Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྫོང་སར་མཁན་ཆེན་ཀུན་དགའ་དབང་ཕྱུག་རྗེས་དྲན།

Posted on 2017-05-17 By ཁ་བརྡ No Comments on རྫོང་སར་མཁན་ཆེན་ཀུན་དགའ་དབང་ཕྱུག་རྗེས་དྲན།

unnamedརྫ་ཚེ་རིང་བཀྲ་ཤིས།

 

དེ་ཡང་ངས་ཉིས་སྟོང་དྲུག་གི་ལོའི་དུས་དབང་ཆེན་མོའི་སྔ་གཞུག་གི་འཁོར་ལམ་ནས་བཙན་བྱོལ་མིའི་གཞུང་འབྲེལ་ཤེས་བྱ་དུས་དེབ་བརྒྱུད་ལེགས་འགྲུབ་བྱུང་མ་ཐག་པའི་ཅོན་ཏ་ར་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་དང་མཁན་རིན་པོ་ཆེའི་སྐོར་ལ་ཐོག་མའི་ཤེས་རྟོགས་བྱུང༌། 

དུས་དེབ་དེར་༧གོང་ས་མཆོག་དབུ་འབྱེད་ཆིབས་བསྒྱུར་གྱི་སྐོར་ངོ་སྤྲོད་དང་སྦྲག་ལོ་ན་བགྲེས་པའི་མཁན་ཆེན་ཀུན་དགའ་དབང་ཕྱུག་ཅེས་པ་ཞིག་གི་སྣང་བརྙན་ནན་བརྗོད་བྱེད་བཞིན་པ་དེར་དམིགས་ཀྱིས་དོ་སྣང་བྱུང༌། དེ་ནས་རང་ཉིད་རྒྱ་གར་དུ་འདུག་གཏན་ཁེལ་བའི་ལོ་ཟླ་འདི་དག་གི་ཁྲོད་ནས་ཀྱང་རྫོང་སར་རིགས་པའི་མ་ཡུམ་ཁོ་ན་རང་གི་བསམ་བློ་དང་ཤེས་ཡོན་གྱི་མྱུ་གུ་སླར་གསོ་བྱེད་པའི་ཞིང་ས་རུ་བདམ་པ་ཡིན་ལ། དེ་བས་ཀྱང་མཁན་རིན་པོ་ཆེ་ཁོང་གི་ཐུགས་རྗེའི་ཆ་ཤས་ཐོབ་རྒྱུ་དེ་རྩ་བར་བཟུང་ཡོད། ངའི་བསམ་བློ་འདིར་༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ངོ་མས་གསུང་གི་དབུགས་དབྱུང་དང་བཅས་མཁན་ཆེན་ཀུན་དགའ་དབང་ཕྱུག་ནི་བསམ་གྱིས་མི་ཁྱབ་པ་ཞིག་རེད་ཅེས་གསུངས་པ་དེ་ད་ལྟའང་ཡིད་ཡུལ་དུ་ལྷང་ངེར་འཆར། དེ་ནི་མེ་ཕག་བོད་ཟླ་དང་པོའི་ཚེས་བཅུ་གཅིག་གི་ཕྱི་དྲོ་རེད།

དེ་ནས་བཤད་གྲྭ་འདིར་སླེབས་རྗེས་ཀྱི་ཉི་མ་ཞིག་སྟེ་ལོ་དེའི་སངས་རྒྱས་ཀྱིས་བདེན་བཞིའི་ཆོས་འཁོར་བསྐོར་པའི་དུས་ཆེན་གྱི་ཉིན་ཐོག་མར་མཁན་ཆེན་དམ་པ་ཁོང་གི་བཀའ་ཆོས་ཀྱི་བདུད་རྩི་མྱང༌། ཉིན་དེར་ཁོང་གིས་བཙོན་ཁང་དུ་བྲིས་པའི་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་འགྲེལ་པའི་ལྗགས་ལུང་དང༌། དེ་ཉིད་བརྩམས་པའི་བརྒྱུད་རིམ་ལས་འཕྲོས་ཏེ་ཁོང་གིས་དཀའ་སྡུག་གི་དུས་རིམ་སྣ་ཚོགས་བརྒྱུད་པའི་མྱོང་བྱང་རྒྱས་པར་གསུང༌། སྐབས་དེའི་མཁན་རྒན་དམ་པ་ཁོང་གི་བརྩེ་བ་ཟབ་ཅིང་བཅོས་མ་མིན་པའི་འཛུམ་མདངས་དང་ཞི་ཞིང་དུལ་ལ་དྲི་མ་མེད་པའི་སྤྱོད་ལམ། དེ་བཞིན་བགྲེས་ཉམས་གསལ་བའི་སྐུ་གཟུགས་ཀྱི་གནས་སྟངས་དང་གཉོམ་ཞིང་གཏིང་དུ་ལྷུང་བའི་གསུང་ངག་བཅས་ཀྱིས་རླབས་ཆེན་གྱི་སྐྱེས་བུ་ཞིག་ནུབ་ཀའི་རྡུལ་དམར་དང་འདྲེས་པའི་ཉིན་བྱེད་ལྟར་ཡོལ་བཞིན་པའི་སྣང་ཤེས་ལས་ཡིད་ཀྱི་མཚོ་མོ་འཁྱོམས་པའི་ཀུན་རྟོག་གི་རླབས་རིས་ཡང་ཡང་བསླངས། ཡང་ལོ་དེའི་ཕྱི་ཟླ་༧ཚེས་༡༣ནས་གཟིམ་ཆུང་དུ་ཉིད་ཀྱི་བཀའ་རྩོམ་སྤྱོད་འཇུག་ཆེན་མོའི་འགྲེལ་པ་དང་བསྟོད་འགྲེལ་གཉིས་ཀྱི་ཁྲིད་ལུང་གི་བགོ་སྐལ་ཐོབ་ཅིང༌། སླར་ཡང་ཟླ་བ༡༠ཚེས་༢༡ཉིན་མཁན་རིན་པོ་ཆེ་དངོས་ཀྱིས་མཁན་སློབ་སྦྲག་མ་གནང་སྟེ་བསྒྲུབ་བྱ་ཉི་ཤུ་རྩ་གཅིག་ཙམ་རབ་བྱུང་དུ་བསྒྲུབས་པའི་ལས་གྲལ་གྱི་ཁ་སྐོང་དང་གྲོགས་དན་བགྱིས་པ་ཙམ་ནི་ཕྲན་དམ་པ་ཁོང་ལ་དངོས་སུ་བཅར་བའི་བརྒྱུད་རིམ་གཙོ་བོ་དག་ཡིན།

དེ་ནས་མཁན་ཆེན་མཆོག་སྐུ་མ་གཤེགས་པའི་སྔོན་གྱི་ཟླ་བ་བཞི་པའི་ནང་ངོ་ཤེས་ཞིག་གིས་སྣེ་ཤན་བྱས་པའི་ཡོ་རབ་གསར་འགོད་ཀྱི་མཐུན་ཚོགས་ཆེན་པོ་ཞིག་ཆེད་གཅར་ཞུས་པའི་ཆར་གཟིམ་ཆུང་དུ་གསུང་གི་སྣང་བ་ཡུད་ཙམ་ཐོབ་པ་དེ་བཀའ་མཆིད་ཀྱི་བདུད་རྩི་མྱང་བའི་བསྐལ་བཟང་གི་ཐ་མར་གྱུར་ཅིང༌། ལར་ང་ནི་དམ་པ་གང་ལས་གསུང་གི་བདུད་རྩི་འཐུང་བ་ཉུང་ཤོས་ཀྱི་གྲས་སུ་གཏོགས།

འོན་ཀྱང་ང་ལ་དམ་པ་གང་གི་གསང་གསུམ་གྱིས་བཞག་པའི་བག་ཆགས་དང་ཡིད་ཆེས་དེ་མང་པོ་ཞིག་ལས་ཉུང་བ་མེད། མ་གཞི་ངས་ཡབ་རྗེ་དམ་པ་ཨ་རིག་མཁན་ཆེན་པདྨ་ཚེ་དབང་གི་དུལ་བ་ཉེ་བར་ཞི་བའི་ངང་ཚུལ་དང༌། མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་གྱི་དགོངས་སྤྱོད་རྣམ་པར་དག་པའི་རྣམ་ཐར་ལ་བསྡུར་ན་མང་པོ་ཞིག་སྣང་བྱེད་བདག་པོའི་ཟིལ་གྱིས་མནན་པའི་རྒྱུ་སྐར་བཞིན་བཀྲག་མེད་དུ་བྱེད་ན་ཡང༌། མཁན་ཆེན་དམ་པ་འདིའི་ཕུལ་དུ་བྱུང་བའི་མཁྱེན་པ། དྲི་མ་མེད་པའི་བརྩེ་བ། ཞུམ་པ་མེད་པའི་ཐུགས་སྟོབས། གཡོ་བ་མེད་པའི་གོ་ཆ། ཉེ་རིང་མེད་པའི་ཕན་འདོད། ཁ་ན་མ་ཐོ་མེད་པའི་སྤྱོད་པ་བཅས་ཀྱིས་ངའི་ཟླ་བྲལ་བཤེས་གཉེན་ཟུང་གི་གསང་གསུམ་གྱི་སྣང་བརྙན་མཐོང་ལམ་དུ་ཡང་ཡང་འདྲེན། །ཁོང་ནི་གང་དུ་བཞུགས་ཀྱང་ཆོས་འདུལ་བ་ལ་བླ་མར་བྱེད་པའི་ཚུལ་མཐུན་གྱི་ཆོས་པ་གཉོམ་ཆུང་ཞིག་སྟེ། ཆེ་དགུའི་གཙུག་ཏོར་གྱི་ཅོད་པན་རྒྱན་དུ་ཐོབ་ཀྱང༌། གྲགས་སྙན་ཚངས་སྲས་ཀྱི་རྒྱུད་མངས་ཕྱག་ཏུ་འབྱོར་ཡང༌། ལོངས་སྤྱོད་གནོད་སྦྱིན་གྱི་གཏེར་ཁྱིམ་མདུན་དུ་སྤུངས་ཀྱང་རང་ཉིད་སངས་རྒྱས་ཀྱི་སློབ་མ་སྤྱིར་བཏང་བ་ཞིག་ཡིན་པའི་དགོངས་ཚུལ་ཁོ་ན་མངའ། ཁོང་གི་ཐུགས་རྗེའི་བསིལ་གྲིབ་ལ་མོས་པའི་ས་སྟེང་གི་དད་ལྡན་ཇི་སྙེད་པ་དག་ལ་ཐེག་གསུམ་ལམ་རིམ་གྱི་བདུད་རྩི་སྦྱིན་ཞིང་རྟོགས་པའི་ལུས་ཟུངས་གསོ། ཟོག་པོས་ཟོག་པོ་འདྲིད་པའི་ཤར་ཕྱོགས་ཀྱི་གླིང་ཕྲན་དག་ཏུ་ཁོང་ཁོ་ནས་སྐྱབས་སེམས་དང་ལས་འབྲས་ཀྱི་ཆོས་ལ་བརྟེན་ནས་བསྟན་པའི་བབ་དང་མཐུན་པའི་ཉམས་ལེན་སྐྱོང་བས་བྷང་ག་ལའི་རྒྱལ་སྲས་ཨ་ཏི་ཤའི་ངང་ཚུལ་ཡིད་ལ་འཁོར། བསམ་བློ་གསར་རྙིང་གི་ལྟ་གྲུབ་གདོང་ཐུག་རྒྱག་པའི་ཀུན་སྤྱོད་གས་ཐོར་གྱི་དུས་རབས་ཁྲོད། ཡང་དག་པའི་ཀུན་སྤྱོད་ཀྱི་མིག་དཔེ་སྟོན་པའི་གནས་ཀྱི་བླ་མ་ཁོང་ནི་དེ་ལྟར་ཆོས་ཀྱི་སྤྱན་དང་ལྡན་པའི་ཆོས་པ་རྣལ་མ་ཞིག་རེད།

ད་དུང་དྲན་སོས་པའི་མཁན་རིན་པོ་ཆེའི་སྐོར་གཞན་ཞིག་སྟེ་ཉིན་ཞིག་གི་ཕྱི་དྲོ་འཚོགས་པ་གྲོལ་སྐབས་ཤིག་ལ་མཁན་རིན་པོ་ཆེ་མཆོག་གཙུག་ལག་ཁང་གི་སྒོ་ཁང་གི་སྣམ་ལོགས་ཀྱི་ཁྲིའུ་ཆུང་ཆུང་ཞིག་གི་ཁར་བཞུགས་བཞིན་བཀའ་སློབ་ཅིག་གི་དབུ་ཚུགས། མ་གཞི་བཀའ་སློབ་ཀྱི་ནང་དོན་གཙོ་བོ་དེ་གང་གི་རིགས་ཀྱི་བདག་པོ་དཔལ་ཆོས་ཀྱི་བློ་གྲོས་ཀྱི་གདུང་རྟེན་རྣམ་རྒྱལ་མཆོད་རྟེན་ལ་གཟུང་བཞུགས་ཕྱག་ལས་གནང་སྟངས་ཀྱི་སྐོར་རེད། ང་ཚོས་ཀྱང་ཁྲོམས་འཚོགས་སུ་རུབ་རུབ་བྱས་ཏེ་དང་འདོད་ཆེན་པོས་ཉན་བཞིན་ཡོད། མུ་མཐུད་ཁོང་གིས་དགེ་འདུན་པ་རྣམས་ཀྱི་ཆོས་གོས་མཆོད་རྟེན་གྱི་བུམ་པར་བཞུགས་སུ་གསོལ་རྒྱུ་དང་དེའི་དགོས་དམིགས་དང་མཐད་པ། གཞན་ཡང་དགེ་འདུན་པའི་སྤྱོད་ལམ་གྱི་མཐའ་ལ་རྟོག་པའི་ཞལ་ཏ་མང་པོ་ལྷུག་པོར་ཕེབས་པས་ངའི་སེམས་སུ། ཀྱེ་མ་འདི་ནི་བདག་ཉིད་ཆེན་པོ་སངས་རྒྱས་ཀྱིས་རང་གི་ལག་གིས་ནད་པའི་གོས་འཁྲུད་པ་དང༌། བླ་གབ་མེད་པའི་གཙུག་ལག་ཁང་གི་གདང་བ་ཉི་མར་སྐེམ་པ་སོགས་དགེ་འདུན་གྱི་ལས་ལ་འཇུག་པར་མཛད་ཅིང་སྔོན་གྱི་དྲང་སྲོང་གི་རྟགས་ལ་གུས་པར་མཛད་པ་དང༌། དུས་ཕྱིས་ཀྱི་འདུལ་བ་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུ་ཨ་རིག་མཁན་ཆེན་པདྨ་ཚེ་དབང་སྐུ་ན་ཤིན་ཏུ་སྨིན་ཚུལ་བཞེས་པའི་སྐབས་སུའང༌། དུས་དང་དུས་སུ་གཙུག་ལག་ཁང་དུ་བདུགས་སྤོས་ཀྱི་ཕྱེ་མ་དབུལ་བ་དང་ཡོན་ཆབ་ཀྱི་སྣོད་འབྱིད་པ། གདན་ཆ་དང་ཡོ་བྱད་དུས་སུ་དགྲམ་ཞིང་དུས་སུ་བརྟུལ་བ། ར་བའི་ཕྱོགས་ཀྱི་སྒོ་གཏན་པ་དང་ཕྱག་བདར་གྱི་ལས་ཚུན་ཆད་ཕྱག་གིས་གནང་བ་ཡིན་ནའང༌། ཡུལ་དུས་འདི་ཙམ་ན་ཆོས་འདུལ་བ་ལ་བླ་མར་བྱེད་ཅིང་ཚོགས་ཀྱི་ལས་ཀྱི་མཐའ་ལ་མངོན་པར་རྟོག་པའི་གནས་བརྟན་ནི་འདི་ཙམ་ཁོ་ན་མིན་ནམ་སྙམ་པའང་བྱུང༌།

ད་དུང་ངས་ཚོད་དཔག་ཀྱི་ལམ་ནས་ཕྱིར་དྲན་ཐུབ་པ་ཞིག་ལ་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་རང་བྱུང་གི་སྨན་ལྗོངས་སུ་རྩ་བ་ཚུགས་ཏེ། སྤྱི་བོ་ཛ་ལནྡྷ་རའི་མཐོངས་ཡངས་ཀྱི་རི་སྡེབས་སུ་ཡལ་ག་རྒྱས་ཤིང་འབྲས་བུ་སྨིན་པའི་བཤད་གྲྭ་འདིའི། ཆོས་ཀྱི་མཆད་ཉན། ལས་ཀྱི་འཛིན་སྐྱོང༌། དཀོར་གྱི་འཚོལ་སྒྲུབ་སོགས་ཀྱི་ཆེད་ཐུགས་ཁུར་དང་འོ་བརྒྱལ་ཅི་ཙམ་ཞིག་གཟིགས་ཟིན། མ་ཟད་རྡ་སར་ཕེབས་བཞུད་གནང་བའི་འཁོར་གླའང་གཡར་ནས་ཕེབས་པ་ཐེངས་གཅིག་མིན། སྐབས་དེར་དགོན་བདག་དང་བླ་མ། མཁན་པོ་དང་དགེ་བསྐོས། གཉེར་པ་དང་སྦྱིན་བདག དཀོན་གཉེར་དང་གད་པའང་ཉིད་ཀྱིས་བགྱིས། འདི་ནི་ཁོང་གིས་གོ་ཆ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དོན་ཁུར་དུ་བཞེས་པའི་ངོ་མཚར་གྱི་ཆ་ཤས་ཙམ་རེད།
ལོ་འདི་སྙེད་ཅིག་གི་རིང་དད་ལྡན་ཁྲི་སྟོང་མང་པོས་མཛད་ཕྲིན་ལ་དོ་སྣང་དང༌། དམ་པ་གོང་མ་མང་པོས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། དེ་བས་ཀྱང་༧གོང་ས་ཐམས་ཅད་མཁྱེན་པས་ཞབས་རྟེན་གྱི་པདྨ་གཙུག་ཏུ་བཞེས་ཤིང༌། གསུང་སྐྱེས་བརྒྱ་ཕྲག་མང་པོས་འཛམ་གླིང་གི་ཡུལ་གྲུར་དམ་ཆོས་ཀྱི་ཕོ་ཉ་བཀྱེས། སྐུ་ཉིད་ངོ་མས་ཨ་སྒོར་ས་ཡ་མང་པོའི་མ་གནས་ཀྱི་ཆོས་ཀྱི་བསྟི་གནས་བསྐྱར་སྐྲུན་གྱི་ལས་གཞི་བསྐྱངས་ཤིང༌། ཚད་ངེས་ཅན་གྱི་སྟེང་ནས་བསམ་ན་དེ་ལྟར་མིང་དུ་གྲགས་པའི་ཕྱུག་བདག་ཆེན་པོ་ཞིག་དང་གྲགས་ཅན་མི་སྣ་ཞིག་གི་མ་དངུལ་འབྱོར། འོན་ཀྱང་ཁོང་ནི་ཤིང་གཤག་གི་རིབ་མས་བསྐོར་བའི་སྤྱོད་ལམ་བཞི་ཤོང་གི་ཁང་ཆུང་ཞིག་ཏུ་ཕེབས་འཁོར་ལེགས་པོ་ཞིག་ཀྱང་མ་མཆིས་པར་སྔར་བཞིན་ཡིད་ལྷུང་བླ་རྒན་དང་ཐུགས་སྣང་བསྟུན་གྱིན་ཆེས་སྤྱིར་བཏང་གི་བན་རྒན་ཞིག་ལྟར་ཁུ་སིམ་མེར་བཞུགས།
རྒུད་ཀྱང་ཞུམ་པར་མི་བྱ་ཞིང༌། །འབྱོར་ཡང་དྲེགས་པར་མི་བྱའོ།

འདི་ནི་དམ་པ་གང་གི་རྣམ་ཐར་གྱི་མཚོན་དཔེ་སྟེ།  གང་གིས་སྐུ་ཚེའི་ཁྲོད་ཀྱི་ཆེས་ཀྱག་ཀྱོག་གི་ཕྲང་ལམ་རིང་མོར་ཕེབས་བཞུད་ཀྱི་ལོ་ཟླ་ལས་བརྒྱུད་པའི་ཉམས་མྱོང་དང༌། དཔལ་དུ་འབར་བའི་སྐྱེས་སྟོབས་ཀྱི་བློ་གྲོས་བཟང་པོ་དེས་གསེར་ལྟར་དག་ཅིང་ལྕགས་ལྟར་སྲ་བའི་མི་གཞི་གྲུབ་ཅིང་ཡོད་ཚད་ལས་རྣམ་པར་རྒྱལ་བའི་བདེན་པ་བརྙེས། དེའི་ཕྱིར་ཁོང་ནི་བྱ་བ་རླབས་ཆེན་ཟིན་པའི་སྐྱེས་བུ་ཞིག་གོ །
ཀྱེ་མ་འདུས་བྱས་རྣམས་མི་རྟག ཀྱེ་མ་འདུས་བྱས་རྣམས་མི་རྟག

ཅི་ཞིག་ན་ང་ཚོའང་འདབ་བཟང་དབང་པོས་སྟོངས་པའི་རྫིང་བུ་ལྟར་ཁོང་དང་འབྲལ་བ་ནི་ཤེས་མོད། བྱ་ཐབས་དབེན་པའི་ཉམ་ཆུང་གི་ང་ཚོ་ཅེ་རེ་ལོང་དུ་ཁོང་གི་མཐའ་ན་སྒུར། ཆེས་ཐ་མའི་ཉིན་དེར་གང་ཉིད་ཁམས་ཀྱི་བྱ་བ་ཟིན་པའི་སྣ་བོ་ཆེ་མཁར་དུ་ལོག་པ་བཞིན་བསྐྱས་བཏེག

མཚོ་ཁ་དར་གྱིས་འགྲིག་པའི་ཁྲུང་ཁྲུང་གི་ཁྱུ་ཚོགས་ལྟར་རྒྱང་དུ་བཞུད། ནུབ་ཀྱི་རི་རྩེར་ལྷུང་བའི་ཉི་མའི་དཀྱིལ་འཁོར་བཞིན་ཕག་ཏུ་ཡིབ་པ་ནི། ཇི་སྐད་དུ། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་འདུལ་བ་ལུང་ཕྲན་ཚེགས་ཀྱི་འགྲེལ་བ་ལས། ཟླ་བ་ནུབ་ཀྱི་རི་བོ་ལ་ཡོལ་བ་དང་ཐུབ་པའི་ཟླ་བའང་ནུབ་ཀྱི་རི་བོ་ལ་ཡོལ་བར་གྱུར་ཏེ་འཇིག་རྟེན་དུ་མུན་པ་གཉིས་པ་ཞིག་བྱུང་བ་ནི་ཆོས་ཉིད་དེ། ཞེས་གསུངས་པ་དང་ཚུལ་མཚུངས་པ་ཉིད་དོ། །

ལྷུག་རྩོམ།

Post navigation

Previous Post: དྲང་བདེན་དང་བྱམས་བརྩེའི་སྙིང་སྟོབས།
Next Post: ཉིས་སྟོང་བཅོ་ལྔ་ལོའི་དགའ་སྐྱོའི་གཏམ་རྒྱུད། (༡)

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme