Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྫོང་སར་གྱི་རྙིང་མའི་དབུ་འཛིན་ཆེད་རྩོམ།

Posted on 2023-11-16 By ཁ་བརྡ་ No Comments on རྫོང་སར་གྱི་རྙིང་མའི་དབུ་འཛིན་ཆེད་རྩོམ།

_______རྙིང་མའི་དབུ་འཛིན་ལམ་ལུགས་མཚམས་འཇོག་ལ་གཟིགས་ཚུལ།

རྫོང་སར་འཇམ་དབྱངས་མཁྱེན་བརྩེ།

(གསལ་བཤད། འདི་སྤྱི་ལོ་༢༠༢༠ ལོའི་ཟླ་ ༢ ཚེས་ ༣ ཉིན་བརྩམས་ནས་སྐུ་སྒེར་གྱི་ངོ་དེབ་དུ་སྔ་འགྱུར་སྨོན་ལམ་ཚོགས་པའི་ཡི་གེ་དང་མཉམ་སྤེལ་བའི་དབྱིན་ཡིག་གི་མ་དཔེ་གཞིར་བཟུང་གིས་བོད་འགྱུར་བྱས་པ་ཞིག་ཡིན། ། རྩོམ་འདི་བྲེལ་སྟབས་སུ་བསྒྱུར་པས་ཚིག་དོན་ལ་ནོར་བ་ཡོད་སྲིད་པ་དང་། )

རྫ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།

 

ཨོ་སི་ཐྲོ་ལི་ཡིའི་ནགས་ཚལ་གྱི་མེ་སྐྱོན་ཆེན་པོ་དང་། ཝུའུ་ཧན་གྱི་ཏོག་དབྱིབས་ནད་དུག་སོགས་མི་རྣམས་སེམས་ཁྲལ་སྐྱེ་གཞིར་གྱུར་པའི་གནས་ཚུལ་ངན་པ་དེ་དག་གི་ཁྲོད་ནས་དེ་རིང་གཞི་ནས་གཏམ་བཟང་ཞིག་ཐོས་བྱུང་། མ་མཐའ་ཡང་ང་རང་ཉིད་ལ་མཚོན་ན་གཏམ་བཟང་ཞིག་ཡིན། དེ་ནི་སྔ་འགྱུར་རྙིང་མ་པའི་ཆོས་བརྒྱུད་ཀྱིས་ད་ལྟ་ནས་རིན་པོ་ཆེ་ཞིག་ལ་སྔ་འགྱུར་རྙིང་མའི་སྲོལ་རྒྱུན་གྱི་དབུ་འཛིན་བྱེད་པའི་ལམ་ལུགས་དེ་མཚམས་འཇོག་བྱས་ཟིན་པ་དེ་རེད།
ང་ཚོའི་དྲན་དགོས་པ་ཞིག་ལ། སྲོལ་རྒྱུན་གྱི་དབུ་འཛིན་དང་། ཐ་ན་དགོན་བདག་གི་བླ་མ་ཚུན་ཆད་བཅས་ཀྱི་སྣང་ཚུལ་འདི་དག་ཚང་མ་ང་ཚོ་འགྲོ་བ་མིའི་རིགས་ཀྱིས་སྒྲིག་འཛུགས་དང་། གྲལ་རིམ་གྱི་ལམ་ལུགས། དབང་བསྒྱུར་གྱི་ལམ་ལུགས་བཅས་ཀྱི་དགོས་མཁོ་ལས་བྱུང་བ་ཞིག་ཡིན། མིའི་རིགས་ཀྱི་སྒྲིག་འཛུགས་མ་ལག་གཞན་དག་ཐམས་ཅད་དང་འདྲ་བར་འདི་དག་ལའང་ཕན་ཐོགས་ཡོད་པའི་ཆ་ཅུང་ཟད་རེ་ཡོད་མོད། དཀའ་ངལ་ཡང་མང་པོ་སྤྲོད་བཞིན་ཡོད།
བོད་བརྒྱུད་ནང་བསྟན་གྱི་གོ་རིམ་ལམ་ལུགས་ཀྱི་དབང་དུ་བྱས་ན། གསང་སྔགས་ཀྱི་སྐབས་ཀྱི་བླ་མ་དང་རྩ་བའི་བླ་མ་ཞེས་པའི་གོ་དོན་དང་འབྲེལ་ནས་དོན་དག་འདི་ཉིད་མུ་མཐུད་ནས་རྙོག་འཛིང་ཅན་དུ་བཏང་ཡོད་པས། མི་མང་པོ་ཞིག་གིས་སྒེར་གྱི་བླ་མ་དང་ཆོས་བརྒྱུད་ཀྱི་དབུ་འཛིན་གྱི་ཁྱད་པར་ཡང་འབྱེད་ཤེས་ཀྱི་མེད།
ཆོས་བརྒྱུད་ཅིག་གམ་སྲོལ་རྒྱུན་གྱི་དབུ་ཁྲིད་ཅིག་ཡིན་ན་དེ་མི་སྒེར་ལ་ལྟོས་པའི་རྩ་བའི་བླ་མ་ཡིན་པའི་ངེས་པ་མེད་མོད། མི་ཚོས་ཁོང་ཚོ་རང་ཉིད་ཀྱི་རྩ་བའི་བླ་མའི་བཀའ་སློབ་ལམ་སྟོན་དང་། དབུ་ཁྲིད་ཀྱི་བཀའ་ལུང་གཉིས་གཅིག་ཏུ་འཁྲུལ་ནས་ངེས་པར་དུ་ཆོས་ལུགས་དབུ་ཁྲིད་ཚོའི་གང་བཤད་པ་དེར་ཉན་འཇོག་དགོས་པའི་གོ་ནོར་ཐེབས་བཞིན་ཡོད་པ་དེས་མི་ཚོར་དམིགས་བསལ་གྱིས་མགོ་རྙོག་ཧ་ཅང་ཆེན་པོ་བཟོ་བཞིན་ཡོད།

བོད་བརྒྱུད་ནང་པའི་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན། སྔོན་མ་ནས་ད་བར་རྙིང་མ་པའི་ཆོས་བརྒྱུད་གཅིག་གྱུར་གྱི་དབུ་ཁྲིད་ཟེར་བའི་བསམ་བློ་དེ་གཏན་ནས་གོ་མྱོང་མེད་པ་ཞིག་རེད། སྤྱིར་བཏང་དགོན་པ་ཚང་མར་སོ་སོའི་དགོན་བདག་ཡོད་པར་མ་ཟད། ཀཿ  ཐོག་དང་སྨིན་གླིང་ལྟ་བུའི་དགོན་པ་ཆེན་པོ་ཚོར་སྟོབས་ཤུགས་དང་འཇིག་རྟེན་ཕྱོགས་ཀྱི་ཤུགས་རྐྱེན་ཡང་ཆེན་པོ་ཡོད།

ཡིན་ན་ཡང་ང་ཚོས་དོ་སྣང་འོས་པ་ཞིག་ལ། ཧ་ཅང་རླབས་ཆེན་གྱི་སྐྱེས་བུ་དམ་པ་དཔེར་ན་ཀུན་མཁྱེན་ཀློང་ཆེན་པ་དང་། རིག་འཛིན་འཇིགས་མེད་གླིང་པ། རྫ་དཔལ་སྤྲུལ་རིན་པོ་ཆེ་ལྟ་བུ་ཁོ་ནས་སྔ་འགྱུར་གྱི་བརྒྱུད་པ་འདི་ལ་ནུས་པ་ཆེ་ཤོས་ཐོན་ཡོད་ན་ཡང་། ཁོང་ཚོ་སུས་ཀྱང་དམིགས་བསལ་གྱིས་དབང་ཐོབ་ཅན་གྱི་དགོན་པ་དང་སྲོལ་རྒྱུན་གྱི་སྒྲིག་འཛུགས་གང་གི་ཡང་འགན་ཁུར་མྱོང་མེད།
དེ་ཡང་མི་གཅིག་གིས་རྙིང་མ་ཡོངས་རྫོགས་ཀྱི་དབུ་ཁྲིད་བྱེད་པའི་ལམ་ལུགས་དེ་དོན་དངོས་ཀྱི་ཆ་ནས་སྤྱི་ལོ་ ༡༩༦༠ ལོར་གཞི་ནས་བྱུང་བ་ཞིག་ཡིན། ཡུལ་དུས་གནས་བབས་ཀྱི་དགོས་མཁོ་དང་འབྲེལ་བའི་ཐོག་ནས་བསམ་ན་སྐབས་དེའི་དམིགས་ཡུལ་ཕལ་ཆེར་འགྲུབ་ཡོད་སྲིད་ན་ཡང་།  དེ་ལྟ་བུའི་ལུགས་སྲོལ་གསར་པ་དེས་ཉེ་བའི་ལོ་རབས་ནང་བཟོས་པའི་གནོད་སྐྱོན་དང་མགོ་རྙོག་ནི་སྔོན་གྱི་དུས་སྐབས་དེར་བྱུང་བའི་དགེ་མཚན་ལས་ཡོངས་སུ་བརྒལ་བ་ཞིག་ཡིན་ཁ་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བཞིན་འདུག་སྙམ་དུ་ང་དང་ང་ལྟ་བུ་ཚོར་དོགས་པ་རང་དབང་མེད་པར་སྐྱེ་རུ་འཇུག་གིན་འདུག །

དེ་ཡང་༧སྐྱབས་རྗེ་བདུད་འཇོམས་དང་། ༧དིལ་མགོའི་མཁྱེན་བརྩེ་རིན་པོ་ཆེ་སོགས་ཀྱི་དུས་སྐབས་སུ་ཁོང་རྣམ་པ་ནི་རི་རབ་ལྟར་གཡོ་བ་མེད་པ་དང་། རྒྱ་མཚོ་ལྟར་གཏིང་དཔག་དཀའ་བ། ནམ་མཁའ་ལྟར་མཐའ་མེད་པའི་སྐྱེས་ཆེན་ཡིན་པས། ཁོང་ཚོས་ཆོས་ལུགས་ཀྱི་དབུ་ཁྲིད་གནང་སྟངས་ནི་སུན་ཙིའི་དམག་དོན་བསྟན་བཅོས་ནང་གི་ཆེས་ཕུལ་དུ་བྱུང་བའི་དམག་དཔོན་ཞིག་གི་ཚུལ་དུ་ང་ཚོའི་མིག་དཔེར་བཞུགས་པ་ཙམ་ཡིན། དམག་དཔོན་སུན་ཙི་རང་ཉིད་ཀྱིས་ཐེ་ཚོམ་གང་ཡང་མི་དགོས་པའི་དབང་ཐང་གི་གནས་བབས་ཤིག་སྲུང་འཛིན་གནང་ནས་ལྷམ་མེར་བཞུགས་ཡོད་པ་ཙམ་ལས། དོན་དངོས་ཀྱིས་དབང་ཆའི་འགྲན་རྩོད་སོགས་ལ་ཐེ་གཏོགས་གང་ཡང་གནང་མེད་པ་ལྟ་བུ་ཡིན་མོད། ད་ལྟའི་དུས་འདིར་ཁོང་རྣམ་པ་ལྟ་བུའི་དབུ་ཁྲིད་ཅིག་ཡོང་རྒྱུའི་གོ་སྐབས་ནི་ཧ་ཅང་དཀའ་ལས་ཁག་པོ་ཞིག་ཆགས་ཟིན་པ་དེ་དངོས་ཡོད་དུ་གྱུར་ཡོད།
ཚང་མས་ཤེས་གསལ་ལྟར། བཟང་ངན་གང་ཡིན་ལ་མ་ལྟོས་པར་འདས་པའི་ལོ་ཉི་ཤུ་རྩ་ལྔའི་རིང་ཁོ་ནར་ཡང་འཛམ་གླིང་ལ་འགྱུར་བ་ཆེན་པོ་འདི་ལྟ་བུ་ཞིག་འགྲོ་བཞིན་ཡོད་པ་རེད། སྔར་ཡིན་ན། སངས་རྒྱས་ཀྱི་བསྟན་པའི་ནང་དོན་གདུལ་བྱ་རྣམས་ལ་གསུང་ཐུབ་མཁན་གྱི་རང་འདུན་པ་ཞིག་མཇལ་རྒྱུ་ཙམ་ཡང་ལོ་ནས་ལོ་མཐུད་དགོས་པ་ལྟ་བུ་ཡིན་ན་ཡང་། ད་ལྟའི་ཆར་སྐར་མ་འགའ་ཞིག་གི་རིང་ཙམ་ལ་ཆོས་ཀྱི་ནང་དོན་དེ་ཚོ་དངོས་སུ་ངོ་ཐུག་མྱོང་གཏན་ནས་མེད་པའི་མི་ཞིག་གིས་གཞན་དག་ཅིག་གི་ས་ལ་ཁྱབ་སྤེལ་བྱེད་ཐུབ་ཀྱི་ཡོད། དེ་དང་མཉམ་དུ། འདས་པའི་དུས་ཚོད་ནང་དུས་ཡུན་རིང་པོ་བརྒྱུད་ནས་ཉམས་རྒུད་དང་རུལ་སུངས་དུ་འགྲོ་དགོས་པའི་དངོས་པོ་དག་ཀྱང་ད་ལྟའི་ཆར་མིག་འཛུམ་གྱི་དུས་ཡུན་ཙམ་གྱི་རིང་ལས་མི་དགོས་པར་ཡོངས་སུ་སྟོར་རླག་ཏུ་འགྲོ་ཐུབ་པའི་དུས་ཚོད་ཅིག་ལ་བསླེབས་ཟིན་པ་རེད།
དེ་དང་དེ་ལ་སོགས་པའི་རྒྱུ་མཚན་ལ་བརྟེན་ནས་རྡོར་གདན་སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་པའི་རྒྱུན་ལས་ཀྱི་ངོས་ནས་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་ཕྱི་མཐའ་གཟིགས་པའི་མཁྱེན་རབ་གྱིས་གནང་བའི་ལམ་སྟོན་དགོངས་ཚུལ་གྱིས་བློ་སྒོ་ཕྱེས་པ་ལྟར། སྔ་འགྱུར་རྙིང་མའི་བསྟན་བདག་བསྐོ་བའི་ལམ་ལུགས་དེ་ཉིད་མཚམས་འཇོག་གནང་རྒྱུའི་ཐག་གཅོད་ཡོངས་བསྒྲགས་གནང་བ་ནི་ཧ་ཅང་དགའ་སྤོབས་འོས་པའི་གནས་ཚུལ་ཞིག་རེད།

དངོས་གནས་དྲང་གནས་ཀྱིས་གནས་ལུགས་རྟོགས་པའི་ཆེད། ལམ་ཉམས་སུ་ལེན་པའི་གང་ཟག་ཅིག་ལ་མཚོན་ན། ཐག་གཅོད་འདིས་དངོས་པོ་གང་ཡང་ཤོར་འགྲོ་བ་ཞིག་མེད། གང་ལྟར་རང་ཉིད་ཀྱིས་ཆོས་ཉམས་སུ་ལེན་པའི་གང་ཟག་དག་གི་ངོས་ནས་ཁོང་རྣམ་པའི་སེམས་ཀྱི་དབུས་དང་ཀླད་པའི་ནང་དུ་ནམ་ཡང་རང་ཉིད་ཀྱི་བླ་མ་ཡོད་པ་དང་། དེ་ཡང་ཕལ་བལྟས་ན་ཧ་ཅང་སྤྱིར་བཏང་ཡིན་པའི་སྔགས་པ་དང་རབ་བྱུང་བའམ། བཙུན་མ་ལྟ་བུ་ཞིག་ཁོང་ཚོའི་སེམས་ནང་གི་ཆེས་བླ་ན་མེད་པའི་སློབ་དཔོན་དུ་བཀུར་སྲིད།

མ་ཟད་སྲོལ་རྒྱུན་གྱི་དབུ་ཁྲིད་ཅིག་བརྒྱུད་ནས་འཇིག་རྟེན་གྱི་ཕན་ཐོགས་ཕྲན་བུ་རེ་ཐོབ་སྲིད་ན་ཡང་། དེ་ཡང་མཐར་གཏུགས་ན་ཕྲག་དོག །ཕྱོགས་འགལ། འཐབ་རྩོད། ནོར་འཁྲུལ་གྱི་ལྟ་ཚུལ། བླུན་ཞིང་རྨོངས་ལ་གུ་དོག་པའི་བསམ་བློས་བསྒྲིབས་བཞིན་ཡོད། འདིའི་ཐད་ལ་ང་ཚོར་བསླབ་བྱ་མང་པོ་ཐོབ་ཟིན།
ང་ཚོའི་མིག་སྔུན་དུ་དངོས་སུ་མཐོང་བཞིན་པའི་གནས་ཚུལ་དག་གཞིར་བཞག་གིས་བཤད་ན། ང་ཚོས་ད་ལྟའི་དུས་འདིར་ནུས་པ་ལྡན་པའི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་ནང་པ་སྤྱི་དང་། ཁྱད་པར་དུ་བོད་བརྒྱུད་ནང་བསྟན་པ་ཚོས་བཅོས་བསྒྱུར་གཏིང་ཟབ་ཅིག་དགོས་པའི་དུས་ལ་བབ་ཡོད་ལ། དོན་དངོས་ཐོག་བསམ་ཚུལ་འདི་ཡོད་མཁན་ང་གཅིག་པུ་ཙམ་མིན།

དེ་ལྟ་ན་ཡང་། བསྒྱུར་བཅོས་དངོས་སུ་གཏོང་བར་བློ་སྟོབས་ཤིན་ཏུ་ཆེན་པོ་ཞིག་དགོས་ལ། བློ་ཁོག་དང་གུ་ཡངས་ཀྱི་བསམ་བློ་གཉིས་ཆར་དགོས་པ་ཞིག་ཡིན་མོད། རིམ་གྱིས་དེ་འདྲ་ཞིག་འབྱུང་ངེས་ཡིན་པར་ངས་རེ་བ་ཆེན་པོ་མཐོང་གིན་འདུག །མ་མཐའ་ཡང་ང་ཚོས་དེ་འདྲའི་འགྱུར་བ་ཞིག་གི་མགོ་འཛུགས་མཐོང་ཐུབ་སྲིད་པར་ཡིད་ཆེས་བྱེད་དགོས།

གལ་ཏེ་ང་ཚོའི་དེ་ལྟ་བུའི་དཀའ་ཁག་ཆེ་བའི་ལས་ཀ་དེ་ལ་ལག་པ་ཞིག་འཆང་དགོས་པའི་དབང་དུ་བཏང་ན། ཐེངས་འདིའི་སྔ་འགྱུར་སྨོན་ལམ་ཆེན་མོའི་ཚོགས་པའི་ཐག་གཅོད་འདི་ནི་ཧ་ཅང་ཧ་ཅང་གི་འགོ་འཛུགས་ཡག་པོ་ཞིག་རེད་ཨང་།། །།

 

རྫོང་སར་མཁྱེན་བརྩེས། སྤྱི་ལོ། ༢༠༢༠ ཟླ་ ༢ ཚེས་ ༦ ལ།

 

 

ངོ་སྤྲོད།, དཔྱད་རྩོམ།, དྲན་ཐོ།

Post navigation

Previous Post: སྔ་འགྱུར་དབུ་འཛིན་དང་འབྲེལ་བའི་གསལ་བཤད་བཅུ་གཉིས་མ།
Next Post: བོད་ཀྱི་གསོ་བ་རིག་པ་ལས་ཧྲཱིཿཐེལ་དང་འབྲེལ་བའི་ཤེས་བྱ་དཔྱད་གཞིར་བཀོད་པ་རིན་བྲལ་ནོར་བུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme