Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྫོང་གསར་མཁྱེན་བརྩེས་ཕོ་མཚན་སྐོར་གྱི་དེབ་གསར་བ་ཞིག་དབུ་འབྱེད་གནང་འདུག

Posted on 2014-01-222014-01-22 By ཡེ་ཤེས་ 96 Comments on རྫོང་གསར་མཁྱེན་བརྩེས་ཕོ་མཚན་སྐོར་གྱི་དེབ་གསར་བ་ཞིག་དབུ་འབྱེད་གནང་འདུག

>Phallus_1ཕོ་མཚན་གྱི་སྐོར་ལས་འབད་མི་ཀི་དེབ་གསར་བཏོན།

ད་རིས་ རྒྱལ་ས་ཐིམ་ཕུག་ལུ་སྦེ་ རྫོང་གསར་འཇམ་དབྱངས་མཁན་རྩེ་རིན་པོ་ཆེ་མཆོག་གིས་ ཕེ་ལཱས་ཟེར་ ཕོ་མཚན་གྱི་སྐོར་ལས་འབད་མི་ ཀི་དེབ་གཅིག་ གསར་བཏོན་མཛད་གནང་ཡི།
ཀི་དེབ་འདི་ ཕྱོགས་སྒྲིག་འབད་མི་ ཀརྨ་ཆོས་སྒྲོན་གྱིས་སླབ་མི་ནང་ ཀི་དེབ་འདི་ འབྲུག་རྒྱལ་ཁབ་ནང་ལུ་ སྔོན་དང་ཕུག་ལས་ཡོད་པའི་ ཕོ་མཚན་གྱི་ ལམ་སྲོལ་བཟང་པོ་འདི་ ཉམས་སྲུང་འབད་ནི་གི་དོན་ལས་ཨིན་ཟེར་བཤད་ཅི།

ཀི་དེབ་འདི་ནང་ལུ་ འབྲུག་རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཁག་ཚུ་ནང་ལས་ བསྡུ་སྒྲིག་འབད་དེ་ཡོད་པའི་ ཕོ་མཚན་གྱི་སྐོར་ལས་ གསུང་མ་འདྲཝ་ཚུ་དང་ པར་རིགས་མ་འདྲཝ་ཚུ་ཡོདཔ་ཨིན།Phallus-2

འབྲུག་རྒྱལ་ཁབ་ནང་ལུ་ ཕོ་མཚན་གྱི་ལམ་སྲོལ་འདི་ ཆོས་རྗེ་འབྲུག་པ་ཀུན་ལེགས་རིན་པོ་ཆེ་མཆོག་གིས་ དམ་པའི་ཆོས་ཀྱི་བསྟན་པ་འདི་ དར་གནང་པའི་སྐབས་ལུ་ དར་ཁྱབ་མཛད་གནང་ཡོདཔ་ཨིན།

གསར་འགྱུར་ཡོང་ཁུངས།http://www.bbs.bt/news/dzongkha/?p=15158

གསར་འགྱུར།

Post navigation

Previous Post: ཡུ་རོབ་གྲོས་ཚོགས་ནང་དོན་འགྲུབ་དབང་ཆེན་གྱི་སྐོར་ལ་བགྲོ་གླེང་ཚོགས་འདུ་གནང་།
Next Post: སྐད་ཡིག་གཉིས་མཉམ་གཤིབ་བྱེད་ཐབས་ཀྱི་དཔེ་མཚོན་རྙེད་བྱུང་།

Comments (96) on “རྫོང་གསར་མཁྱེན་བརྩེས་ཕོ་མཚན་སྐོར་གྱི་དེབ་གསར་བ་ཞིག་དབུ་འབྱེད་གནང་འདུག”

  1. ཉམས་ཞིབ་པ་ says:
    2014-01-22 at 4:28 pm

    མཁྱེན་བརྩེ་རིན་པོ་ཆེ་འདིས་ཅི་ཞིག་བསྒྲུབ་ཀྱང་དེ་ལ་ཧང་སངས་དགོས་དོན་མེད་ལ་དོ་སྣང་བྱེད་དགོས་གལ་ཡང་མ་མཐོང་། བླ་མ་འདི་འབྲུག་པའི་བུ་གུ་བོད་ཀྱི་ས་སྐྱ་བའི་སྤྲུལ་སྐུ་ཞིག་རེད་། བོད་མི་མང་པོས་མཁྱེན་བརྩེ་རིན་པོ་ཆེ་ཟེར་ནས་ཡར་ལ་མཆོད་གི་འདུག་དེ། ཁོང་གིས་ད་བར་དུ་ཁོང་འབྲུག་པ་ཡིན་པ་དང་འབྲུག་པའི་ལ་རྒྱ་བརྩིས་ནས་རི་མོ་འབྲི་བ་དང་གློག་བརྙན་བཟོས་བ། ཆོས་འཆད་པ་སོགས་བྱེད་ཀྱི་འདུག་མ་གཏོགས་བོད་པར་ཤ་ཞེན་ཡོད་པའི་སྐད་ཆ་ཚིག་གཅིག་ཀྱང་བཤད་པ་མི་འདུག

  2. མེ་ཏོག་དཀར་པོ says:
    2014-01-22 at 4:47 pm

    ཨ་ལེ་བོད་པ་མ་ཡིན་ན་སྡུག་ཅག་ཡིན་དགོས་རེད་པེ། ངས་བལྟས་ན་བོད་པ་ཕལ་ཆེ་བའི་བྱ་སྤྱོད་ལ་བལྟ་དུས་བོད་པ་མ་ཡིན་ན་ཡག་ག་འདྲ་པོ་མཐོང་གི་འདུག

  3. ཅོ་རི་ཉི་མ། says:
    2014-01-22 at 5:03 pm

    འབྲུག་པ་སྡུག་ཅག་ཡིན་ཙང་མི་འབོར་འབུམ་བཞི་ཙམ་ལས་མེད་ནའང་རང་ས་རང་གིས་ཟིན། རང་ཡུལ་རང་བཙན་ཡོད་པའི་རྒྱལ་ཁབ་ཤིག་རེད། ངོ་མ་ཐབས་སྡུག་རེད་བ། རང་ཡུལ་གཞན་ལ་མ་སྤྲད་པར་སོ་སོའི་ཟིན་བསྡད་ཡོད་དུས་གཉིས་ཕན་དང་གཉིས་སྨན་ཟེར་བ་ཡོང་ཐབས་ཡོད་མ་རེད། གཞན་ཕན་ཟེར་བ་ཁག་པོ་ཆགས་ཚར་བ་རེད་་་་་ཧཧཧཧ

  4. གནམ་ལྕགས་རྡོ་རྗེ says:
    2014-01-22 at 6:48 pm

    མཇེའི་སྐོར་ལ་གསུང་རྒྱུ་ལེགས་པོ་འདུག
    གང་ཡིན་ཟེར་ན་རང་ལ་ཡོད་བསྡད་པ་དེ་ཉམས་མྱོང་གི་ཐོག་ནས་འགྲེལ་གནང་བ་དེ་ཡག་པོ་འདུག

  5. དབང་འདུས། says:
    2014-01-22 at 8:38 pm

    བོད་པ་མ་གཏོགས་མི་ཡག་པོ་མིན་པ་དང་། དགེ་ལུགས་མིན་ན་ཆོས་རྣམ་མིན་པ་ཐག་ཆོད་ཡིན།

  6. དགའ་སྐུ་ says:
    2014-01-22 at 9:34 pm

    བསམ་བློ་སྔོན་ལ་བཏང་ན་མཁས་པ་ཡིན་་ཟེར་གསོལ་ལྟར་་མཁྱེན་བརྩེ་རིན་པོ་ཆེས་་གློག་རྙན་ cup ནང་ལ་བོད་པའི་བསྐོར་ལས་འབྲུག་པའི་བསྐོར་གཅིག་ཀྱང་མཐོང་མ་བྱུང་ག་་ཡིན་ཡང་འབྲུག་གི་ལྟས་མོ་ཡིན་ཟེར་བ་ནི་དགོས་པ་གཞན་ཞིག་ལ་རེད་འདུག་དེ་ཡང་ང་ཚོའི་ཐུགས་བསམ་བཞེས་དགོས་ཡ་རེད། ག་དུས་ཡིན་ཡང་ང་ཚོ་དང་ང་ཚོ་དང་ཟེར། གོང་དུ་མཆན་ཞིག་ནང་ཡག་ག་ཚང་མ་བོད་པ་དང་ཆོས་ལུགས་ཡིན་ན་དགེ་ལུགས་ཞེས་བྲིས་པར་བསམ་བློ་གཏང་དགོས་འདུག། བྱང་ཆུབ་སེམས་ཕར་བཞག་ནས་དུས་རབས་ཉེར་གཅིག་པ་སོང་ཐུགས་བསམ་རྒྱ་ཆེ་ཙམ་གནང་ན་བོད་དང་བོད་པར་རང་བཞིན་གྱི་རོགས་པ་མང་ཙམ་རག་གི་རེད་བསམ་གྱི་འདུག་ལགས་་་་་

  7. སྤོབས་པ་མཐའ་ཡས། says:
    2014-01-22 at 10:04 pm

    འབྲུག་པ་མང་པོ་ཞིག་གིས་ཁ་གཅིག་གྲག་གིས་ཁོང་ཚོས་རང་བཙན་མ་ཤོར་བའི་རྒྱུ་མཚན་ནི་ནང་པ་སངས་རྒྱས་པའི་ཆོས་སྤྱི་དང་། བྱེ་བྲག་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་ལ་དད་པ་གསོལ་འདེབས་རྩེ་གཅིག་ཏུ་བྱས་པའི་ནུས་མཐུ་ཡིན་པར་ཡིད་ཆེས་བྱེད་ཀྱིན་འདུག ཁྱོད་ཚོས་དེ་ལ་མོས་མཐུན་བྱེད་ནུས་སམ།

  8. ཅོག་མྱི། says:
    2014-01-22 at 10:39 pm

    Phallu ཟེར་བ་འདི་ཕལ་ཆེར་ཨམ་སྐད་ཀྱི་མཇེ་ལ་འབུ་ལུ་འབོད་པ་དེ་ཡིན་རྒྱུ་རེད། མིན་ནའང་སྒྲ་འདྲ་བོ་འདུག

    འབུ་ལུ་བཞེས་པའི་རིན་པོ་ཆེས།
    འབུ་ལུ་མིང་ཅན་དཔེ་དེབ་ཅིག
    འབུ་ལུར་དགའ་བའི་ཆོས་སྒྲོན་དང་།
    འབུ་ལུའི་ཚལ་དུ་དབུ་འབྱེད་རྨད།

    ཨེ་མ་ཀུན་ལེགས་བཞུགས་རྒྱུ་ན།
    སྐུ་མཇེ་ཕྱང་ནས་དབུ་ལོས་འབྱེད།
    དེ་མིན་ཧེ་རུ་ཀ་ཡི་ཚོགས།
    སྤྲིན་གྱི་ཚོགས་བཞིན་འདུ་བར་ཡོང་།

  9. BONPO says:
    2014-01-22 at 10:59 pm

    གོང་གི་གནས་འཕྲིན་ནང་འདི་ལྟར་བྲིས་པ་་་་་༼འབྲུག་རྒྱལ་ཁབ་ནང་ལུ་ ཕོ་མཚན་གྱི་ལམ་སྲོལ་འདི་ ཆོས་རྗེ་འབྲུག་པ་ཀུན་ལེགས་རིན་པོ་ཆེ་མཆོག་གིས་ དམ་པའི་ཆོས་ཀྱི་བསྟན་པ་འདི་ དར་གནང་པའི་སྐབས་ལུ་ དར་ཁྱབ་མཛད་གནང་ཡོདཔ་ཨིན།༽

    ཟེར་ནས་བཤད་པའི་སྐད་ཆ་འདི་ལ་བདེན་ཁ་ག་ཚོད་ཅིག་ཡོད་པ་ཡིན་ནམ། འབྲུག་པ་ཀུན་ལེགས་་་(1455- 1529)མཆོག་སྔ་ནའང་འཕྱི་ནའང་དུས་རབས་བཅོ་ལྔ་ནང་ཕེབས་པའི་བླ་མ་ཞིག་རེད་འདུག། འབྲུག་ཡུལ་གྱི་ཕོ་མཚན་གྱི་ལམ་སྲོལ་འདི་ཕལ་ཆེར་དེའི་སྔོན་ནས་གཏན་གཏན་ཡོད་པ་ཞིག་ཡིན་པར་སེམས། འབྲུག་ཀུན་གསལ་གསར་ཤོགས་ནང་དངོས་ཡོད་གནས་ཚུལ་འདི་འདྲ་ཞིག་ཀྱང་བཏོན་གནང་འདུག། ཁྱེད་དྲྭ་གྲོགས་ཡེ་ཤེས་སྤྱན་ལྡན་ཚོས་གཟིགས་པར་འཚལ། googel ནང་ལ་སོང་ནས་་་་བོན་ཆོས་ལུགས་ཀྱི་ལོ་མཆོད་ ཉམས་མེད་གནས་བཞིན་ཡོདཔ།་་་་ཟེར་བ་འདི་བྲིས་དང་ཆ་ཚང་བལྟ་ཐུབ།

    ད་དུང་འབྲུག་ཡུལ་ཀྱི་གདོད་མའི་བོན་ལུགས་ལ་ཞིབ་འཇུག་སྤུས་ལེགས་བྱས་པའི་དཔྱད་འབྲས་དབྱིན་ཡིག་གཙོར་བྱས་པའི་བོད་ཡིག་ཀྱང་ཐར་ཐོར་ཡོད་པ་ཞིག་འདིར་སྤེལ་གནང་འདུག་པས་དེའི་ནང་དུ་ཕོ་མཚན་གྱི་སྐོར་འདི་ཡང་གསལ་འདུག། ། ཁྱེད་དྲྭ་གྲོགས་ཡེ་ཤེས་ཀྱི་སྤྱན་ལྡན་ཚོས་གཟིགས་པར་འཚལ། ༼དཔལ་འབྲུག་ཞིབ་འཇུག་ལྟེ་བ་ The Centre for Bhutan Studies༽ GOOGEL་་་ནང་ལ་སོང་ནས་་་་wayo wayo The Bon Festival བྲིས་དང་ཆ་ཚང་བལྟ་ཐུབ། །

  10. Pema tamang says:
    2014-01-22 at 11:19 pm

    # 7 སྤོབས་པ་མཐའ་ཡས།་ལགས་ཀྱིས་མཆན་བཏབ་པ།:
    January 22nd, 2014 at 10:04 PM
    འབྲུག་པ་མང་པོ་ཞིག་གིས་ཁ་གཅིག་གྲག་གིས་ཁོང་ཚོས་རང་བཙན་མ་ཤོར་བའི་རྒྱུ་མཚན་ནི་ནང་པ་སངས་རྒྱས་པའི་ཆོས་སྤྱི་དང་། བྱེ་བྲག་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་ལ་དད་པ་གསོལ་འདེབས་རྩེ་གཅིག་ཏུ་བྱས་པའི་ནུས་མཐུ་ཡིན་པར་ཡིད་ཆེས་བྱེད་ཀྱིན་འདུག ཁྱོད་ཚོས་དེ་ལ་མོས་མཐུན་བྱེད་ནུས་སམ།
    དེ་ལ་བརྒྱ་ཆ་བརྒྱ་ཐམ་པ་མོས་མཐུན་ཡོད་། བོད་པས་བཀྲིན་ལོག་མཇལ་དང་ཕ་ཁྲི་གཉིས་ནས་གུ་རུ་སྐུ་དང་ལྷ་ཁང་ནང་ཞི་ཁྲོ་ལྡེབ་རེ་སོགས་མེད་པ་བཟོ་ཚུལ་སོགས་ཚད་ལྡན་ཡིན་པ་གསུང་མཁན་ད་ལྟ་མི་རྒན་ཞལ་བཞུགས་མང་པོ་འདུག་། ད་དུང་ཟོངས་ཟེར་མཁན་ཨོ་རི་ས་གཞི་ཆགས་ལ་མཆོད་རྟེན་ལ་བསྐོར་ར་བརྒྱབ་ན་ཕན་ལས་གནོད་ཆེ་ཡོད་ཚུལ་སོགས་ཆོས་དོན་ལྷན་ཁང་དེབ་ནང་ཁ་གསལ་། གང་ལྟར་ཕ་ཁྲི་གཉིས་ཟངས་ངན་གཙང་མ་མ་ཆགས་བར་བོད་ལ་སྐྱེད་པའི་ཉི་མ་ཤར་ཨེ་ཡོང་་་་་་་་???

  11. དཔལ་ལྡན་རྒྱ་མཚོ། says:
    2014-01-23 at 12:02 am

    ཁ་བརྡ་དྲ་བའི་ལས་སྣེ་ལྷན་རྒྱས་ལ་ཐོགས་མར་བཀྲིས་བདེ་ལེགས་ཞུ།

  12. རྒྱང་མིག says:
    2014-01-23 at 12:25 am

    ཆགས་བླ་འདི་འདྲའི་རིགས་ལ་ལས་ཀ་འདི་འདྲ་མ་གཏོགས་མེད་པ་རེད། “བན་དེ་སྐྱ་མིན་སེར་མིན།།སངས་རྒྱས་བསྟན་པའི་དགྲ་བོ།།”ཟེར་བ་ཡང་འདི་འདྲ་ལ་དགོངས་ནས་གསུངས་པ་ལོས་ཡིན།

    ཆགས་བླ་འདིས་ཕོ་མཚན་སྐོར་གྱི་དེབ་ཁ་འབྱེད་བྱས་པར་ཧང་ཅི་ཡང་མི་སངས་མོད། ནམ་ཡང་སྟོན་པའི་ན་བཟའ་རྩེད་ཆས་དང་། བོད་ཀྱི་སྤྲུལ་མིང་དེ་གཞན་དུ་བེད་ལོག་བྱེད་ཀྱིན་པར་ཞེ་མེར་ནས་ཡོད།

  13. དཔལ་ལྡན་རྒྱ་མཚོ། says:
    2014-01-23 at 12:33 am

    ཕོ་མཚན་སྐོར་གྱི་དཔེ་དེབ་སྒོ་འབྱེད་བྱས་པ་ནི་འུ་ཚོ་བོད་པ་ཚང་གི་བཟང་སྤྱོད་དང་མི་མཐུན་གི་ཡ་།་ངོ་ངོ་ཚ་ནི་ཞིག་རེད།

  14. དབང་འདུས། says:
    2014-01-23 at 12:47 am

    གདན་ས་ཁག་གི་ནང་དུ་ཆགས་བླ་རྣམས་ཀྱིས་བན་ཆུང་དག་ལ་འཁྲིགས་སྤྱོད་བྱེད་བཞིན་དེ་ཆགས་པའི་ཁོངས་སུ་མི་བགྲངས་ན་རབ་རེད། དེ་བགྲངས་ན་ཆགས་བླ་མིན་པ་ཞིག་ཁག་པོ་འདུག

  15. ནུབ་ཕྱོགས་གངས་ཕྲུག says:
    2014-01-23 at 1:43 am

    ཉམས་ཞིབ་པ་འདིས། ཉམས་ཞིབ་ཡག་པོ་བྱས་མི་འདུག ཁོག་གི་ད་ལྟ་བར་འབྲུག་པའི་གློག་བརྙན་བཟོས་པ་མ་ཏོགས་བོད་པའིབསྐོར་གང་ཡང་བྱས་མེད་རབས་ཟེར། ཕོར་པ་ལྟ་བུའི་བོད་པའི་གོག་བརྙན་སྐད་གྲགས་ཅན་དེ། ཁོང་གིས་བཟོས་རེད་ད།

  16. ཨ་ཕྱི་ཆོས་སྒྲོན says:
    2014-01-23 at 1:51 am

    ཧཧ ཡང་མཁྱེན་བརྩེ་སང་གི་མཇེ་དེབ་དེ་དགེ་ལུགས་དང་འོན་མཇེ་ཡིན་བཤད་ཀི་འདུག་ག། ཧ ཧ དགེ་ལུགས་པས་ལུང་རིགས་གསེར་གྱི་འབུ་ལུའི་སྒོ་འབྱེད་གནང་སོང་ང་།

  17. ཉམས་ཞིབ་པ་ says:
    2014-01-23 at 1:59 am

    ༡)
    ཕོར་བའི་བརྗོད་སྙིང་སྦིར་གཞིས་ཆགས་ཀྱིས་བོད་མིན་འབྲུག་མིན་གྱི་དགོན་པ་ཨུ་རྒྱན་སྟོབས་རྒྱལ་གྱི་དགོན་པ་དེའི་གྲྭ་ཕྲུག་འགའི་སྐོར་ཡིན་མོད་། རྫོང་གསར་མཁྱེན་བརྩེ་ནས་དེ་བོད་པའི་སྐོར་གྱི་གློག་བརྙན་མ་གཏོགས་བོད་པས་བཟོས་བའི་གློག་བརྙན་ཡིན་ཟེར་གི་མི་འདུག ཁོང་གིས་ད་བར་དུ་ཁོང་གིས་བཟོས་བའི་གློག་བརྙན་དང་བྲིས་བའི་རི་མོ་གཅིག་ཀྱང་བོད་པའི་བླ་མ་ཞིག་གིས་བཟོས་བ་དང་བྲིས་བ་ཡིན་གསུངས་གི་མི་འདུག

    ལྷག་པར་དུ་། “གློག་བརྙན་དུས་སྟོན་” ཚང་མར་ཁོང་གིས་བཟོས་བའི་གློག་བརྙན་ཚང་མ་འབྲུག་པའི་གློག་བརྙན་གྱི་ཁོངས་སུ་བཅུག་པ་མ་གཏོགས་བོད་པའི་གློག་བརྙན་གྱི་ཁོངས་སུ་བཅུག་མི་འདུག བོད་མི་ཕལ་མོ་ཆེས་གནད་དོན་འདི་ད་དུང་ཡང་ཤེས་རྟོགས་བྱུང་མི་འདུག
    ༢)
    རྫོང་གསར་མཁྱེན་བརྩེ་འདི་བོད་ཀྱི་ས་སྐྱ་བའི་བླ་མ་ཞིག་རེད་ལ་འདི་ལ་བཀུར་མཁན་ཡང་བོད་པ་གཙོ་ཆེ་དང་འབྲུག་པ་ཕལ་བ་རེད་། ཡིན་ན་ཡང་། ཁོང་གིས་འབྲུག་པའི་ལ་རྒྱ་དང་ཞེན་ཁོག་གཙོ་བོ་འཛིན་པ་མ་གཏོགས་བོད་པའི་ཞེན་ཁོག་དང་ལ་རྒྱ་གཙོ་བོར་འཛིན་གི་མི་འདུག བོད་པའི་བླ་མའི་ཐོབ་དང་གོ་ས་དེ་བེད་སྤྱད་ནས་འཛམ་གླིང་ཀུན་ལ་འབྲུག་པའི་མིང་བཟོ་གི་འདུག

    ༣)
    རྫོང་གསར་མཁྱེན་བརྩེ་སྐུ་གོང་མ་སོགས་མཁས་གྲུབ་གཉིས་ལྡན་རེད་། འོན་ཀྱང་། ད་ཐེངས་ཀྱི་འདིས་མཚམས་རེར་སྐྱ་ཆས་བསྣབས། བུད་མེད་ཕྱག་ཏུ་འཁྲིད་། མཚམས་རེར་གྲྭ་ཆས་བསྣམས། མཇེ་ཡི་སྐོར་གྱི་དཔེ་དེབ་དབུ་འབྱེད་མཛད་། མཚམས་རེར་དུ་ཆང་ཚོད་མེད་དུ་བསྟེན། འདི་བོད་པའི་བླ་མ་ཞིག་གི་བྱེད་སྟངས་རེད་དམ།

  18. སྤོབས་པ་མཐའ་ཡས། says:
    2014-01-23 at 2:45 am

    ཁྱོད་ཚོ་བོད་མི་ཡིན་ལབ་ནས་ཅི་ཞིག་འཇོན་ཡོད། རང་རང་གང་ལ་གཏོགས་པའི་མི་རིགས་དེའི་རྐང་པ་ནས་མར་འཐེན་མཁན་རེ་མ་བྱེད་དང་དེས་འགྲིགས་པ་རེད། རྫོང་གསར་མཁྱེན་བརྩེ་བོད་མི་ཡིན་ནས་རིན་ཐང་མཐོ་འགྲོ་རྒྱུ་དང་འབྲུག་མི་ཡིན་ནས་རིན་ཐང་ཆག་འགྲོ་རྒྱུ་གང་ཡང་ཡོད་པ་མ་རེད། གཞི་མེད་སྐུར་འདེབས་མ་བྱེད། ཁྱོད་ཚོའི་ཕ་མ་དང་དགེ་རྒན་དྲིན་ཅན་ཚོས་ཡི་གེ་འབྲི་ཀློག་ཐེབས་ཆག་ཅིག་བསླབས་ཡོད་པ་དེ་འདི་འདྲ་རེ་འབྲི་བ་མ་གཏོགས་བེད་སྤྱོད་མ་ཤེས་ན་ཡིག་དཀྱོག་དེ་ཚོ་བསླབས་པ་ལས་མ་བསླབས་ན་དགའ་འདུག

  19. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 3:02 am

    རྫོང་གསར་ མཁྱེན་བརྩེ་ ཟེར་བའི་ བླ་མ་ གྲུབ་ཐོབ་ སེར་མིན་ སྐྱ་མིན་གྱི་ མཛད་རྗེས་ འདི་ ཁྱད་མཚར། མཇེ་གཟུགས་ རྡོ་རྗེ་ འདི་དག ཀརྨ་ ཆོས་སྒྲོན་གྱི་ མོ་མཚན་ པདྨར་ མ་ཧྰ་ སུ་ཁྰ། འབྲུག་པའི་ ཤེས་འཆལ་གྱི་ རིག་པ་ རྒྱས། འདི་ལྷག་ བསྟོད་ ཤེས་ མ་སོང་ དགོངས་དག

  20. སྤོབས་པ་མཐའ་ཡས། says:
    2014-01-23 at 3:14 am

    ཕོ་མཚན་སྐོར་དེ་དེ་འདྲའི་ལྟ་ཉན་མི་རུང་བ་ཞིག་ཡིན་ན་ང་ཚོ་བོད་བོད་པའི་བཀའ་བསྟན་འགྱུར་ཞེས་པའི་ནང་གི་ཡོད་ན་མེད་ནར་བརྩི་བའི་རྒྱུད་སྡེའི་ནང་ན་ཡང་བཅོམ་ལྡན་འདས་ཡུམ་གྱི་གསང་བའི་རྡོ་རྗེ་ཡུམ་གྱི་པདྨ་ལ་སྙོམས་པར་ཞུགས་ཚུལ་པོད་མང་པོའི་ནང་ན་ཡོད་པ་དེ་ཚོ་ཡང་ཁྱོད་ཚོས་བསུབ་རན་པས་མི་ཚད་འཕྱི་འདུག

  21. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 3:24 am

    # 7 སྤོབས་པ་མཐའ་ཡས།་ལགས་ཀྱིས་མཆན་བཏབ་པ།:
    January 22nd, 2014 at 10:04 PM
    འབྲུག་པ་མང་པོ་ཞིག་གིས་ཁ་གཅིག་གྲག་གིས་ཁོང་ཚོས་རང་བཙན་མ་ཤོར་བའི་རྒྱུ་མཚན་ནི་ནང་པ་སངས་རྒྱས་པའི་ཆོས་སྤྱི་དང་། བྱེ་བྲག་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་ལ་དད་པ་གསོལ་འདེབས་རྩེ་གཅིག་ཏུ་བྱས་པའི་ནུས་མཐུ་ཡིན་པར་ཡིད་ཆེས་བྱེད་ཀྱིན་འདུག ཁྱོད་ཚོས་དེ་ལ་མོས་མཐུན་བྱེད་ནུས་སམ།
    ལན་དུ།
    འདི་ལ་ ངས་ ཕལ་ཆེར་ མོས་མཐུན་ བྱེད་ ཐུབ་པ་ འདུག སྤོབས་མཐའ་ལགས།

  22. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 3:31 am

    Crazy Wisdom སྐད་དོད་ འདི། དྲུང་པའི་ སྐབས་ནས་ ཤེས་འཆལ་ ཞེས་ བསྒྱུར་འདུག ཀྱང་། ངས་ བྱས་ན་ དྲན་པ་ ཐོར་བའི་ ཡེ་ཤེས་ ཞེས་ མི་དགོས་སམ་ སྙམ།

  23. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 3:50 am

    འབྲུག་གི་ཡུལ་སྐད་དུ།

    >Phallus_1ཕོ་མཚན་གྱི་སྐོར་ལས་འབད་མི་ཀི་དེབ་གསར་བཏོན།

    ད་རིས་ རྒྱལ་ས་ཐིམ་ཕུག་ལུ་སྦེ་ རྫོང་གསར་འཇམ་དབྱངས་མཁན་རྩེ་རིན་པོ་ཆེ་མཆོག་གིས་ ཕེ་ལཱས་ཟེར་
    ཕོ་མཚན་གྱི་སྐོར་ལས་འབད་མི་ ཀི་དེབ་གཅིག་ གསར་བཏོན་མཛད་གནང་ཡི།
    ཀི་དེབ་འདི་ ཕྱོགས་སྒྲིག་འབད་མི་ ཀརྨ་ཆོས་སྒྲོན་གྱིས་སླབ་མི་ནང་ ཀི་དེབ་འདི་ འབྲུག་རྒྱལ་ཁབ་ནང་ལུ་ སྔོན་དང་ཕུག་ལས་ཡོད་པའི་ ཕོ་མཚན་གྱི་ ལམ་སྲོལ་བཟང་པོ་འདི་ ཉམས་སྲུང་འབད་ནི་གི་དོན་ལས་ཨིན་ཟེར་བཤད་ཅི།

    ཀི་དེབ་འདི་ནང་ལུ་ འབྲུག་རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཁག་ཚུ་ནང་ལས་ བསྡུ་སྒྲིག་འབད་དེ་ཡོད་པའི་ ཕོ་མཚན་གྱི་སྐོར་ལས་ གསུང་མ་འདྲཝ་ཚུ་དང་ པར་རིགས་མ་འདྲཝ་ཚུ་ཡོདཔ་ཨིན།

    འབྲུག་རྒྱལ་ཁབ་ནང་ལུ་ ཕོ་མཚན་གྱི་ལམ་སྲོལ་འདི་ ཆོས་རྗེ་འབྲུག་པ་ཀུན་ལེགས་རིན་པོ་ཆེ་མཆོག་གིས་ དམ་པའི་ཆོས་ཀྱི་བསྟན་པ་འདི་ དར་གནང་པའི་སྐབས་ལུ་ དར་ཁྱབ་མཛད་གནང་ཡོདཔ་ཨིན།

    བོད་རིགས་སྤྱི་སྐད་དུ།

    >Phallus_1ཕོ་མཚན་གྱི་སྐོར་ལ་བྲིས་པའི་དེབ་ཅིག་གསར་བཏོན་བྱས་པ།

    ད་རེས་ རྒྱལ་ས་ཐིམ་ཕུག་ལུ་སྦེ་ རྫོང་གསར་འཇམ་དབྱངས་མཁན་རྩེ་རིན་པོ་ཆེ་མཆོག་གིས་ ཕེ་ལཱས་ཟེར་ བའི་ཕོ་མཚན་གྱི་སྐོར་ལ་བྲིས་པའི་དེབ་ཅིག་ གསར་བཏོན་མཛད་གནང་འདུག
    དེབ་འདི་ ཕྱོགས་སྒྲིག་བྱེད་མཁན ཀརྨ་ཆོས་སྒྲོན་གྱིས་ཉམས་ཞིབ་ནང་ དེབ་འདི་ འབྲུག་རྒྱལ་ཁབ་ནང་དུ་སྔོན་དང་ད་ལྟ་ཡོད་པའི་ ཕོ་མཚན་གྱི་ ལམ་སྲོལ་བཟང་པོ་འདི་ མི་ཉམས་སྲུང་བྱེད་པའི་དོན་ལ་ཡིན་ཟེར་ཞེས་བཤད་སོང་།

    དེབ་འདི་ནང་དུ་ འབྲུག་རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཁག་ཚུ་ནང་ལས་ བསྡུ་སྒྲིག་བྱས་ཡོད་པའི་ ཕོ་མཚན་གྱི་སྐོར་ལ་གསུང་མ་འདྲ་བའི་སྐོར་དང་ པར་རིགས་མ་འདྲབའི་སྐོར་ཡོདཔ་ཡིན།

    འབྲུག་རྒྱལ་ཁབ་ནང་དུ་ཕོ་མཚན་གྱི་ལམ་སྲོལ་འདི་ ཆོས་རྗེ་འབྲུག་པ་ཀུན་ལེགས་རིན་པོ་ཆེ་མཆོག་གིས་ དམ་པའི་ཆོས་ཀྱི་བསྟན་པ་འདི་ དར་གནང་པའི་སྐབས་ལུ་ དར་ཁྱབ་མཛད་གནང་ཡོདཔ་རེད།

    མི་དྲ་བ། ལ། མ་འདྲཝ། ཞེས་འབྲི་སྟངས་འདི་བློ་ལ་ཐད་པོ་བྱུང་། ཤེས་མཁན་ཚོས་ད་དུང་དག་བཅོས་གྱིས།

  24. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 3:54 am

    མཇེ་གཟུགས་ རྡོ་རྗེ་ འདི་དག ཀརྨ་ ཆོས་སྒྲོན་གྱི་ མོ་མཚན་ པདྨར་ མ་ཧྰ་ སུ་ཁྰ། འབྲུག་པའི་ དྲན་ཐོར་ གྱི་ ཡེས་ཤེས་ རྒྱས། ཞེས་སྨོན་ནོ།། །།

  25. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 4:02 am

    བཅོམ་ལྡན་འདས་ཡུམ་གྱི་གསང་བའི་རྡོ་རྗེ་ཡུམ་གྱི་པདྨ་ལ་སྙོམས་པར་ཞུགས་ཞེས་པའི་རྡོ་རྗེ་དང་། འབྲུག་པ་ཀུན་ལས་ཀྱི་མཇེ་རྡོ་རྗེ་གཉིས་རིགས་འདྲ་ཡང་།
    # 9 BONPO་ལགས་ཀྱིས་དྭོགས་སློང་གནང་བ་ལྟར་འབྲུག་ལ་སྔར་ནས་ཡོད་པའི་སྲོལ་རྒྱུན་གྱི་མཇེ་གཟུགས་གཉིས་ཀྱི་འབྱུང་ཁུངས་ཀྱི་ཁུངས་སོ་སོར་ཡོད་དགོས་སྙམ་ལགས།

  26. ཚེ་རིང་བསམ་གྲུབ། says:
    2014-01-23 at 4:03 am

    Crazy Wisdom ཤེར་རྗེན་ནམ་ཤེས་རབ་རྗེན་པ་ཞེས་བསྒྱུར་ན་གང་འདྲ་འདུག

  27. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 4:16 am

    ཁང་པ་གསར་རྒྱག་སྐབས་ལ་མི་གཞན་གྱི་མི་ཁ་ཡི་ཡོང་བའི་ཕྱིར། རྩིག་པར་འདྲ་གཟུགས་ཁྱད་མཚར་དེ་འདྲ་འདོགས་སྲོལ་འདི་འདྲ། ཧི་མ་ལ་ཡའི་ནང་པ་གར་ཞ་དང་། བོད་ས་ཁུལ་གཞན་ལ་ཡང་སྔར་ཡོད་ཟིན་པ་དང། འདིའི་ནང་ལ་མཇེ་གཟུགས་འདི་ཡང་འདོགས་སྲོལ་ཡོད་པ་ཀུན་ཁྱབ་ཡིན་དགོས་པས་ཧ་ཅང་མཚར་མི་དགོས་ཀྱང་། འབྲུག་ཡུལ་ལ་དམིགས་བསལ་མུ་མཐུད་ནས་ཡོད་པ་འདི་ཡ་མཚན་དུ་གྱུར་པ་རེད།

  28. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 4:20 am

    ལགས་རེད། Crazy Wisdom ཤེས་རབ་རྗེན་པ་དང་། དེའི་ཐོག་ལ་ངོ་ཚ་མེད་པ་སྦྱར་ནས། ངོ་ཚ་མེད་པའི་ཟེས་རབ་རྗེན་པ་ཞེས་པ་ལ་ཡང་གོ་དོན་མེད་པ་མིན་ལགས།

  29. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 4:21 am

    ཟེས་རབ་རྗེན་པ་
    འདི།
    ཤེས་རབ་རྗེན་པ་

  30. དྲི་མེད་ལྷག་བསམ། says:
    2014-01-23 at 4:25 am

    ༡༽ཕོ་མཚན་མཆོད་པ་འདི་བན་བོན། བོད་འབྲུག་གང་སུའི་སྒོས་ཆོས་མ་རེད། འཛམ་གླིང་གི་གདོད་མའི་ཆོས་ལུགས་ཀྱི་སྤྱི་ཆོས་རེད། འོན་ཀྱང་ལོ་རྒྱུས་ཀྱི་དུས་མཚམས་བཀོད་ནས་ཧི་མ་ལ་ཡི་རི་རྒྱུད་ཀྱི་ཆོས་ལུགས་གང་གི་ཕྱོགས་སུ་གཏོགས་ཟེར་ན་རྒྱ་གར་དང་། བོན་པོ་གཉིས་ལས་གཞན་དུ་འགྲོ་ས་མེད་པར་སེམས། དེ་ཡང་མཆོད་རྒྱུའི་ཕོ་མཚན་འདྲ་ཡང་མཚོན་དོན་མི་འདྲ་བ་ཤེས་དགོས་སོ། །༼ཕེ་ལཱས༽འབྲོག་སྐད་དུ།འབི་ལི། བོད་ཀྱི་སྤྱི་སྐད་དུ་ཕོ་ཡི་དབང་པོ་སྟེ། ཕོའི་ལུས་དབང་ཟེར་བའི་ཚིག་མཐའ་ཉམས་ནས་༼ཕོ་ལུས༽ཞེས་སྨྲ་བ་ཡིན་སྙམ། །༢༽བོད་དང་འབྲུག་གི་རྩོད་པ་དེ་བཞག་ན་ལེགས། འབྲུག་གི་མི་རྒྱུད་གོང་མ་བོད་ཡིན་ཀྱང་ད་ལྟ་རྒྱལ་ཁབ་རང་བཙན་ཡིན་པས་བོད་དུ་མི་འགྱུར། སྔོན་ཆད་བོད་ཀྱི་ས་ཁོང་དང་མི་རིགས་སྙོན་མེད་ཡིན་པ་འབྲུག་གི་བླ་མ་གོང་མ་རྣམས་ཀྱི་ལོ་རྒྱུས་སུ་གསལ། ད་ལྟ་རྒྱ་ནག་གི་འབྲུག་གི་ས་མཚམས་ཧ་ཅང་མི་གླེང་པའི་དོན་ཡང་དེ་ཡིན། འོན་ཀྱང་འབྲུག་བོད་རིགས་ཡིན་སྨྲ་བ་ལ་སྐྲགས་མི་དགོས་དེ། དཔེར་ན་ལ་དྭགས་བཞིན་བོད་རིགས་སུ་ཁས་ལེན་པར་མི་སྐྲགས་ཀྱང་ད་ལྟ་ད་ལྟ་དང་རྒྱ་ནག་གཉིས་ཀའི་ཁོངས་མིན་པར་འདོད། འབྲུག་གི་མི་རིགས་བོད་ཀྱི་སྔོན་བྱོན་མཁས་གྲུབ་དང་ལྷ་སྲས་གཙང་མ་སོགས་ཀྱི་བརྒྱུད་པ་མིན་ཚེ་ཡང་ན་རྒྱ་གར་རིགས། ཡང་ན་གློ་བུར་དུ་ཡོང་པའི་ལྡོམ་བུ་བ། ཡང་ན་ཀློ་རིགས་མི་གྲལ་དུ་གསར་དུ་སླེབས་པ་ལྟ་བུ་ཞིག་ལས་འོས་མེད་དོ། ་།ཁྱད་པར་མི་གྲངས་འཕེལ་འགྱུར་ལ་གཞལ་ཀྱང་ལོ་མང་པོ་ཞིག་སོང་མེད་པར་ཤེས་ཐུབ། དེས་ན་ལོ་རྒྱུས་ཁུངས་ལྡན་ཞིག་ལ་གཏུག་དགོས་ན་འབྲུག་རང་གི་མཁས་གྲུབ་རྣམས་ཀྱི་རྣམ་ཐར་གཞིར་འཛིན་དགོས། དེར་མ་ཟད་འབྲུག་ལྷ་སྲས་གཙང་མའི་བརྒྱུད་པ་ཡིན་སྲིད་ཚེ་བོད་མི་རིགས་ཀྱི་དོན་གྱི་བདག་པོ་ཡིན་ཞེས་སྨྲས་ཀྱང་ཆོག་ལ། འབྲུག་བོད་འོག་ཏུ་འགྲོ་བར་སྐྲགས་མི་དགོས་པར་མ་ཟད། བོད་འབྲུག་འོག་ཏུ་དོན་གྱིས་སོང་འདུག་པས་སྤོབས་པ་བསྐྱེད་ཆོག །

  31. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 4:26 am

    Crazy Wisdom དོན་སྒྱུར། མྱོས་པའི་ཡེ་ཤེས། ཚིག་སྒྱུར། སྨྱོན་པའི་ཡེ་ཤེས།

  32. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 4:36 am

    མི་ལས་རྣམ་ཐར་ནང་ལ། ཕོ་མཚན་ལ། བིན་བིན་ཞེས་པ་ཞིག་ཡོད་དྲན། འབྲོག་སྐད་དུ། འབི་ལི། བོད་ཀྱི་སྤྱི་སྐད་དུ་ཕོ་ཡི་དབང་པོ་སྟེ། ཕོའི་ལུས་དབང་ཟེར་བའི་ཚིག་མཐའ་ཉམས་ནས་༼ཕོ་ལུས༽ཞེས་པ་ལས། ༼ཕེ་ལཱས༽ལ་གྱུར་པ་འདི། ཚིག་ཟུར་ཆག་ ཆགས་སྟངས་འཐད་པོ་འདུག

  33. མེ་ཏོག་དཀར་པོ says:
    2014-01-23 at 4:48 am

    ཕོར་བའི་བརྗོད་སྙིང་སྦིར་གཞིས་ཆགས་ཀྱིས་བོད་མིན་འབྲུག་མིན་གྱི་དགོན་པ་ཨུ་རྒྱན་སྟོབས་རྒྱལ་གྱི་དགོན་པ་དེའི་གྲྭ་ཕྲུག་འགའི་སྐོར་ཡིན་མོད་། རྫོང་གསར་མཁྱེན་བརྩེ་ནས་དེ་བོད་པའི་སྐོར་གྱི་གློག་བརྙན་མ་གཏོགས་བོད་པས་བཟོས་བའི་གློག་བརྙན་ཡིན་ཟེར་གི་མི་འདུག ཁོང་གིས་ད་བར་དུ་ཁོང་གིས་བཟོས་བའི་གློག་བརྙན་དང་བྲིས་བའི་རི་མོ་གཅིག་ཀྱང་བོད་པའི་བླ་མ་ཞིག་གིས་བཟོས་བ་དང་བྲིས་བ་ཡིན་གསུངས་གི་མི་འདུག
    བོད་མིན་འབྲུག་མིན་ཨུ་རྒྱན་སྟོབས་རྒྱལ་གྱི་དགོན་པ་ཞེས་མ་རངས་པའི་རྣམ་འགྱུར་བསྟན་པ་ནི་ཁྱོད་རང་དགེ་ལུགས་མ་གཏོགས་རྙིང་མ་ལ་མི་དགའ་བའི་རྟགས་ཙམ་རེད།
    ལྷག་པར་དུ་། “གློག་བརྙན་དུས་སྟོན་” ཚང་མར་ཁོང་གིས་བཟོས་བའི་གློག་བརྙན་ཚང་མ་འབྲུག་པའི་གློག་བརྙན་གྱི་ཁོངས་སུ་བཅུག་པ་མ་གཏོགས་བོད་པའི་གློག་བརྙན་གྱི་ཁོངས་སུ་བཅུག་མི་འདུག བོད་མི་ཕལ་མོ་ཆེས་གནད་དོན་འདི་ད་དུང་ཡང་ཤེས་རྟོགས་བྱུང་མི་འདུག
    དེ་བོད་པ་དག་གིས་བོད་པའི་གློག་བརྙན་གྱི་གྲས་སུ་འཇོག་དགོས། ཅིའི་ཕྱིར་ན་བོད་ཀྱི་གྲྭ་པའི་སྐོར་དང་སྐད་ཀྱང་བོད་སྐད་བཅས་བོད་པ་ལས་འབྲུག་པའི་དྲི་ཙམ་ཡང་མི་སྣང་།
    ༢)
    རྫོང་གསར་མཁྱེན་བརྩེ་འདི་བོད་ཀྱི་ས་སྐྱ་བའི་བླ་མ་ཞིག་རེད་ལ་འདི་ལ་བཀུར་མཁན་ཡང་བོད་པ་གཙོ་ཆེ་དང་འབྲུག་པ་ཕལ་བ་རེད་། ཡིན་ན་ཡང་། ཁོང་གིས་འབྲུག་པའི་ལ་རྒྱ་དང་ཞེན་ཁོག་གཙོ་བོ་འཛིན་པ་མ་གཏོགས་བོད་པའི་ཞེན་ཁོག་དང་ལ་རྒྱ་གཙོ་བོར་འཛིན་གི་མི་འདུག བོད་པའི་བླ་མའི་ཐོབ་དང་གོ་ས་དེ་བེད་སྤྱད་ནས་འཛམ་གླིང་ཀུན་ལ་འབྲུག་པའི་མིང་བཟོ་གི་འདུག
    ༣)
    སུ་དང་གང་གི་ཞེན་ཁོག་འཛིན་མ་འཛིན་དེ་ང་ཚོས་ལྟ་སྟངས་ཞིག་ལས་དོན་ལ་གང་ཡིན་མི་ཤེས། ཁྱོད་ལྟར་ན་རྡ་སར་སྡོད་ནས་མར་མེ་ཁྲོམ་སྐོར་འགྲོ་དགོས་པ་དེ་འདྲ་རེད་འདུག་སྙམ།
    རྫོང་གསར་མཁྱེན་བརྩེ་སྐུ་གོང་མ་སོགས་མཁས་གྲུབ་གཉིས་ལྡན་རེད་། འོན་ཀྱང་། ད་ཐེངས་ཀྱི་འདིས་མཚམས་རེར་སྐྱ་ཆས་བསྣབས། བུད་མེད་ཕྱག་ཏུ་འཁྲིད་། མཚམས་རེར་གྲྭ་ཆས་བསྣམས། མཇེ་ཡི་སྐོར་གྱི་དཔེ་དེབ་དབུ་འབྱེད་མཛད་། མཚམས་རེར་དུ་ཆང་ཚོད་མེད་དུ་བསྟེན། འདི་བོད་པའི་བླ་མ་ཞིག་གི་བྱེད་སྟངས་རེད་དམ།
    བུད་མེད་བསྟེན་ན་རྣམ་རྟོག་ཟ་བ་ནི་དགེ་ལུགས་པའི་ལྟ་གྲུབ་ཙམ་རེད། བུས་བུ་མོ་འཁྲིད་པ་རྣ་ལམ་ལ་མ་འགྲོ་ན་བུས་བུ་རྒྱོ་མཁན་གྲས་ཡིན་པ་ཐག་གཅོད། ནང་པའི་གྲྭ་པ་ཡིན་ན་དགེ་ཚུལ་རང་ཡིན་ཨ་དགོས། བོད་པའི་གྲྭ་ཆས་འདི་བོད་པས་བཟོས་པ་མ་གཏོགས་སྟོན་པས་བཅས་དེ་ཚོ་མིན་པ་ནི་གསལ་པོར་མཐོང་གི་འདུག

  34. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 4:58 am

    ་་་་ ནང་པའི་གྲྭ་པ་ཡིན་ན་དགེ་ཚུལ་རང་ཡིན་ཨ་དགོས། བོད་པའི་གྲྭ་ཆས་འདི་བོད་པས་བཟོས་པ་མ་གཏོགས་སྟོན་པས་བཅས་དེ་ཚོ་མིན་པ་ནི་གསལ་པོར་མཐོང་གི་འདུག ་་་་
    འདིའི་གོ་དོན་གང་ཡིན་ནམ། མེ་དཀར་ལགས། གསལ་བཤད་ཅིག་གནོངས་དང་།

  35. དྲི་མེད་ལྷག་བསམ། says:
    2014-01-23 at 4:59 am

    Crazy Wisdom ཤེར་འཆལ་དང་། འཆོལ་བའི་ཡེ་ཤེས། ཤེས་རབ་འཆོལ་བ། ཁྲོ་བོ་འཆོལ་པ། འཆོལ་བ་ནི་ཚད་བཟུང་ངེས་མེད་སྨྱོན་པ་ལྟ་བུའོ། །ཀརྨ་གུ་རུའི་བཟློག་པ་ལས། ཐུགས་རྗེ་དུས་ལས་མི་ཡོལ་ཆགས་པའི་ཉམས། །ཕྲིན་ལས་གཅིག་ཏུ་མ་ངེས་འཆོལ་བའི་ཚུལ། །རྒྱལ་དབང་ལྔ་བའི་གསུང་ཡིན་ནམ་སྙམ། །Crazy Wisdomའདི་ཆོས་རྒྱམ་དྲུང་པ་རིན་པོ་ཆེས་རྟག་ཏུ་བཀོལ་བའི་ཚིག་ཅིག་མིན་ནམ། དེར་མ་བཟད་དཔེ་བསྐྲུན་ཁང་གི་མིང་ཞིག་ཀྱང་ཡིན་ནོ། ་།

  36. གསར་བུ། says:
    2014-01-23 at 5:01 am

    འཇེ་ཡི་སྐོར་ལ་ཨ་ཅག་ཆོས་སྒྲོན་གྱིས་དཔྱད།།
    དེ་ཡི་དབུ་འབྱེད་མཁྱེན་བརྩེ་བླ་མ་ཡིས་བྱས།།
    འདི་ལ་མུན་ནག་མདའ་དྲྭ་འབུ་ཚོས་བཤད།།
    དེ་ཚོ་དཔར་གློག་ཡང་གློག་ཀརྡོ་ཡི་འཁུར།།

  37. མེ་ཏོག་དཀར་པོ says:
    2014-01-23 at 5:01 am

    ཀ་རྡོ་ཁྱོད་རང་གྲྭ་པ་རེད་དེ་རབ་བྱུང་མ་རེད་པ།

  38. བོད་ཕྲུག says:
    2014-01-23 at 5:03 am

    རྣམ་པ་ཚོར་གསལ་བཤད་ཅིག་ལ། ཨ་ཕྱི་ཆོས་སྒྲོན་ཟེར་བའི་དྲ་འབུ་འདི་ནི་དཔལ་དགྱེས་སམ། དགྱེས་རྡོར་ཟེར་བའི་བན་ལོག་དེ་རེད་འདུག་པས་ཚང་མས་ཐུགས་གཟབ་གནང་།

  39. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 5:13 am

    མེ་དཀར་ལྟར་ན། བོད་ལུགས་དགེ་སློང་དང་དགེ་ཚུལ་མེད་པར་འདོད་དམ། ཡང་ན། དགེ་སློང་སེར་པོ་ལྟར་ནམ་བཟའ་མེད་པར་འདོད། ཕྱི་མ་ནི་ངས་ཀྱང་ཁས་བླངས་ཐུབ།
    དེས་ན། བོད་ཀྱི་ས་དགེ་བཀའ་རྙིང་བཞིའི་ནང་ལ། སྔགས་བཙུན་གཉིས་དང་། བཙུན་པ་ལ་དགེ་ཚུལ་དང་། དགེ་སློང་གི་སྡོམ་པ་མེད་པའི་གྲྭ་པ་ཅིག ཇི་ལྟར་འཇོག་ཐུབ་བམ། བཀུར་འོས་དྲ་གྲོགས་མེ་དཀར་ལགས།

  40. དབང་འདུས། says:
    2014-01-23 at 5:24 am

    crazy Wisdom ཞེས་པ་དེ། བོད་སྐད་བསྒྱུར་ན། ཤེས་རབ་སྨྱོན་པ་ཞེས་འབྲི་དགོས། དཔེར་ན་འབྲུག་སྨྱོན་དང་གཙང་སྨྱོན་ཞེས་པ་ལྟར་རེད།

  41. ཅོ་རི་ཉི་མ། says:
    2014-01-23 at 5:46 am

    ཧཧ་་་སྤོབས་པ་ལགས། ཁྱེད་རང་ཆོས་རྒྱུད་རྙིང་མ་བ་ཡིན་པ་དང་། ཕ་བོང་ཁ་ལ་དགྲ་ཤ་ལེན་གྱི་ལྷག་ཡོད་པ། ཆོས་རྒྱུད་ཀྱི་ཕྱོགས་ཞེན་ཆེ་བ་བཅས་ཉིན་རེ་ནས་ཉིན་རེ་ཅི་གསལ་རེད་འདུག་་་་ཁྱོད་ལ་ཁག་མེད། རྙིང་མ་བའི་སྔགས་རྒན་རལ་པ་ཅན་དེ་ཚོ་མགོ་རལ་བ་ཤ་རེ་བཅད་ནས་བསད་བཞག་པར་ཁོང་ཁྲོ་ཡོད་པ་ཁག་མེད། བོད་གངས་ཅན་པའི་ཡུལ་དུ་ཆོས་ལུགས་ཆོས་རྒྱུད་ཚོས་ཉོན་མོངས་པའི་ས་བོན་བཏབ་ཟིན་པ་རེད། འདིས་བོད་རྒྱལ་ཁབ་ཐར་པ་གཏོང་གི་མ་རེད་བསམས་ཀྱི་འདུག བོད་པའི་ཆོས་ལུགས་པ་མང་ཆེ་བ་ཆོས་རྒྱུད་ཀྱི་གནད་དོན་དང་ཐུག་དུས་མི་རིགས་ཀྱི་ལ་རྒྱ་དང་རྒྱལ་ཁབ་ཀྱི་བྱ་བཞག་ཁྱིའི་སྐྱག་གཡུགས་གཡུགས་བྱེད་མཁན་རྐྱང་རྐྱང་རེད།

    འབྲུག་པའི་རང་བཙན་ཐོབ་པ་འདིར་སྤྱི་ནང་བསྟན་དང་སྒེར་སློབ་དཔོན་པདྨ་ལ་གསོལ་བ་འདེབས་པས་ཡིན་ཟེར་བ་ནི་རྨོངས་གཏམ་ཁོ་ན་རེད། དངོས་ཡོད་འབྲུག་པའི་མི་ཡིས་འཇོན་པ་རེད། འཛམ་གླིང་གི་འགྲོ་སྟངས་ཤེས། མཉམ་འབྲེལ་རྒྱལ་ཚོགས་ནང་དུ་འཛུལ་ཞུགས་བྱས་ཐུབ་པ་ནི་ཧང་སང་ཡ་རེད་བ། བོད་པས་༡༩༥༡ལོར་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་ཞུ་ཞིག་བྲིས་པ་རེད། དེ་ཡང་བོད་མིས་མ་ཤེས་ནས་རྒྱ་གར་བ་ཞིག་མི་གླ་སྒྲིག་ནས་བྲིས་བཅུག་པ་རེད། རྒྱ་གར་བ་ཁ་དཀར་ཁོག་ནག་དེ་ཚོས་ཕན་ཐོགས་རྐྱེན་ཞིག་ཅང་བྲིས་མདོག་མེད་པ། ཤེས་ཡོན་ཅན་དམ་པ་དགེ་ཆོས་ཁོང་ནི་སྡུག་ཤི་རྒྱག་བཅུག དེའི་སྐབས་ཀྱི་གནད་དོན་རྣམས་བསམ་བློ་བཏང་དུས་ང་ནི་ཁོང་ཁྲོས་ཤི་དྲག་འདྲ་ཆགས་འོང་གི་འདུག

    ད་ནི་་་བོད་པ་ཚོས་ཉོན་བྱོས། འབྲུག་པའི་མི་ནི་འཇོན་སྟངས་ཅན། ལ་རྒྱ་ཅན། མཐུན་སྒྲིལ་ཅན། ཡ་རབས། ཤེས་ཡོན་ཅན། བོད་མི་ལས་ལྷག་པ་འཇོན་བསྡད་ཡོད་མཁན་ཞིག་ཡིན་པར་ཁས་ལེན་བྱེད་དགོས་རེད། བོད་པ་འབྲུག་པའི་གཡོག་པོ་རེད་ཟེར་ནའང་འགྲིག་གི་རེད། འབྲུག་པ་འདི་ཚོ་ལྷ་སྲས་དར་མའི་རིགས་རྒྱུད་ཡིན་ས་རེད་བསམས་ཀྱི་འདུག

  42. ཉི་མ། says:
    2014-01-23 at 6:57 am

    མེ་ཏོག་དཀར་པོའི་མཆན་དེ་ཚོ་ཀློག་སྐབས་ང་ཚོར་ཉོབ་སྣང་ཤར་ཡ་ཞིག་འདུག ཁོང་གི་བཤད་འགྲོས་དང་ཚིག་སྦྱོར་ལ་བལྟས་ན་ཕལ་ཆེར་བོད་སྐད་ཡག་པོ་མི་ཤེས་མཁན་ཞིག་ཡིན་པ་འདྲ། འོན་ཀྱང་ཡ་མཚན་པ་ཞིག་ལ་ཁོང་གི་མཆན་འགའ་ཞིག་ནང་རྩོམ་འགྲོས་དང་ཚིགས་སྦྱོར་གང་ལེགས་ཡོད་པའི་དྲ་གྲོགས་གཞན་གྱི་མཆན་རྩོམ་ལ་སྐྱོན་བརྗོད་དང་འཕྱ་སྨོད་བྱས་འདུག

  43. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 6:59 am

    ད་གསང་བ་མང་པོ་ཤེས་བྱུང་། ༼མེ་དཀར་གྱིས་༽ང་གྲྭ་པ་ཡིན་པ། ༼བོད་ཕྲུག་གིས་༽ཨ་ཕྱི་དཔལ་དགྱེས། སྤོབས་མཐའ་རྙིང་མ། མེ་དཀར་འབྲས་ལྗོངས་པ། ཅོ་ཉི་བོན་པོ། ད་དུང་་་་་་་

  44. དགེ་འདུན་རྒྱ་མཚོ། says:
    2014-01-23 at 7:05 am

    ང་ནི་རྫོང་གསར་བ་འདིས་ཅི་ཞིག་བསམ་པ་ཡིན་ནམ།
    ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

  45. མེ་ཏོག་དཀར་པོ says:
    2014-01-23 at 8:13 am

    ཉི་མ་ལགས། ང་ད་དུང་བོད་ཡིག་འབྲི་རྒྱུ་དང་ཚིག་སྦྱོར་ལ་བརྩོན་གི་ཡིན། ཡིན་ནའང་ཡིན་ཚད་ཡོད་ཚད་དགེ་ལུགས་པ་ཡིན་ཤག་དང་བལ་འབྲུག་དང་ཆོས་བརྒྱུད་བྱེ་བྲག་པར་མཐོང་ཆུང་བྱེད་ན་ཚིག་སྦྱོར་བདེ་པོ་མ་བྱུང་ན་ཡང་བསམ་འཆར་བཤད་རྐྱང་ཡིན།

  46. མེ་ཏོག་དཀར་པོ says:
    2014-01-23 at 8:25 am

    ཀ་རྡོ་ཟེར་མཁན་དེ་སེམས་པ་ཐང་ཐང་ཡོད་པེ། མི་ནག་གི་དགེ་ཕྲུག་རང་རེད

  47. མེ་ཏོག་དཀར་པོ says:
    2014-01-23 at 8:37 am

    གོང་དུ་ཉམས་ཞིབ་པས་མཁྱེན་བརྩེར་མི་འདོད་པའི་རྣམ་འགྱུར་བསྟན་པ་ནི་ཁོང་ས་རྙིང་གང་ཞིག་དགེ་ལུགས་པར་མགོ་མི་བསྒུར་བས་ཡིན་པ་གསལ་པོ་རེད།

  48. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 8:39 am

    ང་སེམས་པ་ཐང་ཐང་མེད་པ་དེ། ཁྱེད་བདེན། མི་ནག་དེ་སུ་ཡིན་ནམ། བཀུར་འོས་དྲ་གྲོགས་ལགས།

  49. BONPO says:
    2014-01-23 at 8:44 am

    ༼and how it has been infused in other traditions, like that of bonism༽ གབ་ཆི་གོ་ལོག། རྔ་མ་གྱེན་ལོག། ཟེར་བ་འདི་འདྲ་མིན་ན་ཅི་ཡིན། དངོས་གནས་བྱས་ན་གདོད་མའི་བོན་ལུགས་ནས་ཕར་བན་ལུགས་ནང་དུ་ཤན་ཇི་ལྟར་བཞུགས་པ་ཡིན་ནམ་ཟེར་ནས་ཤོད་དགོས་མོད། དེ་ལྟར་མིན་པར་འབྲུག་པ་ཀུན་ལེགས་གཙོར་བཟུང་བྱས་ནས་འབྲུག་ཡུལ་གྱི་ཕོ་མཚན་སྲུང་འཁོར་འདི་ཡང་། འབྲུག་པ་ཀུན་ལེགས་ནས་ལུགས་སྲོལ་གཞན་བོན་ལུགས་ལྟ་བུའི་ནང་དུ་ཤན་བཞུགས་པ་རེད་ཟེར་ནས་བཤད་འདུག། རང་ས་རང་ཡུལ་གྱི་སྔ་མོའི་ལུགས་སྲོལ་དངོས་གནས་བོན་ལུགས་དེ་གཞན་ལུགས་ལ་བཞག། དུས་ཕྱིས་གཡེམ་རྒྱུག་ལས་བྱུང་བ་ཁག་རང་ལུགས་ལ་འདོད་མཁན་འབྲུག་ཕྲུག་ཚོ་ཁྱེད་ཅག་ཀླད་རྒྱ་ཆེ་ཙམ་དགོས་པའི་ཚོར་སྣང་ཞིག་བྱུང་སོང་ངོ་།

    དེ་རིང་གི་་་kuenselonline་་་ཚགས་པར་ནང་དབྱིན་ཡིག་ཐོག་འདི་འདྲ་བྲིས་འདུག །
    Crazy about phalluses

    Review: There are big phalluses, and then there are small ones, painted or carved. There are wooden ones, or ones made of metal or bamboo. There are also those that are made of stone or have emerged, naturally, or mystical like the Ranjung Kharsa Pani, and ones staring (with eyes) right back at you.

    The photos in ‘Phallus, Crazy Wisdom from Bhutan’ a book by Karma Choden, has them all, but none are bowed down or shriveled in lethargy. All are sturdy and boisterous, perhaps a little too proud and narcissistic. But this is the legacy of the 15th century Drukpa Kunley, the subject in discussion here, and an inescapable part of the culture, hung from eaves, painted on walls and an instrument of blessings.
    The pictures can be engrossing, and might bless one with its infinite divine powers, but that is not all and will not say it all.
    There are stories, information, anecdotes and folklores, the symbolism, associated faith and beliefs that Karma Choden has penned down concisely.

    It is a book about what happened next, how the legacy of divine madman was carried on and worshipped, where it’s reached now, and how it has been infused in other traditions, like that of bonism.
    There is definitely a similarity in the practices and worship of the phallus in different regions in the country. It is used to ward of evil and misfortune, for longevity, fertility and a good harvest, among the many other forms of reward for worshiping it and its symbols.

    The phallic symbol is so commonplace that the symbolism can be missed out. The book is a good place to find out why.
    Khyentse Norbu rinpoche launched the book yesterday at the Nehru-Wangchuk cultural centre in Thimphu.
    Book: Phallus, Crazy Wisdom from Bhutan
    Author: Karma Choden
    Pages: 80
    ISBN: 978-99936-911-7-4
    Price: Nu 950
    By Kinley Wangmo

  50. གཡུ་འབྲུག་དཀར་པོ། says:
    2014-01-23 at 8:47 am

    རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་ནི་དེང་གི་དུས་སུ་སྙན་གྲགས་བླ་ན་མེད་པའི་སྤྲུལ་སྐུ་ཞིག་ཡིན། ཁོང་ལ་དད་པ་དང་མོས་པའི་སློབ་མ་ཡང་འཛམ་གླིང་ཤར་ནུབ་དབུས་གསུམ་ནས་གྲངས་ལས་འདས་པ་ཡོད། ཡིན་ན་ཡང་དེ་ལྟ་བུའི་གྲགས་ཅན་གྱི་སྤྲུལ་པའི་སྐུ་དེ་བོད་པ་དང་འབྲུག་པ་གཉིས་ཀྱིས་ང་རྒྱལ་དང་སྤོབས་སེམས་ཀྱིས་བདག་ཅག་གི་མི་རིགས་ཡིན་ནོ་ཞེས་བདག་ཏུ་གཟུང་རྒྱུ་མིན་པར་བོད་པས་ཁོང་འབྲུག་པ་ཡིན་ཅེས་ཕར་ཕུད། འབྲུག་པས་ཁོང་བོད་པ་ཡིན་ཞེས་ཕར་ཕུད་པར་བྱེད་པས་ཁོ་བོ་ཧང་སངས་དགོས་པ་བྱུང། དོན་ལ་ནི་ཁོང་བོད་པ་ཡང་ཡིན་ལ་འབྲུག་པ་ཡང་ཡིན། དེས་ན་ཁོང་ནི་བོད་པ་དང་འབྲུག་པ་གཉིས་ཀྱི་བར་དུ་ཟམ་པ་ལྟ་བུ་ཞིག་བརྩི་ན་ཡང་འོས་པར་མཐོང་། རྒྱུ་མཚན་ནི་ཁོང་གི་ཡབ་བོད་པ་ཡིན་ཞིང་ཡུམ་འབྲུག་པ་ཡིན་པ་མ་ཟད་ཁོང་རང་ཡང་ད་ལྟ་འབྲུག་པའི་མི་ཁུངས་འཆང་ཞིང་བོད་ཀྱི་ཆོས་སྡེ་ཞིག་གི་མགོན་དུ་བཞུགས་འདུག་པས་སོ༎ 
    ཡང་བོད་པས་བོད་པའི་ལ་རྒྱ་མིན་འདུག་ཅེས་འཕྱ་བར་བྱེད། འབྲུག་པས་འབྲུག་པའི་ལ་རྒྱ་མིན་འདུག་ཅེས་འཕྱ་བ་བྱེད། ལ་རྒྱ་ཞིག་ནི་གནང་གི་ཡོད་ངེས། འོ་ན་ཁོང་གིས་སུ་དང་གང་གི་ལ་རྒྱ་མཛད། ཡང་ན་ལ་རྒྱ་རྩ་བ་ནས་མེད་པའི་མི་ཞིག་ཡིན་ནམ། ཡང་ན་སངས་རྒྱས་ཀྱི་བསྟན་པའི་ལ་རྒྱ་འབའ་ཞིག་བསྒྲུབས་པ་ཡིན་ནམ། སངས་རྒྱས་ཀྱི་བསྟན་པའི་ལ་རྒྱ་གནང་སོང་ན་བོད་འབྲུག་གི་ལ་རྒྱ་ཟེར་ན་ཡང་དེས་ཆོག་པས་རང་རེ་སོ་སོའི་རྒྱུ་མ་འབའ་ཞིག་བརྒྱང་རྒྱུ་འབའ་ཞིག་ལ་བྲེལ་སྡོད་པ་ཚོས་ཁོང་ལ་ཡི་རངས་ཀྱི་བསྟོད་བསྔགས་ཕུལ་མ་ནུས་ཀྱང་རེ་ཞིག་བཏང་སྙོམས་སུ་འཇག་ན་མི་འོས་སམ།

  51. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 8:54 am

    ་་་་་་་་ དོན་ལ་ནི་ཁོང་༼རྫོང་གསར་རིན་པོ་ཆེ་༽བོད་པ་ཡང་ཡིན་ལ་འབྲུག་པ་ཡང་ཡིན། དེས་ན་ཁོང་ནི་བོད་པ་དང་འབྲུག་པ་གཉིས་ཀྱི་བར་དུ་ཟམ་པ་ལྟ་བུ་ཞིག་བརྩི་ན་ཡང་འོས་པར་མཐོང་། རྒྱུ་མཚན་ནི་ཁོང་གི་ཡབ་བོད་པ་ཡིན་ཞིང་ཡུམ་འབྲུག་པ་ཡིན་པ་མ་ཟད་ཁོང་རང་ཡང་ད་ལྟ་འབྲུག་པའི་མི་ཁུངས་འཆང་ཞིང་བོད་ཀྱི་ཆོས་སྡེ་ཞིག་གི་མགོན་དུ་བཞུགས་འདུག་པས་སོ༎ ་་་་་་་་་

  52. གཡུ་འབྲུག་དཀར་པོ། says:
    2014-01-23 at 9:00 am

    བོན་པོ་ལགས་ཀྱིས་གསུངས་པ་དེ་བདེན་པ་ཡིན། འབྲུག་པ་ཚོས་དབྱིན་ཡིག་ཐར་ཐོར་ཞིག་འབྲི་ཤེས་པ་ཙམ་གྱིས་ཤེས་མདོག་མདོག་གིས་ཉམས་ཞིབ་པའི་གྲངས་སུ་འཚངས་ཏེ་མང་པོ་ཞིག་འབྲི་ཡོང་གི། གོང་དུ་མཁྱེན་བརྩེ་རིན་པོ་ཆེས་གསར་བཏོན་གནང་བའི་དཔེ་དེབ་དེ་ཡང་འབྲུག་པ་ཀུན་ལེགས་མ་གཏོགས་གོ་ཐོས་མེད་མཁན་ཞིག་གིས་བྲིས་བ་ཡིན་ཚོད་གདའ། དེ་བཞིན་གསར་བསྒྱུར་བྲིས་མཁན་དེ་ཡང་འབྲུག་པ་རང་གི་ལམ་སྲོལ་ལ་རྒྱུས་མངའ་རྩ་བ་ནས་མེད་པ་ཞིག་ཡིན་ཚོད་འདུག། དངོས་ནས་བྱས་ན་འབྲུག་པ་ཚོས་ཕོ་མཚན་གྱི་གཟུགས་བརྙན་དེ་ལ་དབང་ཕྱུག་ཆེན་པོ། ཁ་རམ་ཤིང་། ཟུར་ཤིང་ཞེས་པ་ལ་སོགས་བརྗོད་པ་ལས་ཕོ་མཚན་ཟེར་རྩ་བ་ནས་མི་བརྗོད། 

  53. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 9:07 am

    ་་་་་་ དངོས་ནས་བྱས་ན་འབྲུག་པ་ཚོས་ཕོ་མཚན་གྱི་གཟུགས་བརྙན་དེ་ལ་དབང་ཕྱུག་ཆེན་པོ། ཁ་རམ་ཤིང་། ཟུར་ཤིང་ཞེས་པ་ལ་སོགས་བརྗོད་པ་ལས་ཕོ་མཚན་ཟེར་རྩ་བ་ནས་མི་བརྗོད། ་་་་་་

  54. གཡུ་འབྲུག་དཀར་པོ། says:
    2014-01-23 at 9:12 am

    ཕོ་མཚན་སྐོར་གྱི་དེབ་ཟེར་དུས་ཕོ་མཚན་ཡག་ཉེས་དང་རིང་ཐུང་ཕྲ་སྦོམ་ལ་སོགས་པའི་ཕོ་མཚན་གྱི་སྐྱོན་ཡོན་དང་དབྱེ་བ་སོགས་ཀྱི་སྐོར་བྲིས་པའི་དེབ་ཅིག་ཡིན་ནམ་བསམས་ནས་ཐེངས་གཅིག་ཧང་སངས་སོང་། གཞི་ནས་དབང་ཕྱུག་ཆེན་པོའི་པར་རིས་དག་མཐོང་ནས་ཕོ་མཚན་གྱི་གཟུགས་བརྙན་གྱི་སྐོར་ཡིན་པ་ཧ་གོ་སོང་། ཕོ་མཚན་སྐོར་གྱི་དེབ་ཟེར་ན་ཏན་ཏན་གྱི་གོ་ནོར་ཐེབས་སྲིད་པ་རེད།

  55. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 9:28 am

    འབྲུག་བོད་བླ་མ།
    བོད་འབྲུག་ཟམ་པ།
    མཁྱེན་བརྩེ་སྤྲུལ་སྐུ།
    སྐྱ་མིན་སེར་མིན།
    སྐུ་ཚེ་ཡུན་བརྟན།
    ཀརྡོའི་སྨོན་ལམ།

  56. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 9:36 am

    དབང་ཕྱུག་ཆེན་པོ།
    ཁ་རམ་ཤིང་གཟུགས།
    ཟུར་ཤིང་ལབ་དགོས།
    ཕོ་མཚན་བྲིས་པ།
    རིག་གཞུང་ཉམས་རྟགས།
    ཆོས་དད་ཆུང་རྟགས།
    སྲོལ་བཟང་ཉམས་རྟགས།
    ཀླད་གསར་སླེབས་རྟགས།

  57. ཤར་པ་ says:
    2014-01-23 at 10:00 am

    ཡག་པོ་འདུག་ཕོ་མཚན་དངོས་ཀྱི་པར་དང་བླ་མ་ཁོ་རང་གི་ཕོ་མཚན་སོགས་པར་ལ་བཀོད་ན་ཡག་པོ་འདུག།

  58. ནུབ་ཕྱོགས་གངས་ཕྲུག says:
    2014-01-23 at 10:48 am

    Crazy wisdom དོན་བསྒྱུར་ལ། བརྟུལ་བཞུགས་ཀྱི་སྤྱོད་པ། ཟེར་རམ་་སྙམ།

  59. རིག་པའི་བུ says:
    2014-01-23 at 11:20 am

    འབྲུག་པ་ཚོས་རང་བཙན་ཐོབ་པ་དེ་འབྲུག་རྒྱལ་གྱི་བཀའ་དྲིན་ཡིན་རབས་གླེང་། ཡིན་ཡང་། ཆོད་དད་པ་ཚོས་ནམ་ཡང་དགེ་མཚན་ཡོད་ཚད་ཆོས་ཀྱིས་སྤྲད་པ་འདོད་ཅིང་། དེ་ལྟར་གླེང་བ་རྒྱུན་ལྡན་རེད།

  60. བློ་བཟང་ says:
    2014-01-23 at 11:40 am

    གང་བཤང་ཀྱང་དུས་རབས་གསར་པའི་ནང་དུ་རྒྱལ་སྤྱིའི་མཁས་དབང་རྣམས་ལ་ཁམས་དང་མོས་པར་མཚམས་པའི་ཆོས་ཆར་འབེེབས་ཐུབ་མཁན་གྱི་བླ་མ་འདི་འདྲ་ནི་ཤིན་ཏུ་དཀོན་་་་ཁོང་ནི་བོད་བརྒྱུད་ནང་བསྟན་གྱི་བསྟན་འཛིན་སྐྱེས་ཆེན་ཉི་མ་ལྟ་བུ་ཞིག་གོ།

  61. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 11:50 am

    གུང་བྲན་དམར་ལུགས་རྐྱེན་གྱིས་ད་ལྟ་བར་གྱི་བོད་པའི་གནས་ཚུལ་ཐབས་སྡུག་པོ་ཆགས་པ་དངོས་བདེན་ཡང་། བལ་ཡུལ་དང་། འབྲུག་ཡུལ་ལྟ་བུ་ད་ལྟའི་བར་ལ་རང་དབང་ཐོབ་པ་ཁེ་སང་ཆེ་ཡང་།
    ད་ལྟ་ནས་དཔལ་འབྱོར་དང་། སྐད་ཡིག གོམས་གཤིས་སོགས་ལ་རྗེས་ལུས་ཆེན་པོ་ཞིག་ཐེབས་མི་སྲིད་པ་མིན་པས། བོད་པ་རང་བཙན་འདོད་པ་རྣམས་ཀྱིས་ཀྱང་། འདི་ལ་བསམ་དགོས་པ་མང་ངོ་།། །།

  62. དྲན་དཀར་དཔལ་ཡོན་ says:
    2014-01-23 at 1:08 pm

    ཕོ་མཚན་གྱིས་བཟོས་མ།
    མོ་མཚན་ལས་བྱུང་མ།
    རྟེན་ས་ལ་འབྲེལ་ཅིང་མཆོད་པ།
    བན་བོན་ནི་གང་ཡིན་ཅིའི་རྩོད།

    མཚན་མ་ཡི་དབྱེ་འབྱེད་མེད་པར།
    སུས་མཆོད་ན་སུ་ལ་ཡང་བཀྲ་ཤིས།
    མ་མཆོད་ན་མི་འོས་པའི་གཞི་མ།
    མཆོད་མི་རྣམས་ཚེ་འདིར་ཡང་བདེ་ལེགས།

    མཚན་མ་གཉིས་མཆོད་པ་མེད་ན།
    ཆོས་ལུགས་རྣམས་ག་ལར་མི་འབྱུང་།
    འགྲོ་བ་མིས་བྱེད་པོ་འདི་མཆོད་པོ།
    རྫོང་གསར་ལགས་གནས་ལུགས་ཀྱི་མཁན་ཕོ།

  63. འབའ་སྲས། says:
    2014-01-23 at 1:21 pm

    མཇེ་དང་སྟུ་ལ་ཞིབ་འཇུག་མི་དགོས་ཏེ།། དེ་ཡི་ནུས་པ་རང་གིས་སྤྱད་པའི་ཤེས།། མཇེ་དང་སྟུ་ཡི་དབྱིབས་སུ་མི་དགོས་ཏེ།། རང་རང་ལུས་དང་མ་བྲལ་གནས་པས་སོ།།

  64. འབའ་སྲས། says:
    2014-01-23 at 1:22 pm

    སྤྱད་པས་ཤེས།

  65. ཉམས་ཞིབ་པ་ says:
    2014-01-23 at 1:31 pm

    Crazy wisdom ཟེར་ན་ཡེ་ཤེས་འཆོལ་བ་རེད།

  66. བན་དེ་བ། says:
    2014-01-23 at 1:32 pm

    ཕྱུག་པོས་འཁྲབ་ཚད་ཞབས་བྲོ།
    སྤྲང་པོས་འཁྲབ་ཚད་ཐལ་སློང།
    དེ་རིགས་ཀྱི་ལྟ་བ་ཅན་རྣམས་ནི་བླུན་པོ་རྣམ་དཔྱོད་ཀྱིས་དབུལ་བ་ཡིན་པས་འདི་དག་ལ་དཔྱད་ནས་གྲུབ་དོན་ཐོབ་མི་སྲིད།

  67. ཉམས་ཞིབ་པ་ says:
    2014-01-23 at 3:13 pm

    མཆན་བུ་འདེབས་མཁན་ཕལ་མོ་ཆེས་”གློག་བརྙན་དུས་སྟོན་”ཟེར་བའི་གོ་དོན་ཡང་མཁྱེན་གི་མི་འདུག
    འདིས་ག་རེ་སྟོན་གི་འདུག་ཅེ་ན། འུ་ཅག་ལ་ཡོད་པའི་མཐོང་རྒྱ་ཆུང་བ་དང་ཐོས་རྒྱ་ཐུང་པ། ཉམས་མྱོང་ཞན་པ། ཀློགས་གྲངས་ཉུང་བ་བཅས་སྟོན་གྱི་ཡོད་པ་རེད་།

    དཔེར་ན། པད་མ་ཚེ་བརྟན་གྱི་”ཁྱི་རྒན”་ཨེ་ཤ་ཡའི་ཁོངས་ཀྱི་གློག་བརྙན་དུས་སྟོན་གྲགས་ཅན་ལྷོ་ཀོ་ར་ཡའི་ཕུའུ་སན་(BUSAN)ཟེར་བ་དེར་ཚུད་པ་རེད། ངོ་སྤྲོད་ཁོངས་སུ་བོད་པའི་གློག་བརྙན་དང་གློག་བརྙན་འཁྲབ་ཁྲིད་པ་(Film director)བོད་པ་ཟེར་ནས་ངོ་སྤྲོད་བྱས་ཡོད་པ་རེད།

    མཁྱེན་བརྩེ་ནོར་བུའི(རྫོང་གསར་མཁྱེན་བརྩེ)གློག་བརྙན་ལྦ་ར(Vara)ཟེར་བ་ཡང་ད་ལོར་དེར་ཚུད་པ་རེད། ཡིན་ན་ཡང་། ངོ་སྤྲོད་ཁོངས་སུ་འབྲུག་པའི་གློག་བརྙན་དང་གློག་བརྙན་འཁྲབ་ཁྲིད་པ་འབྲུག་པ་ཟེར་ནས་ངོ་སྤྲོད་བྱས་ཡོད་པ་རེད་།

    སྤོབས་པ་སོགས་ཁྱེད་ཚོས་གནད་དོན་འདི་ཚོའི་སྐོར་མཐོང་ཐོས་དང་ཤེས་རྒྱ་སྣ་གཅིག་མེད་པར་མཁྱེན་བརྩེ་རིན་པོ་ཆེས་བོད་ལ་བཟུང་བའི་ཐུགས་ཀྱི་ཟབ་ཚད་དེ་འཇལ་དཀའ།

  68. མེ་ཏོག་དཀར་པོ says:
    2014-01-23 at 3:49 pm

    བོད་པའི་ཕྱོགས་མ་བཟུང་བ་ནི་མཁྱེན་བརྩེ་ཁྱོད་ཀྱིས་བྱ་བ་བྱས་སོ།།

  69. མེ་ཏོག་དཀར་པོ says:
    2014-01-23 at 3:58 pm

    མ་གཞི་ཁ་སང་ཤར་ཁུགས་ཀྱིས་མཇེ་ལང་ནས་ཤི་མཁན་དང་གཟའ་ཕོག་ནས་ཤི་མཁན་གཉིས་ཀྱི་སྐོར་ཉམས་ཞིབ་ཀྱི་རྩོམ་ཞིག་སྤེལ་ནས་མཆན་བུ་ ༨༤ ལ་སླེབས་སོང་སྟེ་ཉམས་ཞིབ་པའམ་དེ་གོ་རྒྱུ་རིག་རྒྱུ་མིན་འདུག དེ་རིང་མཁྱེན་བརྩེའི་སྐོར་འདིར་མཆན་བུ་དང་པོ་དེ་ནག་མཐིང་ངེ་བཏབ་ནས་ཧུར་ཧུར་དུ་སྣང་བ་འདི་ཅི་ཞིག་མཚོན།

  70. ཉམས་ཞིབ་པ་ says:
    2014-01-23 at 4:04 pm

    མེ་ཏོག་དཀར་པོ་ཁྱོད་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་མ་ཆེ། ཉམས་ཞིབ་པ་ང་བོད་ཀྱི་སྒྱུ་རྩལ་ལ་ཞེན་ཁོག་ཡོད་མཁན་ཡིན་པ་མ་གཏོགས་ཤར་ཁུག་སོགས་ཀྱི་སྐྱུགས་བྲོ་བའི་ཆབ་སྲིད་ཀྱི་ཟློས་གར་དེའི་རིགས་ལ་ཡི་གེ་འབྲི་བའི་ངལ་བ་བསྟེན་མི་འདོད་ལ་དེ་ཚོའི་བྱེད་སྟངས་རིགས་ལ་ཡི་གེ་འབྲི་བའི་རིན་ཐང་ཡང་མཐོང་གི་མེད་།

  71. ཚེ་རིང་སྐྱབས་ says:
    2014-01-23 at 5:25 pm

    ༄། འབྲུག་བོད་པའི་རྐུབ་དབུ་ཐི་རྒྱག་ཁན་ལ་དེ་མ་ཏོག་བྱེད་རྒྱུ་ག་རེ་ཡོད་ཀླ་ཀླའི་ཀླ་རྟག་རྟན་པ་རེད་

  72. ཡེ་ཤེས་རྡོ་རྗེ། says:
    2014-01-23 at 6:07 pm

    རྡོ་དང་ཤིང་ལ་བསྟན་བཅོས་མེད།།
    ནང་པའི་ཆོས་ལ་ས་མཚམས་མེད།།
    ཤ་རུས་ཁྲག་གསུམ་བོད་ཡིན་རུང་།།
    བོད་ཞེན་མེད་ན་མིང་ཙམ་མོ།།
    རྒྱལ་ཞེན་རིགས་ཞེན་ཞེན་ཁོག་ནི།
    རིགས་སུ་འབྱེད་བྱེད་ཀེ་ཏ་ཀ།

  73. ཕུག་རོན། says:
    2014-01-23 at 10:18 pm

    མཇེ་ཡི་སྐོར་གྱི་དཔེ་དེབ་འདི་ནང་ཆོས་དང་འབྲེལ་བ་ཡོད་པ་ཞིག་རེད་དམ། དྲི་བ་རང་ཡིན་ད། ཧིན་དུའི་ཆོས་ནང་མཇེ་འདི་དང་འདིའི་འདྲ་རིས་མངཔོ་མཐོང་རྒྱུ་ཡོད་ཀི པར་རིས་ལ་བལྟས་ཡོང་སྐབས་དེང་སང་གི་འཁྲིག་སྤྱོད་དཔེ་དེབ་འདྲ་ཟིག་རང་བཞིན་གྱིས་སེམས་ལ་འཁོར་ཡོང་གི་འདུག

  74. བྱང་དྲོན་ says:
    2014-01-23 at 11:02 pm

    ཉམས་ཞིབ་པ་ཟེར་བའི་ཧམ་ཆེན་ཕྱོགས་ལྷུང་གདོན་གྱིས་ཟིན་པ་ཁྱོད་ཉོན་ཅིག ཁྱོད་ཀྱིས་དཔེར་ན། པད་མ་ཚེ་བརྟན་གྱི་”ཁྱི་རྒན”་ཨེ་ཤ་ཡའི་ཁོངས་ཀྱི་གློག་བརྙན་དུས་སྟོན་གྲགས་ཅན་ལྷོ་ཀོ་ར་ཡའི་ཕུའུ་སན་(BUSAN)ཟེར་བ་དེར་ཚུད་པ་རེད། ངོ་སྤྲོད་ཁོངས་སུ་བོད་པའི་གློག་བརྙན་དང་གློག་བརྙན་འཁྲབ་ཁྲིད་པ་(Film director)བོད་པ་ཟེར་ནས་ངོ་སྤྲོད་བྱས་ཡོད་པ་རེད།
    ཟེར་བ་འདིར་རྒྱུ་མཚན་ཅི་ཞིག་ཡོད་བོད་ནང་གི་མིས་རྒྱལ་སྤྱིའི་འགྲན་བསྡུར་ནང་བཞུགས་སྐབས་རྒྱ་ནག་གི་མིང་འཁྱེར་ནས་འཛུལ་བ་ལས། བོད་ཀྱི་མིང་འཁྱེར་ནས་རྒྱལ་སྤྱིའི་འགྲན་བསྡུར་ནང་འཛུལ་མི་ཐུབ་ཀྱི་རེད་པས? བོད་ཟེར་བའི་རྒྱལ་ཁབ་གཅིག་ཁས་ལེན་གྱི་རེད་པས། བསམ་བློ་སྔོན་ལ་བཏང་ན་མཁས་པ་དང་། འགྱོད་པ་རྗེས་ལ་སྐྱེས་ན་བླུན་པོ་ཟེར། ཁྱོད་འདྲ་པོ་བསམ་བློའི་འཁོར་རྒྱ་མེད་པ་དང་། ཕྱོགས་ལྷུང་གདོན་གྱིས་ཟིན་པ། ནང་དམེས་དུས་ཚོད་འདའ་མཁན་ཞིག་གིས་རྒྱ་སྤྱིའི་ཐོག་མཚན་སྙན་གང་མཚམས་ཡོད་པའི་མི་བུ་ཞིག་ལ་སྐྱོན་འདོགས་བྱེད་པ་ནི་ཤ་ཚ་དགོས་པ་ཞིག་མ་རེད་དམ།

  75. ཨ་ཕྱི་ཆོས་སྒྲོན says:
    2014-01-24 at 12:21 am

    ངོ་མ་བཤད་ན་དྲ་གྲོགས་ཁྱེད་ཚོ་ཕལ་ཆེ་བ་འབྲུག་ཡུལ་ལ་གོམས་པ་ཡང་སྤོས་མྱོང་མེད་པའི་ལོང་བཤད་དུ་ཚོར། དབང་ཕྱུག་ནི་རྒྱུན་ལྡན་གྱི་འབྲུག་གི་དངོས་ཆས་ཙམ་རེད། མཁྱེན་བརྩེ་སང་གི་གསར་བརྩམས་ཅི་ཡང་མི་མཐོང་ངོ་། ཀརྨ་ཆོས་སྒྲོན་ནས་བསྒྲིགས་པའི་དེབ་དེ་ཁྲིམས་མཐུན་རྒྱལ་གཅེས་ལམ་ལུགས་ཀྱིས་དབུ་འབྱེད་གནང་བ་ཞིག་རེད། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་འདྲ་མཁྱེན་རབ་དང་རླབས་ཆེན་མཛད་པ་ཅན་དེང་དུས་བོད་པའི་བླ་སྤྲུལ་ཁག་ཏུ་བྱུང་མྱོང་མེད་བཤད་ན་འགྲིག་གི་འདུག ཕལ་ཆེ་བས་རང་དོན་དང་ཆོས་ལུགས་ཕྱོགས་འཐེན་ལས་མེད། འཇམ་དབྱངས་མཁྱེན་བརྩེ་ནི་འཛམ་གླིང་རྒྱལ་ཡོངས་དང་འགྲོ་བ་ཡོངས་ལ་ཐུགས་བསྐྱེད་གནང་བ་དང་གཞན་ཕན་སྒྲུབ་མཁན་ཞིག་རེད། བོད་པ་ཉི་ཚེ་བ་དང་འབྲུག་པ་ཕྱོགས་རེ་ཙམ་མིན་པར་གདོད་མའི་འགྲོ་བ་མིའི་སྲོག་རྩ་ལ་བདག་པོ་དང་ངོ་སོ་གནང་བ་རེད། ད་ཡིན་ན་མ་ཡུམ་ཚོས་ཀྱང་ལ་རྒྱ་ཞིག་བཤད་པའི་སྐབས་སུ་བབས་མི་འདུག་གམ།

  76. སྤོབས་པ་མཐའ་ཡས། says:
    2014-01-24 at 12:22 am

    ཅོ་རི་ཉི་མ་བདེན། ང་ནི་ཁར་སང་དེ་རིང་དགེ་ལུགས་སྤྱིར་བཏང་ནི་བཟང་ངན་ཀུན་འདྲེས་ཀྱི་སྤྱི་ཚོགས་ཤིག་ལས་བཟང་ངན་གྱི་མཐར་གཅོད་ཤེས་གི་མི་འདུག རྙིང་མ་བ་ཟེར་ན་ཡང་བཟང་ངན་ཀུན་འདྲེས་ཀྱི་སྤྱི་ཚོགས་ཤིག་ལས་བཟང་ངན་འདི་ཟེར་ནས་བཤད་ཤེས་གི་མི་འདུག ཡིན་ན་རང་ཏྲེ་ཧོར་དགེ་སྟག་དང་དེང་སང་ཀྲུང་དབྱང་གི་ཕོགས་ཟན་ཏྲེ་ཧོར་ནགས་ཚང་སོགས་དགེ་ལུགས་རྙིང་མ་གང་ཡིན་ཡང་རྒྱལ་ཚོང་ཧ་ལས་པར་མཐོང་གི་འདུག་ལགས།

  77. བསམ་ཤེས། says:
    2014-01-24 at 12:29 am

    བུད་མེད། མཇེ་་བླ་མ། བོད་པ་འབྲུག་པ། ནང་པ་བོན་པོ། བཀའ་རྙིང་ས་དགེ། རྙོག་ཁྲ་ཚང་མ་འདིར་འཛོམས་འདུག ང་ནི་ཚང་མ་རྒྱན་ལ་མཐོང་གི་འདུག མགོན་པོ་ཀླུ་སྒྲུབ་གྱིས་གཅིག་ཀྱི་སྟོང་ཉིད་གང་ཡིན་པ། དེ་ནི་ཀུན་ལ་འཇུག་པར་གྱུར་གསུང་བ་ལྟར། ཚང་མ་སྟོང་པས་སྣང་། སྣང་ནས་སྟོང་བ་གཅིག་པ་རེད། བདེ་བ་དགོས་པ་གཅིག་པ། སྡུག་བསྔལ་མི་དགོས་པ་གཅིག་པ། ད་ག་རེའི་དོན་དུ་ཁྱོད་ཤི་ང་གསོན་བྱེད་དགོས་དམ།

    སྟབས་བདེ་ས་ནས་བཤད་ན། ཚང་མ་རྒྱོ་ལ་དགའ་བ་གཅིག་པ། རྒྱོ་འདོད་པ་འཚིམ་པ་མ་རག་པ་གཅིག་པ། སེམས་རྒྱོ་ལ་ཆགས་པ་གཅིག་པ། ཕྱི་ལ་དེ་མངོན་འདོད་མེད་པ་གཅིག་པ། ད་ག་རེ་འགྲིགས་ཀྱི་མིན་འདུག་གམ། དྲ་གྲོགས་འདི་འདྲའི་དཀྱིལ་ནས་ཀླུ་སྨྱོན་དྲན་གྱི་འདུག ཁོང་དྲང་པོ། རང་གི་སྣང་བ་གང་ཤར་བཤད་ཕོད་པ། གཞན་ལ་དཀྱིལ་ཡངས་ཆེ་བ། རང་གི་ནོར་འཁྲུལ་སྟོན་ནུས་པ། གཞན་གྱི་ནོར་འཁྲུལ་ལ་ཇི་མི་སྙམ་པ་དྲ་གྲོགས་ཡག་པོ་ཞིག་རེད། འདིར་ལྟོས་དང་། ཚང་མའི་ལག་ཏུ་རང་གི་མགོ་ལས་ཆེ་བའི་སྟ་རེ་ཞིག་འཁུར་ནས། མཐོང་ཚད་ལ་རྒྱོབ་རྩིས་བྱེད་པ། འདི་ཐུགས་སྤྲོ་གཏོང་ས་ཞིག་འདྲ་བོ་མིན་འདུག གཡུལ་ས་ལས་ཇེ་སྡུག་རེད།

    བཟོད་པ་ཏོག་ཙམ་སྒོམ་དང་དེ་ཆོས་རེད། སྙན་པོ་ཏོག་ཙམ་ཤོད་དང་དེ་ཆོས་རེད། བསྟོད་པ་ཏོག་ཙང་གཏོང་དང་དེ་སྦྱིན་པ་རེད། དཔྱད་པ་ཏོག་ཙམ་གྱིས་དང་དེ་བསམ་གཏན་རེད། ཕན་པ་ཏོག་ཙམ་ཤོད་དང་དེ་བྱང་སེམས་རེད། སེམས་གསོ་ཏོག་ཙམ་གཏོང་དང་དེ་སྙིང་རྗེ་རེད། འདི་ལ་ཆོས་གནད་དུ་འཁེལ་བ་ལག་བསྟར་བྱེད་ས་ཡོད་པ་དེ་སྐྱུར་ནས། ཚང་མའི་མགོ་གཤག་འདོད་པ་འདི་ལས་ངན་པ་རེད།

    དཀོན་མཆོག་མཁྱེན། གོ་ཏ་མ་མཁྱེན། ད་གཟིགས་དང་། སྙིགས་མ་ཟེར་བ་འདི་ལ་མིན་ན་གང་།

  78. ཀློང་ཆུང་ says:
    2014-01-24 at 1:33 am

    སྤོབས་པ་ལགས་ཐོག་མ་བོད་ཀྱི་དུས་བབ་སོགས་ལ་བོད་མི་རིགས་ལ་ཤ་ཚ་དང་མི་རིགས་ཀྱི་ལ་རྒྱ་ཆེན་པོ་ཡོད་པའི་སྨྱུག་ཐོག་པ་ཞིག་གི་རྣམ་པ་བསྟན་སོང་། ངས་ཀྱང་བསྟོད་པ་བཏང་་མྱོང་། ད་ལྟ་འདིར་ཆོལ་ལུགས་དང་ཆོལ་ཁའི་ཐེན་འཁྱེར་འདི་འདྲ་སྤེལ་དུས་ངོ་མ་འཇིགས་ཨང་། ཁྱེད་ཀྱི་རྩ་བ་ནས་མི་དགའ་བའི་ཆོས་ལུགས་དེ་བོན་པོ་དང་དགེ་ལུགས་རེད། ཁྱོད་ཀྱིས་དགྲ་ལྟར་བཟུང་བའི་མི་མང་ནི་ཁམས་པ་དང་དབུས་གཙང་རེད། ད་མི་རིགས་ཀྱི་ལ་རྒྱ་ཡོད་མདོག་སྟོན་པ་འདི་རྫུན་མ་རེད།

    ཁྱོད་ཀྱིས་བྲིས་པའི་རྩོམ་འདི་དག་ག་ལེར་འདོན་གྱི་ཡིན།

  79. སྤོབས་པ་མཐའ་ཡས། says:
    2014-01-24 at 2:05 am

    རྫོང་གསར་མཁྱེན་བརྩེ་ཡི་མཇེ་དེབ་གླེང་ས་འདི་ན་མི་ཁ་ཤས་ཤིག་གིས་སྤོབས་པ་མཐའ་ཡས་དགེ་ལུགས་ལ་མི་དགའ་མཁན་ཞིག་ལ་བསྒྲུབ་མི་ཐུབ་ནས་དཀའ་ངལ་མྱང་གིའདུག

  80. བོད་ཕྲུག says:
    2014-01-24 at 4:37 am

    ཨ་ཕྱིའི་མིང་འཁྱེར་མཁན་འདིས། མཁྱེན་བརྩེ་༼སང༽ཟེར། ཚང་གི་ཚབ་ཏུ་སང་འབྲི་མཁན་དེ་རེད། ད་ཁོ་དངོས་གསལ་དོད་ནས་དོད་འགྲོ་བཞིན་གདའོ།།

  81. སྤོ་ཆེན་ says:
    2014-01-24 at 5:33 am

    འབེན་མ་མཐོང་བར་མདའ་མ་རྒྱབ།

  82. གངས་སེང་ says:
    2014-01-24 at 8:08 am

    དྲ་འབུ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ། མ་མཇལ་ཡུན་རིང་སོང་།

  83. ཉི་མ། says:
    2014-01-24 at 10:31 am

    ཕྱོགས་དུག་གིས་སྨྱོ་ཆེ་ཤེས་ཀྱི་དྲ་བུའི་མཚན་གཞི་ནི་ཨ་ཕྱི་མ་དང་སྤོབས་མཐའ་གཉིས་བཞག་ཆོག

  84. དྲི་མེད་ལྷག་བསམ། says:
    2014-01-24 at 7:47 pm

    美國《華爾街日報》23日報導,由於日本首相安倍晉三參拜靖國神社,引發日本與中國大陸及南韓的關係惡化,美國政府擔憂區域局勢持續不穩定,因此已經要求日本政府保證別再有首相參拜靖國,
    རྒྱ་ནག་དང་། ཨ་མེ་རི་ཀས་ཉིཧོང་གི་སྔོན་གཤེགས་དཔའ་བོའི་རྡོ་རིང་ལ་དྲན་གསོ་བྱེད་མི་རུང་ཟེར། སྐབས་དེའི་ཉི་ཧོང་དམག་གིས་རྒྱ་ནག་གི་མི་རིགས་མང་པོ་འཚེ་མེད་དུ་བསད་པས་དེ་ལ་མཆོད་འབུལ་བྱེད་ན་རྒྱ་ནག་དང་ཉི་ཧོང་གི་འབྲེལ་ལམ་གཅོད་རྒྱུ་ཡིན་ཟེར། འོན་ཀྱང་ད་ལོ་རགཡ་ནག་གིས་མོའུ་ཙེ་ཏུང་ལ་རྗེས་དྲན་མཛད་སྒོ་རྒྱ་ཆེར་བྱས་པ་ལ་རྒྱ་བོད་དབྱིན་གསུམ་ཡིག་རིགས་སྟེང་ནས་དགག་པ་རྒྱག་མཁན་བྱུང་མེད། གྲངས་ཉུང་མི་རིགས་སྡེབས་གསོད་བྱས་པ་འོས་ཤིང་མཚམས་པས་ཡིན་ནམ། ཕྱི་ཕྱོགས་ཀྱི་བོད་གཞུང་དང་གྲངས་ཉུང་མི་རིགས་མོའུ་ཙེ་ཏུང་ལ་དགའ་དྲག་པས་ཡིན། དཔྱད་པ་བྱེད་དགོས་པར་སྣང་། ཉི་ཧོང་པ་ཞིག་གིས་དེ་འདྲ་བྲིས་འདུག

  85. རྫ་ཚེ་རིང་བཀྲ་ཤིས། says:
    2014-01-24 at 8:37 pm

    རྒྱ་ཡིག་ཐོག་ལ་ནི་དེ་འདྲ་རང་བྲིས་མི་འདུག་་་་་་་་་ག་རེ་གསུང་གི་ཡོད་ན།

  86. དྲི་མེད་ལྷག་བསམ། says:
    2014-01-24 at 11:21 pm

    རྫ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱ་ཡིག་ཤེས་པའི་ཐུགས་རྒྱལ་བསྐྱེད་དེ་གསར་འགྱུར་གྱི་དབུ་མཐོང་བ་ཙམ་གྱིས་ཐག་གཅོད་མི་སྔ་བར། ཤེས་རབ་ཀྱི་སྤྱན་ཀྱིས་འདི་ལ་གཟིགས་ཤིག། http://www.valpo.edu/chineseandjapanesestudies/

  87. དྲི་མེད་ལྷག་བསམ། says:
    2014-01-24 at 11:27 pm

    ཡང་འདིའི་མཆན་བུའི་ནང་དུ་སྤྱན་རས་གཡོ་བ་མེད་པར་ལྟོས་ཤིག
    http://www.chinatex.cc/lishi/zhongguoshi/663201.html‎

  88. ཨ་ཕྱི་ཆོས་སྒྲོན says:
    2014-01-25 at 12:22 am

    ཧ ཧ དེ་ནི་མོའུ་ཙེ་ཏུང་ལ་འཇམ་དབྱངས་ཀྱི་སྤྲུལ་སྐུ་ཡིན་པར་དག་སྣང་སྦྱང་བ་ཡིན་ས་རེད། ཧ ཧ བོད་པ་མང་པོས་མོའུ་ཙེ་ཏུང་ལ་རྗེས་དྲན་ཡག་པོ་བྱས་སོང་ད། གཙོ་བོ་དོལ་ཚོགས་དང་ཏྲེ་ཧོར་པ་འདུག

  89. སྤོ་ཆེན་ says:
    2014-01-25 at 3:35 am

    དེབ་འདི་ཡོན་ཏན་བསྐོར་རེད་བཞག་མ་གཏོགས་འབྲུག་དང་བོད་པའི་ལ་རྒྱ་བསྐོར་མིན་འདུག་ལ་དེང་དུས་ཕྱི་རྒྱལ་གི་འདོད་དེབ་འདྲ་ཡང་རེད་མིན་འདུག །དེའི་མཚན་ལ་འབྲུག་པས། སྤོ་ཆེན་རྒྱལ་བའི་བློ་གྲོས་ཟེར་ཞུ་ཡི་འདུག།

    འབྲུག་གི་གསར་ཤོག་ཀུན་གསལ་ནས་་་་ཀི་དེབ་དེ་ འགོ་འབྱེད་འབད་མི་གིས་ རང་སོའི་ཁྱིམ་གྱི་སྒོ་ཁར་ ཁ་རམ་བཟློག་ཐབས་དང་ ཁྱིམ་བསྒྲུབས་སྐབས་ ཟུར་ཆེན་ལ་སོགས་པ་ཚུ་གི་དོན་ལུ་ སྤོ་ཆེན་རྒྱལ་བའི་ བློ་གྲོས་ཟེར་ ཕོ་མཚན་བཟོ་སྟེ་ བཞག་དགོ་པའི་ཁུངས་དོན་ཚུ་ ཤེས་ཚུགས་པའི་ ཕན་ཐོགས་ཡོདཔ་ཨིན་པས།
    ཀི་དེབ་རྩོམ་སྒྲིག་འབད་མི་ ཀརྨ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ མི་མང་ཤོས་ཅིག་གིས་ར་ ངོ་ཚ་སྡོད་དེ་ དེ་གི་སྐོར་ལས་ མི་ཤེས་དོ་ཡོདཔ་ད་ སྤོ་ཆེན་རྒྱལ་བའི་ བློ་གྲོས་ཟེར་མི་དེ་ སྔོན་དང་ཕུ་ ཕམ་གྱི་སྐབས་ལས་ར་ ལམ་སྲོལ་ཅིག་སྦེ་ རྒྱུན་གནས་ཡོདཔ་བཞིན་དུ་ ངོ་ཚ་དགོཔ་མེད་ཟེར་ཨིན་པས།

    མོ་གིས་འབད་བ་ཅིན་ སྤོ་ཆེན་རྒྱལ་བའི་ བློ་གྲོས་དེ་ རྟེན་འབྲེལ་དང་ བརྩི་སྲུང་ཚུ་ ནམ་འབདཝ་ཨིན་ན་དང་ ག་ཅི་སྦེ་ བརྩི་སྲུང་འབདཝ་ཨིན་ན་ཚུ་གི་སྐོར་ལས་ ཤེས་རྟོགས་མེདཔ་ལས་ ཀི་དེབ་དེ་ནང་ དེ་གི་སྐོར་ལས་ ཁུངས་དོན་ཚུ་ ཁ་གསལ་སྦེ་ བཀོད་དེ་ཡོད་ཟེར་ཨིན་པས།
    དེ་བཟུམ་སྦེ་ ཁྱིམ་བསྒྲུབས་དང་ ཁ་རམ་ལ་སོགས་པ་ཚུ་ བཟོ་བའི་སྐབས་ ཤིང་ག་ཅི་བཟུམ་ཅིག་ ལག་ལེན་འཐབ་དོ་ག་དང་ བཟོ་དབྱིབས་དང་ ཚོན་ཁྲ་ཚུ་ཡང་ ག་ཅི་བཟུམ་ བཏང་དགོཔ་ཨིན་ན་ཚུ་གི་སྐོར་ལས་ཡང་ རྒྱས་ཤིང་རྒྱསཔ་སྦེ་ བཀོད་དེ་ཡོད་ཟེར་ མོ་གིས་བཤདཔ་ཨིན་པས།
    མོ་གིས་ སླབ་མིའི་ནང་ མི་ཚུ་གིས་ ཀི་དེབ་དེ་ ལྷག་པའི་སྐབས་ མི་༡ གི་གདོང་ལུ་ དགའ་འཛུམ་དུམ་གྲ་ཅིག་ འབག་འོང་ཚུགས་པ་ཅིན་ མོ་གི་རེ་འདོད་དེ་ འགྲུབ་ཚུགས་ཟེར་ཨིནམ་ད་ དེ་ཡང་ ཀི་དེབ་ནང་ ཚིག་ཉུང་ལ་ དོན་རྒྱས་པ་སྦེ་ གསལ་སྟོན་འབད་ཚུགསཔ་མ་ཚད་ གོ་བ་ཡང་ འཇམ་ཏོང་ཏོ་ཡོདཔ་ལས་ དེ་གི་ཁུངས་དོན་ཚུ་ གཞན་ལུ་ཡང་ སྤེལ་ཚུགས་པའི་ འོས་འབབ་ཡོད་ཟེར་ཨིན་པས།
    ཀི་དེབ་རྩོམ་སྒྲིག་འབད་དགོ་པའི་ དམིགས་ཡུལ་ལེ་ཤ་ཡོད་རུང་ གཙོ་བོ་དེ་ དང་ཕུ་ཕམ་གྱི་ སྐབས་ལས་ར་ཡོད་པའི་ ལམ་སྲོལ་ཚུ་ ཉམས་དོ་ཡོད་མི་དང་འཁྲིལ་ མ་འོངས་པར་ ལམ་སྲོལ་དེ་ ཡིག་ཆ་ཙམ་ཅིག་ལུ་ འགྱུར་ནིའི་ཉན་ཁ་ཡོདཔ་ལས མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་ འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
    གསར་བཏོན་སྐབས་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ གསུངས་མིའི་ནང་ ཀི་དེབ་དེ་ ལྷག་གཟིགས་པའི་སྐབས་ལུ་ སྤྲོ་བ་སྦོམ་ར་བྱུང་ཡི་ཟེར་ཨིནམ་ད་ ཀི་དེབ་དེ་གི་མིང་ཡང་ ཕེ་ལསི་-དཱ་ཀེར་ཟི་བུ་དི་ཟམ་ཟེར་ གདམ་ཁ་ལེགས་ཤོམ་ རྐྱབ་ནུག་ཟེར་ཨིན་པས།
    རིན་པོ་ཆེ་གིས་ འབད་བ་ཅིན་ བྱ་བཏང་གི་རྣལ་འབྱོར་པ་ བླམ་འབྲུག་པ་ཀུན་ལེགས་ཀྱིས་ཡང་ སེམས་ཀྱི་ཞི་བདེའི་སྐོར་ལས་ གསུངས་ཏེ་ཡོདཔ་ད་ ཀི་དེབ་དེ་ནང་ སྤོ་ཆེན་དེ་ འབྲུག་པ་ཀུན་ལེགས་ཀྱི་ སྐབས་ལས་ར་ ལག་ལེན་འཐབ་སྲོལ་ ཡོད་མི་ཚུ་གི་སྐོར་ལས་ཡང་ ཚུད་དེ་ཡོདཔ་ལས་ མ་འོངས་བུ་བརྒྱུད་ཚུ་གིས་ དེ་གི་ཁུངས་དོན་ཚུ་ ཤེས་ཚུགས་པའི་ གོ་སྐབས་འཐོབ་ནི་མས་ཟེར་ གསུངས་ཡི།

  90. BONPO says:
    2014-01-25 at 1:24 pm

    རྒྱ་གར་སྐད་དུ་་་་किताब་་་་༼ཀི་ཏཱབ༽་་་་འབྲུག་སྐད་དུ་་་་ཀི་དེབ་་་་་་བོད་སྐད་དུ་་་་དེབ་་་་་ཟེར་བ་འདི་ཚོའི་སྒྲ་གདངས་ཀྱི་བྱུང་ཁུངས་ངོ་མ་དེ་རྒྱ་གར་སྐད་ཀྱི་་་་किताब་་་་ཟེར་བ་འདི་ཡིན་ནམ། བོད་སྐད་དུ་་་དེབ་་་་ཟེར་བ་དེ་རྒྱ་གར་སྐད་ཀྱི་་་किताब་་་ཟེར་བའི་མིང་སྒྲ་འདིའི་་་कि་་་ཀི་་་དེ་ནུས་མེད་དུ་བཏང་ནས་་་ताब་་་་ཏཱབ་་་ཟེར་བ་དེ་་་་དེབ་་་ལ་གོ་བསྒྱུར་བྱས་ནས་བོད་པས་སྟབས་བདེའི་ཚུལ་དུ་་་་དེབ་་་ཟེར་ནས་འབོད་བཞིན་པ་ཨ་ཡིན་ནམ། །

  91. གནམ says:
    2014-01-25 at 8:18 pm

    བླ་སྨྱོན་འདིས་སྟུ་མཚན་གྱི་མཛད་སྒོ་ཞིག་ནམ་ལ་ཕྱེ་རྒྱུ་ཡིན་ནམ། དེའི་དུས་ཁོ་ལ་འགའ་སྤྲད་བཞག་ན། མོ་སྡོམ་སྲུང་བ་ལ་ཕན་ཐོགས་ཡོད་སྲིད།
    དེ་འདྲའི་མཇེ་དང་རླིག་རིལ་ཚུགས་ཀ་མེད་ནི་ཞིག། འབྲུག་མོ་རྒྱོ་དགའ་མ་ཚོ། ལག་ལ་གང་བྱུང་མ་ཚོ་མ་གཏོགས་འདི་ནི་དགོས་རབས་བཤད་ནི་གཅིག་ལ་ཡོད་ས་མ་རེད།

    སྔོན་མ་ཞིག་ལ་འབྲུག་མོ་ཞིག་གིས་ས་སོ་དགའ་སའི་དགའ་བོ་བཙལ་བ་དེ་དང་མཉམ་དུ་གཉེན་སྟོན་གྱི་གྲལ་སྒྲིག་དགོས་བའི་འདུན་པ་མོའི་ཨ་ཕ་ལ་ཞུས་པ་རེད། ཨ་ཕས། ཁོང་ཡོང་གི་མ་རེད། ཁོང་རང་ངའི་ཐང་བུ་རེད། ཁྱེད་རང་གི་ཇོ་ཇོ་ཡིན་པ་རེད་ལབ་པ་རེད། དེ་ནས་འབྲུག་མོས་ཡང་ཕོ་གསར་གཞན་ཞིག་བཙལ་བ་རེད། དེ་ཡང་ཨ་ཕས་སྔ་ལྟར། ཁོང་ནི་ཁྱེད་ཀྱི་ཇོ་ཇོ་ཡིན་པའི་སྐོར་བཤད་པ་རེད། དེ་ལྟར་དགའ་བོ་བརྒྱད་དགུ་ཞིག་བཙལ་བའི་རྗེས་ལ། འབྲུག་མོ་ཨ་ཕའི་སྐད་ཆ་ལ་ཡིད་ཆད་ནས། སོ་སོའི་ཨ་མ་ལ། ངའི་ཨ་ཕ་ནི་ཁྱི་རྒན་ནང་བཞིན་ག་ས་ག་ལ་རྒྱོ་ཚར་འདུག་ལབ་པ་རེད། དགའ་སའི་དགའ་བོ་ག་ཚད་བཙལ་ན་ཡང་། ཁོ་རང་གི་ཐང་བུ། ངའི་ཇོ་ཇོ་རེད་ཟེར་ནས། སུ་གཅིག་ལ་ཡང་གཉེན་སྡེབ་དུ་མི་འཇུག་པས། ད་ནི་ང་བསུན་སོང་ལབ་པ་རེད།
    ཨ་མས་བུ་མོ་ལ། ངའི་སྙིང་ནས་གཅེས་བའི་བུ་མོ། ཁྱོའི་ཨ་ཕས་ག་རེ་ལབ་ན་ག་རེ་ལབ། ཁྱེད་རང་འགྲོག་ན་འདོད་པའི་ཕོ་གསར་སུ་ལ་གཉེན་སྡེབ་ན་ཡང་སྡེབས་ཤོག། ཁོང་ཚོའི་སུ་ཡང་ཁྱེད་ཀྱི་ཇོ་ཇོ་ལ་མི་འགྲོ་པས། ཨ་མ་ལ་ཡིད་ཆེ་བྱོས་ཤོག་ལབ་པ་རེད། ཧ་ཧ་ཧ།

    འབྲུག་པའི་མཇེ་ལ་བདག་པོ་མེད།
    ཨ་ཕས་ཕར་ལ་ཁྱི་བཞིན་རྒྱོ།
    ཨ་མས་ཚུར་ལ་སུ་བྱུང་རུམ།།
    ཕྱི་ཕྲུག་ཐང་བུ་ཡུལ་དེའི་རྒྱན། ཧ་ཧ་ཧ།

  92. མེ་ཏོག་དཀར་པོ says:
    2014-01-26 at 8:42 am

    Bonpo ལགས། བོད་སྐད་ལ་བྱ་ཚིག་ནས་མིང་དུ་བསྒྱུར་བའི་རྣམ་གྲངས་ལས་་་དཔེར་ན་སྦམ་ནས་བམ། བསྒྱུར་ནས་གྱུར། སྡེབ་ནས་དེབ་སོགས་ཡིན་ནོ།།

  93. BONPO says:
    2014-02-01 at 10:39 pm

    འོ་ལེགས་སོ་མེ་ཏོག་དཀར་པོ་ལགས། དེ་རིང་གཞི་ནས་བཀླགས་པ་ཡིན། དེ་འདྲ་ཡིན་ན་་་ཀི་དེབ་་་ལ་འབྲེལ་བ་མེད་པ་འདྲ།

  94. ཀརྡོ་གཉེར་ཕྱག་པ་ says:
    2014-02-01 at 11:25 pm

    ་་་་་་ རྒྱ་གར་སྐད་དུ་་་་किताब་་་་༼ཀི་ཏཱབ༽་་་་འབྲུག་སྐད་དུ་་་་ཀི་དེབ་་་་་་བོད་སྐད་དུ་་་་དེབ་་་་་ཟེར་ ་་་་་་་་

  95. དགའ་སྐུ་ says:
    2014-02-03 at 11:01 pm

    འབྲུག་པའི་སྤམ་བོ་བྱེད་ཁ་བྱས་ནས་ར་མ་ལུག་ལ་གྱུར་སོང་འདུག་ཕྱེད་ཀ་རྒྱ་གར་སྐད་དང་ཕྱེད་ཀ་བོད་སྐད་་”ཀི་དེབ”

  96. ངག་དབང་ says:
    2014-12-27 at 11:28 am

    ཉམས་ཞིབ་ལགས།
    རྫོང་སར་མཁྱེན་བརྩེས་གང་གནང་ཡང་བླ་མ་སངས་རྒྱས་ཀྱི་སྤྲུལ་པ་རེད་་་་་འདྲ་མིན་སྣ་ཚོགས་བརྗོད་ནས་ཁས་སང་ཅི་ཡོད་་་་་་་ཁ་ན་ོརོགས་རེད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme