སྒོ་རྒྱག་ཐབས་ཀྱི་བསྙོན་འཛུགས་རབ་དང་རིམ་པར་བྱས་རྗེས། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༨ ཉིན་རྒན་འཇིགས་མེད་རྒྱལ་མཚན་ལགས་ནས་ཁྲིམས་ཐོག་ནས་སློབ་གྲྭར་རྒྱལ་ཁ་ཐོབ་ཡོད་པའི་རྩོམ་ཡིག་ཅིག་སྤེལ་འདུག་ལ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་གི་འཕྲིན་སྟེགས་སོགས་སུ་རྭ་རྒྱ་ཤེས་རིག་ནོར་གླིང་དང་འབྲེལ་བའི་གནས་ཚུལ་ཚང་མ་ནག་བསུབས་སུ་བཏང་ཡོད་པ་མ་ཟད། རྒན་འཇིགས་མེད་རྒྱལ་མཚན་ལགས་ཀྱི་སྐད་ཡིག་དང་། རིག་གཞུང་། སློབ་གསོ་སོགས་དང་འབྲེལ་བའི་གཏམ་བཤད་མང་ཅིག་དྲ་ལམ་ནས་ཕབ་ལེན་བྱ་མི་ཐུབ་པ་བཟོས་ཡོད་འདུག
རྭ་རྒྱ་ཤེས་རིག་ནོར་གླིང་དུ་སློབ་དཔོན་དམ་པ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་། སློབ་དཔོན་ཆེན་མོ་ཤེས་རབ་བསྟན་དར་ལགས། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ལགས་སོགས་དགེ་རྒན་དང་ལས་བཟོ་བ་བཅས་ ༥༨ དང་། ཁྱོན་སློབ་མ་ ༡༤༠༠ ཙམ་ཡོད་འདུག་ལ། སློབ་གླིང་དེར་བོད་ཡིག་ཆེད་སྦྱོང་འཛིན་གྲྭ་དང་། དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭ། གློག་ཀླད་ཆེད་སྦྱོང་འཛིན་གྲྭ། བཟོ་རིག་ཆེད་སྦྱོང་འཛིན་གྲྭ། གསོ་རིག་ཆེད་སྦྱོང་འཛིན་གྲྭ། བརྙན་ལེན་ཆེད་སྦྱོང་འཛིན་གྲྭ། ལུས་རྩལ་ཆེད་སྦྱོང་འཛིན་གྲྭ་བཅས་ཆེད་སྦྱོང་འཛིན་གྲྭ་ ༧ དུ་ཕྱེ་ཡོད་ལ། ༡༩༩༤ ནས་ད་ལྟ་བར་དུ་ཉུང་མཐར་མཐར་ཕྱིན་སློབ་མ ༢༣༠༠ ལྷག་བསླབ་པ་མཐར་སོན་ཏེ། ཉུང་མཐར་སློབ་ཆེན་སློབ་མ། ༨༠༠ དང་། ཞིབ་འཇུག་སློབ་མ་ ༥༠ ལྷག སྨན་པ་ ༩༠ ཙམ། གཞུང་ཞབས་པ་ ༡༡༠ ལྷག སློབ་ཆེན་གྱི་དགེ་རྒན་ཚུད་པའི་དགེ་རྒན་གྲངས་ ༢༥༠ ཙམ། སློབ་གཙོ་ ༡༣ ལྷག དགོན་པའི་ལས་གཉེར་བ་ ༡༡༠ ལྷག་དང་། ཁེ་ལས་གཉེར་མཁན་ ༢༦༠ ལྷག་གསོ་སྐྱོང་གནང་ཡོད་འདུག
གཞན་ཡང་། ཕྱི་ལོ་ ༢༠༢༡ ལོ་གཅིག་པུར་རྒྱ་ནག་གཞུང་གིས་སེང་འབྲུག་སྟག་རྩེའི་བཅའ་སྡོད་སློབ་གཙོས་མགོ་ལོག་རྨ་ཆེན་རྫོང་ནས་སློབ་གྲྭ་གསུམ་དང་། དགའ་བདེ་ནས་སློབ་གྲྭ་གཅིག གཅིག་སྒྲིལ་གྱི་སློབ་གྲྭ་གཉིས་དང་། དགེ་ལྡན་ནང་བསྟན་སློབ་གྲྭ། དེ་བཞིན་ཕྱི་ལོ ༢༠༢༢ ལོར་་རྫ་སེར་ཤུལ་རྫོང་གི་སྒེར་བཙུགས་སློབ་གྲྭ་ཁག་ཅིག་སྒོ་བརྒྱག་བཅུག་ཡོད་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། འདས་པའི་ལོ་ཤས་གོང་ནས་ཏང་གི་ཚོགས་ཆེན་ཉི་ཤུའི་དགོངས་པ་ཟེར་བ་དང་། རྒྱའི་སྤྱི་སྐད་སློབ་གསོ་ཟེར་བའི་སྲིད་ཇུས་སྣ་མང་ཞིག་གི་འོག་ནས། བོད་མགོ་ལོག་ཁུལ་དང་། རྔ་བ་ཁུལ། དཀར་མཛེས་ཁུལ་སོགས་ཀྱི་སློབ་གྲྭ་མང་པོའི་ནང་བོད་ཡིག་སློབ་ཚན་སློབ་ཁྲིད་བྱེད་མཚམས་བཞག་བཅུག་ཡོད་ལ། འདི་གའི་གསར་འགོད་པར་བོད་ནང་ནས་བརྙན་ཐུང་ཁག་ཅིག་འབྱོར་བའི་ནང་། དབྱར་སེང་དུ་ཡོང་བའི་སློབ་མ་དག་གིས་རྒྱ་སྐད་ཐོགས་མེད་དུ་བཤད་ཐུབ་ནའང་། བོད་སྐད་གཙང་མ་ཞིག་བཤད་མི་ཐུབ་པའི་ཁར། བོད་ཀྱི་རིག་གནས་སོགས་ཀྱི་སྐོར་ལ་སྐད་ཆ་འདྲི་སྐབས། འདྲི་ཚིག་དེ་དག་རྒྱ་ཡིག་གི་ལམ་ནས་འདྲི་དགོས་པ་ཚད་ལ་སླེབས་འདུག་ལ། འདི་གའི་གསར་འགོད་པས་རྒྱུན་ལོན་བྱས་པ་བརྒྱུད། ཕྱི་ལོ་ ༢༠༢༡ ཙམ་ནས་རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་གྱི་བོད་ཡིག་སློབ་ཁྲིད་བྱེད་མུས་ཡིན་པའི་སྒེར་བཙུགས་སློབ་གྲྭ་རྣམས་སྒོ་བརྒྱག་བཅུག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག
རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནི་ཕྱི་ལོ་ ༡༩༩༤ ཟླ་ ༨ པར་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་ཟེར་བས་ཆོག་མཆན་སྤྲད་དེ་དངོས་སུ་བཙུགས་ཤིང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆེས་ཐོག་མའི་སྒེར་བཙུགས་སློབ་གྲྭ་དེ་ཡིན་འདུག ཕྱི་ལོ ༢༠༠༡ ལོའི་ཟླ་ ༤ ཚེས་ ༡༤ཉིན་ཁུལ་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་དེ་ཆེད་ལས་མཐོ་འབྲིང་དུ་བསྒྱུར། ༢༠༠༣ ལོར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ཟེར་བས་དམངས་ཁྲོད་དོ་དམ་རྩ་འཛུགས་ཀྱི་དམངས་ཕན་ལས་ཁུངས་སུ་བདམས། ༢༠༠༦ ལོའི་ཟླ་ ༣ ཚེས་ ༧ ཉིན་ཀྲུང་ཧྭ་ཆེད་ལས་སློབ་གསོ་སྡེ་ཁག་གིས་ཀྲུང་ཧྭ་ཆེད་ལས་སློབ་གསོའི་མཚོ་སྔོན་ཚོད་ལྟའི་སློབ་གྲྭ་རུ་བསྒྱུར་བ་སོགས་ཁྲིམས་མཐུན་ལུགས་མཐུན་གྱིས་གཉེར་བའི་སློབ་གྲྭ་ཞིག་ཡིན་ལ། ཆེད་ལས་ལས་རིགས་སློབ་གྲྭའི་དེས་བོད་ཀྱི་སྐད་ཡིག་ཆེད་མཁས་པ་དང་། དགེ་རྒན། ཁེ་ལས་བ། སློབ་གསོ་བ་མང་དག་ཅིག་སྐྱེད་སྲིང་བྱས་ཡོད།
གསལ་བཤད།

Post navigation

Previous Post: ཉེ་ལམ་སྤྱ་ིཟླ་བདུན་པའི་ཚེས་ ༡༣ ནས་ཚེས་ ༡༥ བར་ཁེ་ན་ཌར་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པ་ཟེར་བ་ཚོགས་པའི་སྐོར་ལ་དཔྱད་པའི་གཏམ།
Next Post: <<གསོན་པར་འཚོ་དུས།>> བཀླགས་པའི་མྱོང་ཚོར། 

Comments (1) on “རྭ་རྒྱ་ཤེས་རིག་ནོར་གླིང་སྒོ་བརྒྱབ་བཅུག་པའི་གནད་དོན་གཙོ་བོ་གང་དག་ཡིན་ནམ།”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2024-08-12 at 4:17 am

    རྒྱ་མིའི་བོད་ནང་བོད་ཀྱི་སྐད་ཡིག་རིག་གཞུང་ཆེད་དུ་དམིགས་ནས་རྩ་མེད་བཟོ་བཞིན་པ་དང་རང་དབང་ལུང་པའི་་ནང་ཡོད་པའི་ང་ཚོ་བོད་མི་ཚོའི་ནུབ་ཕྱོགས་ལུང་པའི་སྐད་ཡིག་དང་རིག་གཞུང་གི་རྗེས་སུ་ཁ་ཕྱོགས་ནས་རང་གི་ཕ་མེས་ཀྱི་སྐད་ཡིག་རིག་གཞུང་ལ་ཉམས་ཆགས་ཕྱིན་ན་དེ་ནི་ཤིན་ཏུ་ནས་ཕང་པོ་ཡིན་པས་བློ་ལྡན་བོད་མི་བསམ་ཡོད་རང་དབང་ལུང་པའི་ནང་ཡོད་པ་ང་ཚོ་ཚང་མ་རིག་པ་འགྲིམས་དགོས་པའི་དུས་ལ་སླེབས་མི་འདུག་གམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (60)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme