Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོམ་རྒོད་རི་ཤོར་མ།

Posted on 2012-05-032012-05-03 By ཡེ་ཤེས་ 22 Comments on རྩོམ་རྒོད་རི་ཤོར་མ།

ཀླུ་སྨྱོན།
ཆར་བ་ཤག་ཤག་མུན་པ་ནག་ནག་ཁྲོད། །
ཆར་གདུགས་སྒྲེང་བཞིན་འཆམ་འཆམ་ཕྱིན་པའི་དུས། །
ཆར་བ་གནམ་ནས་འབབ་པ་མ་ཡིན་པར། །
ཆར་བ་སེམས་ནས་འབབ་པའི་ཚོར་བ་སྐྱེས། །
ངེས་འབྱུང་མེད་པར་སྡོམ་པ་སྐྱེ་བ་དང་། །
སློབ་སྦྱོང་མེད་པར་སྙན་ངག་རྩོམ་པ་དང་། །
རྒྱུ་མཚན་མེད་པར་གཞན་ལ་གཤེ་བ་སོགས། །
དམ་པ་མིན་པའི་རང་རྟགས་ཡིན་པར་བཤད། །
སྟུ་ལ་རྒྱོ་ན་དམྱལ་བར་འགྲོ་བ་དང་། །
བརླ་ལ་འཁྲིག་ན་ཐར་པ་ཐོབ་པ་ཡི། །
ཆོས་ལུགས་དེར་ཡང་དེ་རིང་ནས་བཟུང་སྟེ། །
བྱང་ཆུབ་བར་དུ་འཕྲད་པར་མ་གྱུར་ཅིག །

བསྟན་པ་ནུབ་པའི་མཐའ་ལ་ཐུག་པའི་དུས། །
ཆོས་པ་ཡིན་མིན་གོས་ཀྱིས་ཐག་གཅོད་དུས། །
བླ་མ་ཡིན་མིན་སྒོར་གྱིས་ཚོད་འཛིན་དུས། །
ང་ནི་ལུས་སེམས་གཉིས་ཀ་གཅེར་བུར་རྒྱུ། །

ཧ་ཧ་ཧ་ཞེས་གད་མོ་དགོད་པ་དང་། །
ཧུ་ཧུ་ཧུ་ཞེས་ངུ་འབོད་བྱེད་པ་སོགས། །
བདེ་སྡུག་རྣམ་འགྱུར་གང་ཞིག་གར་བསྟན་ཀྱང་། །
སེམས་ཀྱི་ཕུགས་ན་མཇེ་དང་སྟུ་ལས་མེད། །

མ་ལས་སྐྱེས་ཀྱང་མ་རྣམས་དགྲ་རུ་འཛིན། །
སྟུ་ལས་སྐྱེས་ཀྱང་སྟུ་ལ་སྣ་གཉེར་བའི། །
སྟོན་ཆེན་ཟོག་རྫུ་ཅན་གྱི་རིགས་འདི་དག །
བསྟན་དགྲ་ཡིན་པའི་ཁ་ཚོན་བདག་གིས་བཅད། །

ཆོས་གོས་ཡོད་ན་སྡོམ་པ་ཡོད་པ་དང་། །
བན་ཆུང་བསྟེན་ན་སྡིག་པ་མེད་པ་ཡི། །
ཆོས་ལུགས་དེ་རིགས་དེ་རིང་ནས་བཟུང་སྟེ། །
མ་ཤི་བར་དུ་མཇལ་བར་མ་གྱུར་ཅིག །

ཚ་བས་ཚིགས་ཀྱང་གོས་ཧྲུལ་མི་འཕུད་ཅིང་། །
ཆགས་པས་གཟིར་ཡང་ཆགས་ཚིག་མི་སྨྲ་བའི། །
ཟོག་རྫུའི་སྐྱེ་བོ་མང་པོའི་གྲལ་ཞིག་ནས། །
སྨྱོན་པ་ཁོ་བོས་ལུས་སེམས་དམར་རྗེན་བསྟན། །

གསར་འགྱུར།

Post navigation

Previous Post: བོད་ཀྱི་རྡུང་ལེན་སྒྱུ་རྩལ་རིག་གནས་ཀྱི་ཚབ་མཚོན་མི་སྣ་བདུད་བྷེའི་སྐོར་གྱི་གསལ་བསྒྲགས་གལ་ཆེན།
Next Post: སྒྲོལ་མ་དཀར་མོ། ཁྱོད་ལ་ཐད་ཀར་དུ་བལྟས་ན

Comments (22) on “རྩོམ་རྒོད་རི་ཤོར་མ།”

  1. མེ་ཏོག་དཀར་པོ། says:
    2012-05-04 at 12:31 am

    འདི་ཁྱེད་ཀྱི་སེམས་གཏིང་ནས་ཐོན་པའི་སྐད་ཆ་ཞིག་ཏུ་ཚོར་སོང་། བཀའ་སྐྱོན་ཁ་ཤས་ཀྱི་ཡུལ་དུ་མེ་དཀར་བདག་ཀྱང་འདུག་སྙམ་མོ།།

  2. འབའ་སྲས། says:
    2012-05-04 at 12:46 am

    གཉའ་མ་མ་མཐོང་གཉའ་རྩོམ་འབྲི་བ་དང་།།
    བརླ་ལ་འཁྲིག་བཞིན་བརླ་ལ་དམོད་པ་ཡི།།
    ཨ་ཁུ་ཀླུ་སྨྱོན་ཨ་ཙི་ཅི་ཞིག་བྱུང་།།
    ཁ་སང་དེ་རིང་ཁ་ན་མཇེ་དང་སྟུ།།

    རྩེད་མོ་ཡིན། སྙན་ངག་འདི་འདྲ་བཀླགས་ན་ཧ་ཅང་སྐྱིད་ཀི

  3. དཔལ་སྟུག says:
    2012-05-04 at 12:53 am

    དངོས་ནས་ཅི་བཤད་འདི་བཤད་མེད་ཀི

  4. སྲས་ཆུང། says:
    2012-05-04 at 3:10 am

    ཨ་ཁུ་ཀླུ་སྨྱོན་གང་བྱུང་མ་བྱུང་དྲན།
    དྲན་པའི་ཚེ་ན་ཡིག་འབྲུ་ངག་ལས་མགྱོགས།
    རྟག་ཏུ་རང་གཞན་གཉིས་ཀར་རྨོངས་པའི་གཏམ།
    བཤད་ཀྱང་ཀུན་ནི་དེ་བས་བློ་ལ་འཐད།

  5. འབའ་སྲས། says:
    2012-05-04 at 5:16 am

    ག་གཉའ་ས་སྙ་རྩོད་དགོས་དོན་ཞིག་མེད།།
    ས་སྙ་ཡིན་དགོས་རྒྱུ་མཚན་ཁྱོད་ལ་མེད།།
    དེ་ལ་ར་རྙ་བྲིས་ཀྱང་ཅི་ལ་སྐྱོན།།
    ཡག་ཤོས་བྱུང་ན་སྟུ་ཞེས་བོས་ན་འགྲིག །

  6. ཨ་རོགས་ཁམས་པ says:
    2012-05-04 at 5:31 am

    ཨ་ཁུས་དང་པོར་སྒར་ནས་བརླ་འཁྲིག་སྤྱད། །
    ཨ་རིའི་ཡུལ་ནས་ཨིན་མོའི་སྟུ་ཁ་བལྡགས།།
    ཨ་མདོའི་མཛེས་མའི་ཨུ་ཁུང་ཡིད་ལ་བསྒོམས།།
    ཨ་ལགས་ཀླུ་མྱོན་ཨ་ལ་ཀུ་རེ་ཡིན།།

  7. བྲོ་འཚལ། says:
    2012-05-04 at 6:29 am

    ཨ་ཁུ་ཀླུ་སྐྱོན་ཨ་རི་ཡུལ་ལ་སོང་།།
    ཨ་ཅག་དབྱིན་མོའི་ཉ་ཁ་ཡང་ཡང་བལྡག།
    ཨ་ལྕེ་མཛེས་མའི་སྟུ་ཆུང་སྒོམ་པའི་སྟབས།།
    ཨ་རི་ཡུལ་ནས་རང་སེམས་གདོན་གྱིས་བརླམ།།

    ཨ་ཨིན་སེམས་ཀྱི་རྟ་རྒོད་ཞེན་པས་སྨྱོས།།
    ཨ་ཡེ་རྒད་མོ་ཡིན་ཡང་ཆགས་པ་སྦྱིན།།
    ཨ་ཅག་བོད་མིའི་ཨ་ལགས་སྨྱོན་པ་ཁོང་།།
    ཨ་སྡུག་ནང་གི་ད་སྡུག་ཁོང་ལས་ཅི།།

    ཨ་རོགས་ཨ་སྨྱོན་བཤད་ཁ་ཁྭ་ཏ་ཁ།།
    ཨ་རུ་ཨུ་རུས་གང་བྱུང་བཤད་པ་ལས།།
    ཨ་འཐས་ཨུ་ཚུགས་ལྭ་བ་ཕུར་དོར་ནས།།
    ཨ་ཅག་དྭངས་མ་ཞིག་ལ་འཇུས་པ་དགའ།།

    ཨ་ཕའི་ལུགས་ལ་ཨ་སྨྱོན་ཁ་ཡིས་དམོད།།
    ཨ་མའི་སྲོལ་ལ་ཨ་ཕྲུག་ཁྱི་ཡིས་རྨུགས།།
    ཨ་ནེ་སྟུ་ལ་ཨ་ཁུ་ཀླུ་སྨྱོན་དགའ།།
    ཨ་རོགས་འཇིག་རྟེན་འདི་ནི་ག་རེ་རེད།།

  8. རུ་ཤུལ་བུ་ says:
    2012-05-04 at 7:21 am

    ཧ་ཧ་ཧ་ རྩོམ་རིག་ཚིགས་སྦྱོར་ཆ་ནས་ངོ་མ་བཤད་རྒྱུ་ཅིག་མེད་ཀི། ད་ནི་ཁྱེད་ངོ་མ་བཅང་གྲོལ་ཐོབ་ཡོད་ཚོད་རེད། གཟན་ཤམ་མ་ཕུད་རོགས། བརླ་ལ་མ་སྤྱོད་རོགས། གཉའ་མ་གང་རག་བྱོས།

  9. ཀརྨ་ཡེ་ཤེས says:
    2012-05-04 at 7:30 am

    ངེད་ཚང་གི་ཀ་ལི་རིན་པོ་ཆེས་བོད་ཡིག་འབྲི་མ་ཤེས་ཀྱང་དབྱིན་སྐད་ཐོག་ནས་འདི་འདྲ་གསུངས་འདུག་གདའ།

  10. གནམ says:
    2012-05-04 at 9:27 am

    ཁྱི་རྒན་སྨྱོས་ན་བཟའ་བ་དམུར།།
    ་་་་་་་་་་་་

  11. ཀརྨ་ཡེ་ཤེས says:
    2012-05-04 at 9:32 am

    དེ་འདྲ་ཅི་མ་རེད། ཨ་རོ་ཁྱེད་ཚོས་རྒྱུ་མཚན་མ་ཤེས་ན་ཀླུ་སྨྱོན་ཕྱོགས་ནས་འུར་རྒྱག་པ་ལས་ངན་ཁྱོད་ཚོས་བསགས་པ་རེད་ད། ཀརྨ་ཆགས་མེད་ཀྱིས། ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། །དོན་མེད་སྡིག་ཆེན་བསགས་པ་འཐོལ་ལོ་བཤགས་ཞེས་པ་དེ་གོ་ཐོས་མྱོང་ངམ། །

  12. ལུང་རྟོགས། says:
    2012-05-04 at 11:21 am

    གང་ལྟར་སྐད་ཆ་བདེན་པ་ཞིག་བཤད་འདུག ཨ་ཁུ་ཀླུ་སྨྱོན་ལ་དད་པ་ཅང་སྐྱེས་མ་སོང་རུང་ཁོང་གི་དྲང་གཏམ་ལ་ངོ་མ་དགའ་ཡོད།

  13. འཇིགས་མེད་བློ་གྲོས། says:
    2012-05-04 at 11:41 am

    ཁྱོད་རང་སྟུ་ལ་དགའ་བ་རང་དབང་རེད། །
    མོ་སྡོམ་སྲུང་བར་འགྱོད་ན་སྡུག་གྱོང་རེད། །
    རེད་དེ་རང་ཉམས་གཞན་མགོར་གཡོག་རྐྱང་གི །
    སྐད་ཆ་འདི་ཚོ་བསམ་ནས་བཤད་ན་མཛེས། །

    སྟུ་ལ་དགའ་ན་ཆོས་གོས་གཡུག་རྐྱང་བྱོས། །
    སུ་དང་གང་གིས་ཁྱོད་ལ་བཀག་པ་མེད། །
    རང་བཟོས་སྡུག་ཡུས་ཞྭ་མོ་ནག་པོ་དེ། །
    ཆོས་དང་ཆོས་པའི་མགོ་ལ་མ་བསྐོན་རོགས། །

  14. མདའ་བ་ཚང་། ལྷ་མོ། says:
    2012-05-04 at 1:19 pm

    ཀླུ་སྨྱོན་གསུང་ལ་མཚམས་རེ་བདེན་པ་སྣང་།།
    ཀླུ་སྨྱོན་ངག་ལ་མཚམས་རེ་ཞེན་པ་ལོག།
    ཀླུ་སྨྱོན་ཡིད་ཀྱི་གཏད་སོ་སྟུ་ལས་ཅི།།
    ཀླུ་སྨྱོན་འཁྲིག་ཆགས་བྱེད་པོ་མགོ་རིལ་ལ།།
    ཀླུ་སྨྱོན་ཞེ་འཁང་གཏིང་ནས་ལང་གི་ར།།
    ཀླུ་སྨྱོན་དྲྭ་གྲོགས་མདུན་སར་དམོད་པ་ལས།།
    ཀླུ་སྨྱོན་དངོས་སུ་འཇོན་པ་གང་ཡང་མེད།།
    ཀླུ་སྨྱོན་ཐུགས་ཉིད་ནམ་མཁའ་འདྲ་བ་ལ།།
    ཀི་རེ་རྩེད་མོ་བར་སྣང་གཞའ་དང་འདྲ།།

  15. ཀུན་གསལ་ཟླ་བ། says:
    2012-05-04 at 2:46 pm

    དཀར་འཇམ་བརླ་ཡི་འཁྲི་ཤིང་བསྲུབ།།
    ཁུ་བ་གཏོར་བའི་ཐབས་ལམ་དེ།།
    སྒོ་གསུམ་སྡོམ་པའི་སྐྱེ་བུ་ལ།།
    གཤིན་རྗེའི་ཁྲིམས་ལས་དམིགས་གསལ་ཡོད།།

  16. བདག་པོ says:
    2012-05-04 at 8:35 pm

    དགེ་འདུན་ཉི་ཤུ་དང་པོ་ཚོགས་ཀྱི་སྐོར། རྟེན་འབྲེལ་བཅུ་གཉིས་དང་པོ་ཁོང་དུ་ཆུད།
    མཚན་ཉིད་གསུམ་པ་དང་པོའི་དབང་དུ་ཤོར། མགྲིན་བཟང་དབང་པོའི་ཞབས་ལ་མགོས་ཕྱག་འཚལ།
    ནོར་གྱི་རྒྱགས་ན་རྒྱལ་ཁྲིམས་རྡོག་རྡོལ་གཏོང་། ལང་ཚོས་རྒྱགས་ན་བཟའ་ཚང་ཁ་བྲལ་གཏོང་།
    ཤེས་བྱས་རྒྱགས་ན་ཡ་རབས་བཟང་སྤྱོད་དོར། འདི་ནི་རྒྱགས་པ་གསུམ་གྱི་ཆོས་ཉིད་ཡིན།
    པ་ཕ་འདོད་ཆགས་ཆེ་ན་ཨ་མས་སྡང་། ཚ་བོ་མ་རབས་ཆེ་ན་ཚ་མོས་སྡང་།
    བཙུན་པ་དགོན་དང་བྲལ་ན་བཙུན་པར་སྡང་། འདི་ནི་གཞན་ལ་སྡང་བའི་ཆོས་ཉིད་ཡིན།

  17. ཟེ་མ་ར་མགོ says:
    2012-05-05 at 2:27 am

    བདེན་ནོ་བདེན་ནོ་ཀླུ་སྨྱོན་གཏམ་དེ་བདེན།

  18. ཡུལ་གྱར་བ says:
    2012-05-05 at 6:12 pm

    ཀླུ་སྨྱོན་སྐྱོན་ཆ་ཡོ་བསྲང་བྱེད་པ་ལ། །དགེ་ལས་སྡིག་པར་འགྱུར་ན་ལས་འབྲས་བརླགས། །ནག་ཅན་རླ་རྒྱོར་དགའ་བའི་མི་འདི་དག ནམ་ཞིག་ཁྲིམས་རར་འགྲིམ་དུས་ཨ་ཁ་ཁ། །ཀླུ་སྨྱོན་གསུང་ལ་རིགས་པའི་རྒྱབ་ལྗོངས་ལྡན། །ཀླུ་སྨྱོན་གཏམ་འདི་སྒྲག་པའི་དུས་ལ་བབ། །ཀླུ་སྨྱོན་སྨྱོ་བར་འཛིན་པའི་གྲོགས་པོ་ཚོ། རང་ཉིད་སྨྱོ་བ་ཡིན་པར་ཤེས་པར་གནོངས། །

  19. མིག་བརྒྱད་པ། says:
    2012-05-05 at 11:42 pm

    འཁོར་བར་འཁོར་བའི་རྩ་བ་སྟུ་སྒོ་སྟེ།།
    གྱོད་དང་ཁ་མཆུ་ཀུན་གྱི་རྩ་བ་ཡིན།།
    མཐར་ཐུག་སངས་རྒྱས་འཐོབ་པའི་རྩ་བ་ཡང་།།
    སྟུ་སྒོ་ཉིད་དེ་རང་གི་རྩལ་ལ་ཐུག།

    དང་པོར་བརླ་རྒྱོ་བྱེད་ནས་དགོན་ས་བཟུང་།།
    བར་དུ་ཐོས་བསམ་སྒོམ་པས་སྒྲོ་འདོགས་གཅོད།།
    ཐ་མར་སྙིང་པོ་མེད་པར་མཐོང་གྱུར་ཏེ།།
    ཉ་མོ་ཆུ་ལ་རྒྱུགས་པའི་ཐབས་མཆོག་ཡིན།།

    སྟུ་རྒྱོ་བྱེད་པའི་བླ་གྲྭ་རེ་ཟུང་གིས།།
    བསྟན་པ་འཛིན་པར་ཁས་སུ་འཆེ་ན་ཡང་།།
    དགོན་པའི་ངོ་བོར་རིང་དུ་མི་གནས་བས།།
    བརླ་རྒྱོ་སྟུ་རྒྱོ་གཉིས་ཀྱི་ཁེ་ཉེན་འབྱེད།།

  20. མེ་ཏོག་དཀར་པོ། says:
    2012-05-06 at 6:31 am

    རྩོམ་རྒོད་རི་ཤོར་འབྲི་བའི་མཁས་མཆོག་ནི། །
    མི་རྒོད་ཀླུ་སྨྱོན་ཡེ་ཤེས་ཞེས་བྱ་ཁོང་། །
    མཇེ་རྒོད་སྟུ་དང་ཁ་དང་བརླ་སོགས་པ། །
    བྱ་རྒོད་ཤ་ལ་རྒྱུས་ཡོད་ལས་ཀྱང་ལྷག །

  21. ཡར་ཁམས་ཁྲི་རྒྱལ། says:
    2012-05-06 at 2:52 pm

    བདེན་པའི་ཚངས་ཐེགས་ཕྱག་ཏུ་ཐོག་ནས།
    གསུང་པའི་གླེང་མོལ་ཅི་དང་ཅིས།
    ཐམས་ཅད་འགུལ་དཀའ་ས་པཎ་གསུངས།
    ཐུགས་ལ་བཟུང་ཤིས་ཀླུ་སྨྱོན་ལགས།།

  22. ཁ་བའི་སྤྲང་སྨྱོན། says:
    2012-05-07 at 2:52 am

    སྟུ་དང་མཇེ་ལ་དགའ་བའི་ཀླུ་སྨྱོན་སོགས། འཁྱམ་པོ་ལས་རྒྱུ་མེད་པའི་སྨྱོ་གཏམ་འདྲ། ད་ལྟའི་དུས་ལ་མནོ་བསམ་མཐོང་པ་ན། སྟུ་དང་མཇེ་ལ་འཐམས་པའི་དུས་ཞིག་མིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme