Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྫོགས་ཆེན་རིན་པོ་ཆེའི་གསང་གསུམ་མི་འཇིགས་སེངྒེའི་སྒྲ་དབྱངས།

Posted on 2013-12-122013-12-12 By ཁ་བརྡ་ 13 Comments on རྫོགས་ཆེན་རིན་པོ་ཆེའི་གསང་གསུམ་མི་འཇིགས་སེངྒེའི་སྒྲ་དབྱངས།

ཨེ་མ་ཧོ།

unnamed-2འཕགས་པའི་ཡུལ་དང་གངས་ཅན་བོད་དུ་བསྟན་པའི་ཕྱི་མོ་སྔ་འགྱུར་པའི།།
ཁྱད་ཆོས་དྲུག་ལྡན་མངོན་པར་འཕགས་པའི་གསང་ཆེན་རྒྱུད་སྡེ་སྤེལ་མཛད་པ།།
སྟོད་སྨད་བར་གྱི་རྡོར་སྨིན་ཞེ་རྫོགས་ཀཿ་དཔལ་རྙིང་མའི་སྡེ་དགོན་ལས།།
མཚན་ཉིད་ཀུན་ལྡན་བླ་མ་དམ་པར་མི་ཕྱེད་གུས་པས་ཕྱག་འཚལ་ལོ།།

གནམ་ས་གཉིས་ཀར་དཔུང་ཚད་བཙུགས་ནས་བདེན་པའི་གངས་སེང་དཀར་པོ་ངས།།
མངོན་རྗེས་ལུང་གི་རྒྱབ་བརྟེན་དང་བཅས་རྨི་ལམ་འོད་གསལ་སྣང་བ་ལས།།

རྫོགས་ཆེན་བསྟན་པའི་བདག་པོ་འཁྲུལ་མེད་པདྨ་རིག་འཛིན་སྤྲུལ་པའི་སྐུ།།
རྒྱུ་ནོར་གཉེན་གྱིས་འུར་སྒྲོགས་མིན་པར་དྲང་སྲོང་བདེན་ཚིག་འདི་ན་སྤྲོ།།

མཆོད་འོས་བསླུ་ཚིག་རྒྱང་དུ་དོར་ཞིང་རང་སྣང་དག་པའི་རྨི་ལམ་བཤད། །
སྒྲོ་བསྐུར་གཡོ་སྒྱུ་ངན་སྦྱོར་སྤང་ཞིང་རང་ཚིག་བདེན་གཏམ་གཅེར་བུ་བྱུང་། །
ཡིན་མིན་ཐེ་ཚོམ་སྒྲོ་འདོགས་བྲལ་བས་བླང་དོར་གསལ་པའི་མེ་ལོང་དངོས། །
ཡུན་རིང་སྦས་པའི་རྨི་ལམ་གསང་བ་ལེགས་ཉེས་གདམས་ངག་འདི་ལ་གཟིགས། །

འཕགས་པའི་ཡུལ་དུ་གྲུབ་རིག་དུ་མས་གསང་ཆེན་བསྟན་པའི་རྒྱལ་མཚན་བསྒྲེངས། །
གངས་ཅན་ལྗོངས་སུ་ཐང་རྒྱལ་ནས་བཟུང་པདྨ་རིག་འཛིན་བར་དག་ཏུ། །
སྔ་འགྱུར་བསྟན་པའི་རྫོགས་པ་ཆེན་པོའི་བརྒྱུད་གསུམ་འཛིན་སྐྱོང་སྤེལ་མཛད་པ། །
ལུགས་གཉིས་སྨྲ་བའི་དྲང་བདེན་ཀུན་བྱེད་རྫོགས་སྤྲུལ་བསྟན་འཛིན་རྣམ་ཐར་གླེང་། །

༡༽རྫོགས་ཆེན་དགོན་ཞེས་ཁམས་ཀྱི་སྟོད་སྨད་བྱང་ཤར་གངས་ཅན་བོད་བརྒྱུད་ལས།།
རྫོགས་ཆེན་རྣལ་འབྱོར་པདྨ་རིག་འཛིན་ཐུགས་བསྐྱེད་སྨོན་ལམ་དུས་སུ་སྨིན། །
གངས་དཀར་རི་བོའི་སྦས་ཡུལ་ལྗོངས་སུ་རུ་དམ་ལུང་ངམ་ཤྲྰི་སེང་དཔལ། །
མདོ་སྔགས་བཤད་སྒྲུབ་བསྟན་པ་འཛིན་པའི་སྔ་འགྱུར་པ་ཞེས་ཡོངས་སུ་གྲགས། །

༢༽རིག་འཛིན་གཏེར་ཆེན་ཉི་མ་གྲགས་དང་དཔོན་སློབ་ནམ་མཁའ་འོད་གསལ་སོགས།།
ཐུགས་སྲས་སྐལ་བཟང་རྒྱ་མཚོའི་སྙིང་པོ་མཁས་གྲུབ་རྒྱལ་བའི་བརྒྱུད་འཛིན་པ། །
རྫོགས་ཆེན་བསྟན་པའི་བཤད་སྒྲུབ་དམ་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ཞེས། །
སྡེ་དགེའི་ཕྱོགས་སུ་མཚན་ཉིད་ཀུན་ལྡན་རྫོགས་སྤྲུལ་གཉིས་པས་འགྲོ་དོན་སྐྱོང་། །

༣༽རྫོགས་པ་ཆེན་པོའི་བསྟན་པའི་གསལ་བྱེད་ངེས་དོན་བསྟན་འཛིན་བཟང་པོ་ཉིད།།
བསམ་བཞིན་འགྲོ་དོན་མདོ་ཁམས་ལྗོངས་སུ་ངོ་མཚར་དང་བཅས་གསར་དུ་འཁྲུངས། །
ཆོས་རྒྱལ་ཆེན་པོར་བཀའ་ལུང་དང་བཅས་འཁྲུལ་མེད་སྤྲུལ་སྐུ་རྒྱལ་བའི་སྲས། །
བརྒྱུད་གསུམ་བླ་མའི་དགོངས་པའི་མཛོད་བརྙེས་སོ་ཐར་བསྟན་པའི་སྡོམ་རྒྱུན་སྤེལ། །

༤༽དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཆེན་པོ་མི་འགྱུར་ནམ་མཁའི་རྡོ་རྗེ་ཞེས།།
རྫོགས་ཆེན་དགོན་པའི་མངའ་བདག་ཆེན་པོ་བཤད་གྲུབ་ཕྲིན་ལས་འོད་ཟེར་ཉིད། །
འཛམ་གླིང་འཛིན་མའི་ཁྱོན་ལ་ཁྱབ་པའི་བསྟན་པའི་སྣང་བྱེད་ཆེན་པོའི་དཔལ། །
ཀུན་མཁྱེན་བརྒྱུད་པའི་གདུང་སྲས་དམ་པ་རྫོགས་སྤྲུལ་བཞི་བ་རྣམ་པར་རྒྱལ། །

༥༽མཁྱེན་རབ་དབང་ཕྱུག་དྲི་མེད་ཡེ་ཤེས་རྫོགས་ཆེན་བསྟན་པའི་ཉི་མ་ཆེ།།
བརྩེ་ཆེན་རིག་པ་མཚུངས་མེད་འོད་གསལ་སྙིང་པོ་ཀུན་འདུས་ཉ་གང་ཟླ། །
རྒྱལ་ཀུན་གསང་བའི་གཏེར་མཛོད་ཆེན་པོ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ཞེས། །
འགྲོ་ཀུན་རྨོངས་པའི་མུན་པ་བསལ་མཛད་རྫོགས་སྤྲུལ་ལྔ་བ་གཙུག་ན་རྒྱལ། །

༦༽གསང་གསུམ་རྒྱལ་བའི་གདུང་འཛིན་དམ་པ་བསྟན་འགྲོར་ཕན་བདེ་མཛད་པའི་མགོན།།
རྫོགས་ཆེན་དགོན་པའི་མངའ་བདག་ཆེན་པོ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་ཉིད། །
ཤེས་རབ་གསུམ་གྱི་བསྟན་པའི་རྒྱལ་མཚན་བཤད་སྒྲུབ་ཕྲིན་ལས་ཟླ་གཞོན་ལ། །
རེ་ཞིག་ནག་ཕྱོགས་མུན་སྤྲིན་དཔུང་གིས་གནམ་སྟོང་ལས་སྒྲིབ་ངན་པས་བསྒྲིབས། །

༧༽དེ་ལྟ་ན་ཡང་དམ་པའི་ཐུགས་བསྐྱེད་དུས་ལས་ནམ་ཡང་ཡོལ་མེད་ཅིང་།།
གྲུབ་དབང་རྫོགས་ཆེན་བསོད་ནམས་རླུང་རྟ་ནགས་ལ་མེ་བཞིན་མཆེད་གྱུར་པས། །
ཀུན་གཟིགས་འཇིགས་མེད་བློ་གསལ་དབང་པོའི་ཕྲིན་ལས་རྒྱ་མཚོའི་མཐར་བརྒལ་ཞིང་། །
བསྟན་འཛིན་ལུང་རྟོགས་ཉི་མ་བཟང་པོའི་མཁྱེན་རབ་ལྷ་དབང་དཔལ་ལ་འགྲན། །

༨༽ལྷ་བཟོ་གཤིས་བཟང་ལྷག་བསམ་དྲི་མེད་བསྟན་འཛིན་དར་རྒྱས་དགེ་བའི་བཤེས།།
ཨ་ཁྱུག་བླ་མས་བཀའ་རྟགས་ཕྱག་རྒྱར་རྣམ་ཐར་ལོ་རྒྱུས་བདག་གིས་བསྒྲིགས། །
སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་མཆོད་རྟེན་རུ་དམ་ལུང་པར་གསར་དུ་བཞེངས། །
བཤད་སྒྲུབ་སྙིང་པོ་ཐུགས་དམ་མཛད་པས་མགོན་པོ་སྤྲུལ་ཞེས་ཡོངས་སུ་གྲགས། །

སྐུ་ཡི་སྤྲུལ་པ་འཕགས་པའི་ཡུལ་དུ་གསང་སྔགས་རྣལ་འབྱོར་བརྟུལ་ཞུགས་འཛིན། །
གསུང་གི་སྤྲུལ་པ་གངས་རིའི་ལྗོངས་སུ་རབ་བྱུང་ཆ་ལུགས་བསྟན་པ་སྐྱོང་། །
ཐུགས་ཀྱི་སྤྲུལ་པ་སྒྱུ་འཕྲུལ་སྙིང་པོའི་ཕྱི་ནང་གསང་བའི་ཕྲིན་ལས་སྤེལ། །
རྫོགས་ཆེན་བསྟན་པའི་རིན་ཆེན་གསུམ་ལ་ཤྲྰི་སྨྱོན་དགྱེས་པས་བསྟོད་བསྔགས་འབུལ། །

ཞེས་པ་རབ་རྒྱན་ལྕགས་ཡོས་རྒྱལ་ཟླའི་ཚེས་བཟང་ལ་དབྱིན་ཡུལ་ཝ་ཡེལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་གི་དབེན་གནས་ཀུན་བཟང་དགའ་ཚལ་ནས་སློབ་མ་ཚོས་ཡེ་ཤེས་བླ་མའི་རུ་ཤན་མཛད་པའི་སྐབས་སུ་རང་སྣང་གང་ཤར་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་ཡིག་ཐོག་ཏུ་བཀོད་པས་ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ། །

རྩོམ་རིག

Post navigation

Previous Post: ཡ་མུ་ནའི་གཙང་འགྲམ་ནས་རྙེད་པའི་བླ་མེད་ཀྱི་ཞབས་རྗེས།
Next Post: ཟངས་མདོག་དཔལ་རིའི་གནས་ཡིག་གསར་མ།

Comments (13) on “རྫོགས་ཆེན་རིན་པོ་ཆེའི་གསང་གསུམ་མི་འཇིགས་སེངྒེའི་སྒྲ་དབྱངས།”

  1. lནུབ་ཕྱོགས་གངས་ཕྲུག says:
    2013-12-12 at 12:16 pm

    རྫོགས་ཆེན་རིན་པོ་ཆེ་ཟེར་བ། སྐྱེ་དམན་ཡོད་མཁན་ཀོ་ལི་གྷལ་དུ་བཞུགས་མཁན་དེ་ཡིན་ནམ།།

  2. མེ་ཏོག་དཀར་པོ says:
    2013-12-13 at 5:33 am

    ཁྱོད་ཀྱིས་ནོར་མིན་འདུག གྲ྄་ཆུང་གི་རྐུབ་ལ་རྒྱོས། ལྐོག་ནས་བུ་མོ་ལ་རྒྱོས། ཉིན་མོ་ཆོས་གོས་གྱོན་ནས་འདུག་མཁན་གྱི་ལྷོ་ཕྱོགས་ཀྱི་དགོན་པ་ཆེན་པོ་དེ་ཚོ་ནས་མ་རེད་དོ།།

  3. པདྨ says:
    2013-12-13 at 9:34 am

    རྒྱལ་དབང་ལྔ་བས་་་་རྗེ་ཙོང་ཁ་པ་དང་རྫོགས་ཆེན་པདྨ་རིག་འཛིན་གཉིས་སེམས་རྒྱུད་གཅིག་ཡིན་པར་བཤད་འདུག དེས་ན་རྫོགས་ཆེན་རིན་པོ་ཆེ་ཟེར་བ། སྐྱེ་དམན་ཡོད་མཁན་ཀོ་ལི་གྷལ་དུ་བཞུགས་མཁན་དེ་ཡང་རྗེ་ཙོང་ཁ་པ་གཅིག་པ་རེད། ད་རྩོད་པ་མི་འདུག

  4. བན་དེ་བ། says:
    2013-12-13 at 10:38 am

    ནང་ཁུལ་དམག་ལངས་ཡོང་གི་འདུག ཨོ་ཉིའི་རྩོམ་འཆལ་དེ་ལམ་ལ་འགྲོ་མ་སོང

  5. བསམ་ཤེས། says:
    2013-12-13 at 10:40 am

    སོ་སོའི་ཆོས་རྒྱུད་ལ་དད་པ་ཡོད་ན། ཆོས་རྒྱུད་དེ་ཉམས་ལེན་བྱས་པའི་བཟང་རྟགས་རྣམས་འདོན་ཤོག དེ་ངོ་མ་སོ་སོའི་ཆོས་རྒྱུད་ལ་ཞབས་འདེགས་ལེགས་ཤོས་རེད།

    ང་རང་དགེ་ལྡན་པའི་ལུགས་ལ་དད་པ་ཆེན་པོ་བསླེབས་སོང་། སྟོན་པ་དང་བྱམས་འཇམ་དབྱངས་གཉིས་ཀྱི་སྙན་རྒྱུད། ད་དུང་དཔལ་ན་ལེན་དྲའི་གསུང་རྒྱུན་གྱི་བྱིན་རླབས་དམར་བརྗེན་བརྗེན། ཀླུ་གྲུབ་དང་དཔལ་མར་མེ་མཛད་ཀྱི་གསུང་ཚ་འུབ་འུབ་བཞུགས་འདུག མདོ་སྔགས་གཉིས་ལྡན་གྱི་ཆོས་རྒྱུད་དེ་ནི་གངས་ཅན་པའི་རྒྱན་གཅིག་རེད། ཆོས་རྒྱུད་དེ་ནི་ད་ལྟའི་རྒྱལ་བ་རིན་པོ་ཆེར་འབོད་པའི་ང་ཚོའི་བཀའ་དྲིན་ཅན་གྱི་བླ་རྒན་དེའི་འབྱུང་ཁུངས་རེད། མདོ་སྔགས་གཉིས་ཀར་ཤིན་དུ་ནས་ཟབ་པའི་ཆོས་རྒྱུད་འདི་ནི་ང་ཚོ་བོད་པ་ཚང་མའི་ཕ་ནོར་རེད། དེ་ང་ཚོ་ཚང་མར་བདག་པ་རེད།

    ང་རང་གསང་སྔགས་སྔ་འགྱུར་ཆོས་ལ་དད་པ་ཆེན་པོ་བསླེབས་སོང་། ཆོས་རྒྱུད་དེའི་ནང་ལ་སྟོན་པའི་སྔགས་ཀྱི་གཞུང་རྣམས་དང་འཕགས་ཡུལ་གྱི་གྲུབ་ཆེན་རྣམས་ཀྱི་མན་ངག་དང་མྱོང་བ་དྲོན་པོ་སྟེར་བར་བྱེད། ལྷག་དོན་ཆོས་རྒྱུད་དེའི་བདག་པོ་ཨུ་རྒྱན་རིན་པོ་ཆེ་ནི་བདག་ཅག་བོད་རྒྱུད་ཀྱི་ནང་པ་རྣམས་ལ་ཤིན་དུ་ནས་བཀའ་དྲིན་ཆེ་བས་སོ། 

    རྒྱལ་བ་དགེ་འདུན་གྲུབ་པར་ཐམས་ཅད་མཁྱེན་པ་ཟེར་བའི་མཚན་བསྟོད་ཞིག་ཐོབ་པ་རེད། རྒྱུ་མཚན་ནི་ཁོང་མདོ་སྔགས་གཉིས་ཀར་ཤིན་དུ་ནས་བྱང་བ་རེད། ཁོང་གིས་ཚིག་ཐག་ཆོད་པོས། ཨུ་རྒྱན་རིན་པོ་ཆེ་དང་། དཔལ་མར་མེ་མཛད། དེ་བཞིན་རྗེ་ཙོང་ཁ་པ་གསུམ་ནི་ཐུགས་རྒྱུད་གཅིག་ཁོ་ན་ཡིན་ཞེས་ཚིག་ཐག་ཆོད་པོས་གསུངས་འདུག ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་པའི་རྙིང་མའི་བླ་ཆེན་གྲུབ་ཆེན་ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱིས་རྗེ་རིན་པོ་ཆེར་བོད་ལ་ཞུགས་པར་སྐུལ་བ་མཛད་ནས། རྒྱ་གར་ལ་མ་ཕེབས་པར་བོད་ལ་བཞུགས་ནས་དགེ་ལྡན་པ་དར་བ་རེད། དགེ་ལུགས་པར་མཚོན་ན་རྙིང་མ་རྣམས་ཤིན་དུ་ནས་བཀའ་དྲིན་ཆེའོ།

    ང་རང་བཀའ་རྒྱུད་ཀྱི་ཆོས་རྒྱུད་ལ་དད་པ་བསླེབས་སོང་། ཆོས་རྒྱུད་དེ་ལ་ན་རོ་དང་ཏེ་ལོ་པའི་མན་ངག་ཚང་མ་དྲིལ་ནས་བསྟན་འདུག བཀའ་བརྒྱུད་པ་ནི་གསང་སྔགས་གསར་མ་རྣམས་ཀྱི་ཆུ་མགོ་ལྟ་བུ་རེད། ང་ཚོས་མ་བརྗེད་པ་བྱེད་དགོས་པ་ཞིག་ནི། རྒྱུད་ཀྱི་རྒྱལ་པོ་གསང་དབང་འདུས་པའི་ཁུངས་གཏུགས་ས་ནི་བཀའ་རྒྱུད་པ་ཁོ་ན་རེད། ཞིབ་ཕྲ་ཆོས་བྱུང་ཁག་ལ་གཟིགས་ཤིག ཕྱག་རྒྱ་ཆེན་པོ་ཞེས་པའི་ཆོས་རྒྱུད་ཚང་མས་ཉམས་ལེན་བྱེད་པའི་ཆོས་འདིའི་བདག་པོ་ནི་བཀའ་བརྒྱུད་པ་ཁོ་ནའོ།

    ང་རང་ས་སྐྱ་པའི་ཆོས་རྒྱུད་ལ་དད་པ་བསླེབས་སོང་། ཆོས་རྒྱུད་དེ་ལ་མདོ་སྔགས་གཉིས་ཀྱི་གཞུང་ཐམས་ཅད་རྒྱས་པར་བཀྲལ་ཞིང་། གྲུབ་ཆེན་བེ་རུ་པའི་མན་ངག་གཞན་ལས་ཁྱད་དུ་འཕགས་པར་ཉར་ཚགས་གནང་འདུག གསལ་སྟོང་ཟུང་འཇུག་གི་མན་ངག་ཟབ་མོ་ནི་ཆོས་རྒྱུད་དེ་ཁོ་ནར་བཞུགས་སོ། ས་སྐྱ་པའི་དྲིན་ལས་བོད་ཀྱི་རིག་གནས་ཆེ་བ་དང་ཆུང་བ་རྣམས་ལེགས་པར་དར་བ་རེད། ས་སྐྱ་པ་མེད་ན་ད་ལྟའི་བོད་ཀྱི་རིག་གནས་ཟེར་བ་འདི་ཇི་ལྟར་ཡོང་ངམ།

    ང་རང་ཆེས་མ་དགའ་ས་ནི། རང་གི་ཆོས་རྒྱུད་ལ་ཞིབ་པར་མ་བསླབས་ཤིང་། གཞན་གྱི་ཆོས་རྒྱུད་ལ་ལྟ་བའི་རྣམ་དཔྱོད་དང་བྲལ་བ། རང་གི་དུག་གསུམ་མགོ་ནས་མནན་མ་ཐུབ་ཅིང་། གཞན་གྱི་དུག་གསུམ་ལ་བཟོད་པའི་བློ་བྲལ་བ། རང་གི་ཉེས་པར་ལྟ་བའི་རྣམ་དཔྱོད་བློ་སྟོབས་མི་ལྡན་པར། གཞན་གྱི་ཉེས་པར་དུག་རྫས་ལྟར་ཆགས་པ་བཞིན་རང་བརླག་པར་བྱེད་པ། རང་ལ་ལམ་སྟོན་བྱེད་པའ་ཤེས་རབ་ཀྱི་མིག་མེད་པར། གཞན་ལ་སྐྱོན་དུ་བལྟ་བའི་གཏི་མུག་གི་དུག་ནད་བཞུགས་པ།

    རང་གི་ཉོན་མོངས་གཏོར་བའི་དཔུང་སྟོབས་མེད་ཁར། གཞན་གྱི་སྐྱོན་འཚོལ་བའི་གླེན་རྟགས་ཆེ་བ།
    འདི་འདྲའི་སྐྱེ་བོ་ལ་སུས་བློ་གཏོད་དམ། བསམ་བློ་ལེགས་པར་གཏོང་རོགས་ཆོས་མིང་པ་ཚོ། སྐུ་མཁྱེན་དགྲ་ཉོན་མོངས་ལ་ལྟ་རོགས། བྱམས་སེམས་ཅན་ལ་དགོངས་རོགས།

  6. པདྨ says:
    2013-12-13 at 10:53 am

    ད་ལྟའི་༧རྒྱལ་དབང་བཅུ་བཞི་པས་ཀྱང་ཞབས་བརྟན་འདི་བརྩམས་འདུག
    ཞབས་བརྟན་གསོལ་འདེབས།
    ཀུན་བཟང་རྡོ་རྗེ་དབང་པདྨ༵་འབྱུང་། །
    གྲུབ་པའི་རིག༵་འཛིན༵་མཆོག་ཏུ་རོལ་བའི་གར། །
    བསྟན་འགྲོར་རྗེས་སུ་བརྩེ་བའི་ཡ་མཚན་ཕུལ། །
    རིམ་བྱིན་སྐྱེ་བའི་ཕྲེང་བར་གསོལ་བ་འདེབས། །
    རྨད་བྱུང་ཐུབ༵་བསྟན༵་ལུང་རྟོགས་འཛིན༵་པའི་འཕྲུལ། །
    མཁྱེན་བརྩེའི་ཡེ་ཤེས་ཉི་གཞོན་འོད་པོ་ཆེ། །
    སྲིད་ཞིའི་འཇིགས༵་བྲལ༵་ཕན་དང་བདེ་བའི་དཔལ། །
    མི་འགྱུར་ལྷུན༵་པོའི༵་་སྤོ་ལ་རྟག་ཤར་ཤོག །
    ཅེས་པ་འདི་ཤཀྱྰའི་དགེ་སྦྱོང་ཆོས་སྨྲ་བ་ཏྰ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས་སྨོན་པའོ། །

  7. བན་དེ་བ། says:
    2013-12-13 at 11:43 am

    བསམ་ཤེས་ཟེར་བ་རང་རྒྱུད་ལ་རང་གི་ལུགས་འདོད་ཅིང་ཆགས། གཞན་ལུགས་ལ་དམོད་ཅིང་སྡང་བར་བྱེད། རང་གཞན་གཉིས་མེད་ཀྱི་གནས་ལ་རབ་ཏུ་རྨོངས་ཤིང་བཏུམ་པའི་དུག་གསུམ་གྱིས་སྨྱོས་པ་ཞིག་གི་སྐད་ཆ་འདི་ལ་གཟིགས་དང། ད་དུང་གཞན་ལ་བསླབ་བྱ་སྐྱོན་ཚུལ། དེ་འདྲའི་གདམས་པ་དེ་ཁྱོད་ཀྱི་བསྟན་པ་ཡིན་ན་སྐྱུག་བྲོ་བ་ལས་མི་འདུག བསམ་བློ་ཞིབ་ཏུ་ཐོངས།

  8. བསམ་ཤེས། says:
    2013-12-13 at 1:51 pm

    བན་དེ་ལགས། ངའི་མཆན་གོང་མ་དེས་ཁྱེད་ལ་ཕོག་སྡུག་ཤོར་འདུག ཕལ་ཆེར་ངས་བོན་པོའི་སྐོར་མ་བྲིས་པ་དེས་ཡིན་ཤས་ཆེ། ཧ་ཧ།

  9. བན་དེ་བ། says:
    2013-12-13 at 1:56 pm

    ཧཧཧཧ

  10. གངས་སྤྲེལ་ཚ། says:
    2013-12-14 at 6:57 am

    བླ་མ་སྐུར་འདེབས་ཁོ་ན་བྱེད་མཁན་གྱི་མི་བུ་ཚོ་་་་་་དང་པོ་རང་ལ་བསམ་གཞིགས་ཀྱིས་་གཞི་ནས་་་ཕར་བསྐོར་ཨ་་་་་་་་་་་ཁྱེད་ཚོ་ཚང་མས་དོན་ངོ་མར་གང་ཟེར་གྱིས་ཡོད་་་་་

  11. མྱི་དཀར says:
    2013-12-14 at 8:53 am

    བླ་མའི་མཚན་ཉིད་དང་། གཤིས་ཀ་མ་མཐོང་གོང་ནས་གྲུབ་མཐའི་ཆགས་སྡང་གི་སྒོ་ནས་སྨད་པ་ནི་ཐ་ཆད་པའི་ལས་སོ།།

  12. དྲང་བདེན། says:
    2014-04-15 at 10:52 am

    འདི་འདྲ་ཡིན་ན་སྔ་འགྱུར་བའི་བསྟན་པ་མྱུར་དུ་ཉམས་ས་རེད། བླ་མའི་མཛད་པ་ཟེར་བའི་བསྟན་འགྲོའི་དོན་སྣ་གཅིག་ཀྱང་བསྟན་རྒྱུ་མེད་པར། ཤར་ནུབ་ཀྱི་སྐྱེ་དམན་ཁོ་ནར་བསྟེན་པ་འདི་ཚོ་ཞབས་འདྲེན་རེད།

  13. བསྟན་རྣམ། says:
    2014-08-01 at 10:40 pm

    མེ་ཏོག་དཀར་པོ་ལགས་རྫོགས་ཆེན་རིན་པོ་ཆེས་ཁྱེད་ཀྱི་རྒྱུ་འཕྲོག་སོང་ངམ་ཡང་ན་མགོ་མ་ཚུད་པའི་སྐད་ཆ་རེད་།་ངས་བཤད་ན་ཁོང་གིས་མི་ལ་ཕན་པ་སྒྲུབ་ཡོད་པ་ལས་གནོད་སྐྱེལ་ཡོད་མ་རེད་རྫོགས་ཆེན་གྱི་བསྟན་པ་ལ་གནོད་སྐྱེལ་མཁན་བོད་ལ་རྫོགས་ཆེན་རིན་པོ་རྫུན་མ་བཟོས་མཁན་དེ་ཚོ་རེད་་ངའི་མི་ཚེ་འདི་ལ་རྫོགས་ཆེན་པའི་བསྟན་ཞབས་གཅིག་གིས་རང་གི་བླ་མ་རྫུན་མ་བཟོ་རྒྱུ་ལས་ཐབས་སྡུག་པ་མཐོང་མ་མྱོང་།་་་་་འུ་ཐུག་ཐབས་ཟད་རེད་་་་རྒྱུ་དང་ཐོབ་གོ་ས་དོན་དག་་དེ་འདྲ་བྱས་ཐུབ་མཁན་ནི་དངོས་གནས་སེམས་པ་སྐྱོ་བོ་རེད་ཆོས་མ་ཤེས་མཁན་ཀླ་ཀློ་དང་ཁྱེད་ཅི་ཡོད།

    རི་བོང་ཅལ་འབྲོག་མ་བྱེད་རྫོགས་ཆེན་རིན་པོ་སྐུ་ཆུང་དུས་བོད་རྫོགས་ཆེན་དགོན་ལ་ཕེབས།་དེ་དུས་ལྷ་སྡེ་མི་སྡེ་ཚང་མས་གསེར་ཁྲི་མངའ་གསོལ་བྱས་པ་དེ་ཚོ་བརྗེད་ཚར་རེད་པས།་་་དེང་སང་ཆོས་འབྱུང་ནང་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་བདུན་པའི་མཚན་རྫུས་མ་བྲིས་ཏེ་་དབང་ཆེན་དར་རྒྱས་བྲིས་་་་་་གནའ་སྔ་མོ་དབང་ཆེན་དར་རྒྱས་རྒྱ་གར་ལ་བསླེབས་ཏེ་རྫོགས་ཆེན་རིན་པོ་ཆེ་སྐུ་ངོ་མའི་མདུན་ལ་ཕྱག་འཚལ།་་་་་་དེ་དུས་ཁོང་བླ་མ་སྤྲུལ་སྐུ་ཅི་ཡང་མ་ཡིན་པ་ཚང་མས་ཤེས་གསལ་རེད།་་་དུས་རབས་ཉེར་གཅིག་ནང་བླ་མ་རྫུན་མ་དང་ལོ་རྒྱུས་ལ་ཁྱོག་བཤད་བྱེད་རྒྱུ་ཕྱི་དྲག་ཐག་ཆོད་པ་རེད་་་་བདེན་པ་དང་ཉི་མ་སྦར་མོས་བཀབ་ཐབས་མ་གནང་་་་་་གཟིགས་སྤགས་གོན་པའི་བོང་བུ་སུ་ཡིན་ཚང་མས་ཤེས་ཀྱི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme